Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གྲྭའི་བུ་མོའི་བདག་པོ་གྲྭ་བ་རེད་དམ།

Posted on 2010-01-312010-01-31 By ཁ་བརྡ་ 13 Comments on སློབ་གྲྭའི་བུ་མོའི་བདག་པོ་གྲྭ་བ་རེད་དམ།

ཨ་རིག་དགེ་མཐོང་།

ད་ལྟ་སློབ་གྲྭ་ཁག་གུང་གསེང་རེད་འདུག་ལ། དགོན་པ་གྲྭ་ཚང་ཁག་གིས་ཀྱང་ཚོགས་འཚོགས་རྒྱུ་ཧ་ཅང་ཉུང་བའི་དུས་ཤིག་རེད། ཡིན་ནའང་། གུང་གསེང་སྐབས་དེར་ཕྲན་གྱི་རྣ་བར་མི་སྙན་པའི་གཏམ་དང་མིག་ལ་མི་མཛེས་པའི་སྤྱོད་ཚུལ་འགའ་མཐོང་སོང་། རྣ་བར་མི་སྙན་པའི་གཏམ་དེ་ནི་ད་ལྟ་རིང་གོ་བ་ཞིག་མིན་པར་ལོ་སྔོན་མ་དག་ནས་ཀྱང་གོ་མྱོང་། ད་དུང་ད་ལོ་འབྲེལ་འདྲེས་ཅན་གྱི་གྲོགས་དག་གི་ཁ་ནས་ཐོས་མྱོང་། གཏམ་དེ་ལ་བདེན་ཤས་ཆེ་ཡང་མཐའ་གཅིག་ཏུ་བདེན་པའི་ངེས་པ་ག་ལ་ཡོད། མེད་ཁོ་ཐག་ཡིན། འོན་ཀྱང་དེ་རིང་ཁ་སང་འདིའི་སྐོར་གླེང་ན་འགའ་རེས་ཡག་པོ་རེད་ཟེར་ལ། འགའ་རེས་དགོན་སྡེ་ལ་ཁ་བཏང་སོང་ཟེར་མཁན་ཡང་ཡོད་པ་རེད། སློབ་གྲྭ་ཁག་གུང་གསེང་ལ་ཁེལ་དུས་བུ་མོ་ཚོ་སྤུན་དང་ཨ་ཞང་ཡིན་ཟེར་བའི་གྲྭ་བ་རེ་ཡོང་ནས་ཁྲིད་འགྲོ་ལ། ཤུལ་དུ་ལྷག་པ་ནི་དུས་རྒྱུན་མང་ཤོས་བུ་རེད་ཅེས་ཟེར། ད་དུང་སློབ་གྲྭ་གུང་གསེང་དུ་ལེན་མཁན་གཙོ་བོ་གྲྭ་སའི་དགེ་འདུན་པ་དག་རེད་ལ། ཁོ་ཚོ་འགའ་རེ་ལ་དོན་དངོས་ཀྱི་སྲིང་མོ་རེ་ཡོད་ཀྱང་ཆ་ཚང་ལ་མེད་པ་ནི་རྗེས་སུ་ས་ཕྱར་ན་རྡོ་ལྷང་ང་བུད་ནས་ཡོང་གི་ཡོད་པ་རེད། དཔེར་ན་ད་ལོ་སྤུན་ཡིན་ཟེར་ནས་གུང་གསེང་ལ་ཁྲིད་དུས། ལོ་རྗེས་མ་བུ་མོ་དེ་དང་ལྷན་དུ་ངྷ་ས་ནས་སྡོམ་སྟེ་སྡོམ་པ་གཡུགས་ནས་འགྲོ་གིན་འདུག་ལ། ཕྱི་རྒྱལ་མགོ་སེར་ཚོ་ལས་ཀྱང་སྡུག་པའི་བརྩེ་དུང་གི་འཁྲབ་སྟོན་བྱེད་ཀྱིན་འདུག སྐེ་འབྱར་འོ་སྐྱེལ་དང་། མངོན་སུམ་འཛེམ་མེད་ཀྱིས་ངོ་ཚ་རྐྱང་རྐྱང་བྱེད་ཀྱིན་འདུག ད་དུང་བུ་ཁ་རྒོད་འགའ་རེས་སློབ་གྲྭའི་དགེ་རྒན་དང་སློབ་བུ་ལྷན་འཛོམས་སྐབས་ཀུ་རེ་ཚུལ་གྱིས། ང་ཚོའི་སློབ་གྲྭའི་བུ་ཆ་ཚང་བུ་མོར་འགྱུར་སོང་ན་སྤུན་ཆུང་རེ་ཡོང་ནས་གུང་གསེང་ལ་ཁྲིད་འགྲོ་གི་རེད། དེ་ནས་སློབ་གྲྭའི་ཇ་མ་དང་ཁྱིམ་བདག་ཨ་མ་ལ་ལས་ཀ་མི་འདུག་ཅེས་དགོད་ཁ་སློང་བ་ནི་དོན་མེད་པ་ཞིག་ག་ལ་ཡིན། ངས་མིག་གིས་མཐོང་ཚུལ་དང་རྣ་བས་ཐོས་ཚུལ་ལ་ཡང་ལོ་རེ་ནས་ལོ་རེ་ཇེ་སྡུག་རེད། ད་ལོ་སེར་བྱེས་ཡིད་དགའ་ཆོས་གླིང་ཟེར་བའི་མགྲོན་ཁང་དེར་སློབ་གྲྭའི་བུ་མོ་འདུག་སའི་ཁང་བ་ཞིག་གོ་སྒྲིག་བྱས་འདུག མཆན། གུང་གསེང་སྐབས་དགེ་ལུགས་པའི་འགྲིག་གཞིའི་ནང་དུ་བུ་མོ་དགོན་པ་ནས་མཚན་མོ་འདུག་མི་ཆོག་པ་རེད། དེའི་ཕྱིར་ཆོས་བཤད་སའི་ཁང་སྟོང་དེ་བུ་མོ་ཚོ་ལ་གླ་སྒོར་ཉི་ཤུ་ཡས་མས་ཤིག་བྱེད་ཀྱི་ཡོད་པ་རེད། དེ་ནི་ཡག་ས་ནས་བཤད་ན་དགོན་པ་གྲྭ་ཚང་གིས་འགྲོ་ས་འདུག་ས་མེད་པའི་སློབ་གྲྭའི་བུ་མོ་དག་གཅེས་སྐྱོང་བྱས་པ་རེད། སྡུག་ས་ནས་བཤད་ན་ཕྱི་རྒྱལ་མགོ་སེར་ཚོའི་མཐོང་ས་ནས་གྲྭ་བ་འགའི་རང་མཚང་ཕྱིར་བཏོན་བཅུག་པ་རེད། མགྲོན་ཁང་དེའི་ནང་གི་བུ་མོ་དེ་དག་དང་ལྷན་དུ་འགྲོགས་མཁན་གྱི་གྲྭ་བ་འགའི་སྐྱོན་ཚུལ་རིག་ན་སྐྱུག་བྲོ་བ་ཞིག་རེད། སྲིང་མོ་ཡིན་ཟེར་ནས་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་དག་ལ་ཁྲིད་པ་མ་ཟད། རྒྱ་གར་གྱི་ཟ་ཁང་གང་ཡག་དང་གང་རྫིག་ནང་ནས་བྱ་ཤ་མཚོན་མདོག་ཅན་སྔུན་ལ་བསྒྲིགས་ནས། ལག་པ་ཕན་ཚུན་དམ་པོར་འཇུས་པ་དང་། མིག་གིས་ཆགས་མདའ་འཕེན་པ་སོགས་རྒྱ་གར་ཡུལ་མིས་རིག་ཀྱང་མངོན་སུམ་འཛེམ་གྱིས་ལྷན་དུ་འགྲོགས་ནས་འགྲོ་གིན་འདུག འདིའི་རིགས་ཇེ་མང་དུ་སོང་ན། གྲྭ་ས་གྲྭ་ཚང་གི་མཚན་སྙན་ལ་གནོད་རྒྱུ་རེད་ལ། ངྷ་སའི་མི་སྐྱ་དང་སློབ་གྲྭའི་སློབ་མ་དག་གིས་བུ་མོའི་བདག་པོ་གྲྭ་བ་རེད་ཅེས་པའི་རམ་འདེགས་སུ་མི་འགྲོ་པའི་ངེས་པ་མེད། སེར་བྱེས་ཡིད་དགའ་ཆོས་གླིང་ཟེར་བ་འདི་རིག་མཁན་ཞིག་ཡིན་ཚེ། འདིའི་ནང་དུ་སོང་ན་ཕ་ཡུལ་གྱི་དབྱར་ཁའི་སྤང་ལྗོངས་སྟེང་སླེབས་པའི་ཚོར་བ་ཞིག་སྟེར་ངེས་ཡིན། མགྲོན་ཁང་འདི་ཕྱི་གླིང་བའི་ཡུལ་སྐོར་སྤྲོ་འཁྱམ་པ་མང་བོ་འདུ་ས་ཞིག་ཡིན། ཕྱི་གླིང་བའི་མིག་གིས་མཐོང་སར་འཐུང་ཆུ་མངར་མོ་དཀར་པོ་དང་ནག་པོ། སེར་བོ་སོགས་ཀེ་ལོ་གཉིས་གསུམ་ཅན་དག་རེ་བླངས་ནས་སློབ་གྲྭའི་བུ་མོ་དང་ལྷན་དུ་ཁ་བརྡ་ལྷོད་ལྷོད་བྱེད་ཀྱིན་པའི་གྲྭ་བ་དག་ལགས། ཁྱེད་ཅག་གི་སེམས་པ་སྐྱིད་ཀྱང་། ང་ཚོས་ས་དང་ཟུར་ནས་བལྟས་དུས་བོད་ཀྱི་གདན་ས་ཁག་གི་མཚན་སྙན་ས་འོག་ཏུ་གཡུགས་ཀྱིན་འདུག ཁྱོད་ཚོས་དགོན་པ་གྲྭ་ཚང་ནས་ཟ་མ་ཟོས་པའི་གླ་ཆ་མི་སོད་ཀྱང་། དགོན་སྡེ་དག་གི་མཚན་ཞབས་ལ་ཐིག་ནག་རེ་མ་བཏགས་ན་མི་ཆོག་གམ། ཁྱོད་ཚོ་བུ་མོ་དང་ལྷན་དུ་འགྲོགས་འདོད་ཆེ་ན་ལམ་ཁ་དེར་ཞུགས་ནས་རང་གཞན་གཉིས་ཀའི་རྣ་བ་མི་གཟེར་ནི་བྱོས། མདོར་བསྡུས་ན། སློབ་གྲྭའི་བུ་མོའི་བདག་པོ་གྲྭ་བ་རེད་ཟེར་བའི་དྲི་བ་འདི་ལ་ལན་ཅི་ལྟར་འདེབས་རྒྱུ།
སྐད་ཆ་འདིའི་རིགས་ངས་མ་གླེང་ཡང་ད་ལྟ་དེ་ནི་རླུང་བུ་དང་འགྲོགས་ནས་གང་སར་ཁྱབ་འགྲོ་གི་འདུག དེ་ནི་གྲྭ་བ་དག་གིས་གཟབ་དགོས་པའི་དུས་ལ་སླེབས་ཡོད་པ་འདྲ།།

(ཨ་རིག་དགེ་མཐོང་གི་ཟིན་བྲིས་ནས་བླངས།)

སྣ་ཚོགས།

Post navigation

Previous Post: ཁ་ཆེམས་འཇོག་པའི་དུས་ཚོད་ཡག་ཤོས།
Next Post: སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་ཚར་སོང་ངམ།

Comments (13) on “སློབ་གྲྭའི་བུ་མོའི་བདག་པོ་གྲྭ་བ་རེད་དམ།”

  1. སྐོར་ལམ་ནང་གི་སྐད་ཆ། says:
    2010-01-31 at 9:14 pm

    འདི་ན་ཡང་སྣ་ཚོགས་བཤད་གི་འགུ་
    http://khorlam.wordpress.com/

  2. གཅན་བཟོད་རྒྱམ། says:
    2010-02-01 at 12:01 am

    འདི་འདྲ་ལ་བསམས་ནས་ངས་ཀྱང་དེ་སྔོན་རྡ་སའི་སྐྱུག་བྲོ་བའི་སྙན་ངག་ཚན་པ་གཉིས་བསྟུད་མར་དྲ་ཐོག་ཏུ་བཞག་མྱོང་།
    ཚན་པ་གསུམ་པ་ཞིག་བྲིས་ཏེ་གྲོགས་པོ་རེ་ཟུང་ལ་བསྟན་པར་ཁོ་ཚོའི་བསླབ་བྱ་འདྲ་བྱས་པས་དྲ་ཐོག་ཏུ་མ་བཞག་པ་ཡིན། ངས་བྲིས་ནོདངོས་ཡོད་ལས་སྒྲོ་འདོགས་གཅིག་ཀྱང་བྱང་མེད།
    ནམ་རྒྱུན་རྡ་སར་རྒྱུན་སྡོད་བྱས་པ་སློབ་གྲྭའི་གུང་སང་དང་སྟབས་བསྟུན་ནས་གུང་སང་ལ་ཕེབས་པའི་གྲྭ་བ་རེ་འགའ། ཨ་ཨ་ཨ། མེག་ལོར་སྲང་ལམ་ང་དང་ངའི་དགའ་རོགས་གཉིས་ཀྱང་ལག་འཇུ་བྱས་ནས་འགྲོ་རྒྱུར་ཅུང་ཙམ་དོག་མི་བདེ་བ་ཞིག་རེད་པས། གཟན་ཤམས་གྱོན་པའི་གྲྭ་བ་དེ་དག་དང་སློབ་གྲྭར་ཡོད་པའི་བུ་མོ་གཞོན་ནུ་མ་ཚོར་དངོས་གནས་ངོ་ཧུབ་ཆེ་གི་ཡ། མིང་སྲིང་གི་བརྩེ་བ་ཆེ་ནི་ཡིན་རྒྱུ་རེད། ང་ཚོ་ཕ་ཡུལ་ནས་མིང་སྲིང་དང་ལྷག་པར་དུ་གྲྭ་བ་ཞིག་ལ་ལག་འཇུ་བྱས་ནས་འགྲོ་མཁན་སྲིང་མོ་མ་དགོས་ཨ་མ་ཡིན་ཀྱང་གྲྭ་བ་མཐོ་ནས་བཞག་སྟེ་ལག་འཇུ་ཞིག་བྱས་ནས་འགྲོ་ག་ལ་ཕོད།
    རྡ་སར་དབིན་ཇི་འདྲ་སྦྱོང་ནས་བསྡད་འདུག བོད་སྐད་ཡིག་གི་གནས་ཚད་ཅི་འདྲ་ཡིན་མིན་མི་ཤེས། ཡང་སྒོས་ནང་བསྟན་ཕྱོགས་ཀྱི་ཤེས་ཚད་ཅི་འདྲ་ཡིན་མིན་ནི་དེ་བས་མ་ཤེས། འདི་ཚོའི་རིགས་དེ་ཕལ་ཆེར་ལམ་ཁ་གཅིག་རང་དེ་ལ་གོམ་པ་སྤོས་ཟིན་པའམ་ཡང་ན་སྤོ་བར་བརྩོན་བཞིན་པ་འདྲ། ད་དུང་དབྱིན་མོ་ཚོར་གྲོགས་སྟངས་མ་ཤེས་པར་ཞབས་འདྲེན་བྱས་རབས་སྣ་མང་ཡོད་ཡ།

  3. གཞིས་ལུས་བོད་པ། says:
    2010-02-01 at 2:11 am

    དྲ་ཐོག་ཏུ་འཇོག་པ་ལས་དགོན་པའི་འགན་འཛིན་དང་ཡང་ན་བླ་མ་དག་གིས་དེ་ལ་དོ་སྣང་བྱས་ནས་འགྲིག་ལམ་ཡང་དག་པ་བཟོས་ན་ལེགས་པ་རེད།

  4. རྩམ་དགའ་ says:
    2010-02-01 at 2:54 am

    བཀུར་འོས་ཨ་རིག་དགེ་མཐོང་ལགས།
    ངས་བལྟས་ན་རྩོམ་ཡིག་འདི་དགོན་པ་ཁག་གི་ལས་སྣེ་དང་གྲྭ་མང་ལ་འགྲེམ་ཐུབ་ན་ཡག་པོ་རེད་འདོད་ཀི དེ་མིན་དྲྭ་ཐོག་ཏུ་འཁྱེར་ཡོང་བས་དགོན་པ་དང་དགེ་འདུན་པའི་སྡེ་ལ་ཁ་ལོག་དད་ལོག་ཏུ་འགྲོ་བའི་རྒྱུ་ལས། དྲྭ་གྲོགས་ཚོས་དགོན་པའི་སྒྲིག་ལམ་ལ་དག་ཐེར་གནང་ཐུབ་ཁག་པོ་རེད་བསམ་གི དྲང་བོར་བཤད་ན་རང་གིས་འབྲི་ཐུབ་ན་དགོན་པ་ཁག་དང་གྲྭ་མང་ལ་འགྲེམ་ཐུབ་དགོས་ནི་རེད་ལགས། འདི་ངའི་བསམ་ཚུལ་ཙམ་དྲང་བོས་ཞུས་པ་ཡིན་ལགས།

  5. རྡོ་རྗེ་དྲིལ་བུ་པ་ says:
    2010-02-01 at 6:38 am

    དགེ་འདུན་ལ་དེ་འདྲ་མ་གསུངས་ཁ་སྡིག་ཆེན་པོ་ཡོད་རེད། གཅིག་གཉིས་དེ་འདྲ་དངོས་གནས་ཡིན་ནའང་བཤད་ས་ནོར་འདུག

  6. བོད་ཀྱི་རྒྱལ་ས་ལྷ་ས་ནས། says:
    2010-02-03 at 5:41 am

    དྲ་གྲོགས་ཁ་ཤས་ཀྱིས་བསམ་ཚུལ་དེ་ཧ་ཅང་གི་ལེགས། དེ་དངོས་ནས་དགོན་པ་གྲྭ་ཚང་ཁག་ལ་སྙན་གསལ་ཞུས་ན་དགེ་ཕན་ཆེ་བ་མཐོང་།

  7. sampa lhundup says:
    2010-02-04 at 12:57 am

    hi, what do your tell about?

  8. sampa lhundup says:
    2010-02-04 at 1:02 am

    Eïh-n¤Å-ˆÛÅ-¤Vm-zŸG-fÞGÅ-zŤ-»G-qô-zbP-mÅ-¤Vm-zŸG-m-zŤü

  9. རྣམ་དག says:
    2010-02-04 at 3:16 am

    དགེ་འདུན་ལ་དེ་འདྲ་མ་གསུངས་ཁ་སྡིག་ཆེན་པོ་ཡོད་རེད། གཅིག་གཉིས་དེ་འདྲ་དངོས་གནས་ཡིན་ནའང་བཤད་ས་ནོར་འདུག

  10. རྣམ་དག says:
    2010-02-04 at 3:19 am

    རྩོམ་ཡིག་འདི་དགོན་པ་ཁག་གི་ལས་སྣེ་དང་གྲྭ་མང་ལ་འགྲེམ་ཐུབ་ན་ཡག་པོ་རེད་འདོད

  11. ཙོང་ཁ་པ། says:
    2010-02-06 at 3:08 am

    ངོ་མ་བཙོག་གི་ཡ། དགོན་སྡེ་ཁག་ནས་སྒྲིག་འཛུགས་བཟོ་རན་འདུག

  12. ཨ་རོགས་ཁམས་པ། says:
    2010-03-20 at 12:36 am

    འདྲ་མི་འདྲ་བཤད་ན་རྣ་བར་མི་སྙན། འོན་ཀྱང་འདིའི་སྐོར་ལ་དོ་སྣང་བྱེད་དགོས་པ་ཞིག་ཆགས་འདུག དགོན་པའི་ལས་སྣེ་དང་དགེ་འདུན་དམངས་ཀྱིས་དགོངས་པ་བཞེས་ན་མ་གཏོགས། ༸གོང་ས་མཆོག་གིས་ཞལ་གསུང་ཞིག་ལ་སྒུག་ནས་བསྡད་ན་འཕྱི་དྲགས་པ་རེད་དོ། །

  13. སྨྲ་ཤེས་དོན་གོ། says:
    2010-05-19 at 9:16 am

    བསམ་ཆུ༹ལ།

    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

     

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme