Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནས་འོས་བསྡུའི་སྒྲིག་གཞི་ལ་ཉེས་པ་ཕོག་པ།

Posted on 2016-08-082016-08-08 By ཁ་བརྡ་ 3 Comments on སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནས་འོས་བསྡུའི་སྒྲིག་གཞི་ལ་ཉེས་པ་ཕོག་པ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
འདི་ལོ་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་ཕྱོགས་གཏོགས་དང་འགོ་འདྲེན་ལ་སྐྱབས་བཅོལ་ནས་བཅའ་སྒྲིག་ལ་འགན་འཁུར་མ་ཐུབ་པར། བཙན་བྱོལ་སྤྱི་ཚོགས་ནང་ཁ་དམག་འགན་འཁུར་འོག་ནས་སྲིད་སྤྱིའི་འོས་བསྡུ་ཟིན་རྗེས་༧གོང་ས་མཆོག་ཐུགས་ཕམ་དང་ཆོས་སྐྱོང་དྲག་ཏུ་ཁྲོས་པ་སོགས་ལ་བརྟེན་ནས། གྲོས་ཚོགས་ནས་མ་འགྲིག་པ་དེ་འོས་བསྡུའི་སྒྲིག་གཞི་ལ་ངན་ཁག་གཡོགས་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་བཙུགས་ཏེ་མི་མང་གི་བསམ་ཤོག་འབུལ་སའི་ལམ་ཁ་བསྟན་འདུག་ན། ད་ལམ་རང་གི་བསམ་ཚུལ་གང་ཡོད་པ་དེ་འདིར་ཁ་བརྡ་དྲ་རྒྱའི་སྟེང་བཀོད་པ་ཡིན།

སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་ལབ་གླེང་ཉུང་བ་དང་གཞུང་གྲོན་ཆུང་བ་ཕྱོགས་གཏོགས་དང་འགོ་འདྲེན་ཚོར་གོ་སྐབས་མེད་པ་དང་མི་མང་ལ་བརྡབ་གསིག་ཉུང་བ། མང་གཙོ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མཐུན་པའི་ཆེད་སྲིད་སྤྱི་གཉིས་ལ་སྔོན་འགྲོ་དང་དངོས་གཞི་གཉིས་མི་དགོས་པར་འོས་བསྡུ་གཅིག་གི་གཏན་འཁེལ་དགོས་པ་དང་། ཚོགས་སྐྱིད་དང་མི་སྒེར་སོགས་ནས་འོས་དམིགས་འདོན་མ་དགོས་པར་ཆོས་ལུགས་ཆོལ་གསུམ་གྱི་སྐུ་ཚབ་ཡོད་པའི་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་(Electroel College) འཛུགས་དགོས་པ་དང་། ཚོགས་ཆུང་གི་ཚོགས་མིའི་ནང་ཆོས་ལུགས་རེ་ནས་སྐུ་ཚབ་མི་རེ་དང་ཆོལ་ཁ་རེ་ནས་སྐུ་ཚབ་མི་གཉིས་བཅས་མི་བཅུ་གཅིག་གི་ཚོགས་ཆུང་ནས་སྲིད་སྐྱོང་འོས་དམིགས་ལ་ཕོ་མོ་ཁྱད་མེད་མི་གསུམ་དང་ཆོས་ལུགས་རེར་འོས་དམིགས་མི་གསུམ་རེ་དང་། ཆོལ་ཁ་རེར་འོས་དམིགས་མི་སུམ་བཅུ་དང་དེའི་ནང་བུད་མེད་དྲུག་ངེས་པར་དགོས་པ་དང་།

གཉིས་པ། རང་ལོ་ 18དང་རང་ལོ་25 ། རང་ལོ་35དང་རང་ལོ་50བཅས་ཧྲིལ་པོ་ལོན་ཡོད་མེད་རང་ལུགས་དང་ཕྱི་ལུགས་གང་ལ་ཆ་བཞག་རུང་ལོ་དང་ཟླ་བ་ཉིན་མ་ཆུ་ཚོད་སྐར་ཆ་སོགས་བརྩི་དགོས་པའི་གསལ་ཁ་གཏོད་དགོས་པ་དང་།

གསུམ་པ། ཆོས་ལུགས་སྤྱི་འཐུས་ནང་གྲ་བཙུན་ལས་མི་སྐྱ་ཕོ་མོ་འགྲོ་མི་ཆོག་པ་བཟོ་དགོས་པ་དང་། ཆོལ་ཁའི་སྤྱི་འཐུས་ནང་མི་སྐྱ་ཕོ་མོ་ལས་གྲྭ་བཙུན་འགྲོ་མི་ཆོག་པ་བཟོ་དགོས་པ།

བཞི་པ། སྤྱི་འཐུས་གྲོས་ཚོགས་ལ་ཚོགས་གཙོ་རེས་མོས་བྱ་དགོས་ཡོད་ཚེ་བཅའ་སྒྲིག་ནང་གསལ་བཀོད་དགོས་པ་དང་།

ལྔ་པ། བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཡུལ་མིའི་རྒྱལ་ཁབ་(Republic) ཟེར་བའི་ཐ་སྙད་དེ་སྤྱི་འཐུས་སྐབས་བཅོ་ལྔ་ནས་ཡུལ་མིའི་སྲིད་སྐྱོང་ལ་བསྐྱར་བཅོས་གནང་འདུག་ན། ང་ཚོའི་བཅའ་ཁྲིམས་ནང་མ་འོངས་བོད་ཀྱི་མང་གཙོ་དེ་ཡུལ་མིའི་རྒྱལ་ཁབ་བྱ་རྒྱུ་གསལ་བ་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་གསལ་ཡོད་ན། མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་འགྱུར་བ་བཏང་བ་དེ། བཅའ་ཁྲིམས་དོན་ཚན་ལྔ་པ་བཅའ་ཁྲིམས་ཀྱི་ཚད་འཛིན་ཟེར་བའི་འབྲུ་དོན་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐེ་ཚོམ་ནང་ལྷག་འདུག
ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཐ་སྙད་དེ་རང་འཇགས་བསྐྱར་བཅོས་དགོས་པ་བཅས། བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་འཆར་ཕུལ་བ་འདིས་ཀྱང་མ་འོངས་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་འགོ་འདྲེན་དང་སྐབས་འཚོལ་ཕྱོགས་གཏོགས་ཀྱི་དྲི་ངན་རྒྱང་དུ་འདོར་ཐུབ་པའི་བསྔོ་བ་མང་ཙམ་བགྱིས་ཆོག

ཕྱི་ལོ་2016 ཕྱི་ཟླ་8 པའི་ཚེས་8 ལ་ཕུལ།

བསམ་ཚུལ།

Post navigation

Previous Post: མགར་ཆེན་རིན་པོ་ཆེས་སྒྲོལ་དཀར་ཀྱིས་ཁོང་རང་ལ་སྲོག་ཐེངས་བརྒྱད་བསྐྱབས་པ་བྱུང་ཡོད་གསུངས།
Next Post: ཤེས་བྱའི་ཆུ་གཏེར་ ༢༽ ཕྱོཌ་ལྡན་མདའ་རྟཌ་དང་འཕེན་གཟུགས།

Comments (3) on “སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནས་འོས་བསྡུའི་སྒྲིག་གཞི་ལ་ཉེས་པ་ཕོག་པ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-08-08 at 5:22 pm

    ད་ལམ་ཞེས་པར་ད་ལན་ཞེས་ད་ལྟའི་དུས་འདིར་ཞེས་པ་ལ་དྭགས་སྐད་དུ་བཀོལ་པ་ཆེས་དག་པར་མངོན།ལན་གཅིག ལན་གཉིས། ལན་གསུམ་མཁས་པས་བྲིས་པ་དག་ན་ཉི་ཟླ་ལྟར་གྲགས་སོ།

  2. ཨ་འབར་འཇིགས་དབང། says:
    2016-08-08 at 10:32 pm

    ༅༅། གཞུང་པ་ཚེ་དབང་བསོད་ནམས་ནས་སྲིད་སྤྱིའི་འོས་བསྡུའི་སྐོར་ལ་དགོངས་འཆར་གནང་བ་
    ཡག་པོ་བྲིས་གནང་འདུག་པ་ལེགས་སོ་ཞུ།
    ངས་ཀྱང་བསམ་འཆར་ཤོག་ལྷེ་གཉིས་ཕུལ་ཡིན། དོན་ཚན་གཉིས་འུ་གཉིས་འདྲ་བོ་བྱུང་འདུག་
    ཚོགས་སྐྱིད་ཁག་ནས་འོས་མིང་འདོན་རྒྱུ་དེ་དངོས་གནས་ཡག་པོ་མི་འདུག་
    འདི་སྔོན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་རྙོག་ཁྲ་སྐྱོན་བརྗོད་ག་འདྲ་བྱུང་སོང།

  3. ཨ་འབར་འཇིགས་དབང། says:
    2016-08-12 at 11:14 pm

    ༅༅། རླུང་ཐོག་ཞེས་པར་སྒྲིག་གཞི་སུས་བཟོ་གི་ཡོད་པ་དང། ལག་ལེན་སུས་བསྟར་གྱི་ཡོད་སྐོར་གང་ཡང་
    ཤེས་ཀྱི་མེད་པ་འདྲ། སྒྲིག་གཞི་བཟོ་མཁན་བོད་མི་མང་སྤྱི་འཐུས་རེད། ལག་ལེན་བསྟར་མཁན་ཡང་
    སྤྱི་འཐུས་་་བཀའ་ཤག་གཙོས་མགོ་མང་ཚང་པས་ལག་ལེན་བསྟར་དགོས་པ་ལས་ཚན་པ་གཅིག་དང་
    ཡང་སྡེ་ཚན་གཅིག་རྕ་བ་ནས་མ་རེད།
    ཁྱོད་ཡང་ལྟ་བ་ངན་པ་འཁྱེར་མཁན་གྱི་གྲས་རེད་ཤག་
    ལྟ་ངན་སྤྱོད་ངན་ཀླད་སྟོང་གསུམ།
    རིག་གནས་དྲི་མེད་ལྐུགས་སྟོང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme