Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གྲོགས་ཤིག་གི་དྲིས་ལན་དུ་ཕུལ་བའི་བསམ་ཚུལ་ཐུང་ངུ༌།

Posted on 2008-06-07 By དབང་ཕྱུག་ No Comments on སློབ་གྲོགས་ཤིག་གི་དྲིས་ལན་དུ་ཕུལ་བའི་བསམ་ཚུལ་ཐུང་ངུ༌།

ཨ་འབྲུག་དཀོན་མཆོག

འབྲི་རྩོམ་བྱེད་པ་ནི་ལད་མོ་གཏན་ནས་བྱེད་རྒྱུ་མེད་པའི་བྱ་གཞག་ཅིག་རེད་ལ། འབྲི་རྩོམ་ལ་ལད་མོ་བྱེད་པ་ནི་འགྲོ་བ་མིའི་ཤེས་རབ་དང་ཤེས་རིག་གི་ཉམས་རྒུད་ཆེན་པོ་ཞིག་རེད། བོད་ཀྱི་ཕུལ་བྱུང་རྩོམ་པོ་ཞིག་གིས་དེ་སྔ་འགྲུབ་མ་ཐག་པའི་བརྩམས་ཆོས་ཀྱི་ཤུལ་རྒྱུན་སྟེང་དུ་སླར་ཡང་མགོ་ཞིག་རྩོམ་དགོས་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་གཏན་གནས་ཆོས་ཉིད་རེད་ཅེས་བཤད་མྱོང༌། ང་ཚོ་རྩོམ་གྱི་ལས་སུ་ཐོག་མར་ཞུགས་དུས་རྩོམ་འབྲི་བ་ནི་ཚིག་གི་སྡེབ་སྦྱོར་སྒྲིག་སྟངས་ཀྱི་སྦྱོང་བརྡར་ཞིག་ཏུ་ངོས་འཛིན་བྱེད་སྲིད་ལ། རྩོམ་འབྲི་བ་ནི་གནད་དོན་གཅིག་གསལ་འདོན་དང་གསེད་བཀྲོལ་བྱེད་པ་ཞིག་ཏུ་ངོས་འཛིན་ཀྱང་བྱེད་སྲིད། ལྷག་པར་དུ་རིགས་འགའ་ཞིག་གིས་རྩོམ་ཡིག་ནི་དེ་སྔ་ནས་གཏན་འཁེལ་བྱས་ཟིན་པའི་ནང་དོན་ཞིག་གི་སྒྲོམ་གཞི་ཞིག་དང༌། དེ་སྔ་ནས་གཏན་ཆགས་སུ་སོང་བའི་ཚིག་སྦྱོར་གྱི་ར་བ་ཞིག་ནས་འཁོར་བསྐྱོད་བྱེད་ཀྱི་ཡོད་ཅིང༌། ད་དུང་དེ་ལས་སྡུག་པ་ཞིག་ལ་བྱེད་སྤྱོད་དེ་རིགས་གཉེར་མཁན་རིགས་ལ་རྩོམ་པ་པོ་ཞེས་པའི་ཆོ་ལོ་ཡང་ཐོབ་ཀྱི་ཡོད་པ་རེད། ང་ཚོས་རྗེ་བཙུན་མི་ལ་རས་པ་དང༌། འཇམ་མགོན་ས་སྐྱ་པ། རྗེ་ཙོང་ཁ་པ། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་གསུང་རྩོམ་ཀློག་སྐབས་ཁོང་ཚོའི་ཤེས་རབ་དང༌། ལྟ་བ། དཀའ་ཐུབ་དང་སྙིང་སྟོབས། མི་གཤིས་དང་སེམས་ཁམས་ལ་སོགས་པ་མཐོང་གི་ཡོད་ལ། དེ་དག་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་རེ་རེས་རང་རྐྱ་འཕེར་བའི་རང་གཟུགས་ཤིག་མངོན་གྱུར་བྱས་ཡོད་པ་དེ་མཐོང་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོས་གཞན་གྱི་འདྲ་འབག་གྱོན་ནས་རང་གཟུགས་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང༌། གཞན་གྱི་སྐད་ཆ་གཡར་ནས་རང་ཉིད་འགྲེལ་བརྗོད་བྱེད་ཀྱི་ཡོད་རུང༌། ང་ཚོ་རང་ཉིད་ཀྱི་ངོ་བོ་དང་རང་ཉིད་ཀྱི་སྐད་ཆ་ནམ་ཡང་འཚར་ལོངས་འབྱུང་ཐུབ་ཀྱི་མེད་ལ། འཕེལ་རྒྱས་སུ་དེ་བས་ཀྱང་འགྲོ་ཐུབ་ཀྱི་མེད། གནད་དོན་འདི་ནི་ང་ཚོའི་ལམ་ཁ་དང་བྱ་ཐབས་ཤིག་ནོར་ཡོད་པའི་ཏན་རྟགས་ཤིག་ཡིན་ཏེ། མཐར་གཏུགས་ན་ང་ཚོས་རང་ཉིད་ཀྱི་རིགས་སམ། རང་ཉིད་ཀྱི་གཉུག་མ་དང་རང་གཤིས་མཐར་ཐུག་པ་སྒྲིབ་བྱེད་གཞན་ཞིག་གིས་འགེབ་ཀྱི་ཡོད་ལ། རང་ཉིད་ཀྱི་རིག་སྟོབས་དང་འགྲོགས་པའི་རྟོག་པ་དང་ཆ་མཉམ་པར་འཇུག་པའི་མི་རང་ཉིད་ཀྱི་སྐད་སྒྲ་དེ་ཡང་སྒྲ་དབྱངས་གཞན་ཞིག་གི་ནང་རོལ་ཏུ་སིམ་དུ་འཇུག་གི་ཡོད། གནད་དོན་འདིའི་དབང་གིས་ང་ཚོའི་རྩོམ་རིག་ལ་བསམ་བློ་ཆིག་རྐྱང་དང་ཐ་སྙད་བསྐྱར་བཟློས་ཡོང་གི་ཡོད། འདི་ནི་མི་རང་ཉིད་ཀྱི་ཤེས་རབ་སྐྱེ་འཕེལ་གྱི་བར་ཆད་དང་གེགས་ཆེན་པོ་ཞིག་སྟེ། མི་རིགས་ཀྱི་ཤེས་ཡོན་གོང་འཕེལ་ལ་གནོད་པའི་ཉམས་ཉེས་ཀྱི་ལྟ་བ་ཆེན་པོ་ཞིག་རེད། མདོར་བསྡུས་ན། གཞན་ལ་ལད་མོ་བྱེད་དུ་འཇུག་པ་ནི་སློབ་གསོ་ཡང་དག་པ་ཞིག་མ་རེད་ལ། རང་ཉིད་ཀྱི་ངོ་བོ་བོར་བརླག་ཏུ་གཏོང་བ་ནི་རྩོམ་པ་པོ་ཚད་ལྡན་དག་མིན་པས། ཁྱེད་ཀྱིས་སློབ་གསོ་ཡང་དག་ནི་རང་སྟོབས་ཀྱིས་བསམ་གཞིག་བྱེད་ཤེས་པ་དེ་ཡིན་པ་དང༌། རྩོམ་པ་པོ་ཚད་ལྡན་ནི་རང་ཉིད་ཀྱི་ངོ་བོ་རྨང་གཞི་བྱས་པའི་རང་གི་བསམ་བློའི་འཇིག་རྟེན་དུ་ཕྱོགས་བསྡུས་བྱས་པའི་སྣང་བ་སྣ་ཚོགས་ཚད་མཐོ་ལ་ཞིབ་ཅིང་ཕྲ་བའི་འགྲེལ་བརྗོད་བྱེད་རྒྱུ་དེ་ཡིན་པ་སེམས་ལ་ཟུངས།

རྩོམ་རིག

Post navigation

Previous Post: རྔ་མ་ཚར་གཅོད་ཀྱི་རིག་པའི་གཞུང་ལུགས། ༼དཔེ་དེབ་ཅིག་གི་བཀླག་འཆར།༽
Next Post: ཝང་ལི་ཞུང་གི་སྐྱག་རྫུན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme