Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྤྱིའི་འོས་བསྡུ་དང་སྐབས་ཚོལ་ཚོའི་རྨི་ལམ།

Posted on 2025-10-23 By ཁ་བརྡ་ No Comments on སྲིད་སྤྱིའི་འོས་བསྡུ་དང་སྐབས་ཚོལ་ཚོའི་རྨི་ལམ།

གཞུང་པ་ཚེ་དབང་བསོད་ནམས།

རྗེས་ལོ་ ༢༠༢༦ ལོའི་ནང་སྲིད་སྐྱོང་སྐབས་བཞི་པ་དང་། སྤྱི་འཐུས་སྐབས་བཅོ་བརྒྱད་ཀྱིས་སྔོན་འགྲོའི་འོས་བསྡུ་དེ་སྤྱི་ཟླ་གཉིས་པའི་ཚེས་གཅིག་དང་། དངོས་གཞིའི་འོས་བསྡུ་དེ་སྤྱི་ཟླ་བཞི་པའི་ཚེས་ཉི་ཤུ་རྩ་དྲུག་ཉིན་གནང་རྒྱུའི་གསལ་བསྒྲགས་དབུས་འོས་བསྡུ་ལས་ཁང་ནས་ཉེ་ལམ་སྤྱི་ཟླ་བཅུ་པའི་ཚེས་བདུན་ཉིན་གནང་བ་ནས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མང་གཙོ་དང་རང་དབང་ཁ་དང་ལྕེ་ལ་སྦྱར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ངོ་མ་ཤེས་པའི་བྱ་སྤྱོད་སྤེལ་མཁན་གྱིས་སྐབས་ཚོལ་རིང་ལུགས་པ་ཚོར་རྨི་ལམ་སྐྱིད་པོ་གཏོང་བཞིན་པ་ནས་སྲིད་སྐྱོང་གི་འོས་དམིགས་ལ་བུད་མེད་ལྔ་དྲུག་གི་མིང་ངོ་དེབ་སོགས་ཌ་རྒྱའི་ནང་སྤེལ་བཞིན་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་འོས་བསྡུའི་ལས་རིམ་ལ་བར་ཆད་གཏོང་འདོད་པ་མ་རེད་དམ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་ལ་ང་ལངས་ཀྱི་ཡིན་ཁོ་ལངས་ཀྱི་ཡིན་ཟེར་མཁན་མང་པོ་འདུག་ལ་ཕྱོགས་གཏོགས་དང་སྐབས་ཚོལ་ལ་འགན་འཁུར་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱིས་འོས་དམིགས་འདོན་མཁན་ཡང་མང་པོ་འདུག་པ་དེ་དག་ནི་མང་གཙོ་དང་རང་དབང་ཁ་ལྕེར་བཟུང་ནས་བཅའ་སྒྲིག་ལ་འགན་འཁུར་མ་ཐུབ་པ་དབྱིན་སྐད་ནང་། ༼ Barking Dog and Hovering Vulture ༽ ཟེར་བ་དེ་མ་རེད་དམ། མང་གཙོ་དང་སྒྲིག་འཛུགས། ཁྲིམས་དང་སྒྲིག་གཞི། ལམ་དང་ལུགས་སྲོལ། ཡ་རབས་དང་བཟང་སྤྱོད། ཚེ་འདི་དང་ཕྱི་མ། ལས་རྒྱུ་དང་འབྲས་བུ། ཁྲེལ་ངོ་ཚ། སོགས་གང་ལའང་བརྩི་མི་དགོས་པའི་སྨད་བུད་གོང་ཆད་ཁ་ཕྱོགས་དང་ལངས་ཕྱོགས་ཀྱི་ལྟ་གྲུབ་གང་ཡང་མེད་པའི་དྲ་འབུ་སྐབས་ཚོལ་རིང་ལུགས་ཚོར་རྨི་ལམ་སྐྱིད་པོ་གཏོང་བཞིན་པ་ནི་འོས་འཕེན་རྒྱ་ཆེ་མང་ཚོགས་བགད་མོ་ཤོར་བའི་རྒྱུ་ལས་མ་འདས་། ༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་མང་གཙོའི་ལམ་ལུགས་བཟང་པོ་སྤྱི་ལོ་ ༡༩༦༠ ཐམ་པའི་སྤྱི་ཟླ་དགུ་པའི་ཚེས་གཉིས་ཉིན་གནང་བའི་བརྒྱུད་རིམ་ནས་རྒྱལ་སྤྱིའི་ཆབ་སྲིད་འཕེལ་རིམ་ལ་འགན་འཁུར་ནས་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་སྤྱི་འཐུས་སྐབས་བཅུ་གཅིག་ནས་བར་བརྒལ་གྱི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་འབེབས་གནང་ནས་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་༧ གོང་ས་མཆོག་གི་ཆོག་མཆན་མཚན་རྟགས་ཕེབས་པ་ནས་དངོས་སུ་ཁྲིམས་ཡིག་ཏུ་གཏན་འབེབས་གནང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པའི་སྐལ་བཟང་དུས་བཟང་གི་སྐབས་སུ་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་གཉིས་ཀྱི་ལས་དུས་སུ་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་འོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་འཇུག་འབྲས་སྤྱི་འཐུས་སྐབས་བཅུ་བདུན་པ་ལས་འཁུར་དམ་འབུལ་མ་གནང་ནས་༧ གོང་ས་མཆོག་ལ་མཛད་དཀའ་བཟོས་པ་དང་། གྲོས་ཚོགས་ཀྱི་ལས་རིམ་འཇུག་སྐྱོང་མ་ཐུབ་པ་དང་། སྤྱི་འཐུས་རྒྱུན་ལས་མེད་པར་ཚོགས་དྲུང་དང་ལས་བྱེད་ཙམ་ལ་ཐུག་པ་དང་། བཙན་བྱོལ་བོད་མི་ནང་ཁུལ་ལ་ང་ཚོ་དང་ཁོ་ཚོ་ཟེར་བའི་ཉམས་པ་སླར་གསོ་འམ་ངན་པ་སླར་གསོ་ཟེར་བ་དང་། ཞི་བའི་མི་མང་ལས་འགུལ་ཁང་ཟེར་བ་སོགས་འདས་པའི་མི་ལོ་དྲུག་ཅུ་ལྷག་ཙམ་ནང་ང་ཚོའི་གོ་མ་མྱོང་བ་དང་མཐོང་མ་མྱོང་བའི་སྒྲིག་འཛུགས་གསར་འཛུགས་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་བཏང་ནས་དགྲ་དགའ་གཉེན་སྡུག་གི་ལས་འགུལ་སྤེལ་མཁན་ཡང་འདུག་པ་འདི་དག་གི་འབྱུང་རྩ་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་བཀའ་སྤྱི་གཉིས་ཀྱིས་ལས་དུས་སུ་བྱུང་བའི་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེའི་འཇུག་འབྲས་ཡིན་པ་ནས་རྗེས་ལོ་ ༢༠༢༦ ལོར་སྲིད་སྐྱོང་སྐབས་བཞི་པ་དང་། སྤྱི་འཐུས་སྐབས་བཅོ་བརྒྱད་ཀྱི་འོས་བསྡུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་བཅའ་སྒྲིག་གཉིས་ཀྱི་ལམ་སྟོན་འོག་སོ་སོའི་མང་གཙོའི་ཐོབ་ཐང་གི་འོས་ཤོག་དེ་སྐབས་ཚོལ་རིང་ལུགས་དང་། ཕྱོགས་གཏོགས་ཆབ་སྲིད། ལུང་ཚན་ཤོག་སྒྲིལ། གྲལ་རིམ་དམངས་གཙོ་སོགས་ཀྱི་བསླུ་ཁྲིད་འོག་དུས་ནམ་ཡང་མ་ཚུད་པའི་རང་འགན་རང་གི་ཁྱེར་ནས་སྲིད་སྤྱིའི་འོས་ཤོག་འཕེན་དགོས་པའི་འབོད་བསྐུལ་ཞུ་འདོད་བྱུང་།

བསམ་ཚུལ།

Post navigation

Previous Post: དབྱངས་གསལ་བར་གྱི་སྒྲུང་ཐུང་།
Next Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། དགུ་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme