Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སླར་ཡང་མདའ་སྨྱུག་སྐོར་གོ་ཐོས།

Posted on 2012-11-272012-11-27 By ཁ་བརྡ་ 22 Comments on སླར་ཡང་མདའ་སྨྱུག་སྐོར་གོ་ཐོས།
ས་འཛིན་དཀར་པོས།

དངོས་ནས་མི་ཡིས་བཤད་པའི་བདེན་ཀ་ཞིག་ཡོད་ན།།

ཀླད་རྙིང་མཁྲེགས་འཛིན་ཅན་པའི་གང་ཟག་འགའ་རེ་ཡིས།།

བཙན་པོའི་སྙིང་སྟོབས་ལྡན་པའི་རིག་པའི་དཔའ་བོ་ལགས།།

མི་འདོད་ལྔ་ལམ་དགེ་ཆོས་བཞིན་དུ་བཙན་གྱིས་རྫོངས།།

 

རེ་དོགས་འཕྲང་ལ་འཐུམ་པའི་ང་རྒྱལ་ཅན་གྱིས་འགའ།།

མི་རིགས་ཤིག་གི་བསམ་ཤེས་དོར་ནས་རང་ཤེད་འཛིན།།

དུས་རབས་གསར་པའི་རིག་པའི་རྟོགས་སད་མདའ་སྨྱུག་དེ།།

ཕྱོགས་ལྷུང་ཅན་པའི་བླུན་རྒན་འགའ་རེས་མུ་མེད་བཟོས།།

དམ་ཆོས་གཤིས་སུ་མ་རྟོགས་གུ་དོགས་ཅན་པའི་འགས།།

ལོག་རྟོགས་སྙིང་སྟོབས་སྙིང་ལ་ཟུག་ནས་ཁྲག་རླུང་རྒྱས།།

དཔྱོད་ཤེས་རིག་པའི་རྣལ་མ་མེད་པའི་ངན་བསྐུལ་གྱིས།།

གངས་རིའི་ན་གཞོན་རྟོག་སད་འཇིག་རྟེན་འདི་ནས་བསུབ།།

མཐོ་སྒང་མི་རིགས་ཤིག་གི་ཉམས་རྒུད་མ་འཛིན་པར།།

ལུང་ཆུང་ཞིག་ལ་ཕྱོགས་ལྷུང་འཛིན་པའི་བྱིས་ཀླད་ཅན།།

གདོང་དམར་ན་གཞོན་ཤེས་ཡོན་ཅན་པའི་མདའ་སྨྱུག་བ།།

གུ་དོགས་ཀླད་རྙིང་མཁྲེགས་འཛིན་པ་ཡིས་རྩ་མེད་བཟོས།།

གངས་རིའི་བྱམས་བརྩེའི་རང་གཤིས་ཡོངས་སུ་དེ་དོར་ནས།།

དུག་གསུམ་མ་རིག་ཕྲག་དོག་བཅིངས་པའི་འགའ་རེ་ཡིས།།

གངས་ལྗོངས་རིག་པའི་དཔའ་བོ་མདའ་སྨྱུག་སྙིང་སྟོབས་དེ།།

མ་བཟོད་ཕྱོགས་ལྷུང་བཅིངས་པས་རྟོག་སད་ལྔ་ལམ་རྫོངས།།

མདའ་སེང་ཞོགས་མེ་ལ་སོགས་ན་གཞོན་རྟོག་སད་རྣམས།།

དུས་རབས་གསར་པའི་གོམ་ཁར་སྙེག་པའི་ཤེས་ཡོན་ཅན།།

གངས་དཀར་མི་རིགས་ཤིག་གི་ཚོར་ཤེས་ལོས་ཤིག་ཡོད།།

མཐོ་སྒང་བོད་པའི་སྐྱོ་གདུང་བསམ་ན་མཐུན་སྒྲིལ་རན།།

མི་རིགས་ཤིག་གི་རྟོག་སད་བརླག་པར་གྱོང་གུད་རེད།།

དུས་རབས་གསར་པའི་ཤེས་ཡོན་མེད་པར་ཡང་སྡུག་རེད།།

གངས་རིའི་རིག་པའི་དཔའ་བོ་བསུབ་པར་སྐྱོ་གདུང་རེད།།

དགེ་ཆོས་མདའ་སྨྱུག་ལྔ་ལམ་བསྐྱལ་བར་ངོ་གནོང་རེད།།

སྙན་ངག

Post navigation

Previous Post: རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ། ༼ ༢ ༽
Next Post: སྟོན་ལྗོངས་ཀྱི་ཟིན་ཐོ་དང་པོ།

Comments (22) on “སླར་ཡང་མདའ་སྨྱུག་སྐོར་གོ་ཐོས།”

  1. དོམ་ཁྲ says:
    2012-11-27 at 2:48 am

    དྲྭ་གྲོགས་ས་འཛིན་དཀར་པོ་ལགས་གསལ་པོ་གསུང་དང་དེ་འདྲ་དངོས་གནས་ཡིན་ན། གལ་སྲིད་ཡིན་སོང་ན་དེ་ནི་ཞི་དྲག་ཕམ་པོ་རེད་ད།

  2. གནམ says:
    2012-11-27 at 2:53 am

    བཤད་འདོད་ཆེན་པོ་དེ། བརྗོད་འདོད་ཚིག་གི་སྦྱོར་བས་མ་འདང་བར། གོ་རྒྱུ་མེད་ནིའི་ཀློག་རྒྱུ་ཡོད་ནི་ཤིག་ལས། རོ་བྲོ་གཉིས་ལ་མྱང་བ་བྱེད་ཐུབ་མ་སོང་།

  3. རྔ་བ་བརྒྱད་གསུམ་གཅིག་དྲུག་ནས says:
    2012-11-27 at 4:25 am

    ཨ་དཀོན་མཆོག་མཁྱེན། ཨེ་བདེན་ན།

  4. བཙན་མེ་སྟག says:
    2012-11-27 at 5:06 am

    དྲ་གྲོགས་ལགས། ཐུགས་རྗེ་ཆེ། ད་དུང་ཁ་གསལ་དུ་བཏང་ནས་གསུང་ན་འགྲིག་གམ། ཐུགས་རྗེས་གཟིགས།

  5. མེ་ཏོག་དཀར་པོ། says:
    2012-11-27 at 5:23 am

    མདའ་སྨྱུག་སོགས་ཁ་ལག་ཟ་ཉེས་ཤོར་ནས་བྲོད་ཁོག་བཤལ་ནའང་ཅིག་ཅིག་གིས་བྱས་པ་རེད་ཟེར་རྒྱུ་ཡིན་ངེས་རེད། ལྟ་བཟོ་ཅངིན་འདུག

  6. རེབ་སྐྱིད་མཚོ says:
    2012-11-27 at 5:28 am

    སྙན་རྩོམ་མཛོ་ཡིས་ཞིང་ཁ་རྨོ་བ་ནང་བཞིན་དོན་དག་གསལ་ཁ་ཡོད་ཀྱང་གོ་བདེ་པོ་ཞེ་བྲག་
    མི་འདུག་ཡ

  7. རྩ་འགབ་ཚང་། says:
    2012-11-27 at 5:39 am

    བོད་ན་གཞོན་དཔྱོད་རྟོགས་པ་ཚ་མདའ་སྨྱུག་ལགས། ཀློག་རྙིང་མཁྲེགས་བཟུང་ཅན་འགས་འཇིག་རྟེན་དང་ཁ་བྲལ་བཅུགས་པ་རེད་ཟེར་གྱི་ཡོད་རེད་དམ། གཏམ་ངན་དེ་རང་གིས་དུས་ནམ་ཞིག་ལ་གོ བདེན་པ་རེད་དམ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-11-27 at 5:42 am

    དགེ་ཆོས་མདའ་སྨྱུག་ལྔ་ལམ་བསྐྱལ་བར་ངོ་གནོང་རེད།། ཟེར་ན་གང་རེད། དགེ་ཆོས་ལགས་ཀྱི་རྗེས་ལ་མདའ་སྨྱུག་ག་རེ་བྱས་པ་རེད། སུས་ལྔ་ལམ་དུ་བསྐྱལ་བ་རེད་དམ། ལགས། གསལ་ཙམ་གསུངས་རོགས་གནང། ང་ཡང་ཤེས་འདོད་ཡོད་ལགས།

  9. ནག་ཐར་སྐྱིད། says:
    2012-11-27 at 7:31 am

    ཆོ་མེད་རང་རེད། གསར་འགྱུར་ཡིན་ན་གསར་འགྱུར་རང་བྱས་ནས་གཏོང་རོགས། དེ་མིན་ཉ་ཉོག་གང་ལབ་ན་རྒྱུ་མཚན་ཞིག་འདུག་གམ།

  10. ཨ་རིག་དགེ་མཐོང་གིས། says:
    2012-11-27 at 7:55 am

    རྩོམ་ཡིག་འདི་ནི་ཁ་གསལ་མེད་པའི་སྙོག་འཛིང་ཅན་ཞིག་རེད། སྤྱི་ལ་ཕན་པའི་ཕྱིར་ཏུ་ཁ་གསལ་བོ་བཟོས་ན་ག་རེ་གནོད་ཀི་རེད། མིན་ན་དེང་སང་བོད་ནང་གི་རྩོམ་འབྲི་མཁན་རེ་ཟུང་ལ་བཙན་བྱོལ་གྱིས་འགའ་རེས་ཆབ་སྲིད་ཀྱི་གནད་དོན་འོག་བཙོན་བཅུགས་བྱས་སོང་རབས་ཟེར་མོད། རྗེས་སུ་སྐྱག་རྫུན་ཡིན་པ་འགའ་རེ་ཡོད་པ་ལྟར་ཉིད་ཀྱིས་མདའ་སྨྱུག་གི་འོད་ལམ་དེ་མོག་མོག་ཅིག་བཟོ་བསམ་པ་ཡིན་ནམ།

  11. བོད་ལ་ཞེན། says:
    2012-11-27 at 8:10 am

    མདའ་སྨྱུག་དང་དགེ་ཆོས་འདྲ་ས་གང་དུ་ཡོད། དགེ་ཆོས་ནི་རང་གི་རིག་གཞུང་གཅེས་ནོར་དུ་བཟུང་ནས་དར་སྤེལ་གཏོང་མཁན་ཞིག་ཡིན་ལ། མདའ་སྨྱུག་ནི་རང་གི་རིག་གཞུང་དགྲ་རུ་འཛིན་མཁན་ཞིག་རེད། དགེ་ཆོས་ནི་སངས་རྒྱས་བསྟན་པ་ལ་དད་པ་ཕྱིར་མི་ལྡོག་པ་ཞིག་ཡོད་ལ། མདའ་སྨྱུག་ནི་སངས་རྒྱས་བསྟན་པ་མདོ་སྔགས་གཉིས་ཀ་ལ་དད་ལོག་ཞིག་རེད། དགེ་ཆོས་ནི་རང་མི་རིགས་ཀྱི་ཆེད་དུ་རྩོམ་འབྲི་མཁན་ཞིག་ཡིན་ལ། མདའ་སྨྱུག་ནི་དེང་སང་བོད་ཀྱི་གནས་སྟངས་རྫ་དྲག་ཅན་དེ་འདྲ་ལ་ཚིག་གཅིག་འབྲི་མོ་ཕོད་མཁན་ཞིག་རེད། ད་དུང་དགེ་ཆོས་ནི་་་་་་་་་་་་་་་་་་་་་་་་ མདའ་སྨྱུག་ནི་་་་་་་་་་་་་་

  12. ཨ་ར་དཀར་པོ says:
    2012-11-27 at 8:25 am

    ཕམ་ཁ་རི་བོ་ཙམ་ཞིག་རྒྱབ་ལ་ཁུར།།
    ཞེན་ཆགས་རྒྱ་མཚོ་ཙམ་ཞིག་ཁོག་ཏུ་བླུགས།།
    མི་ཁ་རྫ་མ་ཙམ་ཞིག་མགོ་ལ་གྱོན།།
    འདི་ནི་ཁོ་བོ་ཕྱི་མར་འགྲིམ་པའི་ཚུལ།།

    འཁོར་བའི་ཆོས་ལ་སྐྱོ་བ་མ་སྐྱེས་ཤིང་།།
    མི་ཡི་འཚོ་བར་ཞེན་པ་མ་ལོག་མོད།།
    ཁོར་ཡུག་རྭ་ཅོ་འདྲ་བའི་འཇིག་རྟེན་འདིས།།
    ཁོ་བོ་གསོན་པའི་རེ་ཐག་བཅད་དེ་ཐལ།།
    ཚ་བ་མདའ་སྨྱུག་གིས། ཞེས་ཉེ་ཆར་ཁ་ཆེམས་ལྟ་བུ་འདི་འདྲ་ཞིག་མཐོང་བྱུང་བས་བློ་ཅུང་མ་བདེ་བ་བྱུང་། ཚིག་ལ་ཆད་ལྷག་དང་ནོར་འཁྲུལ་སོགས་ཤོར་ཡོད་མེད་ཏན་ཏན་མེད།

  13. ལུང་རྟོགས། says:
    2012-11-27 at 8:35 am

    ནང་སྐྲུག་མཁན་ཚོའི་གཏམ་ལ་ཉན་རྒྱུ་མེད། ཁོང་ཚོས་ཡང་ནང་ཁུལ་སྐྲུག་བསམ་པ་རེད།

  14. བོད་ལ་ཞེན། says:
    2012-11-27 at 9:20 am

    གསོན་པའི་རེ་ཐག་ཆད་ཡོད་ན་ཕེབས་རོགས་གྱིས། མི་ཆོས་ཡོད་དགེ་ཡོད་རྣམས་ནི་ནུབ་ཕྱོགས་ན་སྐྱིད་པའི་ཡུལ་ཞིག་འགྲོ་ས་ཡོད་མོད། མདའ་སྨྱུག་ཁྱོད་ནི་ལྷ་མེད་འདྲེ་མེད། ཆོས་མེད་དགེ་མེད་ཞིག་ཡིན་པས་དེ་ལ་སླེབས་ཚོད་མ་རེད། འོན་ཀྱང་ཁྱོད་སེམས་མ་ཕམ་དང་ད་དུང་ཁྱོད་འགྲོ་སའི་རྒྱལ་ཁབ་གསུམ་ཡོད་ཚོད་རེད། གཅིག་ནི་རྐང་ལག་བཞི་ཀས་འགྲོ་ཐུབ་པའི་འཇིག་རྟེན་ཞིག་དང་། ཡང་ཅིག་ནི་གྲོད་པ་ཆེ་ཙམ་ཡོད་པའི་ལུང་པ་ཞིག གཞན་དེ་ནི་སྐད་གྲགས་ཤིན་ཏུ་ཆེ་བའི་ལུང་པ། མེ་ཡང་ཟས་སུ་བྱེད་ནུས་མཁན་ཞིག་ཡོད་པས་དེ་དག་ལ་ཁྱེང་སྐྱིད་པ་ཡོང་ཚོད་ཡིན།

  15. པདྨ says:
    2012-11-27 at 9:21 am

    རྩོམ་འཆལ་གོ་རྒྱུ་གང་ཡང་མེད་འདི་འདྲ་དྲ་ཐོག་བཞག་པ་ངོ་ཡང་མི་ཚའམ། ཟུར་ཟས་ཚ་བ་མདའ་སྨྱུག་བསད་སོང་ཟེར་བ་ཡིན་ན་དཀྲོགས་གཏམས་དངོས་རེད། ཁོས་རིག་གཞུང་དགྲ་རུ་བལྟས། ལས་ངན་དེ་ཙམ་བསགས། ཁ་སྔོན་ཞིག་ལ་ཀིརྟི་མཐའ་ནས་གསོན་པོས་ཁ་ནས་ཁྲག་སྐྱུག་ཤི་འདུག་ཟེར། མ་གོ་འམ། ས་ཕོ་ཟེར་བ་འདིས་མཁས་དབང་དགེ་འདུན་ཆོས་འཕེལ་ཞེས་པ་ཅི་འདྲ་ཡིན་ཤེས་མི་འདུག

  16. བོད་ལ་ཞེན། says:
    2012-11-27 at 9:22 am

    ང་ཚོ་བོད་མི་མང་པོ་ཞིག་ནི་རྒྱ་ཡིས་སྐྱིད་མ་སྟེར་ནས་ཕེབས་སོང་། ཁྱོད་ནི་ཁོང་རྣམས་པ་དང་མི་འདྲ་བ་སྤུན་ཟླ་ཚོས་བདེ་མ་སྟེར་བ་ཞིག་ཡིན་ཚོད་རེད་འདུག ཁྱོད་ཕེབས་སྟངས་གང་འདྲ་ཡིན།

  17. མྱི་དཀར་ says:
    2012-11-27 at 9:53 am

    ཚ་བ་མདའ་སྨྱུག་ལགས་འཇིག་རྟེན་འདི་ནས་ཕྱི་མའི་ཡུལ་དུ་དངོས་གནས་ཕེབས་ཚར་བ་ཡིན་ནམ་སྐད་ཆ་དེ་ཁ་གསལ་དུ་གཏོང་རོགས་གནང་།

  18. འཇམ་གཅེས says:
    2012-11-27 at 11:33 am

    དེང་སོང་དྲ་ནང་དུ་རྩོམ་ཡིག་རེ་རེའི་དཔྱད་བརྗོད་པ་དྲ་འབུ་རེ་རེ་ངེས་པར་དུ་དགོས་པ་སྣང་་་་་་་་་་་་

  19. བདུད་འདུལ། says:
    2012-11-27 at 12:31 pm

    མདའ་སྨྱུག་དང་ནི་མོའི་ཙེ་ཏུང་་སོགས་སངས་རྒྱས་བསྟན་པའི་དགྲ་བོ་དག །
    སྙིང་ཁྲག་དྲོན་མོ་རླང་པ་ཐོལ་ལེ་ཆོས་སྐྱོང་་མ་གཟའ་དམ་གསུམ་གྱིས། །
    ད་ལྟ་ཉིད་དུ་བཞེངས་ཤིང་རོལ་ལ་རྣམ་ཤེས་དག་པའི་དྲོངས། །
    ལས་ངན་འདི་དག་རྗེས་ཤུལ་མེད་པར་གངས་ཅན་ལྗོངས་ནས་མཐར་སྤྲོད་མཛོད། །

  20. ཁ་བརྡ་རྩོམ་སྒྲིག་པ། says:
    2012-11-27 at 1:17 pm

    དཔྱོད་ལྡན་དྲ་གྲོགས་རྣམ་པར་ཞུ་སྐུལ།
    སྐབས་དོན་བརྗོད་གཞི་དང་འབྲེལ་ཡོད་ཐོག་ནས་མཆན་བུ་སྤེལ་རོགས་ཞུ། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ།

  21. ལྷོ་ཕྱོགས་རྒྱ་མཚོ། says:
    2012-11-28 at 6:56 am

    དགོངས་དག་མཆན་བཀོད་ཐུབ་ན་བསམ་ཚོད་ལྟ་བྱས་པ་ཡིན། རྩོམ་སྒྲིག་པ་ལགས་ངའི་མཆན་དེ་དག་མཆན་གནང་རོགས་ཞུ།

  22. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-11-28 at 9:53 am

    བོད་ཀྱི་རྩོམ་པ་པོ་འདི་འདྲའི་རིགས་ལ་བར་ཆད་ཧ་ཅང་ཆེན་པོ་འགུ་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme