Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སླེབས་ལ་ཉེ་བའི་དངོས་བྱུང་བརྩམས་སྒྲུང་ཞིག

Posted on 2011-11-10 By ཁ་བརྡ་ 28 Comments on སླེབས་ལ་ཉེ་བའི་དངོས་བྱུང་བརྩམས་སྒྲུང་ཞིག


མི་རིང་བར་བདག་གིས་ལོ་ངོ་གཉིས་ཙམ་རིང་ལ་འབད་འབུངས་བྱས་དེ་བྲིས་པའི་དངོས་བྱུང་གི་བརྩམས་སྒྲུང་། སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད་ཅེས་པའི་བརྩམས་སྒྲུང་གི་དེབ་འདི་ནི་ཕྱི་ལ་ཐོན་གྲབས་ཡོད། དེབ་ཀྱི་ནང་དོན་སྔ་གཞུག་ལ་ཡིག་ཚད་ཀྱི་སྐྱོན་ཆ་ཆེས་མི་ཉུང་བ་ཞིག་ཡོད་སྲིད་ཀྱང་། སྤྱི་ཚོགས་ཤིག་གི་ཟུར་ན་བོད་ནས་གསར་དུ་འབྱོར་ཞིང་། བྱེས་སུ་དཀའ་ཚེགས་རིམ་རྒྱུད་ཀྱི་ལོ་ཟླ་བསྐྱལ་བའི་མི་ཞིག་གི་གཏམ་རྒྱུད་དངོས་ཡིན་དུས། ཀློག་མཁན་སུ་ཞིག་ལ་མཚོན་ན། དེབ་དེ་ཀློག་རྒྱུར་དགའ་མོས་ཡོང་བར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད། དེབ་དེར་ཤོག་གྲངས་དྲུག་བརྒྱ་དང་ལྔ་བཅུ་ཡོད། ཉོ་མཁན་ཡོད་ན། ཁ་བྱང་འདིའི་སྟེང་དུ་འབྲེལ་བ་བྱོས་དང་། གློག་འཕྲིན་ཁ་བྱང་རྒྱུད་དེ་མངགས་ཉོ་གནང་མཁན་ཚོར་དགའ་བསུ་ཡོད་ལ་རིན་གོང་ཅུང་ཁེ་བོ་ཡང་བྱེད་ངེས་ཡིན།

གསར་འགྱུར།

Post navigation

Previous Post: ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པར་རམས་འདེགས་མཛོད།
Next Post: དེ་རིང་བལ་ཡུལ་ནས་དགེ་འདུན་པ་ཞིག་གིས་རང་ལུས་མེ་བསྲེགས་བཏང་འདུག

Comments (28) on “སླེབས་ལ་ཉེ་བའི་དངོས་བྱུང་བརྩམས་སྒྲུང་ཞིག”

  1. ཀླུ་སྨྱོན། says:
    2011-11-11 at 4:40 am

    རྟེན་འབྲེལ་ཞུ། ང་ལ་གཅིག་དགོས། ཉོ་སྟངས་ཤིག་གསུངས་དང་། འདིར་འབྲེལ་བ་ཞུ་སའི་ཁ་བྱང་མི་འདུག

  2. སྤྱན་ཆབ། says:
    2011-11-11 at 4:56 am

    ཞེ་ནས་རྟེན་འབྲེལ་དང་བཀའ་དྲིན་ཆེ་ཞུས་པ་ཡིན།

  3. ཆུ་ཤེལ་དྭངས་མོ། says:
    2011-11-11 at 5:03 am

    དངོས་བྱུང་སྒྲུང་དེབ་དེ་འཁྲུངས་ལ་ཉེ་བར་དགའ་བསུ་གྲངས་མེད་ཞུ་རྒྱུ་མ་ཟད་སྐུ་ཉིད་ལ་བཀྲ་ཤིས་བདེ་ལེགས་ཞུ།

  4. སྙེ་ལྷའི་ཐུགས་སྲས། says:
    2011-11-11 at 5:43 am

    བཀྲ་ཤིས་པ་དང་། དོན་འགྲུབ་པའི་སྨོན་འདུན་ཞུ།

  5. འཇིགས་བྲལ་བསྟན་འཛིན། says:
    2011-11-11 at 6:39 am

    བརྩེ་བའི་གྲོགས་པོ་ལགས། ཡུན་རིང་རེ་སྒུག་བྱས་པའི་དེབ་དེ་དཱ་ཐོན་གྲབས་ཡོད་པ་རེད། ངས་སྙིང་ཁུང་རུས་པའི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ།

    ཁྱོད་ཀྱི་ཚོར་སྣང་ཟབ་མོ་འདྲེན་པའི་དེབ་གཅིག་བྲིས་ཡོད་པའི་ཡིད་ཆེས་ཡོད།

  6. sonamdojee says:
    2011-11-11 at 7:18 am

    དང་ཐོག་འདི་གར་གློག་འཕྲིན་གང་གི་ནང་རྒྱ་གཅེས་དཔའ་བོ་དཔའ་མོ་དག་གི་ལུས་ཀྱིས་མཆོད་འབུལ་བྱེད་བཞིན་པའི་སྣང་བརྙན་གཅིག་ཀྱང་མཇལ་རྒྱུ་མི་འདུག་དེ་གང་ཡིན་ནམ། ཨ་ཙི་ཙི་་་་་སྐྱོ་བ་ལགས་་ད་བརྗེད་ཚར་བ་ཡིན་རྒྱུ་རེད ད་དུང་མི་དགོས་བ་ཞིག་ལ་གྲྭ་བ་ལ་ཁ་བཏང་བྱེད་ཀྱི་བརྩམས་སྒྲུང་རེ་བྲིས་ནས་བསྡད་དང་ཉིན་ཞིག་ཁྱོད་ལ་རང་བཙན་ཐོབ་ཡོང་།

  7. sonamdojee says:
    2011-11-11 at 7:20 am

    གཏོང་བྱེད་

  8. གངས་ཕྲུག says:
    2011-11-11 at 8:26 am

    ཉེ་ཆར་ས་གནས་མི་སྣ་བརྒྱུད་གནས་ཚུལ་ཁུངས་ལྡན་གོ་ཐོས་ལ། བོད་ལྗོངས་འཇོ་འདའ་རྫོང་ཁོངས་ སིབ་མདའ་ཤང་ ་ཟླ་ནང་ཞེས་པའི་ས་གནས་སུ་ལོ་ཤས་སྔོན་ནས་རྒྱ་རིགས་ཚང་པས་ཞ་ཉེ་སོགས་གཏེར་ཁ་སྔོག་འདོན་གྱིས་འབྲོག་ས་དང་གནས་རི་འཁོར་ཡུག་བཅས་ལ་སྟོར་རྐྱེན་ཆེན་པོ་བཟོ་བཞིན་པ་ལ། ས་གནས་འབྲོག་པའི་ཡུལ་མིས་རབ་དང་རིམ་པར་བཀག་འགོག་བྱས་ཀྱང་ རྫོང་ས་གནས་ཀྱི་དཔོན་པོས་རྒྱ་རིགས་ཚང་པའི་ལག་བརྒྱུད་ལྐོག་རྔན་ཕོན་ཆེན་ཟོས་བརྟེན། ས་རྐོ་བཅུག་དགོས་རྒྱུ་དང་། ས་ཆ་ཡོངས་རྫོགས་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད་པས་མི་སེར་ལ་དབང་ཆ་ཅི་ཡང་མེད་ཚུལ་གྱི་བཙན་བཀའ་དང་། དེས་མ་ཚད་ཡུལ་མི་ལ་ཆབ་སྲིད་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་གོ་རྟོགས་སྤེལ་དགོས་ཚུལ་བཤད་དེ་གཟའ་དཔོན་དང་མི་སྣ་ཆེ་ཁག་རྣམས་ཤང་ས་གནས་སུ་བཀག་ཉར་བྱས་སྐད་འདུག ད་དུང་ཡུལ་མིས་ཟེར་དོན། ང་ཚོ་འབྲོག་པ་ནི་སྒོ་ཕྱུགས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་བརྟེན། གལ་སྲིད་འབྲོག་སའི་འཁོར་ཡུག་སྔོག་འདོན་དང་ དེ་བཞིན་ས་གནས་སུ་ཞ་ཉེ་བཞུ་གཏུབ་ཀྱི་འཕྲུལ་ཆས་འཛུགས་པ་སོགས་བྱེད་ཚེ། འཁོར་ཡུག་གི་མཁའ་རླུང་དང་ས་ཆུ་ལ་འབག་གཙོག་ཤོར་ཏེ་སྒོ་ཕྱུགས་སེམས་ཅན་རྣམས་ལ་གནོད་སྐྱོན་འགྲོ་ཉེས་ཡོད་བརྟེན་འབྲོག་པའི་འཚོ་བ་ལ་དཀའ་ངལ་ཡོད་ངེས་པས། ད་ནི་ང་ཚོ་སྐྱེས་པ་ཕོ་ལུས་བླངས་ཚད་ས་གནས་ཡུལ་ལུང་གཞན་དུ་འཚོ་གོས་ཆེད་འགྲོ་རྒྱུ་སེམས་ཐག་གཙང་བཅད་ཡིན་པས། ཤུལ་ལུས་ཀྱི་བྱིས་པ་དང་བུད་མེད་རྣམས་ཀྱི་བདེ་སྡུག་འཚོ་ཐབས་ཅི་དགོས་ན་རྫོང་ས་གནས་ཀྱི་དཔོན་པོ་ཚོའི་ལག་ཏུ་ཡོད་ཟེར་ནས་བསྔོམས་ཡུལ་མི་བདུན་བརྒྱ་ཡན་མན་ཞིག་འཛོམས་ཏེ་ལམ་དུ་ཆས་སྐབས། རྫོང་དཔོན་ཁ་ཤས་སླེབས་ནས་བཀག་ཀྱང་འགོགས་ཐུབ་རེད་མི་འདུག འོན་ཀྱང་ས་གནས་དེར་ཕྱོགས་སུ་ཡུལ་མིས་རྩིས་མཐོང་ཆེན་སའི་བླ་མ་ཀུན་དགའ་རྣམ་རྒྱལ་ཞུ་བ་ཁོང་གིས་རེ་ཞུས་བྱས་ནས་ལས་འགུལ་དེ་རེ་ཞིག་ཕྱིར་འཐེན་བྱས་བརྟེན་གནས་སྐབས་རིང་ཕན་ཚུན་གཉིས་ཕྱོགས་ནས་ཅུང་ལྷིང་འཇགས་རེད་འདུག་སྟེ། ས་གནས་རྫོང་དཔོན་གྱིས་ལྐོག་རྔན་ཤུགས་ཆེན་ཟོས་ཡོད་བརྟེན་སླར་ཡང་གནས་ཚུལ་དེ་བཞིན་མི་ཡོང་བའི་ངེས་པ་ཡང་མི་འདུག། །། གནས་ཚུལ་འདི་བཞིན་དྲྭ་ལམ་ཁག་ཏུ་སྤེལ་རོགས་ཟེར་ནས་ས་གནས་མིས་མཁོ་སྤྲོད་བྱས་བྱུང་།

  9. ཨ་རིག་དགེ་མཐོང་། says:
    2011-11-11 at 9:32 am

    ཐོག་མར་དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལ་རྟེན་འབྲེལ་ཞུ། དེ་ནས་རྒྱ་གར་གྱི་ས་གནས་ནས་རག ངས་གཅིག་ཉོ་གི་ཡིན།

    ༼སྤྱིན་བདག་༽མི་དགོས། ཟིན་བྲིས་རང་གི་ནང་གི་ཡིག་ནོར་སྦྱིན་བདག་ཟེར་དགོས།

    ༼འབད་འབུངས་བྱས་དེ ༽བྱས་ཏེ་ཟེར་དགོས་པ་འདྲ།

    གཤམ་གྱི་མཆན་ནང་གི་ཡིག་ནོར།

    མཆན་དྲུག་པའི་ནང་དུ་༼རྒྱ་གཅེས་༽རྒྱལ་གཅེས།
    ༼བརྩམས་སྒྲུང་རེ་བྲིས་ནས་བསྡད་དང་ཉིན་ཞིག༽ཅིག་ཆད་པ་འདྲ།

    ཡང་ན་བསྡད་དང་ཞེས་པ་སྡོད་དང་ཞེས་པའི་དོན་ཡིན་པས་ནོར་བ་འདྲ།

    མཆན་བུ་བདུན་པའི་ནང་དུ། ༼ འཁོར་ཡུག་བཅས་ལ་སྟོར་རྐྱེན༽ ཞེས་པ་ཁོར་ཡུག་དང་གཏོར་རྐྱེན་ཞེས་ཟེར་དགོས་པ་འདྲ།
    གཞན་ཉིད་ཀྱིས་གནས་ཚུལ་གསར་བ་སྤེལ་བར་དགའ་བསུ་ཞུ།
    ༼ བསྔོམས་ཡུལ་མི་བདུན་བརྒྱ་ཡན་མན་ཞིག་༽བསྡོམས་ཞེས་པ་ཡིན་པ་འདྲ།
    ༼ རྫོང་དཔོན་ཁ་ཤས་སླེབས་ནས་བཀག་ཀྱང་འགོགས་ཐུབ་རེད་མི་འདུག ༽ཅེས་པའི་ནང་གི་སླེབས་ཞེས་པ་བསླེབས་དང་། འགོགས་ཞེས་པ་འགོག་ཟེར་དགོས་པ་འདྲ། རེད་ཅེས་པ་ལྷག་མ་ཡིན་པ་འདྲ།

  10. ཨ་རིག་དགེ་མཐོང་། says:
    2011-11-11 at 9:34 am

    དེ་ནས་རྒྱ་གར་གྱི་ས་གནས་ནས་རག ངས་གཅིག་ཉོ་གི་ཡིན། གོང་གི་དེའི་ནང་ནས་ཆད་པ། གང་ནས་རག་ཅེས་བཅོ་རོགས།

  11. རུ་ཤུལ‚ཆོས་འགྲུབ says:
    2011-11-11 at 10:51 am

    ཁྱེད་ལ་རྟེན་འབྲེལ་ཞུ། ངས་གཅིག་ཉོ་ཁོ་ཐག་ཡིན། འབྲེལ་བ་བྱེད་སའི་ཡུལ་གསལ་པོ་ཞིག་གསུངས་རོགས།
    ཞེས་འབྲས་སྒོ་མང་བྱ་བྲལ་ཆོས་འགྲུབ་ཀྱིས།

  12. འབྲོང་བུ་ཟླ་བ་ཚེ་རིང། says:
    2011-11-11 at 1:10 pm

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  13. ཁྲ་ཕྲུག་ says:
    2011-11-11 at 2:32 pm

    ང་ད་ལྟ་ལོན་ཌོན་ལ་ཡོད་དེབ་དེ་མངག་ཉོ་བྱེད་སྟངས་གསལ་པོར་བཀོད་རོགས་ངས་གཅིག་ཉོ་གི་ཡིན་

  14. རྨུ་ཐག་གི་བུ་རྒྱུད། says:
    2011-11-11 at 2:43 pm

    ཨ་རིག་དགེ་མཐོང་ལགས། ཁྱེད་ཀྱིས་དག་བཅོས་གནང་བར་དགའ་བྱུང་། ང་ཡང་འདི་རིགས་ལ་དགའ་མོས་ཡོད་མཁན་ཞིག་ཡིན། དེ་བས་ངས་ཁྱེད་ཀྱི་བཅོས་ཡིག་ལ་བསམ་འཆར་ཞིག་འདོན་རྒྱུ་ཡིན། ཁྱེད་ཀྱིས་༼གཏོར་རྐྱེན༽ཟེར་ནས་བཅོས་འདུག འོན་ཀྱང་ཡོངས་གྲགས་སུ་༼གཏོར་སྐྱོན་༽འབྲི་བཞིན་འདུག་ལ་འདི་ལྟར་བྲིས་ན་གོ་བབས་ཀྱང་བདེ་བར་འདུག་སྙམ། ༼གཏོར་རྐྱེན༽བྲིས་ནའང་ཚིག་འགྲེལ་རེ་རྒྱག་རྒྱུ་ལོས་ཀྱང་ཡོད་དེ། དེ་ལྟར་ན་༼སྟོར་རྐྱེན༽བྲིས་ནའང་སྐྱོན་དུ་མི་འགྲོ་བ་འདྲ་སྟེ། འདི་ལའང་དེ་དང་འདྲ་བའི་ཚིག་འགྲེལ་རྒྱག་རྒྱུ་ཡོད་པས་སོ། བསམ་འཆར་ཙམ་ཡིན་ལགས།

  15. ཨ་རིག་དགེ་མཐོང་། says:
    2011-11-11 at 4:07 pm

    རྨུ་ཐག་གི་བུ་རྒྱུད་ལགས། ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་དང་གོ་རྒྱུ་འདུག་མ་མ་ཟད་ཡོངས་གྲགས་རེད།
    འོན་ཀྱང་། མཆན་བུ་འདེབས་མཁན་གྱིས་སྟོར་རྐྱེན་ཞེས་བྲིས་འདུག་ན་ངས་སྟོར་བཅོས་པ་ལས་རྐྱེན་བཞག་ན་གོ་རྒྱུ་མི་འགྲིག་པ་མི་འདུག་སྙམ། དེའི་ཕྱིར་ལབ་ཡིན།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2011-11-11 at 8:17 pm

    གྲོགས་པོ་ཚོ་སླེབས་ནས་བདག་གི་དེབ་འདི་ཐོན་ལ་ཉེ་བར་དགའ་བསུ་ཞུས་པ་དེར་དགའ་ཡོད། དཔར་བསྐྲུན་རྒྱ་གར་དུ་བྱེད་ཀྱི་ཡོད། འགྲེམ་སྤེལ་ཡང་རྒྱ་གར་ནས་བྱེད་ཀྱི་ཡོད་ལགས། སྒྲུང་གི་ཡག་ཉེས་སོགས་འབྲི་རྩལ་གྱི་མ་འདང་བའི་ཆ་མང་བོ་ཡོད་ངེས་ཡིན། སྒྲུང་གི་བརྗོད་གཞི་ནི། འཚོ་བ་དངོས་ཡིན། དེ་དག་སྤུན་ཟླ་དག་གིས་ཐུགས་འཇག་ཞུ། འབྲེལ་བ་བྱེད་འདོད་ཡོད་མཁན་སུ་ཞིག་ཡོད་ན། གློག་འཕྲིན་འདི་རྒྱུད་དེ་འབྲེལ་བ་བྱོས་དང་། དེ་དོན་དུ་ལན་འདེབས་བྱེད་ངེས་ཡིན་ལགས། souloflove538@gmail.com

  17. པད་མ་ཆོས་སྒྲོན། says:
    2011-11-12 at 3:44 pm

    རྟེན་འབྲེལ་ཞུ།

  18. བོད། ལྷ་ཀླུ་གཉན་གསུམ། says:
    2011-11-12 at 7:29 pm

    དྲ་ཐོག་གི་སྤུན་ཟླ་སུ་ཞིག་ལ། བརྩམས་སྒྲང་འདི་ཉོ་འདོད་ཡོད་ན། བདག་གི་གློག་འཕྲིན་སྒང་དུ་འབྲེལ་བ་བྱོས་དང་། ཕྱི་རྒྱལ་ཡུལ་གྲུ་གང་དུ་ཡོད་ནའང་། ཁ་བྱང་སྐུར་བ་དང་སྤྲག་གླ་བཅས་རྩིས་དེ་དེབ་ལེགས་འགྲུབ་བྱུང་བ་དང་གཏོང་ངེས་ཡིན། བདག་གི་གློག་འཕྲིན་ཁ་བྱང་ནི་souloflove538@gmail.comཡིན་པ་ཐུགས་འཇག་ཞུ།

  19. རྩམ་དགའ། says:
    2011-11-12 at 9:23 pm

    བློ་མཐུན་ལྷ་ཀླུ་ལགས་ཀྱི་དངོས་བྱུང་གི་རྩོམ་དེབ་ཐོན་ལ་ཉེ་བར་སྙིང་ནས་རྟེན་འབྲེལ་ཞུ།

  20. གངས་ཕྲུག says:
    2011-11-13 at 5:29 am

    ཨ་རིག་ལགས་ཀྱིས་དག་བཅོས་གནང་བར་བཀའ་དྲིན་ཆེ། ཡིན་ཀྱང་ཞུ་ཡ་ཞིག་ལ་ “འཁོར་ཡུག་ “འདི་ཚིག་མཛོད་མང་པོའི་ནང་དུ་འདི་བཞིན་གསལ་འདུག དཔེར་ན་ཚིག་མཛོད་ཆེན་མོ་དང་། རང་བྱུང་ཡེ་ཤེས་དབྱིན་བོད་ཚིག་མཛོད། དེ་བཞིན་Ives Wald དབྱིན་བོད་ཚིག་མཛོད་དང་ JamesValby དབྱིན་བོད་ཚིག་མཛོད་སོགས་སུ་གསལ་འདུག ཡང་མཛོད་འགའ་ཞིག་ཏུ་ “འཁོར”་ དང་ “ཁོར”་ གཉིས་གདམ་ཁ་ཡིན་པ་ཡང་ཟེར་འདུག
    གང་ལྟར་ཡང་དག་བཅོས་གནང་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ།

  21. བསོད་ནམས་རྡོ་རྗེ་ says:
    2011-11-13 at 7:57 pm

    ངས་ཐོག་མར་ཨ་རིགས་ལགས་ཀྱིས་དག་བཅོས་གནང་བར་ཐུགས་ཆེ་གནང་། གངས་ཕྲུག་ནས་་་་ཁོར་ཡུག་་་་ཅེས་པའི་ཚིག་འདི་ཚིག་མཛོད་མང་པོ་ལས་དེ་ལྟར་འབྲི་འདུག་གསུངས་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་བསྒྲིགས་གཉིས་ལས་མཇལ་ཐུབ་མ་སོང་། དེ་གང་འདྲ་ཡིན་ནམ།

  22. བོད་ཀྱི་བུ། says:
    2011-11-13 at 10:33 pm

    གངས་ཕྲུག་དང་བསོད་རྡོར་གཉིས་ལགས། འཁོར་ཡུག་དང་ཁོར་ཡུག་གཉིས་ཀ་འབྲི་སྟངས་ཡོད་པ་རེད། ཁོར་ཟེར་བ་དེ་ཁོ་ར་ཞེས་པའི་བསྡུས་ཚིག་དང་། ཡུག་ནི་མཚམས་མ་ཆད་པར་མུ་གཅིག་ཏུ་ཡོད་པའི་དོན་རེད། དེ་ཡང་ཁོ་ར་ཟེར་ན་ཉེ་འདབས་ལ་གོ་ཞིང་ཉེ་འདབས་དེ་ཡང་ཡུག་གཅིག་ཏུ་འབྲེལ་བའི་གཡས་གཡོན་རྒྱབ་མདུན་ཡོངས་ལ་ཁོར་ཡུག་ཟེར་བ་རེད། འདི་ལ་འཁོར་སྔོན་འཇུག་འབྲི་མཁན་དག་གིས་མཐའ་འཁོར་ལ་བསམ་བློ་བཏང་ནས་འབྲི་ཡི་ཡོད་པ་དང་། ཁོར་སྔོན་འཇུག་མེད་པ་དག་གིས་ཁོ་ར་ཁོར་ཡུག་ཅེས་པའི་བསྡུས་ཚིག་ལ་བསམ་བློ་བཏང་ནས་འབྲི་ཡི་ཡོད་པ་རེད། དོན་གཉིས་ཀ་ནོར་ཡོད་མ་རེད། བོད་རྒྱ་ཚིག་མཛོད་དང་དག་གསར་གཉིས་ན་ཡང་འཁོར་ཡུག་ནི་ཁོར་ཡུག་གི་འབྲི་ཚུལ་གཞན་ཞེས་བཀོད་ཡོད་པ་རེད། འོན་ཀྱང་། རྒྱུགས་ཆེ་ཤོས་ཁོར་ཡིན་པར་སྣང་ངོ་།།

  23. བསོད་ནམས་རྡོ་རྗེ་ says:
    2011-11-14 at 6:52 am

    འགྲེལ་བཤད་གསལ་བོ་ཞིག་བྲིས་འདུག། ཐུགས་ཆེ་གནང་།

  24. གངས་ཕྲུག says:
    2011-11-14 at 3:04 pm

    བོད་ཀྱི་བུ་ནི་བོད་ཀྱི་བུ་རང་བཞག འགྲེལ་བཤད་ཁ་གསལ་དེ་འདྲ་གནང་བར་ཐུགས་རྗེ་ཆེ།

  25. ལྷག་པ། says:
    2011-11-15 at 10:05 am

    ཁྱེད་རྣམས་ཀྱིས་བོད་ཀྱི་བརྡ་དག་གི་བགྲོ་གླེང་གནང་བར་རྗེས་སུ་ཡི་རངས། བོད་ཀྱི་བུ་ནས་དག་བཅོས་གནང་བར་མངོན་པར་བསྟོད་དོ།།

  26. རྔ་བ་གཉན་རྒོད says:
    2011-11-15 at 2:34 pm

    དྲ་གྲོགས་ལྷ་ཀླུ་ལགས་ལ་རྟེན་འབྲེལ་ཞུ་་་་ང་ལ་ཡང་དེབ་ཅིག་དགོད་ལགས་་་་་་་

  27. དགེ་བསྙེན་ཀརྡོ་ says:
    2011-11-15 at 3:46 pm

    ཁོར་ཡུག དང་ འཁོར་ཡུག་ གཉིས་ཀ་ དག་ཀྱང་ ཁོར་ཡུག་ འདི་ ནོར་ས་ ཉུང་བས་ བཟང་ང་འདུག

  28. བོད། ལྷ་ཀླུ་གཉན་གསུམ། says:
    2011-11-15 at 6:37 pm

    དེབ་དྲ་ཐོག་ནས་མངགས་ཉོ་བྱེད་མཁན་ཡོད་ན། ཁ་བྱང་འདི་ལ་འབྲེལ་བ་གནོང་། ད་ལྟ་དེབ་དཔར་ཁང་དུ་ཡོད། དཔར་ཁང་ནས་ཟླ་ངོ་གཅིག་འགོར་རབས་བཤད་ཀྱི་འདུག souloflove538@gmail.com

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme