Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ཧམ་པས་ཞི་མོལ་གཏོར་བཞིན་ཡོད་པ།

Posted on 2018-01-03 By ཁ་བརྡ 5 Comments on སྲིད་སྐྱོང་ཧམ་པས་ཞི་མོལ་གཏོར་བཞིན་ཡོད་པ།

མ་ཞག་པ་ཚེ་རིང་།

 

སྐད་ཆ་གང་ཞིག་ཡིན་རུང་ཡུལ་དུས་གནས་བབ་དང་མ་བསྟུན་ན་སྐད་ཆ་དེའི་རྐྱེན་པས་རང་ཙམ་དུ་མ་ཟད་སྤྱི་ཚོགས་ཡོངས་ལ་ཡང་དོ་ཕོག་ཕྱིན་ཏེ། རང་གཞན་གནས་བཟོད་མི་བདེ་བའི་གཞི་རུ་གྱུར་གྱི་ཡོད་སྟབས། ཉམས་མྱོང་དེ་ལས་བྱུང་བའི་སྡོམ་ཚིག་ཀྱང་བསམ་བློ་སྔོན་ལ་གཏོང་ཤེས་ན་མཁས་པ་ཡིན་ཞེས་པ་འདི་སྤྱི་ཚོགས་ནང་ཡོངས་གྲགས་སུ་གྱུར་ཡོད། དེས་ན་གཤམ་དུ་ངས་ཁྱེད་རྣམས་ལ་གང་ཞིག་བརྗོད་འདོད་ཡོད་མིན་རོབ་ཙམ་ཁྱེད་རྣམས་ཀྱིས་ཚོད་དཔག་ཐུབ་ངེས་རེད།

དེ་ཡང་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སོན་དི་རྗེས་དྲན་ཐེངས་གསུམ་པའི་མཛད་སྒོའི་གཏམ་བཤད་དུ་ 3rd Professor ML Sondhi Memorial Lecture དཔལ་ལྡན་སྲིད་སྐྱོང་བཅར་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་དེ་བཞིན་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཇེ་ཆེར་རྒྱས་བཞིན་པའི་སྐབས་འདིར་ང་ཚོར་གདམ་ག་གཉིས་ལས་མེད་ཅིང་། དེ་ནི་ང་ཚོས་རྒྱ་ནག་གུང་ཁྲན་རིང་ལུགས་དེ་མང་གཙོར་བསྒྱུར་རྒྱུ་དང་། ཡང་ན་རྒྱ་ནག་གིས་ང་ཚོ་གུང་ཁྲན་རིང་ལུགས་སུ་བསྒྱུར་རྒྱུའི་གདམ་ག་དེ་གཉིས་ལས་མེད་པར་བཤད་ཡོད།

གཏམ་བཤད་འདིར་ཁྱེད་ཀྱིས་བསམ་གཞིགས་ཤིག་བྱོས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གཅིག་གིས་བཤད་འོས་པ་ཞིག་དང་ཡུལ་དུས་གནས་བབ་དང་འཚམ་པའི་སྐད་ཆ་ཞིག་རེད་འདུག་གམ། གཤམ་དུ་ངས་སྲིད་སྐྱོང་གི་གཏམ་བཤད་དེ་ཡུལ་དུས་གནས་བབ་དང་ཇི་ལྟར་མི་འཚམ་ཚུལ་བརྗོད་རྒྱུ་ཡིན།

འདས་པའི་མི་ལོ་དུ་མའི་རིང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་བྱུས་སྤྱི་མོས་གཏན་ལ་ཕབ་པའི་དབུ་མའི་ལམ་ཐོག་ཤར་བསྐྱོད་ཀྱིས་ད་བར་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་འབད་བརྩོན་གནང་ཡོད་སྟབས་དེ་སྔའི་བཀའ་ཤག་གི་སྐབས་སུ་ཞི་མོལ་ཐེངས་བཅུ་ཙམ་གནང་ཐུབ་པ་བྱུང་ཡོད།

གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ནི་ཕྱོགས་གཉིས་ཀྱིས་སྔར་དང་ད་ལྟའི་གནས་བབ་དོར་ཏེ་གཉིས་ཀར་ཁེ་ཕན་ལྡན་ཅིང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དེ་རེད། འདི་ལྟ་བུའི་ཕྱི་གསལ་ནང་གསལ་དང་རྒྱབ་མདུན་མངོན་ལྐོག་བྲལ་བའི་ཡང་དག་པའི་ལམ་འདི་ལ་ཡང་རྒྱ་ནག་གཞུང་གིས་དོགས་གཟོན་སྣ་ཚོགས་འོག་ཕྱེད་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་སོགས་སྒྲོ་བཏགས་ཏེ་བོད་རྒྱ་ཞི་མོལ་ལ་འགོག་རྐྱེན་སྣ་ཚོགས་བརྩམས་ཡོད།

དེར་བརྟེན་འདས་པའི་དུས་ཡུན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་མངོན་ལྐོག་རྒྱབ་མདུན་མི་མཚུངས་པ་ལྟ་བུ་མིན་པར་ལྷག་བསམ་རྣམ་དག་གིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་ཅེས་ཐེངས་དུ་མར་མཇུག་ནོན་ནན་ཆེ་གནང་དགོས་བྱུང་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ནས་ཀྱང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་དེབ་ཆུང་པར་སྐྲུན་གྱིས་རྒྱ་ནག་གཞུང་ལ་ཡང་འབུལ་ལམ་ཞུས་ཡོད་ལ། རྒྱ་ནག་གཞུང་ལ་ཡང་བསྟུན་མཁས་དང་སྤྱི་ཚོགས་ནང་དབུ་མའི་ལམ་ལ་ལོག་འགྲེལ་རྒྱག་མཁན་དག་ལ་ཡང་ངོ་རྒོལ་དང་དག་ཐེར་རིམ་པས་བྱེད་དགོས་པ་བྱུང་ཡོད།

དེས་ན་ད་ལྟའི་སྲིད་སྐྱོང་གི་སྣེ་ཁྲིད་པའི་བཀའ་ཤག་གིས་དེ་ལྟ་བུའི་ཡང་དག་པའི་ལམ་བཟང་མཇུག་ནོན་ནན་ཆེའི་ཐོག་ཞི་མོལ་ཡོང་ཐབས་མི་བྱེད་པར་དེ་ལས་ལྡོག་སྟེ་གདམ་ག་གཉིས་ལས་མེད་ཚུལ་བརྗོད་དེ་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་མེད་པའི་འཆལ་གཏམ་སྤྱི་ཚོགས་ཐོག་བཀྲམས་ཏེ་སྤྱི་ནོར་༧གོང་ས་མཆོག་དང་དེ་སྔའི་བཀའ་ཤག མི་མང་བཅས་ཀྱིས་བསྐྲུན་པའི་ཞི་མོལ་ཡོང་རེའི་ལམ་བཟང་གཏོད་པ་དག་ཆུད་ཟོས་སུ་བཏང་བ་མ་ཟད། རྒྱ་ནག་གཞུང་ནས་དབུ་མའི་ལམ་འདི་ཕྱེད་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་ཞེས་ཆེད་མངགས་གཟུགས་མེད་གྲིབ་བཟོ་བྱས་པ་དེ་དག་དོན་ལ་གནས་པའི་སྒྲུབ་བྱེད་དུ་བསྒྱུར་ཡོད་ལ། སྔར་ལས་ཀྱང་ཉེན་ཁ་དང་དོགས་གཟོན་དགོས་པ་ཞིག་ཏུའང་གྱུར་ཡོད།

གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་དེ་ལྟར་དབུ་མའི་ལམ་ལ་གཟུགས་མེད་གྲིབ་བཟོ་བྱེད་དོན་ནི་ང་ཚོས་མདུན་ལ་དབུ་མའི་ལམ་བརྗོད་ཀྱང་དོན་དངོས་ང་ཚོར་དགོས་པ་ནི་རང་བཙན་རེད་སྙམ་པ་དེ་རེད་མ་གཏོགས། ང་ཚོར་དབུ་མའི་ལམ་གྱི་དགོངས་དོན་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲད་པ་ཡིན་ན་དེས་རྒྱ་ནག་གུང་ཁྲན་རིང་ལུགས་མང་གཙོའི་ལམ་དུ་བསྒྱུར་འགྲོ་ཡི་རེད་སྙམ་སེམས་ལའང་དྲན་གྱི་མེད། དེས་ན་ད་རེས་སྲིད་སྐྱོང་གིས་གཏམ་བཤད་དེ་ནི་ནམ་རྒྱུན་རྒྱ་ནག་རང་གིས་དོགས་པ་རྣམ་རྟོག་བྱེད་བཞིན་པ་དེ་དག་ལས་ཀྱང་བརྒལ་ཏེ་རྣམ་རྟོག་ཇེ་མང་དུ་འཕེལ་གཞིར་གྱུར་ཡོད་པས་མེའི་སྒང་ལ་ཤིང་ཤག་པའི་དཔེ་ལྟར་ཆགས་ཡོད་པས། ཡུལ་དུས་གནས་བབ་དང་མི་འཚམ་པར་གྱུར་ཡོད།

སྲིད་སྐྱོང་གིས་དེ་ལྟར་འདས་པའི་དུས་ཡུན་ནང་རང་གིས་ཧམ་པ་དང་སྐྱག་རྫུན་བཤད་པ་དེས་རང་ཉིད་དང་གཞུང་ཉམས་དམས་སུ་བཏང་ཡོད་པ་ད་དུང་མ་ཚོར་བར་དེ་དག་གིས་རང་ཉིད་གཟི་བརྗིད་ཅན་དུ་འགྱུར་འགྲོ་བའི་འཁྲུལ་སྣང་དེ་ལས་ད་དུང་ཐར་མེད་ཚོད་དུ་སྣང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་དེ་སྔའི་བཀའ་ཤག་གི་ལས་ཀྱི་སྣེ་མོ་བ་ཚོ་དང་མང་ཚོགས་བྱིངས་ནས་མཉམ་རུབ་ཀྱིས་བོད་རྒྱ་ཞི་མོལ་ཡོང་རེའི་ས་བོན་བཏབ་པ་དེ་དག་ད་ལྟའི་བཀའ་ཤག་གིས་བྱ་རོག་གིས་སོན་བཏོན་པ་བཞིན་གཏོང་བརླག་ཏུ་གཏོང་བཞིན་ཡོད་ཅིང་། དེ་ཡང་དཔེ་མཚོན་གསར་པ་ཞིག་གི་ཐོག་ནས་ཞུས་ན། ཉེ་ཆར་དྲོད་མ་ཡལ་བའི་གནས་ཚུལ་ཞིག་སྟེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་པའི་གནས་ཚུལ་ཞིག་ཐོན་ཡོད།

དངོས་ཡོད་གནས་ཚུལ་ཇི་ཡིན་མི་ཤེས་མོད་སྲིད་སྐྱོང་རང་གིས་ཟམ་གདོང་རིན་པོ་ཆེར་དེའི་སྐོར་བཀའ་འདྲི་ཞུས་པའི་ནང་ཟམ་གདོང་རིན་པོ་ཆེ་དངོས་སུ་རྒྱ་ནག་ཏུ་ཕེབས་པ་གསལ་ཡོད་ཅིང་། ཡང་རྒྱ་གར་གསར་འགོད་པས་བཀའ་འདྲི་ཞུ་དུས་ཕེབས་མེད་པའི་གནས་ཚུལ་ཐོན་ཡོད། གནས་ཚུལ་མི་འདྲ་བ་འདིའི་ཐོག་ནས་བལྟས་ན་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཏུ་མ་ཕེབས་པ་ལས་ཕེབས་པའི་ཕྱོགས་མང་བ་ཡོད་པ་དང་། དེ་དང་ཕྱོགས་མཚུངས་ས་བསྒྲགས་གནམ་བསྒྲགས་བྱས་ན་ཞི་མོལ་གྱི་བཀག་རྡོར་འགྱུར་དོགས་ཀྱིས་གསང་བ་གནང་བ་ཞིག་ཡིན་པ་ཡང་ཤེས་ཐུབ།

དེ་ལྟ་བུའི་ཞི་མོལ་ཡོང་རེའི་དུས་སྐབས་སུ་གཞུང་གི་ལངས་ཕྱོགས་དོར་ཏེ་གདམ་ག་གཉིས་ལས་མེད་པར་བཤད་པ་དེས། ༧གོང་ས་མཆོག་གི་ལམ་སྟོན་འོག་ཟམ་གདོང་རིན་པོ་ཆེས་ཁུ་སིམ་སིམ་གྱི་ཞི་མོལ་ཡོང་ཐབས་བྱས་པ་དེར་ཁྱེད་ལ་དགོས་ན་འདི་འཁྱེར་ཞེས་པ་ལྟར་ཞི་མོལ་གྱི་མར་མེ་དམར་ལྷམ་ལྷམ་དུ་མཆེད་ལ་ཉེ་བ་དེ་རྐྱེན་ལམ་དུ་བཏང་ཡོད།

དེ་ནི་གཅིག་བྱས་ན་ཟམ་གདོང་རིན་པོ་ཆེས་སྲིད་སྐྱོང་ལ་སྣང་མེད་ཀྱིས་ཞི་མོལ་བྱུང་ན་སྤྱི་དོན་ལས་རང་དང་རང་གི་ཕྱོགས་གཏོགས་གལ་ཆེར་བརྩི་ཞིང་། གཏམ་འདོད་དང་མིང་ལ་དགའ་བའི་སྲིད་སྐྱོང་མི་མང་མདུན་དུ་ངོ་ཚ་ཁ་སྐྱེངས་ཡོང་དོགས་ཀྱིས་ཆེད་དུ་ཞི་མོལ་གཏོར་བརླག་གཏོང་འདོད་ཀྱིས་གཏམ་བཤད་དེ་འདྲ་ཞིག་མ་བྱེད་ཀ་མེད་དུའང་གྱུར་བ་ཡིན་སྲིད། གང་ལྟར་ཡང་དེ་ནི་དུས་དང་འཚམ་པའི་སྐད་ཆ་ཞིག་གཏན་ནས་མིན་པ་མ་ཟད། ཞི་མོལ་གཏན་འགོག་གི་རྐྱེན་དུ་གྱུར་ཡོད།

སྲིད་སྐྱོང་གིས་ང་ཚོས་རྒྱ་ནག་གཞུང་མང་གཙོར་བསྒྱུར་རྒྱུ་དེ་རེད་ཅེས་པའི་གཏམ་བཤད་དེ་ད་དུང་ཁ་གསལ་དུ་བཏང་ན། རྒྱ་ནག་གུང་ཁྲན་ཏང་མགོ་རྟིང་སློག་གི་ཡིན་ཞེས་པ་དེ་རེད། དེས་ན་རྒྱ་ནག་གཞུང་གིས་དེ་ལྟར་རང་ཉིད་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་ཞིག་དང་ཞི་མོལ་གནང་གི་རེད་དམ། དེ་ནི་མི་སྲིད་དེ་ཐ་ན་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་རང་སྐྱོང་གི་གནས་བབ་ཀྱང་སྤྲོད་རྒྱུར་འདོད་མོས་མི་བྱེད་པའི་ཕྱིར། རྒྱུ་མཚན་དེར་བརྟེན་སྲིད་སྐྱོང་གི་གཏམ་བཤད་དེས་ཞི་མོལ་གཏན་དུ་སྒོ་བརྒྱབ་ཡོད།

ལར་ནས་རྒྱ་ནག་གུང་ཁྲན་རིང་ལུགས་མང་གཙོར་ཇི་ལྟར་བསྒྱུར་ཐུབ་བམ། དེ་ལྟར་བསྒྱུར་ཐུབ་པའི་ནུས་པ་གཏམ་བཤད་པ་རང་ལ་ཡོད་དམ། དེ་ནི་གཉིད་མ་ཉལ་བའི་རྨི་ལམ་རང་སྟེ། ད་ལྟའི་གཏམ་བཤད་པས་སྣེ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཡང་མེ་ཆུང་ཆུང་ཐབ་ཚ་པོའི་དཔེ་ལྟར་བཟོ་མི་ཐུབ་པར། དེ་ལས་ལྡོག་སྟེ་ཕྱོགས་ཞེན་འཐེན་འཁྱེར་གྱི་ལམ་དུ་འབད་བརྩོན་བྱས་དང་བྱེད་པ་བཞིན་དེས་སྤྱི་ཚོགས་ཟང་ཟིང་བཟོས་པ་ལས་ཀྱང་རྒྱ་ནག་ལྟ་བུའི་སྤྱི་ཚོགས་ཆེན་པོ་ཞིག་མང་གཙོར་བསྒྱུར་འདོད་ནི་རྨི་ལམ་ཡིན་པ་ཟུར་བསྟན་ལེགས་མཐོང་གི་དཔེ་ལྟར་རེད། དེས་ན་དངོས་ཡོད་ལས་བརྒལ་བའི་འུར་གཏམ་དེས་དོན་དངོས་སུ་ཕན་ལས་གནོད་ཆེ་བར་གྱུར་ཡོད་དོ། །

བསམ་ཚུལ།

Post navigation

Previous Post: བཀའ་མོལ་ཡང་རྫབ་ཆེན་རེད།
Next Post: འཆར་ཡན་སེམས་གཙོ་རིང་ལུགས་དང་དེའི་སྐབས་ཀྱི་བསམ་བློ་བ་འགའ་།

Comments (5) on “སྲིད་སྐྱོང་ཧམ་པས་ཞི་མོལ་གཏོར་བཞིན་ཡོད་པ།”

  1. ལ་དྭགས་འཇམ་དཔལ།། says:
    2018-01-03 at 9:53 am

    རྩོམ་ཡིག་འབྲི་བ་པོས་བྲིས་པའི་མིང་ཚིག་༦་པོ་དེར། བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པ་དང་མཐུན་པའི་མིང་ཚིག་རེ་ཡོད་དམ་མེད།

    རྐྱེན་པས། རོབ་ཙམ། བཏང་བ་མ་ཟད། འཚམ་པའི། གདམ་ག གཏན་དུ་སྒོ་བརྒྱབ་ཡོད།

  2. ཀརྡོ་རབ་འབྱམས་པ་ says:
    2018-01-03 at 10:41 am

    ཟུར་བསྟན་ལེགས་མཐོང་ཟེར་རམ། ཟུར་ལྟས་ལེབ་མཐོང་ཟེར།

  3. རྒྱ་ཞིང་མྱི་དཀར། says:
    2018-01-04 at 6:23 am

    ཧ་ཅང་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ་

  4. ལ་དྭགས་འཇམ་དཔལ།། says:
    2018-01-04 at 9:22 am

    ཐེངས། ཞེས་པའི་མིང་ཚིག་གིས་ང་ཡང་དྲུག་པོ་དེའི་གྲས་ཡིན་པས། དྲུག་པོ་དེའི་གྲས་སུ། ཐེངས། བཞག་དགོས་བྱུང་བས། གྲངས་ཀ་འཕར་ཏེ། སྒྲ་བདུན་་ཆགས་ཡོད་ཐུགས་ལ་མངའ་བར་འཚལ་ལོ།

  5. བློ་བཟང་དོན་གྲུབ says:
    2018-01-05 at 4:38 am

    སྲིད་དང་ཆོས་གཉིས་ལ་དབྱེ་བ་འབྱེད་དགོས་ཆོས་ཡིན་ན་རྒྱ་ལས་འགལ་མི་ཆོག་པ་དང་སྲིད་ཡིན་ན་དུས་དང་སྐབས་ལ་འགྱུར་བ་མེད་ན་རྗེས་ལུས་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme