Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ཨེ།

Posted on 2020-08-31 By ཁ་བརྡ 12 Comments on སྲིད་སྐྱོང་ཨེ།

ཁ་བའི་སྒྲོལ་མ་དཀར་མོ།
 
ཡང་སྲིད་སྐྱོང་གི་འོས་བསྡུ་དང་འབྲེལ་བའི་འུར་སྒྲ་ཞིག་གང་སར་གྲགས་ཀྱིན་འདུག རྒྱབ་སྐྱོར་བ་ཟེར་བའི་གླེན་པའི་ཤོག་ཁག་རེའང་དྲ་ལམ་དུ་མཐོང་རྒྱུ་འདུག དེ་ལས་ཀྱང་དགོད་བྲོ་བ་ནི། སྲིད་སྐྱོང་གི་འོས་གཞི་སྨྱོན་པ་ཚོ་རེད། ཡིན་ནའང་། ད་ལོའི་སྲིད་སྐྱོང་འོས་བསྡུ་ལ་སྐབས་སྔ་མ་བཞིན་གྱི་འུར་སྒྲ་ཡོང་མི་སྲིད། རྒྱུ་མཚན་ཧ་ཅང་སླ་སྟེ། ད་ལོའི་འོས་གཞིའི་ནང་སྤེན་སེང་ལྟ་བུའི་འདྲ་མཉམ་གྱི་འོས་མི་གདོང་ཐུག་བྱུང་མེད་པས། ཆོལ་འཁྲུག་རང་བཞིན་གྱི་འུར་སྒྲ་མེད་ཐག་ཆོད་རེད། ཡོད་ཀྱང་ཞེད་སྣང་དགོས་ལེ་མ་རེད།

སྤྱི་ཚོགས་ཞེས་པ་ནི། ནམ་ནམ་ཞར་ཞར་ལ་རྨོངས་རྟུལ་ཚོས་དཀྲུག་ནས་ཡོད་པའི་ཁྱི་ལྟོ་ཞིག་ཡིན་པ་རེད། དཀྲུག་སྟངས་ནི་སྙིང་རྗེ་བ་ལ་ཚད་ཅིག་མེད་དེ། ང་ཡི་བ་དང་ང་ཡི་བ་ཚོ་ལ་དགར་ནས་དཀྲུག་གིན་ཡོད། ང་ཡི་དང་ང་ཡི་བ་ཚོའི་ཁེ་ཕན་ཁོ་ན་དར་ཆ་རུ་ཕྱར་ནས་དཀར་པོ་དང་ནག་པོར་དབྱེ་ཞིང་། ཕན་ཚུན་འཛིང་ནས་གཅིག་ཕམ་གཅིག་རྒྱལ་བྱེད་ཀྱིན་ཡོད། བྱེ་བྲག་གི་ཡན་ལག་ལ་བབས་ནས་རྒྱུད་ཀྱིས་བསྡུས་པ་ཤ་མདོག་དང་མིག་མདོག  སྐྲ་མདོག་དང་གདོང་དབྱིབས། མཚན་མ་བཅས་ཀྱི་རིགས་དགར་ནས་མྱི་དཀར་དང་མྱི་ནག མིག་ལྗང་དང་མིག་ནག མགོ་སེར་དང་མགོ་ནག ཕོ་དང་མོ་བཅས་ཀྱི་དབྱེ་བ་དགར་ནས་ཕྱོགས་སུ་འཛིན་པ་དང་། དད་མོས་ཀྱི་ཆ་ནས་ཆོས་ལུགས་དང་ཆབ་སྲིད་སོགས་ཀྱི་སྡེ་ཚན་དགར་ནས་དཀྲུག་པ། ནང་པ་དང་ཁ་ཆེ། ཡེ་ཤུ་སོགས་སུ་དགར་བ་དང་། གནས་ཡུལ་གྱི་ཆ་ནས་གླིང་ཕྲན་དང་རྒྱལ་ཁབ། མངའ་སྡེ་དང་སྡེ་བ། རུ་སྐོར་བཅས་སུ་དགར་ནས་དཀྲུག་པའི་ལུགས་སྲོལ་ཡོད། ལུགས་སྲོལ་འདི་འཛམ་གླིང་སྤྱི་ལ་ཁྱབ་པ་ཞིག་ལས་བོད་ཁོ་ན་མིན་པས། ངོ་མཚར་མེད་ལ། ཁྱི་ལྟོ་ཆེན་པོ་འདི་མ་དཀྲུག་ན་སྦག་འགྲོ་བ་ཡིན། སྦག་ཚར་དུས་མ་དཀྲུག་ན་འཐུང་མི་རུང་བའང་ཁྱི་ལྟོའི་རང་བཞིན་ཡིན། དེའི་ཕྱིར་དཀྲུག་དགོས་པ་ཡིན། དཀྲུག་མཁན་ལ་ཁྱད་པར་ཡོད་པ་ཡིན། ཁྱི་རྒན་ཁ་ཤས་ལས་དཀྲུག་མཁན་མེད་ན་རྒྱ་ནག་ལྟར་ནམ་མཁའ་དང་ས་གཞི་ཡོད་ཚད་ལ་ཁྱི་རྒན་གཅིག་གི་སྤར་མཐིལ་གྱི་ཁ་ཞེང་ལས་མེད་པར་འགྱུར། དེའི་ཕྱིར། ཁྱི་ལྟོ་ནི་ཁྱི་ཡོད་ཚད་ལ་དབང་ཞིང་ཁྱི་ཐམས་ཅད་ཀྱིས་དཀྲུག་འོས་པ་ཡིན། མང་གཙོ་ཞེས་པའི་གོ་དོན་ལའང་འདི་ལས་མེད།

དྲང་མོར་ཞུས་ན། བཙན་བྱོལ་སྤྱི་ཚོགས་ནི་རྟོགས་སད་ཀྱི་སྤྱི་ཚོགས་ཤིག་ཡིན་ལ་ལང་ཤོར་གྱི་སྤྱི་ཚོགས་ཤིག་ཀྱང་ཡིན། རྟོགས་སད་ཡིན་པའི་ཆ་ནས་མཁས་ཚད་ཀྱིས་དབང་བསྒྱུར་ནུས་པ་ཡིན། དཔེར་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་རིལ་རིལ་བཟོས་ནས་ཟ་གྲབས་ཤིག་བྱས་པ་དེ་མཁས་ཚད་ཀྱིས་དབང་དུ་བསྡུས་པ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་ཤར་ཕྱོགས་ཀྱི་རིག་གནས་དང་ནུབ་ཕྱོགས་ཀྱི་རིག་གནས་གང་གི་ཐད་ནས་ཀྱང་ཁོ་ལ་དམའ་འབེབ་ཐུབ་མཁན་མེད་པས། སྤྱི་ཚོགས་ཀྱི་ཆེས་མཐོ་བའི་སྤྲིན་རུམ་ནས་ཁོང་གིས་དབུ་གཡོན་ནས་བཞུགས་བསྡད་པ་རེད། ཀླུ་མཁར་བྱམས་སོགས་ཁ་ཤས་ཀྱིས་ཁོལ་མོ་བརྒྱབ་ནའང་བ་སྤུ་གཅིག་ཀྱང་སྒུལ་མ་ནུས་པ་རེད།

བློ་བཟང་སེང་གེ་ལ་དཀའ་ངལ་ཅུང་འཕྲད་པའང་མཐར་ཐུག་ན་ཤར་ཕྱོགས་རིག་གནས་ལ་རྒྱུས་མེད་པས།  གཏམ་གྱི་མགོ་མཇུག་ལ་རིགས་པས་མཐུད་རྒྱག་མ་ཐུབ་་པར་ལབ་རྒྱག་གི  གཤོབ་གཏམ་གི་སོགས་ཀྱི་ཐ་སྙད་དག་མགོ་ལ་ལྗིད་ཀྱིས་འཁོར་བ་རེད། དེ་མིན་མཁས་དབང་ཟམ་གདོང་ཚང་གིས་ཀྱང་ལབ་རྨ་ཆེན་གངས་རི་འདྲ་བོ་དང་གཤོབ་ཁྲི་ཤོར་རྒྱལ་མོ་ལྟ་བུ་གཏམ་་ནས་ཡོང་ན་ཡིན། ང་ཚོའི་སྤྱི་ཚོགས་ནང་དུ་རྟོགས་སད་པ་མང་བས། ཁྱོད་ཀྱིས་གླེན་བཤད་ཕྲན་བུ་རེ་ཤོར་ཡང་རིགས་པའི་རྗེས་འདེད་པ་ཡོད་ལ། ཟུར་ཟ་བའང་ཡོད། ཡིན་ནའང་། འུ་ཚང་ལ་རི་མཐོ་རྫ་བརྗིད་ཀྱི་ནོར་ནག་དང་འདམ་གཞུང་ཙད་དཀྱིལ་གྱི་མ་ཧེ་མང་བས་གོ་མེད་ལང་ཤོར་བའང་ཧ་ཅང་མང་། དེའི་རྐྱེན་གྱིས་ས་ལམ་མངོན་རྟོགས་ཅན་གྱི་བླ་མ་དང་ལག་འཁྱེར་ཐོབ་རྟགས་ཅན་གྱི་དཔོན་པོ་བྱོན་ཡང་། ཕྱོགས་གཅིག་ལ་སྒྲིལ་བར་དཀའ་ངལ་འཕྲད་ཀྱིན་ཡོད། ང་ཚོ་ཁྲིམས་ཀྱིས་དབང་བསྒྱུར་ཡིན་ཞེས་མ་ཎི་འདོན་འདོན་བྱས་རུང་ཁྲིམས་ཁང་མེད་པས་གོ་མེད་དག་ལ་མཚོན་ན་དེ་ནི་ཆུ་ནང་ལ་རྟུག་དྲི་བཏང་བ་དང་གཅིག་པར་གྱུར་པ་རེད། མདོར་ན། ང་ཚོ་ལང་ཤོར་གྱི་སྤྱི་ཚོགས་ཤིག་ཡིན་པའང་ཁྲིམས་ཁང་མེད་པ་འདི་དང་འབྲེལ་ནས་ཡོད།

དེའི་ཕྱིར། ད་ལོའི་སྲིད་སྐྱོང་ལ་དགེ་བཤེས་ལྷག་རྡོར་དང་། ངག་དབང་བསམ་གཏན། ཐུབ་བསྟན་སྦྱིན་པ་ལྟ་བུ་ཞིག་ལངས་ན་ཅི་མ་རུང་སྙམ་མོད། ཕལ་ཆེར་མ་ལངས་པ་འདྲ་བས། ད་ཡང་རྒད་པོ་ཞིག་གི་གླེན་རྟགས་དང་ཨུ་ཚུགས་ལ་ལྟད་མོ་ལྟ་དགོས་བྱུང་བ་རེད། ལྟད་མོར་ལྟ་ན་ལྟ་ཡག་ཅིག་བྱས་ན་ཡག་པས། ད་ནི་སྤེན་ཚེ་ལ་འོས་བླུགས་ན་ང་ཚོར་ལྟད་མོ་ཡོད་རེད། ལྟད་མོ་ག་རེ་བྱས་ནས་ཡོད་རེད་ཟེར་ན། ཁོས་བློ་སེང་གི་འཇོན་རྟགས་ལས་ཡན་ཞིག་གམ་ཡང་ན་འདྲ་འདྲ་ཞིག་འདོན་པར་མགོ་རྐང་ལག་ལྔ་བོས་ས་འབྲད་ངེས་ལ། དེ་འདྲ་ཞིག་མ་བྱུང་ན་ཕལ་ཆེར་སྲིད་སྐྱོང་ལས་ཀྱང་ཐད་ཀར་གནས་དབྱུང་འབྱུང་སྲིད་པས། དེ་དུས་ཀྱི་ལྟད་མོ་ནི་ཁ་མཆུ་ཨང་ཉེར་གཅིག་པ་ལས་ལྡབ་ཁ་ཤས་ཀྱིས་ཆེ་བའི་ལྟད་མོ་ཡིན། དྲང་མོར་ཞུས་ན། ད་ལྟའི་མི་རབས་གསར་བའི་ནང་དུ་སྤེན་སེང་གཉིས་ལས་འཇོན་པའི་མི་སྣ་འཁྲུངས་མི་འདུག་པས་ཁོ་གཉིས་རེས་མོས་ཀྱིས་སྲིད་སྐྱོང་ལ་བསྡད་ན་དེ་ནི་འོས་པ་ཞིག་ཀྱང་རེད་སྙམ།

ད་ལོའི་སྲིད་སྐྱོང་འོས་མི་ཚོའི་ནང་དུ་སྤེན་ཚེ་ལས་གཞན་དུ་འབྲོང་ཆུང་ལགས་རེད། ཁོང་ནི་མི་གཟབ་ནན་དང་བརྟན་པོ། བློ་ཁོག་ཅན་ཞིག་ཏན་ཏན་ཡིན་ཚོད་འདུག་ལ། ཡིན་ཡང་སྲིད་མོད་སྤེན་ཚེ་ལས་འཇོན་པ་མིན་ཚོད་ན། སྤེན་ཚེ་ལགས་སུ་འོས་བླུགས་ན་ཁོ་ལ་འབྲོང་ཆུང་ལས་གནོད་ཤུགས་ཆེ་ལ། འགན་ཁུར་ཡང་ཆེ་བས་དེ་བསྟུན་གྱི་འབད་པ་དང་ལེགས་འགྲུབ་དགོས་པས། ཁོ་ལ་འོས་ཐོབ་རྒྱུ་ནི་གནད་འགག་ཅིག་རེད། ང་ཚོས་ལོ་རེ་ནས་ལོ་རེ་བཞིན་བློ་སེང་དང་མཚུངས་བསྡུར་གྱིས་ཁོ་བཙིར་ཆོག་ལ་འདེད་ཀྱང་འོས་པས། ད་ལོར་མ་བླུགས་ཐབས་མེད་ཀྱི་མི་དེ་སྤེན་ཚེ་དང་ངེས་པར་ཐོབ་དགོས་པའང་སྤེན་ཚེ་ལགས་རེད།

རྒྱ་སྒྲོལ་ནི་ཆབ་སྲིད་པ་རྒན་པ་རེད་དེ། ཕྱོགས་སྣ་གང་ནས་བསྡུར་ཡང་མོའི་འཇོན་ཐང་སྤེན་ཚེ་ལས་བརྒལ་མི་འདུག  མོས་བཤད་ན། མོ་ཚོགས་གཙོར་ཐོབ་ཀྱང་བོད་ཡིག་ཡག་པོ་མི་ཤེས་རྐྱེན་ཚོགས་གཙོར་མི་འཇོན་པས་མ་བསྡད་ཟེར། ཆབ་སྲིད་པ་དེ་དག་གིས་ཚིག་རེ་རེ་བཞིན་དགོས་མེད་དུ་མངགས་མེད་ཚོད་ན། དེས་མི་མང་གི་སེམས་ངོར་བུད་མེད་དྲང་མོ་ཞིག་གི་སྣང་བརྙན་བསྐྲུན་རྒྱུ་དང་། ཡང་ན་བློ་སེང་ལ་ཟུར་ཟ་བྱེད་ཀྱི་ཡོད་མེད་ཅི་ཆའང་ཚོགས་གཙོར་འདུག་པའི་འཇོན་ཐང་མེད་ན་སྲིད་སྐྱོང་ལ་བཞེངས་པའི་འཇོན་ཐང་དེ་ལས་ཀྱང་ཡོད་མི་སྲིད།

བློ་བཟང་སྙན་གྲགས་ལ་མཚོན་ན། ལས་གནས་གལ་ཆེན་མང་པོར་བསྡད་མྱོང་མཁན་ཞིག་རེད་དེ། དེ་མཚུངས་ཀྱི་ཤེས་རྒྱ་མེད་པ་ཁོའི་བསྒྲགས་གཏམ་ལས་མངོན་སོང་། ཁོས་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་བྱེད་རྒྱུ་ཡིན་ཟེར། འཆམ་མཐུན་ཞེས་པའི་ཐ་སྙད་འདི་བོད་ཀྱི་བསླབ་བྱ་དང་རྩོམ་རིག་སྡེ་ཚན་ནང་དུ་བཀོལ་ཡང་འོས་མོད། ཧུའུ་ཅིན་ཐོ་ནས་བཟུང་རྒྱ་སྐད་དུ་གྱུར་བ་རེད། དཔེར་ན། བློ་མཐུན་ཅིག་ཅིག་དང་། ཅིག་ཅིག་ཁྲི་ལོར་ཤོག་ཟེར་བ་དང་འདྲ་བར་བོད་ཚིག་གི་རྒྱ་སྐད་དམ་རྒྱ་དམར་གྱི་བཤད་སྟངས་ཤིག་རེད། དེ་ལ་བོད་སྐད་དུ་མཐུན་སྒྲིལ་དང་ཆིག་སྒྲིལ་སོགས་ལས་འཆམ་མཐུན་སྦྱར་ན་རྒྱ་གཤིས་ཐོན་པ་ཡིན། ཟམ་གདོང་བླ་མའི་དགོངས་པ་བློ་བཟང་སེང་གེའི་རིག་པའི་གཞུང་ལུགས་ཟེར་བ་ལྟ་བུ་དང་། བཅིངས་གྲོལ། སྒོ་འབྱེད། འདི་དག་ཆབ་སྲིད་ཀྱི་ནང་དུ་བཀོལ་ན་དགོད་ཤོར་བའི་རིགས་ཡིན། འོས་མི་ཡིན་ཟེར་བ་གཞན་དག་ལ་བཀྲ་ཤིས་བདེ་ལེགས་ལས་ཞུ་རྒྱུ་མེད་ལ། སྔོན་འགྲོ་ཚར་བ་དང་བཀྲ་ཤིས་བདེ་ལེགས་ཡིན་པའང་སྨྲ་མ་དགོས་སོ། །

༢༠༢༠ ། ༠༨ ། ༢༩ ལ།

བསམ་ཚུལ།

Post navigation

Previous Post: འཐེན་ཐུག
Next Post: ༢༠༢༡ ལོའི་བོད་ཀྱི་སྲིད་སྐྱོང་མངའ་གསོལ།

Comments (12) on “སྲིད་སྐྱོང་ཨེ།”

  1. ཁ་བའི་རྣམ་ཤེས། says:
    2020-08-31 at 4:33 pm

    ༼༡༽ཁྱེད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན།ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།འོན་ཀྱང་རང་ཉིད་ཀྱི་བསམ་ཚུལ་ཕྲན་ཙམ་ཞིག་ཞུ་འདོད་བྱུང་།
    མི་ལས་བལྟས་ན་འཇིག་རྟེན་པ་སྨྱོས་འཇིག་རྟེན་པས་བལྟས་ན་མི་ལ་སྨྱོས།ཁྱེད་ཀྱིས་བལྟས་ན་སྲིད་སྐྱོང་འོས་གཞི་ཚང་མ་སྨྱོན་པ་ཞིག་ཏུ་མཐོང་འདུག འདི་ནི་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བ་ལྟར་ཁྱེད་ཀྱི་མཐོང་ཚུལ་ཞིག་རེད།འགྲོ་བ་མིའི་སྤྱི་ཚོགས་འཕེལ་རིམ་གྱི་ནང་དུ་དབང་སྒྱུར་བ་པོ་ཞིག་ངེས་པར་དུ་བྱུང་ཡོད།དེ་ཡང་རྒྱལ་པོའི་ལམ་ལུགས་དང་།མང་གཙོའི་ལམ་ལུགས།དམར་ཤོག་ལམ་ལུགས༼གཅིག་སྡུད་ལམ་ལུགས༽སོགས་བྱུང་ཡོད་རེད།དེ་དག་གི་ནང་ནས་མང་གཙོའི་ལམ་ལུགས་ནི་ཆེས་དྲང་བདེན་དང་ཆེས་ཡར་ཐོན་ཅན་གྱི་ལྟ་གྲུབ་ཅིག་རེད།ཅི་ཞེ་ན།འགོ་འཁྲིད་འདེམས་པའི་དབང་ཚད་མི་མང་གི་ལག་ཏུ་ཡོད་པས་ན་འདི་ཁྱི་ལྟོ་ལྟ་བུ་ག་ལ་ཡིན།འོན་ཀྱང་གཅིག་སྡུད་ལམ་ལུགས་འདི་ཁྱི་ལྟོ་ལྟ་བུ་ཞིག་ལ་བརྩིས་ན་མ་འགྲིགས་པ་མེད།གང་ཡིན་ཞེ་ན།འདི་ནི་ཁྱི་ལྟོ་ཞིམ་ཚད་དང་དངར་ཚད་ཁྱི་དཔོན་ལ་བདག་དབང་ཡོད་པའི་རྐྱེན་གྱིས་རེད།
    མང་གཙོ་ནི།མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་༼by the people,of the people,for the people༽ཞིག་ཡིན་པས།འདི་ལ་དམའ་འབེབས་བྱས་ན་འདི་ལས་ལྷག་པའི་ཆབ་སྲིད་ཀྱི་ལྟ་གྲུབ་གསར་པ་ཞིག་འཚོལ་དགོས།དེ་ནི་རྙེད་དཀའ་བའི་ལས་འགན་ཞིག་རེད་སྙམ།
    ༼༢༽རླབས་ཆེན་གྱི་དགོངས་གཞི་ལས་བྱུང་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོ་འདི་ཡར་རྒྱས་དང་སྲ་བརྟན།ནུས་པ་གོང་འཕེལ་དུ་གཏོང་ཐུབ་པའི་སྲིད་སྐྱོང་ཞིག་དགོས་ངེས་པར་དུ་འདེམས་དགོས།མེ་སྟག་ཆུང་ཡང་ཙྭ་ཕུང་སྲེག་ཅེས་པའི་དཔེ་ལྟར།ནམ་ཞིག་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཆོག་ལ།འདི་ཡང་འགྲུབ་རྒྱུ་མེད་པའི་རེ་བ་སྐམ་པོ་ཞིག་མ་རེད་སྙམ།

  2. བསོད་ནམས་སྟོབས་རྒྱལ says:
    2020-08-31 at 7:47 pm

    སྲིད་སྐྱོང་ཨེ། ཞེས་པའི་རྩོམ་པ་པོ་ཁ་བའི་སྒྲོལ་མ་དཀར་མོ་དང་དེ་མིན་རྩོམ་པ་པོ་མགར་ཆོས་གྲགས་སོགས་མང་པོ་ཞིག་བོད་ཡིག་ཏུ་བྱང་པའི་རྩོམ་རིང་མོ་བྲི་ཐུབ་པ་གང་ལེགས་ཀྱང་དགོངས་ཚུལ་ཆུང་བའི་ཡིད་མི་བདེ། ཡང་མང་པོ་ཞིག་ནས་བོད་སྐད་རྒྱབ། བོད་ཡིག་བྲི་ཀློག་བྱས། བོད་པའི་ཕ་མ་གཉིས་ལས་གཞི་བྱེས་གང་རུང་དུ་སྐྱེས་ནས་བོད་པའི་སྤྱི་ཚོགས་ནང་འཚོ་བཞིན་ཀྱང་རྩོམ་ནང་སོ་སོའི་གནས་ཡུལ་སྤྱི་ཚོགས་ལས་ལོགས་སུ་ཡོད་པ་ལྟ་བུའི་བསམ་བཤད་ཞུ་བ་གང་གིས་ཕྱིར།

    སྲིད་སྐྱོང་ཨེ་ཞེས་བ་ཀློག་སྐབས་གང་མཚམས་ཞིག་ནང་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་ལྟ་བུ་དང་དེ་རྗེས་བློ་སེང་ལ་སེམས་གསོ་ཡིན་གནས་ཀྱིས་རྗེས་དེར་སྤེན་ཚེ་ལ་འོས་བླུགས་ནས་ང་ཚོ་ལྟད་མོ་ཞིག་ལྟ་དགོས་སོགས་ཀློག་པའི་མཚམས་འདིར་ངསསསསསསས་ཡའའའའའའ་འདི་ན་གཡོ་རྒྱུ་ཞིག་འདུག་བསམ་པའི་རྣམ་རྟོག་ལྟར་མུ་འཐུད་ཀློག་སྐབས་ད་ག་རང་འདུག། ཁྱེད་སྤེན་པ་ཚེ་རིང་ལ་དད་མོས་གཙང་མ་ཞུ་མཁན་ཡིན་ན་སློབ་དཔོན་བྱི་ལའི་བྱི་བ་ཟ་རྒྱུའི་གཡོ་རྒྱུ་དེ་བསྟན་དགོས་དོན་ཅི་ཡོད། ང་ཚོ་དབུ་འཁྲིད་བཟང་པོས་བསྐྱངས་པའི་དམངས་གཙོའི་ལམ་ནང་སོ་སོས་འདོད་མོས་སྨྲ་དབང་དངོས་སུ་བེད་སྤྱད་ཆོག་ལ་ཁྱེད་ནས་སྤྱོད་ཀྱང་འདུག་ག ཡང་ཁྱེད་ཀྱི་རྩོམ་སྲིད་སྐྱོང་ཨེ་ཞེས་པ་འདིའི་གོང་རྩམ་དུ་སྲིད་སྐྱོང་ཨེ། མཇུག་སྐྱོང་ཨེ། ཤེས་པའི་རྩོམ་ཞིག་མགར་ཆོས་གྲགས་ཅན་གྱི་མིང་ཐོག་ནས་བྲིས་འདུག རྩོམ་གྱི་མགོ་བརྗོད་ཚིགས་དང་དཔེ་ཅན་གྱི་ཡུལ་མཚུངས་རིམ་ལ་བསམ་ན་རྩོམ་པོ་གཅིག་ལ་མིང་གི་ངོ་བོ་ཁ་ཁག་བྱས། གང་ལྟར་ཡང་རྩོམ་དེའི་ནང་དུ། ཟམ་གདོང་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དཀྲུགས་མ་མྱོང་བ། ཞེས་གལ་གནད་ཆེན་པོར་རྩིས་ནས་བློ་སེང་ལ་སྨད་པའི་ཆེད་བཀོད་འདུག་ ཡིན་ཀྱང་ཁྱེད་ཀྱི་དད་མོས་ཞུ་བའི་སྤེན་ཚེས་ཐུགས་དགོངས་དཀྲུགས་པ་གོ་མེད་ཚོད་ལ་གོ་ངེས་ཀྱང་ཐུགས་དགོངས་དེ་ཁ་ཁག་ཡིན་སྲིད། ཐུགས་དགོངས་དེ་དྭག་པོ་དང་ལི་ཐང་། ཙོང་ཁའི་ཡུལ་སོགས་རྣམ་སྤྲུལ་བཞེས་པའི་ཆོལ་གསུམ་གྱི་ལྷ་སྐལ་ཁོང་གི་ཐུགས་དགོངས་དང་སྤེན་ཚེ་ནི་ཁྱེད་རེར་གཅེས་པ་དེ་ཡིན་པས། ང་ནི་སྤེན་ཚེ་ལ་འོས་བླུགས་རྒྱུ་ཕར་བཞག་ད་ལྟའི་ཆར་བསམ་པ་ལ་ཡང་འཁོར་ནུས་ས་མ་རེད་དོ།

    རྒྱ་རི་སྒྲོལ་མ་ལ་ཆོལ་གསུམ་བོད་རིགས་མཐུན་སྒྲིལ་གྱི་གཞི་རྩ་ཡོད། བོད་རིགས་སྐྱབས་བཅོལ་གནས་ཡུལ་རྒྱ་གར་མི་མང་དང་གཞུང་འཛིན་དཔོན་ཆེན་ཁག་གི་མཐུན་གྲོགས། ཆེ་མཐོང་དང་མོས་གུས་ཡོད། ཨ་རི་སོགས་འཛམ་གླིང་གཞན་གྱི་བོད་མི་ཧ་གོ་ཤེས་མི་དཔོན་ཚོས་མཐོང་དང་མཛའ་མཐུན་སྔར་མུས་གནས་རྒྱུའི་ཆ་རྐྱེན་ཡོད། སྤེན་ཚེ་ལ་ད་དུས་སུ་གོང་ཞུས་ཆ་རྐྱེན་གསུམ་པོ་སྲིད་སྐྱོང་འོས་ཅན་རྒྱ་རི་ལགས་དང།་འབྲོང་ཆུང་ལགས། བློ་སྙན་ལགས་ལས་ཞན་པ་ངས་མཐོང། ང་ནི་རྒྱ་རི་སྒྲོལ་མ་ལགས་ཐོག་མ་དང་འབྲོང་ཆུང་ལགས་འོས་མི་གཉིས་པ་ཡིན།།་

  3. ཉི་མ་རང་གྲོལ། says:
    2020-09-01 at 1:10 am

    རྩོམ་ཡག་མོ་གདའ། སྤེན་ཚེ་ལས་ལྷག་ཅིག་གང་ནའང་མི་འདུག

  4. ཉི་མ་རང་གྲོལ། says:
    2020-09-01 at 1:10 am

    སྤེན་ཚེ་ལས་ལྷག་ཅིག་གང་ནའང་མི་འདུག

  5. ཀརྡོ་རབ་འབྱམས་པ says:
    2020-09-01 at 1:14 am

    རྒྱ་གཞུང་ཉིད་ཕམ་འགྱུར་ཅིག
    བདེན་པ་ཉིད་རྒྱལ་འགྱུར་ཅིག
    སྤེན་ཚེ་ཉིད་རྒྱལ་འགྱུར་ཅིག
    གཞིས་བྱེས་གཉིས་རྒྱལ་འགྱུར་ཅིག

  6. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-01 at 4:57 am

    སྲིད་སྐྱོང་ལ་འོས་ཤོག་འཕེན་མཁན་མི་མང་རེད་ལ་རྗེས་ལོ་༢༠༢༡ གི་སྲིད་སྐྱོང་དེ་བུད་མེད་ལ་གཏན་འཁེལ་ཚར་བ་རེད་འོས་ཤོག་ང་ཚོ་མི་མང་གི་ལག་ཏུ་ཡོད་པ་ལས་ཁ་དམག་རྒྱག་མཁན་གྱི་མིང་རྫུན་འོག་ཏུ་དྲ་ནང་འཛུལ་མཁན་ཚོར་ནམ་ཡང་མེད་ངས་བཤད་ཐུབ།

  7. ཀརྡོ་རབ་འབྱམས་པ says:
    2020-09-01 at 7:15 am

    བློ་སེང་མ་ཤེས་སྤེན་ཚེས་ཤེས་པ་ཡོད། །
    བློ་སེང་མ་ལབ་སྤེན་ཚེས་ལབ་པ་ཡོད། །
    བློ་སེང་མ་མཐོང་སྤེན་ཚེས་མཐོང་པ་ཡོད། །
    བློ་སེང་མ་འཇོན་སྤེན་ཚེས་འཇོན་པ་ཡོད། །
    དེ་བས་སྤེན་ཚེ་ལས་ལྷག་འོས་མི་མེད། །

  8. བསོད་ནམས་སྟོབས་རྒྱལ says:
    2020-09-01 at 10:03 pm

    ༡༽བློ་སེང་མ་ཤེས་སྤེན་ཚེས་ཤེས་པ་ཡོད། ། ག་རེ་ཤེས་ཡོད། བོད་གཞུང་ཡིག་ཆར་རྩིས་མེད་སྒེར་བེད་བྱས་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ པ་དེ་ཨས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ད་བར་བྱུང་མྱོང་མེད། རང་དོན་བསྒྲུབ་ན་སྤྱི་དོན་ས་ཡོ་ནྭ་ར།

    ༢༽བློ་སེང་མ་ལབ་སྤེན་ཚེས་ལབ་པ་ཡོད། ། ག་རེ་ལབ་ཡོད། ཞུ་འཕོད་ཚོད། ཆང་འཐུང་ནས་ལས་དོན་ལ་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གནོད་མེད།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མཐའ་ན་གོང་བཀུར་ཙམ་མེད་པས་ཞུས་ཡོད། བྱུང་མྱོང་མེད་།

    ༣༽བློ་སེང་མ་མཐོང་སྤེན་ཚེས་མཐོང་པ་ཡོད། ག་རེ་མཐོང་བ་ཡོད། ཆོལ་གསུམ་དཀྲུགས་པས་བཀའ་སྐྱོན
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་ཨས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ད་དུང་རྒྱབ་སྐྱོར་ཞུ་ཕོད་དམ། དགོངས་གཞི་འགལ་ནའང་འགལ་རེད་དོ།

    ༤༽བློ་སེང་མ་འཇོན་སྤེན་ཚེས་འཇོན་པ་ཡོད། ། ག་རེ་འཇོན་ཡོད། མི་མང་འོས་བློ་སེང་ལ་ཤོར་བ་དེ་ཨས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གྲོས་ཚོགས་ནང་མི་གསོད་མཁན་ཅེས་རྫོཌ་མེད་དེ་ཨས།

    ༥༽དེ་བས་སྤེན་ཚེ་ལས་ལྷག་འོས་མི་མེད། ། དེ་བས་སྤེན་ཚེ་ལས་རྒྱ་རི་སྒྲོལ་མ།་འབྲོང་ཆུང་ལཌ་སོགས ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལྷག་འོས་མི་ཡོད།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སྤེན་ཚེ་ལ་ཚོལ་གསུམ་མཐུན་སྒྲིལ་མེད། རྙོག་ཁྲ་རྫོགས་མེད་དགོས་སམ།
    ་་་་་་་་་་་་་་་་་་་་་་་་་་་་་་་་འཛམ་གླིང་མི་ཆེན་གྱི་ཆ་མཐོང་དཀོན། ང་ཚོའི་འཐབ་རྩོད་རྗེས་ལུས་དགོས་སམ།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གོང་ཞུས་མེད་དང་དཀོན་རེས་དང་དགོས་སམ་གཉིས་དགོས་ན་འོས་བླུགས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་སྒེར་དོན་ལ་ཁྱད་སྤུ་ཙམ་མེད་སྤྱི་དོན་མ་བཟོད་པར་ཞུས་དགོངས་ཞིབ་འཚལ།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་པའི་སྤྱི་དོན་དུ་རང་དོན་རང་འཁུར་ལས་ཁྱད་ག་ནས་འགྲོ།།

  9. ཀརྡོ་རབ་འབྱམས་པ་ says:
    2020-09-02 at 8:21 am

    #8 བསོད་ནམས་སྟོབས་རྒྱལ ་ལགས་ཀྱིས་སྤེལ་དོན།: ད་ལན་གསལ་པོ་མི༂འདུག་ཀྱང་། དགག་པ་གནང་བར་བཀའ་དྲིན་ཆེ་ཆེ། གང་ཡིན་ཟེར་ན། སྤྱི་སེམས་ཡོད་པའི་རྟགས་སུ་གོ་བས་སོ།།

  10. ཁ་བའི་རྣམ་ཤེས། says:
    2020-09-08 at 4:37 am

    བཟང་གི།

  11. ཁ་བའི་རྣམ་ཤེས། says:
    2020-09-08 at 4:46 am

    ཨ་མ་བདེན་པའི་ངོ་བོ་དང་།
    ཨ་མ་བདེན་པའི་དཔང་པོ་ཉིད།
    ཨ་མ་གང་ཞིག་གནས་གྱུར་པ་།།
    ཨ་མ་བདེན་དཔོན་ཉིད་དུ་འཛིན།།

  12. ཀརྡོ་རབ་འབྱམས་པ་ says:
    2020-09-16 at 9:10 am

    སྐལ་རྡོར་དང་། བློ་སེང་གི་ཞབས་འདྲེན་ཞུ་སྟངས་སྐོར་རྒན་མོ་དགུང་ལོ་དགུ་བཅུར་ཉེ་བ་ཞིག་གིས། བཀའ་སློབ་དང་ཁ་ཆེམས་འདི་ན་འདུག་གོ།
    https://www.facebook.com/jigme.dhakpa.3/videos/1213558039000625

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme