Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲོ་མ་ནག་པོའམ་སྨ་རོ་ཝ་སྣ་ཡི་དགེ་མཚན་དང་ཉེས་དམིགས།

Posted on 2014-01-032014-01-04 By འཚོ་བྱེད་བུ 15 Comments on སྲོ་མ་ནག་པོའམ་སྨ་རོ་ཝ་སྣ་ཡི་དགེ་མཚན་དང་ཉེས་དམིགས།

འཚོ་བྱེད་བུ།

འཛམ་གླིང་ཡུལ་གྲུ་མང་ཆེ་བར་སྲོ་མ་ནག་པོའམ་ཁན་ནུ་པི་སི་ cannabis འམ་སྨ་རོ་ཝ་སྣ་ marijhuana ཞེས་པའི་ཐ་རྩྭ་འདེབས་ལས་ཉོ་ཚོང་བྱ་རྒྱུ་ཁྲིམས་ཐོག་བཀག་སྡོམ་བྱས་དང་བྱེད་མུས་ཡིན་ནའང་། ཨ་རིའི་ཁོ་ལ་ར་ཌོ་མངའ་སྡེ་ཡིས་མངའ་སྡེ་དེར་སྤྱི་ལོ་༢༠༡༤ གསར་ཚེས་ནས་ཁྲིམས་མཐུན་ཐོག་ཡོངས་ཁྱབ་ཀྱིས་འདེབས་ལས་ཉོ་ཚོང་བྱེད་ཆོག་པའི་བཀའ་འཁྲོལ་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་པ་ལྟར། མི་རྣམས་ཆུ་ཚོད་༡༨ ནས་༢༠ ཡི་ལམ་ངལ་མ་འཛེམས་པར་ཐག་རིང་ནས་ཡོང་སྟེ་ལག་པར་ཐོབ་རེ་དང་བཅས་མཚན་མོ་ནས་ཚོང་ཁང་གི་སྒོ་ཁར་རུ་བསྟར་ནས་འཚང་ཁ་ཤིག་ཤིག་གིས་སྲོ་མ་ནག་པོ་ཉོ་བའི་ལས་ལ་བྲེལ་ཡོད། ཨ་རིར་ཁྲིམས་མཐུན་གྱི་སྨ་རོ་ཝ་སྣ་ཡི་ཚོང་ལས་ཡོང་འབབ་ནི་ལོ་རེར་ཨ་སྒོར་ཐེར་འབུམ་ ༡།༥༠ ཡིན་ལུགས་བཤད་ཀྱི་ཡོད།

cannabis-270x187

སྨ་རོ་ཝ་སྣ་ཞེས་པ་སི་པན་སྐད་ཡིན་ལ།  རྒྱ་ནག་སྐད་དུ་མ་ 麻 དང་རྒྱ་གར་སྐད་དུ་སྒན་ཅ་ ganja ཟེར་ཞིང་། ས་ཁུལ་དང་རིག་གཞུང་འདྲ་མིན་ལ་བརྟེན་ནས་མིང་ཡང་མང་པོ་ཞིག་ཡོད་པར། ཡོངས་གྲགས་སུ་ weed དང་།  hash  །  grass ། hemp ། mull །  gunga །  dope བཅས་འབོད་སྲོལ་ཡོད།  བོད་སྐད་དུ་སྲོ་མ་ནག་པོ་ཟེར་ཞིང་མིང་གཞན་དུ་སྲོ་མ་ར་ཙ་དང་།  སྣང་བ་སྒོ་འབྱེད།  དངོས་གྲུབ་རྩ་བ་ཡང་འབོད། འོན་ཀྱང་འདི་སོ་མ་ར་ཛ་དང་ནོར་མི་རུང་། བོད་སྐད་གསར་ལམ་དུ་འདི་ལ་སོ་མ་ར་རྫ་ཞེས་པའི་མིང་བཏགས་ཏེ་གསར་འགྱུར་བཟོ་བཞིན་འདུག་པར། ཕལ་ཆེར་སོ་མ་ར་ཛ་ལ་འཁྲུལ་ཏེ་མིང་འདི་ལྟར་བཏགས་པར་སྙམ།

imagesབོད་སྨན་གཞུང་དུ། སྲོ་མ་ནག་པོས་བཅུད་ལྡན་ལུས་སྟོབས་སྐྱེད་ཅེས་ལུས་སྟོབས་གསོ་བའི་སྔོ་ལྡུམ་རིགས་ཀྱི་རྩྭ་སྨན་ཞིག་ཡིན་པ་དང་དེའི་ལོ་མ་སྡོང་པོ་མེ་ཏོག་འབྲས་བུ་བཅས་སྨན་དུ་བཏུ་ཆོག དེ་ལྟར་བོད་ཀྱི་སྐྱེ་དངོས་སྨན་རྫས་ཀྱི་ཁོངས་སུ་བཀོད་ཡོད་ནའང་ཡོངས་གྲགས་ལག་ལེན་བྱེད་པའི་སྨན་གྱི་སྦྱོར་བ་དངོས་ཀྱི་རྒྱུ་ཆར་བེད་སྤྱོད་བྱེད་པ་ཧ་ཅང་ཉུང་། ཡིན་ནའང་བོད་ཀྱི་ས་ཁུལ་འགར་ལུས་སྟོབས་གསོ་བར་ཕན་སྙམ་ནས་འདིའི་འབྲས་བུ་བརྔོས་ཏེ་ཟ་སྲོལ་ཞིག་ཡོད་པ་དང་འདིའི་སྡོང་པོའམ་གཞུང་རྟ་བཀོལ་ནས་རས་ཆ་སྒྱེ་མོ་དང་ཐག་པ་བཟོ་བར་སྤྱོད་པ་ལས། ཡུལ་ལུང་གཞན་གྱི་མི་ལྟར་འདིའི་ལོ་མ་མེ་ཏོག་ཡལ་ག་རྣམས་ཐ་མག་བྱེད་པའམ་འབྲས་བུའི་སྣུམ་འཐུང་བ།  རླངས་པ་རྔུབ་པ།  ཡང་ན་བཟའ་ཆས་དང་བསྲེས་སྦྱོར་གྱིས་སེམས་འཁྲུལ་སྐྱིད་སྣང་དང་ལུས་ལྷོད་བག་ཡངས་། བཟི་སྦྲིད་ར་རོ་ཆགས་པའི་ཉལ་ཐ་དང་གཟེར་ཟུག་གཅོགས་པའི་སྨན་དུ་སྤྱོད་པའི་ཉམས་ཡིག་མཇལ་དུ་མེད་པ་དང་ཡང་ན་དེ་ལྟར་སྤྱོད་རྒྱུ་མ་ཤེས་པའམ་ཡང་ན་མིང་དུ་སྣང་བ་སྒོ་འབྱེད་ཅེས་འབོད་པ་ལྟར་ཤེས་ཀྱང་སྤྱོད་ཀྱི་མེད་པ་འདྲ། ཡིན་ནའང་དེང་དུས་བོད་ཕྱི་ནང་གཉིས་ཀའི་སྤྱི་ཚོགས་དང་ཁོར་ཡུག འཚོ་བར་བློ་ཡུལ་ལས་འདས་པའི་འགྱུར་བ་ཆེན་པོ་ཐེབས་ཡོད་པས་དེང་དུས་བོད་མི་ཚོས་ཀྱང་སྲོ་མ་ནག་པོའམ་སྨ་རོ་ཝ་སྣ། ཡང་ན་སྒན་ཅ་བེད་སྤྱོད་བྱས་མྱོང་ཟེར་མཁན་བརྒྱ་ཆ་མང་པོ་མེད་ནའང་དེ་མི་ཤེས་མཁན་ཉུང་ཉུང་ཞིག་གཏན་ནས་མིན་ཞེས་བརྗོད་ཆོག་སྙམ།

indiacannabis

ཆང་རག་དང་ཀ་ཕེའེན་ caffeine །  ཐ་མ་ཁ་བཅས་ཀྱི་རྗེས་ནས་སེམས་བསྒྱུར་ལུས་ལྷོད་བག་ཡངས་ཡོང་བྱེད་རྫས་དངོས་བཞི་བ་ནི་སྲོ་མ་ནག་པོ་ཡིན་པ་དང་།  དེང་དུས་སྲོ་མ་ནག་པོ་ནི་ནད་མནར་ན་ཟུག་གཅོག་པ་དང་ལུས་སེམས་ཀྱི་མནར་གདུང་ stress ངམ་ཡིད་མུག་ anxiety སེལ་ཆེདབསྟེན་གྱི་ཡོད་ལ། དམིགས་ཡུལ་དེའི་ཐོག་བསྟེན་ཤེས་ཆོག་ཤེས་བྱས་པས་ཕན་ཐོགས་ཀྱང་ཡོང་གི་ཡོད། འོན་ཀྱང་བསྟེན་མ་ཤེས་ཁར་ཆོག་ཤེས་མེད་པར་སྤྱོད་རྒྱུ་ཚད་ལས་ལྷག་པའམ་བརྒལ་བ། ཡང་ན་ལོག་པར་བསྟེན་པའི་ཉེར་ལེན་གྱིས་དེར་དབྱིངས་ཞུགས་ཏེ་ངན་ལོབ་ལང་ཤོར་ཏུ་འགྲོ་བ་དང་ཐ་ན་ལུས་སེམས་ལ་ནད་མནར་འབྱུང་ཉེན་ཡང་ཡོད་པར་བཤད།

images༡སྲོ་མ་ནག་པོ་བསྟེན་པའི་ལུས་སེམས་ཀྱི་མངོན་ཚུལ་ནི།

སེམས་གཡོ་བའམ་འགྱུར་ལྡོག་ཆེ་བ། ལུས་སེམས་ལྷོད་པ། གཉིད་འཐིབས་པ། གླེན་རྟགས་ཆེ་བ། སེམས་ངལ་དང་ཡིད་མུག་པ། དྲན་པ་མི་བརྟན་པའམ་བློ་གཏོད་དཀའ་བ། བཀྲེས་ལྟོགས་ཆེ་བ། མགོ་ཡུ་འཁོར་བ་། ཞེ་མེར་ལྡང་བ། མིག་གི་རྒྱལ་མོ་འདལ་བའམ་མིག་སྤྲིན་དུ་ཁྲག་ཐིག་ཡོད་པ།  སྙིང་གི་འཕར་ལྡང་མགྱོགས་པ་སོགས་ཡོད།

གསོ་རིག

Post navigation

Previous Post: དེབ་ཐར་དཀར་བོ་དང་དེའི་མཆན་འགྲེལ་གཉིས་ཀྱི་ལྷན་ཐབས་སུ་སྦྱར་བ།
Next Post: སླར་ཡང་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་འགོ་འཛུགས།

Comments (15) on “སྲོ་མ་ནག་པོའམ་སྨ་རོ་ཝ་སྣ་ཡི་དགེ་མཚན་དང་ཉེས་དམིགས།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2014-01-03 at 9:04 pm

    ཁྱེད་ཀྱིས་གསུངས་ལྟར་ན་འདི་བསྟེན་ན་ཡག་མེད་པོ་ཐག་ཆོད་རེད་འདུག ཐུགས་རྗེ་ཆེ། འདི་འདྲའི་རིགས་ནམ་ཡང་མི་བསྟེན་པར་ཤོག །

  2. ཅོག་མྱི། says:
    2014-01-04 at 1:30 am

    བོད་ཀྱི་གསོ་དཔྱད་གཞུང་གི་ནང་དུ་དུག་ལ་སྨན་ཡོད་ཟེར་བ་ལྟར་སྲོ་མ་ཉུང་ཙམ་བསྟེན་ནས་མཐའ་གཉིས་ལ་མ་ལྷུང་ན་བདེ་བ་ཡང་རོལ། ནད་ཡང་ཞི་བས་དབུ་མའི་ལམ་འདི་གལ་ཆེ་ལ་དགེ་མཚན་བསམ་གྱིས་མི་ཁྱབ། གང་ལྟར་ལུས་སེམས་ཤིན་སྦྱངས་ཐོབ་པ་དང་གནས་ལུགས་མཐར་ཐུག་སྟོང་བ་ཉིད་རྟོགས་པར་ཕན་ན་བོད་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་ཀྱང་སྲོ་ནག་ལོངས་སུ་སྤྱོད་པར་བྱ་འོས།

  3. གནམ says:
    2014-01-04 at 2:08 am

    (སེམས་གཡོ་བ)འམ་འགྱུར་ལྡོག་ཆེ་བ། ལུས་(སེམས་ལྷོད་པ)། (སྙིང་གི་འཕར་ལྡང་མགྱོགས་པ།)  (སེམས་ངལ་བ།)
    གང་བདེན་པ་རེད། སེམས་གཡོ་བ་བདེན་ནམ་ལྷོད་པ་བདེན། མགྱོགས་པ་བདེན་ནམ་ངལ་བ་བདེན། མགོ་ཚོས་མ་སོང་། སྡིག་པ་ཁེར་མོ།

  4. དཀོན་ཚེ says:
    2014-01-04 at 10:10 am

    གོ་ཐོས་ལྟར་ན་རྡ་ས་ན་བོད་ཀྱི་ཕོ་གསར་མང་པོ་ཞིག་གིས་ཕྱི་མོ་འཁྱམ་པོ་མང་པོ་དང་མཉམ་ཏུ་འཐེན་གི་ཡོད་ནི་རེད་ཟེར།རྩོམ་ཡིག་འདི་བོད་ཀྱི་ཕོ་གསར་སྣང་བ་སྐྱིད་པོ་དེ་ཚོས་ངེས་པར་ཏུ་གཟིགས་ན་ཡག་རྒྱུ་རེད།འཚོ་བྱེད་བུས་ངོ་མ་ངོ་སྤྲོད་ཡག་པོ་ཞིག་གནང་འདུག
    སྨན་གཞུང་དུ་སོ་མ་ར་ཛས་པགས་ནད་ཆུ་སེར་སེལ།།ཐལ་ཀ་རྡོ་རྗེ་དག་ཀྱང་དེ་བཞིན་ནོ།།ཞེས་གསུང་ཡོད་པས་སོ་མ་ར་ཛ་ལ་གོང་དུ་བཤད་པའི་ནུས་བ་དེ་འདྲ་མེད་པ་འདྲ།སྲོ་མ་ནི་ངའི་རྨོ་རྨོ་ལགས་ཀྱིས་ལོ་རྟག་པར་འདེབས་པས་དེའི་འབྲས་བུ་བརྔོས་ཏེ་ཟ་བ་དང་ཁྱད་པར་དུ་སྲོ་མའི་གཞུང་རྟ་བེད་སྤྱོད་ཀྱིས་སྒྱེ་མོ་དང་ཟར་མའི་རྩ་ཡིས་བཟོས་བའི་གདན་བཙེམ་བྱེད་ཀྱི་སྐུད་པ་བཟོ།སྐུད་པ་བཟོ་བྱེད་ཀྱི་ཤིང་གི་ཡོ་བྱེད་དེ་བྱིས་པ་ཚོ་རྩེད་རྒྱུར་ཧ་ཅང་དགའ།ཟར་མའི་རྩ་ཡིས་གདན་བཟོ་བ་ནི་རེབ་གོང་དུ་སྔོན་ཆད་དར་སྲོལ་ཆེ་མོད་དེང་གི་དུས་ངའི་ཕ་ཡུལ་ན་མ་གཏོགས་དེ་བཟོ་ཤེས་མཁན་མེད་གི་ཟེར།བདེན་མིན་མི་ཤེས།དངོས་སུ་ཞིབ་འཇུག་འདྲ་བྱས་མེད།སྲོ་མའི་འབྲས་བུ་བརྔོས་མ་དེ་བྱིས་པ་ཚོས་ཟ་ཉན་ནི་མ་རེད་ཟེར།ལོ་ལོན་དང་གཟུགས་པོ་སྐྱོ་བོ་ཅན་གྱིས་བསྟེན་ན་གཟུགས་པོའི་ཁམས་གསོ་ནི་རེད་ཟེར།དེ་བས་ང་ཚོ་བྱིས་པ་ཚོས་དེའི་རོ་ཙམ་ཡང་མྱང་མྱོང་མེད།།

  5. BONPO says:
    2014-01-04 at 12:05 pm

    དཀོན་ཚེ་ལགས།
    ཟར་མའི་རྩའམ་མེ་ཏོག་དེ་་googel་་ནང་དུ་ཡོད་ན་འདིར་བརྒྱུད་འགོད་ཅིག་གནང་རོགས། མིག་གི་དབང་རྟེན་ཁོག་པ་དེ་་་ཟར་མའི་མེ་ཏོག་ཁ་ཕྱེས་པ་ལྟ་བུ་ཞིག་ཡོད་གསུངས་སྲོལ་འདུག་པས་མཐོང་འདོད་ཆེ། །

  6. ཤེས་དགའ་ says:
    2014-01-04 at 1:20 pm

    སོ་མ་ར་ཛ་དང་སོ་མ་ནག་པོ་གཉིས་འཁྲུལ་གཞི་ཆེ་བས་དབྱེ་གསལ་གནང་བ་འདིས་ཕན་ཐོགས་བྱུང་། བྱུང་ན་སོ་མ་ར་ཛའམ་ཟླ་བ་རྒྱལ་པོའི་པར་འདྲ་ཡོད་ན་ཕན་རླབས་ཆེ། དགེ་ཆོས་ཀྱིས་སོ་མའི་ཁུ་བ་འདི་རྒྱ་གར་དུ་སྔར་ཧ་ཅང་གྲགས་ཆེ་ཟེར། ཨཕ་གཱན་ཀ་བཱུལ་དུ་དེང་སང་ཡང་དར་ཆེ་ཟེར་བ་ཐོས། དྲྭ་གྲོགས་ཚོ་དེའི་ཐད་དགོངས་ཚུལ་གང་ཡོད་དམ།

  7. འཚོ་བྱེད་བུ་ says:
    2014-01-04 at 2:09 pm

    གནམ་ལགས།  མངོན་ཚུལ་དེ་ཚང་མ་བདེན། སྤྱིར་ནད་གཞི་ཞིག་ལ་ནད་རྟགས་ཚང་མ་མི་སྟོན་པ་བཞིན་སྲོ་མ་བསྟེན་མཁན་གང་ཟག་རེ་རེའི་ལུས་ཀྱི་འབྱུང་ཁམས་མི་འདྲ་བར་བརྟེན་མངོན་ཚུལ་ཡང་འདྲ་མིན་ཡོང་གི་ཡོད།

  8. འཚོ་བྱེད་བུ says:
    2014-01-04 at 2:25 pm

    སོ་མ་ར་ཛས་པགས་ནད་ཆུ་སེར་སེལ་ཞེས་པའི་སྐབས་སོ་མ་ར་ཛའི་འབྲས་བུའི་ཕན་ཡོན་ཡིན། འདིར་ཨིན་སྐད་དུ་ musk mallow ཟེར་ཞིང་འདིའི་འབྲས་བུ་ཡིན། ངས་འདིར་པར་ཞིག་འཇུག་རྩིས་བྱས་མོད་ལེགས་འགྲུབ་མ་བྱུང་། ཡིན་ནའང་དྲ་ཐོག་ནས་ musk mallow seed ཞེས་བཙལ་ན་སྡོང་ལོ་མེ་ཏོག་འབྲས་བུ་དང་བཅས་པའི་པར་གསལ་བོ་མཐོང་ཐུབ།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 2:32 pm

    རྒྱ་གར་སྐད་རྙིང་སོ་མ་རའ་ཛྰ་ལས། བོད་སྐད་དུ་སོ་མ་ར་ཙ་ཞེས་ཟུར་ཆག་པ་མིན་ནམ་། དུས་ཕྱིས་སུ་རྒྱ་གར་ལ་གན་ཇྰ་ཞེས་གྲགས་པ་འདྲ་སྙམ། ཨིན་སྐད་དུ། hashish ཟེར། སོ་མ་ར་ཙ་འདི། སྨན་ལ་གཏོང་ཤེས་ན། མཛེ་ནད་འཇོམས། པགས་ནད་དང་ཆུ་སེར་གྱི་ནད་སེལ་ཞེས་གསུངས་འདུག
    སྔར་བོད་ལ་ཐ་མག་དང་། ཉེས་ཐ་ཐེན་སྲོལ་མེད་པ་འདི་རླུང་རྟ་རྒྱུགས་པ་འདྲ། ལུང་བསྟན་ཅིག་གི་ནང་ལ་ཕྱིས་སུ་བོད་རིགས་ཀྱིས་དེ་ལོངས་སྤྱད་ནས། བོད་རྣམས་ཕོངས་པར་འགྱུར་བའི་ལུང་བསྟན་ཅིག་ཀྱང་ཡོད་པ་མཐོང་མྱོང་ཡང་ཚིག་དོན་ཇི་བཞིན་ད་ལྟ་མི་དྲན་པས། མཁྱེན་མཁན་འདྲ་ཡོད་ན། འདིར་ཁ་སྐོང་ཡོང་བར་མཁྱེེན།

  10. འཚོ་བྱེད་བུ says:
    2014-01-04 at 3:12 pm

    མཛེ་ནད་འཇོམས། པགས་ནད་དང་ཆུ་སེར་གྱི་ནད་སེལ་ཞེས་པའི་སོ་མ་ར་ཛ་ནི་ཆུ་སེར་སྨན་གསུམ་གྱི་ཁོངས་གཏོགས་ཡིན་པ་དང་དེ་རྒྱ་གར་སྐད་ཀྱི་སོ་མ་ར་ཛ་ཞེས་པ་རང་ཡིན། ཨིན་སྐད་ཀྱི་ hashish ཟེར་བ་ནི་བོད་སྐད་དུ་སྲོ་མ་ནག་པོ་ཡིན་ཞིང་མིང་གཞན་སོ་མ་ར་ཙ་ཡང་ཟེར་མོད། འདི་དང་སོ་མ་ར་ཛ་གཉིས་གཏན་ནས་མི་འདྲ། སྲོ་མ་ནག་པོ་ནི་སྔོ་སྨན་གྱི་སྡེ་ལས་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུ་བར་འོས་པའི་རིགས་ཡིན་པ་དང་སོ་མ་ར་ཛ་ནི་ཤིང་གི་སྨན་སྡེ་ལས་འབྲས་བུའི་རིགས་ཡིན་ནོ།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 3:30 pm

    # 10 འཚོ་བྱེད་བུ་ལགས་ཀྱིས།
    ཨིན་སྐད་ཀྱི་ hashish ཟེར་བ་ནི་བོད་སྐད་དུ་སྲོ་མ་ནག་པོ་ཡིན་་་་་་ གསུངས་པ་ལྟར། ངས་་བཤད་པ་སོ་མ་རྰ་ཛྰ་ལས། བོད་སྐད་དུ་སོ་མ་ར་ཙ་ཞེས་ཟུར་ཆག་པ་འདི་ཡི་མིང་གི་རྣམ་གྲངས་ལ། ་་་་ འབྲས་ནག་པོ་་་་་་ཞེས་གསུངས་འདུག་པ་འདི་དང་ཐག་ཉེ་ཙམ་མི་འདུག་གམ། ལགས།

  12. འཚོ་བྱེད་བུ says:
    2014-01-04 at 3:53 pm

    གཏག་ནོར་ཐེབས་འདུག སོ་མ་ར་ཙ་དེ་སྲོ་མ་ར་ཙ་ཡིན་དགོས། སྲོ་དེ་སོ་ལ་གཏག་འདུག སོ་མ་ར་ཛའི་མིང་གཞན་དུ་འབྲས་བུ་ནག་པོ་ཟེར་དགོས་དོན་ནི་མཁལ་དབྱིབས་ཅན་ལ་ཕྱི་མདོག་ནག་པོ་ཡོད་པས་བཏགས་པ་རེད་སྙམ། སྲོ་མ་ནག་པོའི་ལོ་མ་ལྗང་ནག་ཡོད་པ་མ་གཏོགས་འབྲས་བུ་ནག་པོ་མེད། 

  13. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 3:58 pm

    # 12 འཚོ་བྱེད་བུ་ལགས།
    ཁྱེད་ཀྱི་སྨྱུག་མིང་ལྟར། ཁྱེད་བོད་སྨན་སྨན་པ་ཞིག་ཡིན་ན། ཁྱེད་རང་ཉིད་བདེན་དགོས་སོ།།

  14. གནམ says:
    2014-01-04 at 11:11 pm

    ད་བྱས་ན། རྡ་སའི་སྐྱ་རིང་གི་ཚོགས་སྡེ་ལ་མ་ཉེས་ཁག་གཡོག་ཕོག་འདུག་པ་ལས། ཁོང་ཚོས་དུད་ནག་ཞིག་ད་འཐེན་གི་མི་འདུད་མོ། ཤོ་མ་ལྗང་ཁུ་འཐེན་ནས་བསྡད་ཡོད་ཀི་མོ། སྙིང་རྗེ། ཁོ་ཚོ་ཚང་མ་ཉམས་ཆུང་ཆུང་། སྐད་ཆ་བཤད་ན་ཡ་རབ་པོ་རྐྱང་ཡོད། ཁ་ཤས་ཤིག་ལྟོ་བཅུད་ཀྱིས་མ་འདང་བར་ཤི་ཡོད་པ་རེད།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-01-05 at 5:20 am

    རྩ་འདི་ཀུ་ལུ་མནྰ་ལིར་ག་ཚོད་དགོས་དགོས་སྐྱེས་བགྱིད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme