Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།

Posted on 2008-12-032008-12-03 By དགེ་རབ་ 1 Comment on སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།

སྟག་སྨྱོན།

————–
དེ་རིང་སྐྱོ་སྣང་དྲག་པོ་ཞིག་གིས་སེམས་བུའི་མགོ་ལ་བསྣུན་བཞིན་འདུག།
རྨ་ཁ་ཤོར་འདྲའི་མིག་ཆུའི་ཤ་འོད་མཁུར་མཚོས་ངོས་སུ་ཤུགས་ཀྱིས་འབབ།།
རྩིབ་མ་དཀར་པོའི་མཐའ་ནས་བསྐོར་བའི་ཡ་ཁོག་རུས་པའི་སླ་ངའི་ནང།།
དམར་པོ་ཁྲག་གི་ནང་དུ་བཙོས་པའི་གློ་སྙིང་གཉིས་ཀ་ལྷོག་ལྷོག་ཁོལ།།

བཟོད་སྲན་བྲལ་བའི་ན་ཟུག་ཅིག་གིས་དབང་རྩའི་འདབ་མ་སྦྲིད་ནས་འདུག།
ཀླད་ཞོའི་སྤྲིན་ནག་འཁྲུགས་པའི་གསེབ་ཏུ་སྐྱོ་གདུང་དྲག་པོའི་གློག་འོད་འཁྱུག།
སྙིང་གི་དབུས་ཀྱི་བཟོད་པའི་སྒོམ་ཆེན་དེ་རིང་གང་དུ་བྲོས་པ་འདྲ།།
བཀྲ་ཤིས་རྟགས་བརྒྱད་རི་མོ་མཛེས་པའི་སྲོག་གི་ཕོར་ཆུང་བརྡབ་ལ་ཁད།།

ཨ་ཁ་བདག་གི་བློ་གཏད་བཅོལ་སའི་གྲོགས་པོ་དེ་རིང་འགྱུར་བ་འདྲ།།
སྒེའུ་ཁུང་མདུན་གྱི་རི་བོ་ཁོ་ཡང་དེ་རིང་མགོ་བོ་སྐྱོག་ནས་འདུག།
ཉེ་བའི་འགྲམ་གྱི་གཙང་བོ་དེ་ཡང་དེ་རིང་ང་ལ་འཇབ་ནས་འགྲོ།།
ཡོད་ཚད་འདི་ལྟར་གློ་བུར་ཉིད་དུ་གཞན་ལ་འགྱུར་བས་ཞེད་སྣང་ཆེ།།

ཇོ་བོའི་མདུན་དུ་པུས་མོ་བཙུགས་ཏེ་མནའ་བཅད་བཟོས་པ་མིན་ན་ཡང་།།
མི་རིགས་གཅིག་གི་ཟུངས་ཁྲག་དྲོན་མོ་བགོ་བཤའ་བརྒྱབ་ནས་མཉམ་དུ་སྤྱོད།།
ཕ་ཡུལ་གཅིག་པའི་དུང་སེམས་ཟབ་མོས་སེམས་གཉིས་ལྷད་མེད་དམ་དུ་བཅིངས།།
སྲོག་དང་མི་ཚེ་བཅོལ་རེས་བྱས་ནས་ས་མཐའ་ཞིག་ཏུ་ཉི་མ་བསྐྱལ།།

ལོས་བདེན་ཤཀྱ་མུ་ནེས་གསུངས་པ་ཐམས་ཅད་མི་རྟག་འགྱུར་བའི་ཆོས།།
བློ་གཏད་བྲལ་བ་འཁོར་བའི་ཆོས་ཉིད་སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།
མི་བདེ་འཇིག་རྟེན་འཁོར་བའི་སྡུག་བསྔལ་ན་ཟུག་གཅིག་གིས་དྲན་གསོ་བསླངས།།
མཚོ་ན་མེ་ཡིས་བཅོམ་པ་ལྟ་བུའི་རྨས་མའི་སེམས་འདི་ཇི་ལྟར་གསོ།།

དངས་གཙང་ནམ་མཁའི་དབྱིངས་སུ་བཞུགས་པའི་ལྷ་ཡི་བུ་མོ་ལུས་ཕྲ་ཚོ།།
དོ་ནུབ་གཙང་བཙོག་སྣང་བ་དོར་ནས་བདག་གི་ཁང་ཆུང་ནང་ལ་ཤོག།
སྤོས་དང་མེ་ཏོག་སྣ་ཚོགས་བསྲེས་པའི་མཆོད་པ་བཤམ་རྒྱུ་མེད་ན་ཡང་།།
ཆང་དང་སྦུ་རག་གང་འདོད་ཕུལ་ཆོག་མཚན་གཅིག་ང་ལ་འདུག་རོགས་བྱོས།།

དེ་རིང་བདག་གིས་མི་རྟག་མཐོང་སྟེ་ད་དུང་སེམས་ལ་ཞེད་སྣང་འདུག།
མ་ཟད་འཇིགས་རུང་སླུ་བྲིད་ཡོང་ནས་བདག་གི་དམར་ཆུང་སྙིང་ལ་སྙབས།།
བརྩེ་སེམས་ཆེ་བའི་ལྷ་མོའི་ཁོར་ཚོགས་སྐུ་མཁྱེན་དེ་རིང་འདི་ལ་ཤོག།
འཇིགས་དངངས་ཆེན་པོས་སྨྱོ་ལ་ཁད་ཀྱི་འབྲོག་བུ་ང་ལ་འདུག་རོགས་མཁོ།།

དཔའ་རྩལ་ཆེ་བའི་ཕ་རྒན་རྒོད་པོས་ཁོ་བོ་བཞག་ནས་ཞིང་དུ་གཤེགས།།
བྱམས་སེམས་དྲོ་བའི་མ་མ་རྒན་མོ་མ་ནི་འདོན་བཞིན་བོད་ན་ཡོད།།
ཆུ་རྡོ་གྲང་མོ་སེམས་ལ་རུམ་བཞིན་ས་མཐར་ལུས་པའི་འབྲོག་ཕྲུག་ང།།
དོ་ནུབ་འདི་རུ་གཅིག་བུར་ལྷག་པས་ཞག་གཅིག་བདག་ལ་ཉལ་རོགས་གནང།།

སྙན་ངག

Post navigation

Previous Post: ཁ་བརྡ་དྲ་དེབ་ལ་བཅོས་སྒྲིག་ཟིན།
Next Post: བལྟས་བལྟས་རིག་རིག་ཏུ།

Comment (1) on “སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།”

  1. སྟག་སྨྱོན། says:
    2008-12-03 at 6:20 pm

    མདང་ནུབ་དུས་བབ་ནང་གི་རྩོམ་ཡིག་ཅིག་གི་མཆན་བུའི་ས་མིག་ནང་གོང་གི་རྩོམ་དེ་གཏག་ཚར་བ་དང་ཡར་འཇུག་ཁུལ་གྱིས་གཅིག་བསྣུན་པ་དང་། དྲ་སྒོ་སྔོན་མ་བརྒྱབ་ཟིན་ཡོད་འདུག་པས་དུས་ཚོད་བཏང་ནས་བྲིས་པ་དེ་ནག་མེད་སེ་བརླག་སོང་། དེ་ནས་བསྐྱར་དུ་མ་བྲིས་པར་གཡུག་ཤོག་འདོད་ཀྱང་དུས་ཚོད་བཏང་ཚར་བར་འཕང་ནས། ཕྱིར་དྲན་བྱེད་ཞོར་ལ་ཆ་འདྲ་བ་ཞིག་བྲིས་ནས་དུས་བབ་ཟིན་བྲིས་དང་ཁབ་བརྡའི་ནང་བཏང་བ་ཡིན། འདིའི་བརྗོད་དོན་ཟུར་གཅིག་ནི་ནང་ཁུལ་གྱི་མིས་ཕན་ཚུན་ལ་བདེ་སྡུག་གི་ཚོར་བ་ཚད་རིམ་ག་ཚོད་སྤྲོད་སྲིད་པ་འགྲེམས་སྟོན་བྱས་པ་དང་་་་་་་་་་་་་་་་་་་་་་་་་་་་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme