Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གྲྭའི་ཉེ་འཁོར་གྱི་ཟ་ཁང་ཚོང་ཁང་གི་བདག་པོ་ཚོས་སློབ་ཕྲུག་ཚོར་དགོངས་པ་བཞེས་རོཊ།

Posted on 2017-10-302017-10-30 By ཁ་བརྡ No Comments on སློབ་གྲྭའི་ཉེ་འཁོར་གྱི་ཟ་ཁང་ཚོང་ཁང་གི་བདག་པོ་ཚོས་སློབ་ཕྲུག་ཚོར་དགོངས་པ་བཞེས་རོཊ།

དོན་འགྲུབ་བཀྲ་ཤིས་ནས།

སློབ་སྤྱི་དོན་གྲུབ་ཚེ་རིང་ལགས་ཀྱིས་འདས་པའི་ལོ་ངོ་འདི་དག་རིང་སྦེལ་ཀོབ་བོད་ཁྱིམ་ནང་བོད་འབྱོར་སློབ་ཕྲུག་ཇེ་ཉུང་དང་རྒྱ་བལ་འབྲུག་གསུམ་གྱི་སློབ་ཕྲུག་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

དྲི་བ། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ཐོག་མར་ག་དུས་གསར་འཛུགས་གནང་བ་དང་སྐབས་དེའི་སློབ་གྲྭའི་གནས་སྟངས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། སྦེལ་ཀོབ་བོད་ཁྱིམ་སྡེ་དེ་ཕྱི་ལོ་ ༡༩༨༠ ལོར་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་བྱིན་ཀྱིས་བརླབས་ཏེ་མགོ་འཛུགས་གནང་བ་རེད།  དང་ཐོག་སློབ་མགོ་འཛུགས་སྐབས་སློབ་ཕྲུག་ ༩༠ ཙམ་ཡོད་པ་དང་། སྐབས་དེར་འཛིན་ཁང་དང་མཐུན་རྐྱེན་མེད་པའི་དབང་གིས་སློབ་ཕྲུག་ཚང་མ་ཉེ་འཁོར་གྱི་དབུས་ཉིན་སློབ་ཀྱི་ཡན་ལག་ཁག་ལ་བཏང་ཡོད་པ་དང་། སྔོན་འགྲོའི་སློབ་མ་རྣམས་ལ་ཁྱིམ་ཚང་ཁག་བཞི་གསར་འཛུགས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༨༤ ལོར་འཛིན་ཁང་ཆ་ཚང་ལེགས་འགྲུབ་བྱུང་སྟེ། དགེ་རྒན་ཚང་མ་མཁོ་སྒྲུབ་ཞུས་ཏེ་སློབ་གྲྭ་དངོས་སུ་མགོ་འཛུགས་གནང་ཡོད་འདུག རིམ་པས་འཛིན་གྲྭ་བརྒྱད་པ་དང་དགུ་པ་རྒྱ་གར་གཞུང་ (CBSE) ལ་དེབ་སྐྱེལ་ཞུས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་འཛིན་གྲྭ་བཅུ་པ་ཐེངས་དང་པོར་ཐོན་ཏེ་ཡག་ཐག་ཆོད་བྱུང་ཡོད་པ་རེད།

དེ་ནས་རིམ་བཞིན་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་འཛུགས་ཐུབ་ན་ཡག་པོ་ཡོང་ས་རེད་ཟེར་ནས་དགོངས་ཆར་བྱུང་སྟེ། ཕྱི་ལོ་ ༡༩༩༣ ལོར་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་དེབ་སྐྱེལ་ཞུས་ཏེ་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོར་འཛིན་གྲྭ་བཅུ་གཉིས་ཐེངས་དང་པོར་ཐོན་ནས་གྲུབ་འབྲས་ལག་སོན་བྱུང་ཡོད་པ་དང་། འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་དེ་ཚོང་ལས་སྡེ་ཚན་གཅིག་པུ་ཆགས་ཡོད་པ་རེད།

དྲི་བ། སྔོན་ཆད་ཡིན་ན་བོད་ཕྲུག་ཁྱིམ་སྡེའི་སློབ་མ་མང་ཆེ་བ་བོད་ནས་གསར་དུ་འབྱོར་བ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོ་ཙམ་ནས་རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནས་གསར་དུ་ཡོང་མཁན་ཧ་ཅང་ཉུང་དུ་ཕྱིན་པའི་རྐྱེན་གྱིས། སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་ནས་ཇེ་ཉུང་དུ་སོང་སྟེ་ཁྱིམ་ཚང་མང་པོ་ཟླ་སྒྲིལ་གཏོང་དགོས་བྱུང་ཡོད་པ་རེད། སློབ་གྲྭ་འདིའི་ནང་དུའང་དེ་འདྲའི་གནས་སྟངས་བྱུང་ཡོད་སྟབས། ད་ལྟའི་ཆར་དགེ་ལས་སློབ་ཕྲུག་ག་ཚོད་ཡོད་པ་དང་སློབ་གྲྭ་སྤྱིའི་གནས་སྟངས་ག་འདྲ་ཆགས་ཡོད་པ་རེད།

ལན། སློབ་ཕྲུག་གི་གྲངས་ཚད་ཉུང་རུ་འགྲོ་བཞིན་པ་དེ་སྦེལ་ཀོབ་གཅིག་པུ་མིན་པར། སྦེལ་ཀོབ་དབུས་ཉིན་སློབ་དང་། སམ་བྷོ་ཊའི་སློབ་གྲྭ་ཡིན་ནའང་སློབ་ཕྲུག་གི་གྲངས་འབོར་ཉུང་རུ་ཕྱིན་ཡོད་པ་དངོས་གནས་རེད། ཕྱི་ལོ་ ༢༠༠༨ ལོར་སྦེལ་ཀོབ་བོད་ཁྱིམ་ནང་ཁྱིམ་ཚང་ ༣༠ ཡོད་པ་དང་ཁྱིམ་ཚང་རེ་རེའི་ནང་སློབ་ཕྲུག་ ༣༥ ནས་ ༥༠ བར་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནས་ཡོང་མཁན་སློབ་ཕྲུག་ཉུང་དུ་ཕྱིན་ཏེ། ད་ལྟ་ཕལ་ཆེར་ཡོང་མཁན་མེད་པ་ཆགས་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་གྱི་སློབ་ཕྲུག་འཛུལ་ཞུགས་གནང་མཁན་མང་པོ་བྱུང་སྟེ། ད་ལྟ་སློབ་ཕྲུག་གི་གྲངས་འབོར་དེ་ ༡༠༠༠ ལྷག་ཟིན་གྱི་ཡོད་པ་རེད།

འདིར་སློབ་ཕྲུག་ཉུང་རུ་ཆགས་ཏེ་ཁྱིམ་ཚང་བཅུ་གསུམ་གྱི་སྒོ་བརྒྱབས་ཡོད་པ་དང་། ཁྱིམ་ཚང་བཅུ་གསུམ་གྱི་ནང་ནས་ཁྱིམ་ཚང་བརྒྱད་བུ་རྒན་པའི་ཉལ་ཁང་བཟོས་ཡོད་པ་རེད། ཕྱི་ལོ་ ༡༩༩༠ ནས་ ༢༠༡༤ བར་སྤེལ་ཀེབ་བོད་ཁྱིམ་གྱི་ཚོང་ལས་སྡེ་ཚན་མགོ་བཙུགས་པ་དང་། དེ་ནས་ཚོང་ལས་སྡེ་ཚན་ཆ་ཚང་དྷ་སྟེང་བོད་ཁྱིམ་དུ་བཏང་བ་དང་དྷ་སྟེང་བོད་ཁྱིམ་གྱི་ཚན་རིག་སྡེ་ཚན་སྦེལ་ཀོབ་བོད་ཁྱིམ་དུ་བཏང་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་སླར་ཡང་དྷ་སྟེང་བོད་ཁྱིམ་གྱི་ཚོང་ལས་སྡེ་ཚན་སྦེལ་ཀོབ་བོད་ཁྱིམ་ནང་སྤར་ཏེ་སྦེལ་ཀོབ་བོད་ཁྱིམ་ནང་ཚན་རིག་དང་ཚོང་ལས་སྡེ་ཚན་གཉི་ག་ཡོད་སྟབས། སློབ་ཕྲུག་གི་གྲངས་ཚད་མང་པོ་ཆགས་པ་དང་། སློབ་ཕྲུག་རྒན་པའི་བུ་དང་བུ་མོ་གཉིས་ལ་ཉལ་ཁང་གིས་མ་འདང་བས། གོང་ཞུས་ཁྱིམ་ཚང་སྟོང་པ་བརྒྱད་དེ་ཉལ་ཁང་བཟོས་པ་དང་། གཞན་ཁྱིམ་ཚང་སྟོང་པ་ལྔ་དེ་སྦེལ་ཀོབ་བོད་ཁྱིམ་གྱི་རྒས་ཡོལ་ལས་བྱེད་ཚོར་སྤྲད་ཡོད་པ་རེད།

དྲི་བ། དེང་སྐབས་སློབ་གྲྭ་ཁག་ཅིག་གི་ནང་སློབ་ཕྲུག་རེ་ཟུང་གིས་ཐ་མག་འཐེན་པ་དང་མྱོས་རྫས་སྤྱོད་པ་སོགས་ཀྱི་གནས་ཚུལ་འཐོན་གྱི་འདུག སྦེལ་ཀོབ་བོད་ཁྱིམ་ནང་དེ་འདྲའི་གནས་ཚུལ་ཡོང་གི་འདུག་གམ། འཛིན་སྐྱོང་གི་ངོས་ནས་གནས་ཚུལ་དེ་ཅི་ལྟར་འགོག་ཐབས་བྱེད་ཀྱི་ཡོད།

ལན། སློབ་གྲྭའི་ནང་ཐ་མག་འཐེན་མཁན་དང་རྡོ་ཐལ་སྤྱོད་མཁན་ཡོང་གི་འདུག བོད་ཕྲུག་ཁྱིམ་སྡེ་སྤྱི་ལ་སྒྲིག་ལམ་ཞིག་བཟོས་ཡོད་པ་དང་། དེ་ནི་ཐེངས་དང་པོར་ཐ་མག་འཐེན་མཁན་སློབ་ཕྲུག་དེས་ཡིག་ཐོག་ནས་སྒྲིག་འཛུགས་མགོ་བ་དང་འཛིན་གྲྭའི་དགེ་རྒན། སློབ་སྤྱི་བཅས་ལ་དགོངས་གསོལ་ཞུ་དགོས་པ་དང་། ཐེངས་གཉིས་པར་འཐེན་པ་ཡིན་ན། གུང་གསེང་མེད་པ་བཟོ་བ། དེ་ནས་ཐ་མག་འཐེན་པའི་གནས་སྟངས་སྡུག་ཏུ་ཕྱིན་པ་ཡིན་ན། མྱོས་རྫས་སྔོན་འགོག་ཚོགས་ཆུང་ལ་རྩིས་སྤྲད་ནས་སློབ་གསོ་བརྒྱབ་པ་དང་། སློབ་གྲྭའི་གུང་གསེང་སྐབས་ཡིག་གཟུགས་དང་རྩོམ་ཡིག་འབྲི་རུ་བཅུགས་ཏེ་ཐ་མག་སྔོན་འགོག་བྱེད་ཀྱི་ཡོད། གཞན་མྱོས་རྫས་སྤྱོད་མཁན་ཡང་རེ་འགའ་ཡོང་གི་འདུག ཡིན་ནའང་མྱོས་རྫས་སྤྱོད་མཁན་ཚོའི་གནས་སྟངས་ལ་རྒྱུས་ལོན་བྱེད་དུས། གནས་སྟངས་སྡུག་པོ་ཆགས་ཡོད་མཁན་དེ་འདྲ་མི་འདུག གལ་ཏེ་མྱོས་རྫས་སྤྱོད་མཁན་སྡུག་པོ་བྱུང་བ་ཡིན་ན། ང་ཚོས་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་ལྡི་ལི་འཕྲོད་བསྟེན་སྨན་ཁང་དང་དྷ་སའི་འཕྲོད་བསྟེན་སྨན་ཁང་གང་རུང་ལ་གཏོང་བ་དང་། ཁོ་ཚོ་ཟུར་དུ་བསྐངས་ནས་སློབ་གསོ་བརྒྱབ་པ་སོགས་ཀྱི་ཐབས་ཤེས་འཐེན་གྱི་ཡོད་ལ། ང་ཚོའི་མྱོས་རྫས་སྔོན་འགོག་ཚོགས་ཆུང་ནང་ལྟ་རྟོག་ལས་མི་ལྔ་ཡོད།

དྲི་བ། སྦེལ་ཀོབ་བོད་ཁྱིམ་ནང་སློབ་ཕྲུག་ཚོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ག་འདྲ་ཆགས་ཀྱི་འདུག

ལན། ལོ་མང་རིང་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ཡག་ཐག་ཆོད་བྱུང་བར་མ་ཟད། ཕྱི་ལོ་ ༡༩༩༢ ནས་ད་ལྟའི་བར་གྱི་གནས་ཚད་ལ་བལྟས་ཡོང་ན། ཕྱོགས་ཡོངས་ནས་འགྲིག་ཐག་ཆོད་བྱུང་འདུག དེ་སྔོན་ཚོང་ལས་སྡེ་ཚན་གྱི་འཛིན་རིམ་བཅུ་གཅིག་ནས་བཅུ་གཉིས་ལ་ཡིག་རྒྱུགས་གཏོང་སྐབས། གྲུབ་འབྲས་ཡག་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་ཚན་རིག་སྡེ་ཚན་གྱི་འཛིན་རིམ་བཅུ་གཉིས་སྐབས་དང་པོ་ ༢༠༡༤ ཐོན་སྐབས། རྒྱུགས་འབྲས་བརྒྱ་ཆ་བརྒྱ་ལེན་ཐུབ་ཡོད་པ་དང་། ལོ་ཕྱི་ ༢༠༡༥ ལོར་བརྒྱ་ཆ་ ༩༥་དང་། ༢༠༡༧ ལོར་བརྒྱ་ཆ་ ༩༤.༧ བཅས་ལེན་ཐུབ་ཡོད་པ་རེད།

དྲི་བ། སྦེལ་ཀོབ་བོད་ཁྱིམ་ནང་བོད་ནས་འབྱོར་བའི་སློབ་ཕྲུག་དང་གཞིས་སྐྱེས་སློབ་མ་འཇུག་པར་ཆ་རྐྱེན་ག་རེ་ཚང་དགོས་ཀྱི་ཡོད་པ་རེད།

ལན། བོད་འབྱོར་སློབ་ཕྲུག་ཡིན་ན་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་བརྒྱུད་ནས་གཏོང་གི་ཡོད་པ་དང་། གཞིས་སྐྱེས་སློབ་ཕྲུག་ཡིན་ན། གཞིས་ཆགས་ལས་ཁུངས་ཀྱི་རྒྱབ་གཉེར་ལེན་དགོས་པ་རེད། དེ་ཡང་ཕྱི་ཟླ་ ༩ ནས་ ༡༠ ནང་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་སུ་རྒྱབ་གཉེར་ཡིག་ཆ་དང་མཉམ་དུ་སྙན་གསེང་འབུལ་དགོས་པ་རེད། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་ནས་བོད་ཁྱིམ་ནང་ས་མིག་ཡོད་མེད་ལ་གཟིགས་པ་དང་། ས་མིག་དེ་ཡང་ཕྱི་ཟླ་ ༡༡ ནས་ ༡༢ ནས་ལོ་འཁོར་ཡིག་རྒྱུགས་བཏང་ཚར་བའི་རྗེས་ལ་སློབ་ཕྲུག་ག་ཚོད་སློབ་འཇུག་ཐུབ་མིན་ཐག་གཅོད་པ་དང་། སློབ་འཇུག་སྡེ་ཚན་ནས་ཁྱིམ་སྡེ་སོ་སོའི་ས་མིག་གཞིར་བཟུང་ནས་གཏོང་གི་རེད།

དྲི་བ། སློབ་གྲྭ་འདིའི་ནང་ཉིན་རེའི་གཏན་འབེབ་སློབ་ཚན་ཕུད་པའི་བྱེད་སྒོ་གལ་ཆེ་བ་གཞན་ག་རེ་སྤེལ་གྱི་ཡོད།

ལན། གཞན་ཟུར་སྦྱོང་རིག་གནས་སྡེ་ཚན་ནང་རྐང་རྩེད་སྤོ་ལོ་དང་ལག་རྩལ་སྤོ་ལོ། སྔ་དགོང་གི་ཞལ་འདོན། གཟའ་ཉི་མར་ལྟ་གྲུབ་སློབ་དཔོན་གྱི་ནང་ཆོས་ངོ་སྤྲོད་དང་དྲི་བ་དྲིས་ལན། ས་ག་ཟླ་བའི་སྐབས་ཉིན་གསུམ་རིང་བཀའ་འགྱུར་ངག་འདོན་སོགས་ཡོད་པ་རེད།
དྲི་བ། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་དམིགས་བསལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

ལན། འབོད་སྐུལ་ཞུ་རྒྱུ་ཞིག་ལ་སྦེལ་ཀོབ་བོད་ཁྱིམ་ལ་ཆ་བཞག་ན། ཉེ་འཁོར་དུ་ཚོང་ཁང་དང་ཟ་ཁང་། དྲ་ཁང་སོགས་མང་པོ་ཡོད་པ་དང་། ང་ཚོས་དོ་བདག་ལ་ཐད་ཀར་སྐད་ཆ་བཤད་སར་མི་འགྲོ་དུས། སྒྲིག་ལམ་གྱི་ཐོག་ནས་དཀའ་ངལ་འཕྲད་ཡོང་གི་འདུག ནངས་དགོང་རང་སྦྱོང་ཚར་རྗེས། སློབ་ཕྲུག་ཚོ་ཟ་ཁང་དང་ཚོང་ཁང་། དྲ་ཁང་སོགས་ནང་སོང་ནས་ཐ་མག་འཐེན་པ་དང་ཆང་རག་འཐུང་བ་སོགས་འདྲ་མི་འདྲ་བྱེད་ཀྱི་འདུག སྤྱིར་སློབ་གྲྭའི་མཐའ་འཁོར་དུ་ཐ་མག་དང་ཆང་རག་འཚོང་ཆོག་གི་མ་རེད། སློབ་ཕྲུག་ཚོ་འཕྲོ་བརླག་མི་འགྲོ་བ་དང་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ང་ཚོ་ཚང་མ་མཉམ་འབྲེལ་ཡོང་ཐུབ་ན་ཡག་པོ་འདུག དེར་བརྟེན་ཟ་ཁང་དང་ཚོང་ཁང་གི་དོ་བདག་སོ་སོས་སློབ་ཕྲུག་ཚོར་དགོངས་པ་བཞེས་རོགས།

སློབ་སྤྱི་དོན་གྲུབ་ཚེ་རིང་ལགས་ནི་སྟོད་མངའ་རིས་ནས་ཡིན་ཞིང་། ཕྱི་ལོ་ ༡༩༦༠ ལོར་མ་སུ་རིའི་ནང་སློབ་ཞུགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༧༦ ལོར་སློབ་མཐར་ཕྱིན་རྗེས་ལོ་ལྔ་རིང་དང་བླངས་དམག་ནང་ཞུགས། དེ་ནས་ལ་དྭགས་ཏུ་ལོ་ ༡༡ རིང་དགེ་རྒན་གྱི་ཕྱག་ལས་གནང་། ཕྱིས་སུ་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱི་གནང་སྟེ་ད་ལྟའི་བར་དུ་ལོ་ངོ་ ༢༠ འགྲོ་བཞིན་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ནས།

བཅར་འདྲི།

Post navigation

Previous Post: ཆོས་མཆེད་དམ་པ་ལ་སྤྲིངས་ཡིག་ཁ་བཏགས་སེར་པོ།
Next Post: རྗེ་ཡི་བླ་སྨན་གཡུ་ཐོག་པ་ནི་དུས་རབས་བཅུ་བདུན་པའི་ཡར་སྔོན་གྱི་ཡིག་ཆ་རྣམས་ནས་རྙེད་ཐུབ་པ་ཞིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme