Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སླར་ཡང་དམངས་གཙོ་བཅོས་བསྒྱུར་བྱ་རན།

Posted on 2021-01-31 By ཁ་བརྡ 1 Comment on སླར་ཡང་དམངས་གཙོ་བཅོས་བསྒྱུར་བྱ་རན།

གྲུ་ཟུར་གྱི་ཨ་མཆོད།
 
ལོ་མང་ཞིག་གི་སྔོན་ལ་དུས་བབ་ཐོག་མགོ་བརྗོད་འདི་འདྲ་བ་ཞིག་གི་འོག་ལ་རྩོམ་ཡིག་ཅིག་སྤེལ་ཡོད། དེའི་ནང་དོན་ནི་རང་རེ་བཙན་བྱོལ་དུ་“འཐུས་ཚབ་བྱ་སའི་ས་ཁུལ”་ཞེས་པ་སྟེ་ཚིག་སྡུད་ན་“འཐུས་ཁུལ”་ཞེས་པ་ཞིག་གི་ལམ་ལུགས་ཤིག་ལག་སྟར་དགོས་པའི་བསམ་ཚུལ་བཏོན་ཡོད། (https://tibettimes.net/2010/10/27/101542/ ད་ལྟ་བཙལ་བ་ན་དེའི་དྲ་སྣེ་འདི་རེད་འདུག) འདི་ལ་བརྟེན་ནས་དེ་རིང་གི་རྩོམ་འདིའི་མིང་ལ་དེ་ལྟར་བཏགས།

དེ་རིང་གི་བསམ་ཚུལ་ནི་འཛམ་གླིང་གི་མང་གཙོའི་ཡུལ་ཁག་གཞན་ལ་ཡོད་པ་བཞིན་ང་ཚོས་ཀྱང་གྲོས་ཚོགས་གོང་འོག་གི་ལམ་ལུགས་བཟོ་དགོས་པའི་བསམ་ཚུལ་ཡིན། དེ་ཡང་རང་རེའི་འོས་བསྡུ་ཆེན་མོ་སྔ་ཕྱི་དག་ལ་ཞིོབ་བལྟ་བྱས་པའི་རྒྱུད་རིམ་ནང་བདག་གིས་མཐོང་བ་ནི་རང་རེའི་ལམ་ལུགས་འདི་ཡང་དག་པ་ཞིག་ཡིན་ན་ཡང་ད་དུང་ཇེ་ལེགས་དང་ཇེ་མཛེས་སུ་གཏོང་སའི་ལམ་དང་གཏོང་པའི་དགོས་པ་གཉིས་ཀ་ཡོད་པ་དེ་རེད། ངག་ཐོག་དང་ལམ་ལུགས་གཉིས་ཐོག་ནས་ཆོལ་ཁའི་ཞེན་ཁོག་ཅེས་པ་བྱེད་མི་ཉན་པར་ཡོངས་སུ་སྒྲོག་ཀྱང་ལག་ལེན་གྱི་ཐོག་ནས་སྤྱི་འཐུས་འདི་དག་ཆོལ་ཁ་ནས་ཡོང་དགོས་པས་ཁ་བཤད་དང་ལག་ལེན་ནང་འགལ་དུ་གྱུར་ཡོད། དེ་ལ་བརྟེན་ནས་གྲོས་ཚོགས་ཀྱི་ནང་དུ་ཆོལ་ཁའི་ཞེན་ཁོག་ཅེས་པ་འདི་ཆེ་ཙམ་ཞིག་ཏུ་སྣང་གི་ཡོད།

འོན་ཀྱང་ལམ་ལུགས་འདི་ལ་དམིགས་བསལ་དང་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་གལ་གནད་ཅིག་ཡོད་པ་ནི་ལམ་ལུགས་འདིས་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། རང་བཙན་གྱི་དན་རྟགས། གཞེས་བྱེས་ཀྱི་འབྲེལ་ཐག་སོགས་གལ་གནད་ཧ་ཅང་ཧ་ཅང་ཆེ་བའི་དོན་དག་ཆེས་མང་བ་ཡོངས་རྫོགས་མཚོན་གྱི་ཡོད་པ་དེ་རེད། དེའི་ཕྱིར་འདི་བརྒྱུད་ནས་ཞན་ཆ་རེ་ཟུང་འབྱུང་གི་ཡོད་ན་དེ་དག་བསལ་བའི་འབད་བརྩོན་བྱ་དགོས་པ་ལས་འདི་ཉིད་ཕྱིར་བསྡུ་བྱ་བའམ་ལེགས་བཅོས་གཞན་བྱེད་པ་ནི་བསམ་བློར་ཡང་འཁོར་མི་ཕོད་པ་ཞིག་རེད།

དེས་ན་གོང་ཞུས་ཞན་ཆ་དེ་སེལ་བའི་ཐབས་ལམ་ཞིག་ཡོད་པ་ནི་རང་རེའི་བཙན་བྱོལ་མང་གཙོའི་ལམ་ལུགས་ཀྱི་ནང་དུ་གཤམ་དུ་བཤད་པ་ལྟར་གྱི་གྲོས་ཚོགས་གོང་འོག་གི་ལམ་ལུགས་ཤིག་ལག་ལེན་སྟར་དགོས་པ་དེར་མཐོང་། དེ་ལག་ལེན་སྟར་ན་ཆོལ་ཁའི་ཞེན་ཁོག་ལས་བྱུང་བའི་ངན་འབྲས་མང་དག་ཅིག་རང་བཞིན་གྱིས་འགག་འགྲོ་ངེས།

གྲོས་ཚོགས་གོང་མ།

ཁོ་བོའི་རྩོམ་ཡིག་སྔོན་མའི་ནང་དུ་བྲིས་པ་བཞིན་ལམ་ལུགས་འདིའི་ནང་དུ་“འཐུས་ཁུལ”་ལམ་ལུགས་ལག་ལེན་སྟར་འཐུས་ཤིང་། དེ་ནི་གཞེས་བྱེས་ཀྱི་འབྲེལ་ཐག་ཇེ་ཉེར་འགྲོ་བའི་ཐབས་ལམ་ཧ་ཅང་གནད་ཅན་ཞིག་ཏུ་མཐོང་གི་ཡོད། དེ་ནི་ད་ཡོད་ཀྱི་ཆོལ་ཁ་རེ་རེར་སྤྱི་འཐུས་བཅུ་རེ་ཡོད་པ་དེ་ཆོལ་ཁ་སོ་སོའི་ས་ཁུལ་ཁག་བགོས་ཀྱིས་འོས་ཤོག་འཕེན་དགོས་ཤིང་། དེ་ཡང་གང་ཐུབ་ཐུབ་ཀྱི་བོད་ནང་གི་མི་མང་གི་འོས་ཀྱང་ཡོང་ཐབས་བྱ་རིགས། འདི་ནི་ད་ལྟའི་ཆོལ་ཁའི་སྤྱི་འཐུས་གྲུབ་སྟངས་དང་གཅིག་པ་ཡིན་ཞིང་། འདི་ལྟར་བདམས་པའི་གྲོས་ཚོགས་ལ་གྲོས་ཚོགས་གོང་མ་ཞེས་འབོད་རིགས། གྲོས་ཚོགས་ཁོངས་མི་འདི་དག་གིས་རང་རང་གི་འཐུས་ཁུལ་བྱེ་བྲག་ལ་དམིགས་བསལ་གྱིས་དོ་སྣང་དང་། དེ་ཁུལ་གྱི་བདེ་སྡུག་ལ་གླེང་དགོས། ལམ་ལུགས་འདི་ནས་ད་ལྟ་བཞིན་ཆོལ་ཁའི་ཞེན་ཁོག་ཅུང་ཟད་སྤར་སྲིད་ན་ཡང་འདི་ནི་གྲོས་ཚོགས་གོང་འོག་གཉིས་ཡོད་པའི་གཅིག་ཙམ་ཡིན་པས་ད་ལྟའི་སྐབས་བཞིན་ཐལ་ཆེ་དྲགས་ན་སྤྱི་ཚོགས་འཐོར་སྲིད་པའི་ཤུགས་རྐྱེན་ཆེ་བ་མི་འབྱུང་སྙམ།

ལྷག་པར་དུ་གྲོས་ཚོགས་འདིར་“འཐུས་ཁུལ”་སོ་སོའི་འཐུས་ཚབ་དེ་ས་ཁུལ་དེ་ནས་སྐྱེས་པ་ཞིག་ཡིན་དགོས་པའི་ངེས་པ་མེད་སྟབས་ད་ལྟའི་སྐབས་བཞིན་ཆོལ་ཁའི་ཞེན་ཁོག་ལ་མགྲམ་ལྕགས་ཤིག་ཐེབས་ངེས་ཡིན། གྲོས་ཚོགས་གོང་མ་འདིའི་གཞི་རྩའི་སྒྲོམ་གཞི་ནི་རྒྱ་གར་སོགས་ཀྱི་གྲོས་ཚོགས་གོང་མ་དེ་དག་ཡིན་པས་གཙོ་བོ་ཁྲིམས་ལུགས་བཟོ་སྐབས་གནད་འགག་ཡོད་པ་མ་གཏོགས་ཉིན་རེའི་བྱ་བཞག་ནང་དུ་དེ་ཙམ་དོ་ཁུལ་མེད་སྟབས་ཆོལ་ཞེན་གྱི་ནུས་པ་ཉམས་དམས་སུ་འགྲོ་བར་སྨན། མདོར་ན་ད་ལྟའི་རང་རེའི་གྲོས་ཚོགས་འདི་ཧྲིལ་གྱིས་གྲོས་ཚོགས་གོང་མར་འགྱུར།

གྲོས་ཚོགས་འོག་མ།

བཙན་བྱོལ་གྱི་སྤྱི་ཚོགས་ཀྱི་ནང་དུ་ང་ཚོའི་སྤྱི་འཐུས་འདི་དང་འདིས་ང་ཚོའི་ཆོལ་ཁ་ལ་ཕན་ཐོགས་གང་བྱུང་ངམ་ཞེས་དྲི་བ་འདྲི་མཁན་འབྱུང་གི་ཡོད་པའི་དྲི་བ་དེ་སྤྱི་སེམས་ཅན་གྱི་དྲི་བ་ཡིན་མིན་རྩོད་པའི་བརྗོད་གཞི་ཡིན་ན་ཡང་དྲི་བ་དེ་མུ་མཐུད་ནས་ཡོང་སྲིད་པ་རེད། དེས་ན་ཆོལ་ཞེན་དང་འབྲེལ་བའི་དྲི་བ་འདི་རིགས་མི་ཡོང་བ་དང་། ལྷག་པར་དུ་གྲོས་ཚོགས་ནང་དུ་ཆོལ་ཁའི་ཞེན་ཁོག་ངན་པ་མི་འོང་བའི་ཆེད་དུ་བཙན་བྱོལ་གྱི་ས་གནས་ཁག་“འཐུས་ཁུལ”་མི་འདྲ་བ་ལ་ཁག་བགོས་ཀྱིས་སྤྱི་འཐུས་འདེམས་པའི་ལམ་ལུགས་བཟོ་དགོས། དེ་ལྟར་བྱས་ན་བཙན་བྱོལ་གྱི་བདེ་སྡུག་ལ་བལྟ་སྐྱོང་བྱ་སྟབས་བདེ་རུ་འགྲོ་ཞིང་། འོས་མི་དག་ཀྱང་མང་ཚོགས་ལ་ཆ་རྒྱུས་ཡོད་པ་འབྱུང་བས་འཐུས་མི་ཚད་ལྡན་ཞིག་ཆགས། དེ་ལ་བརྟེན་ནས་སྲིད་སྐྱོང་ལྟ་བུའི་འོས་མི་འཚོལ་བར་ཡང་དཀའ་ངལ་ཆུང་དུ་འགྱུར་།

གྲོས་ཚོགས་འདིས་བཙན་བྱོལ་མི་མང་གི་བདེ་དོན་མང་ཙམ་གཉེར་ཐུབ་ཅིང་། ཡོང་ཁུངས་གཞིས་ཆགས་དང་བོད་མི་འདུས་ཁུལ་སོ་སོ་ཡིན་པས་ཆོལ་ཁའི་བྱ་སྒོ་གང་ཡང་མེད་སྟབས་ཆོལ་ཁའི་ཞེན་ཁོག་ལ་མགྲམ་ལྕགས་གོང་མ་ལས་ཚ་བ་ཞིག་འདི་ན་ཡོད། གྲོས་ཚོགས་འདིའི་སྒྲོམ་གཞི་ནི་རྒྱ་གར་སོགས་ཀྱི་གྲོས་ཚོགས་འོག་མ་འདི་དག་ཡིན་སྟབས་་སྲིད་སྐྱོང་དང་བཀའ་ཤག་གི་ཉིན་རེས་ལས་དོན་མང་ཆེ་བ་གྲོས་ཚོགས་འདི་ལ་འགན་ཁུར་དགོས། འདིའི་ནང་དུ་ལས་དོན་རྣམས་ས་གནས་རང་ལ་ཁ་ཡོད་ལག་ཡོད་ཀྱི་སྨིན་དུ་ཡོད་པ་ཞིག་དང་ལས་དོན་གལ་ཆེན་དག་ཆོལ་ཞེན་གྱིས་རླུང་བུས་མི་འཁྱེར་བ་ཞིག་འབྱུང་བའི་དགེ་མཚན་ཆེའོ་ཟ། མདོར་ན་ད་ལྟའི་འཛིན་སྐྱོང་ལ་བཏང་འཛིན་བྱེད་མཁན་གྱི་གྲོས་ཚོགས་དེ་བཙན་བྱོལ་གྱི་ས་ཁུལ་སོ་སོ་ནས་བདམས་པའི་འཐུས་མིའི་གྲོས་ཚོགས་ཤིག་ཡིན་དགོས།

མཐའ་དོན།

སྤྱིར་རང་རེའི་སྤྱི་འཐུས་ནི་རྒྱལ་ཁབ་གཞན་གྱི་འཐུས་མི་དག་དང་བསམ་བློ་འཁྱེར་ཕྱོགས་མི་འདྲ་ཞིག་དགོས། རང་རེའི་འཐུས་མི་དག་“ཆོལ་ཁ་ནས་སྤྱི་འཐུས”་ཡིན་པ་ལས་“ཆོལ་ཁ་ཡི་སྤྱི་འཐུས”་མིན་སྙམ་པའི་འདུ་ཤེས་ཡོད་དགོས། དེ་ནི་ཆོལ་ཁའི་བདེ་དོན་རྩོད་མཁན་དུ་ཡོང་བ་ཡིན་དང་ཆོལ་ཁ་ནས་བོད་དོན་རྩོད་མཁན་དུ་བཏང་བ་གང་ཡིན་གྱི་ཁྱད་པར་དེ་རེད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་ཡིན་ན་འདིའི་ས་འཚམས་ལ་གསལ་ཁ་དེ་ཙམ་མེད་ན་ཆོག་ཀྱང་རང་རེས་ངེས་པར་དུ་ཁ་གསལ་དགོས།

གྲོས་ཚོགས་གོང་འོག་གི་ལམ་ལུགས་གོང་ཞུས་དེ་ལག་སྟར་བྱས་ན་ནས་སྒྲ་ཅན་དང་འབྲེལ་སྒྲ་ཅན་གྱི་སྤྱི་འཐུས་གང་བྱུང་རུང་སྐྱོན་ཆ་ཆེ་བ་དེ་ཙམ་མི་འབྱུང་། གྲོས་ཚོགས་གོང་མའི་འཐུས་མི་དག་ནི་ནས་སྒྲ་ཅན་གྱི་སྤྱི་འཐུས་ཡིན་པར་སྒྲོག་པར་འབད་བརྩོན་ཆེར་མི་དགོས་ཤིང་། ནང་དོན་དུ་འབྲེལ་སྒྲ་ཅན་དུ་གྱུར་རུང་གྲོས་ཚོགས་གོང་མ་ཡིན་པས་འཛིན་སྐྱོང་གི་ལས་དོན་ལ་དེ་ཙམ་ཤུགས་རྐྱེན་ཐེབས་མི་ཐུབ། གྲོས་ཚོགས་འོག་མའི་འཐུས་མི་དག་ཀྱང་ནས་སྒྲ་ཅན་གྱི་སྤྱི་འཐུས་ཡིན་པར་སྒྲོག་ཆོག་ལ། ལག་ལེན་གྱི་ཐོག་ནས་འབྲེལ་སྒྲ་ཅན་གྱི་འཐུས་མི་རུ་ཆགས་རུང་འབྲེལ་སྒྲ་དེ་ཆོལ་ཁ་ལ་མིན་པར་བཙན་བྱོལ་གྱི་ས་ཁུལ་ཁག་ལ་སྦྱོར་རྒྱུ་ཡིན་པས་དེའི་ནང་དུ་ཆོལ་ཁའི་ཞེན་ཁོག་འབྱུང་བའི་ལམ་ཁ་མེད།

དེས་ན་གལ་སྲིད་ཆོལ་ཁའི་འཐུས་མིའི་ལམ་ལུགས་འདི་ལ་བརྟེན་ནས་ཆོལ་ཁའི་ཞེན་ཁོག་གིས་རང་རེའི་སྤྱི་ཚོགས་ལ་གནོད་པ་ཞིག་འབྱུང་གི་ཡོད་ཅིང་། ཆོལ་ཁའི་ལམ་ལུགས་གལ་ཆེན་འདི་གཏོར་ཡང་མི་དགོས་པར་དེའི་གནོད་པ་དེ་མི་འབྱུང་བའི་ལེགས་བཅོས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་ན་གོང་ཞུས་གྲོས་ཚོགས་གོང་འོག་གི་ལམ་ལུགས་འདི་ལག་ལེན་སྟར་དགོས་སོ།།

བསམ་ཚུལ།

Post navigation

Previous Post: བོད་ཀྱི་ལོ་གསར།
Next Post: འཁྲེང་སེམས།

Comments (1) on “སླར་ཡང་དམངས་གཙོ་བཅོས་བསྒྱུར་བྱ་རན།”

  1. གྲུ་ཟུར་གྱི་ཨ་མཆོད། says:
    2021-02-04 at 11:37 pm

    དེང་སྐབས་ཁ་བརྡ་ལ་མཆན་འབྲི་མཁན་ཇེ་ཉུང་དུ་སོང་བ་འདྲ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme