Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིན་མོ་རོགས་ཚོགས་ལས་འཕྲོས་བའི་གཏམ།

Posted on 2012-07-01 By ཁ་བརྡ་ 10 Comments on སྲིན་མོ་རོགས་ཚོགས་ལས་འཕྲོས་བའི་གཏམ།

ནམ་མཁའ།

ཉེ་བའི་ཆར་དགེ་ཆོས་དྲ་བའི་ཟིན་བྲིས་དང་མཆོད་མེ་ཟིན་བྲིས་སོགས་སུ་༼སྲིན་མོ་རོགས་ཚོགས་༽ཞེས་བུད་མེད་སྐོར་ཞིག་གིས་རང་གི་མི་རིགས་ཀྱི་བདེ་སྡུག་ཆེད་བོད་ནང་གི་གྲོང་གསེབ་ཁག་ཏུ་སོང་སྟེ།བུད་མེད་ཚོའི་གཟུགས་པོའི་འཕྲོད་བསྟེན་ངོ་སྤྲོད་དང་སྨན་སྦྱིན་བཏང་བས་གནས་ཚུལ་དག་མཐོང་བས་ཡིད་སེམས་རབ་ཏུ་འགུལ་བསྐྱོད་བྱུང་།

སྲིན་མོ་རོགས་ཚོགས་ཀྱི་བུད་མེད་ཚོས་མ་སྐུལ་དྭངས་བླངས་ཀྱིས་འགྲོ་གྲོན་སྒེར་ངོས་ནས་བཏང་འདུག་པའི་གནས་ཚུལ་མཐོང་དུས་ལྷག་པར་དུ་སེམས་སུ་སྨྲ་མི་ཤེས་བའི་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྐྱེས།ཁོང་ཚོས་བུད་མེད་ཚོའི་མངལ་དུ་ཕྲུག་གུ་སྦྲུམ་དུས་སོ་སོའི་གཟུགས་པོ་དང་མངལ་དུ་ཡོད་པའི་ཕྲུག་གུ་དེར་གཅེས་གཟབ་བྱེད་སྟངས།ཐ་ན་འཁྲིག་སྦྱོར་སྐབས་གང་གཟབ་མ་བྱས་ཚེ་རེག་དུག་ན་ཚ་འགོས་སྟངས་སོགས་དམར་ཁྲིད་བྱས་འདུག་པས་དེང་སང་དེ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་སོང་། སྲིན་མོ་རོགས་ཚོགས་ཀྱིས་ལས་འགུལ་འདི་ལོ་ཤས་སྔོན་ནས་སྤེལ་ཡོད་པ་འདྲ།

ཁོ་རང་ཚོའི་རོགས་སྐྱོར་འདི་ནི་ཆོས་ཕྱོགས་ནས་བཤད་ན་ཁ་ཡོད་ལག་ཡོད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་ལ།འདི་ནི་གཞན་ཕན་ཟེར་བའི་མིང་དོན་མཚུངས་བའི་བྱ་སྤྱོད་ཞིག་ཏུ་མཐོང་སོང་།འཇིག་རྟེན་ཕྱོགས་ནས་བཤད་ན་མི་དམངས་ལ་ཞབས་འདེགས་ཟེར་བའི་དོན་ངོ་མ་དེ་ཡིན་པས་ཁོང་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

གོ་ཐོས་ལ་ཁོང་ཚོ་ནི་ཚོང་པ་སྟོབས་ཆེན་དེ་འདྲ་ཡང་རེད་མི་འདུག་ལ་མི་ཕྱུག་པོ་དེ་འདྲ་ཡང་མ་རེད་ཟེར།ཡིན་ཡང་ཟླ་བ་རེ་ཡི་གླ་ཆ་ཁོ་ན་དེ་ཟ་ཤེས་དང་འཐུང་ཤེས་བྱས་སྟེ།ཁོང་ཚོའི་སེམས་ཀྱི་རང་གི་མི་རིགས་ལ་ཤ་ཞེན་དང་སྙིང་སྟོབས་ཀྱིས་ལམ་གྱི་འགྲོ་སོང་དང་སྨན་སོགས་མི་དམངས་དངུལ་སྒོར་སྟོང་ཕྲག་ཁ་ཤས་ཀྱིས་ཉོས་ཏེ་གྲོང་གསེབ་ཁག་ཏུ་ཕེབས་ནས་སྨན་སྦྱིན་བྱེད་ཀྱི་ཡོད་པ་མ་ཟད།ད་རུང་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་འགའ་རེ་ལ་སློབ་གསོའི་གོ་སྐབས་ཐོབ་ཆེད་རོགས་དངུལ་བྱེད་ཀྱི་འདུག ཁོང་ཚོའི་སྙིང་སྟོབས་དང་སེམས་ཤུགས་འདི་ནི་ང་ཚོའི་བོད་མི་རིགས་ལ་སོ་ནམ་པའི་ཆར་ལ་རེ་སྒུགས་བཞིན་དགོས་གལ་ཆེ་བའི་དུས་ཞིག་རེད།

ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་དྲ་མཆན་པ་སྐོར་ཞིག་གིས་མི་སྒེར་གྱི་སྐྱོན་ཕྲན་བུ་རེ་ཡོད་པ་དེར།གོ་སྐབས་བཙལ་ཏེ་སྐྱོན་བརྗོད་བྱེད་ཀྱི་འདུག་མོད།དེང་སང་འཛམ་གླིང་འདིའི་ཐོག་ན་སྐྱོན་མེད་པའི་མི་ཞིག་བཙལ་ནས་རྙེད་ན་ད་གཟོད་སྒེར་སྐྱོན་ཐེར་འདོན་བྱས་ན་འགྲིག་ལ།དེ་མིན་དངོས་ཡོད་གཞན་ཕན་གྱི་ལས་ཀ་དེ་དང་སྐྱོན་གཉིས་ཀྱི་ནང་ནས་གང་ཞིག་རླབས་ཆེན་ཡིན་མིན་ཐུགས་བསམ་གཏོང་རྒྱུ་གལ་ཆེ་བར་མཐོང་།

ཚིག་འགའ་འདིར་འབྲི་དོན་ནི་སྲིན་མོ་རོགས་ཚོགས་ཀྱི་བུད་མེད་ཚོར་གཞན་གྱིས་སྐྱོན་བརྗོད་བྱས་ཀྱང་སེམས་ཤུགས་མི་ཆག་པའི་ཆེད་ཡིན་ལ།དྲ་མཆན་པ་ཚོས་ཀྱང་ཁོང་ཚོའི་སྨྲ་བརྗོད་ཀྱི་རང་དབང་བཀག་སོང་བསམ་བློ་ཡང་མི་གཏོང་བར་དངོས་ཡོད་གནས་ཚུལ་གྱི་རང་གི་མི་རིགས་ཀྱི་བུད་མེད་ཚོའི་བདེ་སྡུག་ལ་ཐུགས་བསམ་བཞེས་རྒྱུ་གལ་ཆེ་བར་མཐོང་།

ཕྱོགས་གཞན་ཞིག་ནས་སློབ་དགེ་བུད་མེད་སྐོར་ཞིག་གིས་མི་ཡ་རབ་དང་ཆོས་དད་ཆེ་མདོག་གིས་རང་གི་ཆེད་ལས་དགེ་རྒན་གྱི་ལས་ཀ་ལ་དོན་སྣང་མི་བྱེད་པར་མཚམས་ལ་འདུག་གི་ཡིན་ཟེར་ནས་རི་སྒང་སོགས་སུ་སོང་སྟེ་ཉམས་ལེན་བྱེད་ཀྱི་འདུག

འདི་ནི་ངས་ཁོང་ཚོའི་ཆོས་ཉམས་ལེན་བྱེད་པ་འདི་མ་རབ་རེད་ཟེར་གྱི་མེད།ཡིན་ཡང་ལུས་རི་སྒང་ཞིག་ནས་ཉམས་ལེན་བྱེད་ཁུལ་གྱིས་སེམས་པ་གྲོང་ཁྱེར་གྱི་ཟང་ཟིང་ནང་འཁྱམས་ཉུལ་དུ་ཕྱིན་ན།ཕྲེང་གསོག་གྲངས་མེད་བྱས་ཀྱང་ཕན་པའི་འབྲས་བུ་འབྱུང་བར་དཀའ།ཆོས་ཉམས་ལེན་བྱས་ཟེར་བ་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་རང་གི་སེམས་ཐོག་ལ་སྦྱར་སྟེ།སེམས་བཟོ་བཅོས་བྱེད་པ་དགོས་པ་ཞིག་ལས།ལུས་རི་སྒང་ཞིག་ནས་བཀག་སྟེ་ཞབས་ཞུ་ཕ་མ་རྒན་རྒོན་ཚོར་སྒྲུབཏུ་བཅུགས་ཚེ་ཆོས་དངོས་མ་ཞིག་ཏུ་འགྲོ་མིན་ཐེ་ཚོམ་ཆེ་ལ།དེ་བས་ད་རུང་སྡིགས་པ་བསགས་པའི་ཉེས་པ་ཡང་ཡོད་མི་སྲིད་པ་མིན།

གནས་ཚུལ་གསལ་བོ་གོ་ཐོས་ལ་སློབ་དགེ་བུད་མེད་སྐོར་ཞིག་གིས་ལུས་བོ་མཚམས་དང་བསྙེན་པ་སྒྲུབས་པའི་ལས་ལ་ཞུགས་ཏེ་ཕན་ཚུན་བཟའ་ཚང་བར་འགལ་ཟླ་ཤོར་བའི་གནས་ཚུལ་ཡང་འདུག
དེ་ལས་སྲིན་མོ་རོགས་ཚོགས་བཞིན་སོ་སོའི་ཕ་མ་ལ་ཞབས་ཞུ་སྒྲུབ་ཞོར་རང་གི་གྲོང་སྡེ་དང་དེ་མིན་གཞན་གྱི་བུ་ཕྲུག་འགའ་ལ་སློབ་སྦྱོངས་ཀྱི་ཕྱོགས་ནས་ཟུར་ཁྲིད་རེ་བྱེད་ཐུབ་ན་དེ་ནི་དངོས་ཡོད་དང་སྟོན་པའི་གསུངས་དང་མཐུན་པའི་ཆོས་པ་རྣལ་མ་ཞིག་རེད་འདོད།བྱང་སེམས་མང་པོས་ཀྱང་བསམ་བཞིན་ཁྱིམ་པའི་སྐྱེས་བ་བཞེས་དགོས་པ་ཡང་དགོས་པ་དང་རྒྱུ་མཚན་ཡོད།

སློབ་དགེ་བུད་མེད་ཆོས་ཉམས་ལེན་གྱི་ཚུལ་འཆོས་ལས་སྲིན་མོ་རོགས་ཚོགས་ཀྱི་ནང་དུ་ཞུགས་སྟེ་གྲོང་གསེབ་ཁག་སཽང་ནས་ཁོང་ཚོའི་རོགས་སྐྱོར་ལ་ཕྱག་རོགས་བྱེད་ཐུབ་ན་ཆོས་དངོས་མ་ཞིག་རེད་སྙམ།སྤྱིར་ཆོས་ཉམས་ལེན་རི་སྒང་ཞིག་ནས་བྱེད་འདོད་ན་དང་པོ་ཆོས་ཟེར་བ་དེ་ཡག་པོ་ཞིག་ངོ་འཕྲོད་དགོས་པ་གལ་ཆེན་རེད།གཟུངས་སྔགས་བགྲེངས་ཤེས་པ་དང་ཆོས་དཔེ་འགའ་ཀློག་ཐུབ་པ་ཙམ་གྱིས་རི་སྒང་ཞིག་ནས་མི་ཚེ་མཚམས་ལ་བསྡད་ཀྱང་སེམས་བཟོ་བཅོས་བྱེད་རྒྱུ་དཀའ་བས་ཐ་མ་གདོན་འདྲེ་ལྟ་བུའི་སྐྱེས་མི་སྲིདཔ་མིན།

དེང་སང་སྤྲུལ་སྐུ་རིང་ལུགས་ལ་བཅོས་བསྒྱུར་བྱེད་དགོས་བའི་དུས་སླེབས་པ་མ་ཟད་ཕྱིས་དྲགས་འདུག གང་གིས་ཟེར་ན་སྤྲུལ་སྐུ་མང་པོ་ཞིག་གིས་གཞན་ལ་འདོད་ཆུང་ཆོག་ཤེས་དང་འཁོར་བ་ལ་སྙིང་བོ་མེད་ཚུལ་བཤད་ཞོར། ཁོང་ཚོས་བླ་བྲང་གི་པ་ཊ་གཅིག་པོ་ཡང་བཅུ་བཅོ་ལྔ་བརྩེགས་སྟེ་འགྲན་བསྡུར་ལྟ་བུ་དང་རླུང་འཁོར་གང་བཟང་དང་གང་ཡག་ཉོས་ཏེ་འགྲན་བསྡུར་གྱི་ལམ་དུ་ཞུགས་ནས་གདའ།ཁོང་ཚོའི་བླ་བྲང་དང་ལོངས་སྤྱོད་ལ་ལྟོས་ཚེ་ཁོང་ཚོ་ལོ་ངོ་ལྔ་བརྒྱ་དྲུག་བརྒྱ་འདུག་རྩིས་ཡོད་པ་ལྟ་བུ་ཞིག་འདུག་པས་སྟོན་པའི་གསུངས་ཀྱི་རྗེས་འཇུག་མ་ཡིན་པར་སྟོན་པའི་བསྟན་པ་བཤིགས་པའི་རྗེས་འཇུག་པ་ཞིག་ཚོར་སྣང་སྟེར་ངེས་ཡིན།

ཁོང་ཚོའི་ལག་དངུལ་དེ་ཚོ་གང་ནས་ཡོང་བ་ལ་ཡང་བསམ་གཞིགས་ཕྲན་བུ་ཙམ་ཡང་བྱེད་མྱོང་མེད་པ་འདྲ་བས་མི་དམངས་ཀྱི་ངོས་ཀྱང་རྨོངས་དད་ལས་སད་ཐུབ་པ་ཞིག་བྱེད་དགོས་ལ། སྤྲུལ་སྐུ་འདི་ཚོས་ཀྱང་སྲིན་མོ་རོགས་ཚོགས་ཀྱི་ལས་འགུལ་འདི་མཐོང་ཡོད་སྲིད།བུད་མེད་འདི་ཚོས་རང་གི་ཁུག་མ་ནས་དངུལ་བཏོན་སྟེ་སྨན་སྦྱིན་སོགས་བྱེད་ཀྱི་ཡོད་པ་ལ་བསམ་གཞིགས་རེ་བྱེད་ཐུབ་ན་སོ་སོའི་མིང་དང་མི་དམངས་ལ་ཡང་ཕན་པའི་ལས་ཀ་རེ་སྒྲུབ་ཐུབ།ཡིན་ཡང་སྤྲུལ་སྐུ་འདི་ཚོས་ནམ་ཡིན་ཡང་སེམས་པ་གླེན་པ་ལྕགས་ལྟར་གྱུར་བས་བཅོས་བསྒྱུར་བྱེད་དགོས་བའི་དུས་ལ་སླེབས་འདུག ད་རུང་བུད་མེད་མཛེས་མ་མཐོང་ཚུལ་ལ་རིག་མའི་མིང་རེ་བཏགས་ནས་འཁྲིགས་སྦྱོར་བྱས་པ་མ་ཟད།བཟའ་ཚང་བར་ལ་འགལ་ཟླ་སླངས་ཡོད་པའི་གནས་ཚུལ་ཡང་ལོ་རེ་ནས་ལོ་རེ་ཇེ་མང་ཡིན་པས་བོད་མི་ཡོད་དོ་ཅོག་གིས་འབད་བརྩོན་བྱས་ཏེ་སྤྲུལ་སྐུའི་ལམ་ལུགས་ལ་བཅོས་བསྒྱུར་ངེས་བར་དུ་བྱེད་དགོས་བའི་དུས་ལ་སླེབས་འདུག་སྙམ། གང་ལྟར་སྲིན་མོ་རོགས་ཚོགས་ཀྱི་བུད་མེད་རྣམས་ཀྱི་བྱ་འགུལ་འདིས་བོད་མི་ཡོངས་ཀྱི་སེམས་སུ་འགྱུར་འགྲོ་བའི་ས་བོན་ཞིག་སྐྲུན་ཐུབ་པའི་རེ་བ་ཡོད་ལ།ཁྱེད་ཅག་གི་སེམས་ཀྱི་ཆུ་བོའི་རྒྱུན་འདི་བོད་ཆོལ་གསུམ་ཡོངས་སུ་བཞུར་ཐུབ་པའི་སྨོན་འདུན་ཡང་ཡོད།༡/༧/༢༠༡༢ལ་ནམ་མཁས་ཡོ་རུབ་ནས་བྲིས།

རྩོམ་རིག

Post navigation

Previous Post: ཨ་མར་ཕུལ་བའི་རྒྱང་འཕྲིན།
Next Post: མཁས་དབང་འཇམ་དབྱངས་ནོར་བུ་ལྷན་དུ་བོད་དོན་གླེང་བ།

Comments (10) on “སྲིན་མོ་རོགས་ཚོགས་ལས་འཕྲོས་བའི་གཏམ།”

  1. lhamotsering says:
    2012-07-01 at 1:48 pm

    སྲིན་མོ་རོགས་ཚོགས་ལ་སྐྱབས་སུ་མཆིའོ།ཡིན་ཡང་མིང་ཞེ་སྣང་ཚ་བོ་ཞིག་བཏགས་འདུག
    བུད་མེད་སློབ་དགེ་ཚོ་དད་པ་གློ་བུར་ཞིག་གིས་འདྲེ་གི་སྐྱེས་བའི་རྒྱུ་མཚན་གསུངས་རོགས།
    སྤྲུལ་སྐུ་ཚོར་ངོ་མ་བོད་རང་གིས་བཅིངས་འགྲོལ་གཏོང་རན་འདུག གདོན་འདྲེ་ཡི་སྐྱེས་ན་ཁོང་ཚོ་སྐྱེས་ཆོག་གི་ཡ

  2. དྭངས་བླངས་པ says:
    2012-07-01 at 2:16 pm

    ཡོ་རོབ་པ་ནམ་མཁའ་ལཊ། ཡག་པོ་བྲིས་འདུག། ལྷག་པར་དུ་སྐྱབས་བཅོལ་དུ་ཡོད་པའི་བོད་མོ་ཚོའི་མ་གོ་ཐབས་མེད་གྱི་གནས་ཚུལ་གལ་ཆེན་ཞིག་མཐོང་སོང། ད་དུང་དེས་ནང་ནས་བུད་མེད་ཚོགས་པ་ཟེར་མཁན་འདི་ཚོའི་སྒེར་རང་གི་ག་རེ་བྱེད་གི་ཡོད་མིན་ཐད་བསམ་བློ་ཡང་གཏོང་བྱེད་དགོས་པ་ཞིག་གཏོང་གནང་འདུག། ཞབས་འདེབས་སློང་སློང་ནས་སློང་མོ་རྒྱབ་རྒྱུར་ངོ་ཚ་ཤེས་གི་མི་འདུག། བོད་སྤྱི་དོན་ག་གེ་མོ་ཞིག་ཁར་ཁུར་ནས་སློང་མོ་རག་པ་ཚང་མ་སྒེར་གྱི་དངུལ་ཁུག་དུ་བླུགས་མཁན་སྐྱབས་བཅོལ་བའི་བོད་མོ་ཚོའི་ཡག་པོ་གཟིགས་རོགས། བོད་ན་ཡོད་པའི་བོད་མོ་ཚོར་མིག་དཔེ་བལྟོས་དང། ཁྱེད་རང་ཚོ་ད་ལྟར་བང་རིམ་གང་དུ་སླེབས་འདུག་ཧ་གོ་ཐུབ་ངེས། ཡོ་རོབ་པ་དགའ་བསུ་ཡོད་ད། དངུལ་གོང་ཆེན་ཡོ་རོབ་ཡུལ་ན་ཡོད། སྟུ་ཆེན་པོ་ཡོ་རོབ་མོ་ལ་ཡོད། རྒྱོ་ཞིམ་པོ་ཡོ་རོབ་བུ་མོའི་སྤྲད། ད་ནམ་མཁའ་འདུག་ས་མ་ནོར་ཐལ།

  3. ཁ་བ་འཚོ says:
    2012-07-01 at 3:03 pm

    ང་རང་ཡང་དྭངས་བླངས་པའི་གསུངས་པ་འཐད་པ་ཡོད།བཙན་བྱོལ་ནང་གི་བུད་མེད་ཚོས་ལྐོག་ཟ་རུལ་བསུང་ཕྱི་རྒྱལ་དུ་འགྲོ་བ་མ་གཏོགས་ཡིད་ལ་དྲན་ཐུབ་ཀྱི་མེད།བོད་ནང་ན་རང་གི་ཁུག་མ་ནང་ནས་ཟ་ཤེས་འཐུང་ཤེས་ཀྱིས་སྨན་སྦྱིན་བཏང་གི་ཡོད་པ་འདི་མིག་དཔེ་བལྟས་ནས་ཡིད་ལ་བསམ་རྒྱུ་དྲན་རྒྱུ་མེད་པར་མ་འདུག
    ཁ་ནས་བོད་མི་རིགས་བཤད་ཞོར་ཁོག་ནས་རང་དོན་ཁོ་ན་མ་གཏོགས་མི་བསམ་མཁན་ཚོར་བོད་ནང་བུད་སྲིན་མོ་རོགས་ཚོགས་ལ་སློབ་སྦྱོངས་བྱེད་རོགས་ཞུ།སྤྲུལ་སྐུ་འདི་ཚོ་ངོ་མ་བཅོས་བསྒྱུར་བོད་པ་རང་གིས་བྱེད་པའི་དུས་ལ་བབ་འདུག

  4. མེ་ཏོག་དཀར་པོ། says:
    2012-07-01 at 8:49 pm

    སྲིན་མོ་ཨེ། སྲིང་མོ་མ་རེད་དམ། རེད་ཡ་ཕྲག་དོགས་མིན་ན་སྤྲུལ་སྐུ་དང་དགོན་བདག་འདི་ཚོས་བྱ་སྟངས་བྱེད་སྟངས་ེ་མེར་བ་ཞིག་ཏུ་མཐོང་།
    ཤ་མ་ཟེར་མཁན་བླ་མ་རེད།
    ཤ་ཞིམ་པོ་ཟ་མཁན་བླ་མ་རེད།
    རྒྱོ་མ་རྒྱག་ཟེར་མཁན་བླ་མ་རེད།
    སྟུ་རེག་ཚད་རྒྱོ་མཁན་བླ་མ་རེད།
    དངུལ་ཆོ་མེད་ཟེར་མཁན་བླ་མ་རེད།
    དངུལ་དོན་ལ་ཤི་མཁན་བླ་མ་རེད།

  5. འདྲེ་རྐང་ཐོ། says:
    2012-07-01 at 9:33 pm

    བུ་མེད་འདི་ཚོའི་ནང་ལ་བུ་མེད་རླབས་ཆེན་འདི་འདྲ་གང་མང་མང་འབྱུང་བའི་སྨོན་ལམ་འདེབས། བཙན་བྱོལ་ན་ཡོད་པའི་བུ་མེད་ཚོའི་ནང་ན་གོང་གི་བུ་མེད་འདི་ཚོའི་རྐང་བའི་སོར་མོ་གཅིག་ལ་དོ་མཁན་ཡོད་ནི་མ་རེད་དོ།

  6. མེ་ཏོག་དཀར་པོ། says:
    2012-07-01 at 10:35 pm

    ཡ་མཚན་པ་ཞིག་ལ། ཁ་བརྡའི་མཆན་བུ་བ་མང་ཆེ་བས་བོད་ནང་ན་ལ་བླ་མ། བུད་མེད། གླུ་པ། གྲྭ་པ། བྱིས་པ། ཚོང་པ་སོགས་ཀྱིས་བྱས་རྗེས་ཤིག་བཤད་དུས་དེ་མ་ཐག་བཙན་བྱོལ་ནང་དེ་འདྲ་མེད་རབས་མུག་རབས་རྐྱང་བཤད་གིན་འདུག
    དོན་ལ་བཙན་བྱོལ་མི་འབུམ་གཅིག་ཁ་ཐོར་ངང་སྐྱབས་བཅོལ་གྱི་གནས་སྟངས་ནང་ཡོད་སྡད་པ་དང་། འབུམ་དྲུག་བཅུ་ས་གནས་གཅིག་ཏུ་སྡོད་པ་གཉིས་ལ་འགྲན་སྡུར་བྱ་རིན་ཨ་ཡོད་ན།

  7. ཤེས་རབ་ཀྱི་མིག says:
    2012-07-01 at 11:07 pm

    དྲྭ་གྲོགས་རྣམ་པ་ངེད་ཚོའི་བོད་ཀྱི་བླ་སྤྲུལ་རྣམ་སྲིན་མོ་ཚོགས་པའི་ལྷག་བསམ་མི་དོ་ཁི། ང་ནི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་ཚོམ་འདུག། ང་རང་ཚོ་མི་ཕལ་པ་ལ་གང་དགོས་པ་ཁོ་རང་ཚོ་ལ་དགོས་འདུག དེ་བཞིན་འདོད་ཆགས་གཅིག་པ་ཞེ་སྡང་གཅིག་པ་གཏི་མུག་བཅས་འདྲ་འདུག། ད་ངས་ག་ལ་དད་པ་བྱེད་?

  8. བྲོ་འཚལ། says:
    2012-07-02 at 1:28 am

    ངོ་མ་དེང་སང་གི་དུས་འདིར་བོད་ནང་ནས་ཅི་ཞིག་བྱུང་ན་བསྟོད་ནས་གནམ་སའང་གོ་ལྡོག་པ་ལྟ་བུ་བྱེད་ཀྱི་འདུག་མོད།་་་གཅིག་བྱས་ན་བཟང་རྟགས་ཤིག་ཏུ་བརྩིས་འོས་ཀྱང་དེ་ནི་མིག་གཅིག་ཁོ་ནས་མཐོང་ཚུལ་ཞིག་རེད་སྙམ།་་་གང་ལ་ཟེར་ན་ང་ཚོ་བྱེས་འབྱོར་བོད་མི་ཁྲོད་ནའང་དེ་འདྲ་མེད་པ་ནི་ག་ནས་ཡིན།་་་དཔེར་ན་ཇན་དྷི་གར་གྱི་བོད་ཀྱི་ཊེ་རུ་ས་ཚེ་རིང་སྒྲོལ་དཀར་ལྟ་བུ་སོགས་མཐོང་དགོས་ངེས་ཀྱང་མི་མཐོང་བ་ནི་མིག་གཅིག་མ་གཏོགས་གཞན་དེ་ཞར་བའི་རྟགས་རེད།་་་་དེར་བརྟེན་བྱེས་འབྱོར་བླ་མ་ཁག་བཅིངས་འགྲོལ་མ་བཏང་བའི་སྔོན་ལ་རང་རང་སོ་སོའི་བསམ་བློ་དང་མིག་འདི་བཅིངས་འགྲོལ་བཏང་ནས་དེའི་རྗེས་ནས་བླ་མ་ལ་ག་རེ་བྱེད་མིན་དེ་བཤད་ན་ད་གཟོད་གནས་ལུགས་དང་གོ་རིམ་ལྡན་པ་ཞིག་རེད།་་་དེ་མ་གཏོགས་ཅིག་ཅིག་མུག་མུག་ཟེར་ནས་ག་ཚོད་བཤད་ཀྱང་དོན་དུ་མིག་ཅིག་ཞར་བའི་འོན་གཏམ་རང་རེད།་་་དེ་ལ་ཆ་འཇོག་དང་བརྩི་མཐོང་བྱེད་མཁན་དཀོན་པར་སེམས།

  9. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-07-02 at 1:43 am

    ངོ་མ་སྤྲུལ་སྐུ་དེ་ཚོའི་ལམ་ལུགས་བསྒྱུར་བ་གཏོང་རན་ཐག་ཆོད་འདུག། གལ་ཏེ་བོད་པ་རང་གིས་མ་གཏང་ཡང་རྒྱ་གུང་ཁྲན་གྱིས་གཏོང་ངེས་རེད། 

  10. བོད་འཁྱར་ says:
    2012-07-03 at 12:54 pm

    སྤྲུལ་སྐུ་མ་རེད་འཕྲུལ་སྐུ་རེད།།ཉོན་མོང་དུག་ལྔའི་སྣ་འདྲེན་རེད།།བསྟན་པ་བཤིག་པའི་ཕོ་ཉ་རེད།།བླུན་པོ་བསླུ་བའི་དེད་དཔོན་རེད།། ཡ་ཧ་ཧ་ཧ་ངོ་མ་དེང་དུས་ཀྱི་སྤྲུལ་སྐུ་དེ་ཚོ་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme