Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ལགས་ཁྱེད་ཀྱི་འགན་ནི་མཐུན་གྲོགས་ཚོའི་ལག་ནས་ལེགས་སྐྱེས་ལེན་གྱི་མ་ཡིན་པར་བོད་མིའི་བདེ་སྡུག་ལ་ལྟ་སྐྱོང་བྱེད་ཀྱི་དེ་ཡིན།

Posted on 2021-04-30 By ཁ་བརྡ No Comments on སྲིད་སྐྱོང་ལགས་ཁྱེད་ཀྱི་འགན་ནི་མཐུན་གྲོགས་ཚོའི་ལག་ནས་ལེགས་སྐྱེས་ལེན་གྱི་མ་ཡིན་པར་བོད་མིའི་བདེ་སྡུག་ལ་ལྟ་སྐྱོང་བྱེད་ཀྱི་དེ་ཡིན།

བཞག་ལྡོམ་ལྗང་ལོ།

ང་རང་བྱིས་བ་ལྟ་བུ་ལོ་ན་ཧ་ཅང་ཆུང་མིན་ཡང་དེ་རིང་དང་བསྡུར་ན་ལུས་ཀྱི་ལང་ཚོ་དང་སེམས་ཀྱི་ཤེས་ཡོན་སོགས་གང་ཐད་ནས་ཆུང་ཆུང་ཡིན་ལ། ཆུང་ཆུང་ཡིན་པའི་སྐབས་དེར་ངས་བློ་བཟང་སེང་གེ་ཟེར་བའི་ཕོ་གསར་དེ་རྡ་སའི་རི་ཟུར་གཡས་གཡོན་དང་གངས་ཅན་སྐྱིད་གཤོངས་སོགས་ན་ཚོགས་འདུ་འདྲ་མིན་སྟེང་གཏམ་བཤད་གང་མང་ཞིག་བྱས་ཀྱི་འདུག་ཅིང་། མི་མང་པོ་ཞིག་གིས་ཁོས་ཨ་རི་ནས་ཁྲིམས་ལུགས་སྐོར་ལ་སློབ་སྦྱོང་བྱས་ནས་འབུམ་རམས་པའི་ལག་འཁྱེར་ཐོབ་སྐད་སོགས་བསྟོད་པ་སྣ་ཚོགས་ཤིག་བཤད་ཀྱི་འདུག སྐབས་དེ་ནི་ངས་ཆེས་ཐོག་མ་ཁོའི་མིང་སོགས་ཤེས་བ་ཡིན།

བཙན་བྱོལ་གཞུང་འདི་དགའ་ལྡན་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་དང་། བཀའ་བློན་ནས་སྲིད་སྐྱོང་ལ་བསྒྱུར་ནས་བོད་མི་ཚོས་སྲིད་སྐྱོང་གི་གོ་ས་དེ་སེར་མོ་བ་ལས་མི་སྐྱ་ཞིག་དང། མི་སྐྱ་ལས་གཞོན་པ་ཞིག་ལ་རེ་བ་བྱས་ཏེ་ཁོ་ལ་སྲིད་སྐྱོང་གི་ལས་འགན་་སྦྱིན་སྐབས་ངས་ཁོ་བོ་ནི་ནུབ་ཕྱོགས་པའི་ཁྲེལ་གཞུང་བྲལ་པའི་ཆབ་སྲིད་པ་ཚོར་ལད་ཟློས་བྱེད་མཁན་ལྟ་བུ་མ་ཡིན་པར་བོད་མའི་རིག་གཞུང་གི་སེམས་ཁམས་ཡོད་པའི་ཆབ་སྲིད་པ་ཞིག་ཡིན་པར་ཡིད་ཆས་བྱས་བ་ཡིན། རྒྱུ་མཚན་ནི་ཐོག་མ་ཁོས་བཀའ་བློན་འདེམས་སྟངས་སོགས་ལ་བལྟས་བའི་ཡིན་། ཡིན་ཡང་། ཁ་རྒྱུན་དུ་མི་ལ་འགྲོགས་ན་ཅེ་ངན་དང་། ཁྱི་ལ་འགྲོགས་ན་ཅེ་བཟང་ཟེར་བ་ལྟར། རིམ་བཞིན་ཁོས་བཤད་སྟངས་དང་བྱེད་ཚུལ་སོགས་སུ་རྒྱུས་མངའ་གང་ཙམ་ཡོང་སྐབས་ངའི་སེམས་ཀྱི་བོད་པའི་རིག་གཞུང་གི་སེམས་ཁམས་ལྡན་པའི་ཆབ་སྲིད་པ་དེ་མ་ཡིན་པ་གཞི་ནས་ཤེས་སོང་།
བ་ཕྱུགས་གཅིག་གི་རིན་པར་བརྟེན་ནས་ཁོ་བོར་སློབ་སྦྱོང་གི་གོ་སྐབས་ཐོབ་ཚུལ་དང་། ཨ་རིའི་མངའ་སྡེ་Massachusetts་ན་ཡོད་པའི་ཁོའི་རིན་གོང་ཆེ་བའི་ཁང་པའི་རིན་འབབ་མ་ལུས་པ་སྡེབ་གཅིག་ལ་སྤྲད་པ་ཡིན་ཚུལ་སོགས་གླེང་བ་ནི་ནུབ་ཕྱོགས་པའི་དཔལ་འབྱོར་འགྲོ་སྟངས་ཤེས་མཁན་ཞིག་དང་ཤེས་ཡོན་པ་ཞིག་གིས་བལྟས་ན་དོན་དངོས་སུ་མཐུན་མིན་ཤེས་ཡོང་གི་རེད། ཡིན་ཡང་། ཁོས་ལག་ལེན་དབེན་པའི་ཁས་ལེན་སྣ་ཚོགས་ཞིག་བོད་མི་ཚོར་བྱས་ཡོད་པའི་སྐོར་ལ་ཅུང་ཙམ་འབད་བརྩོན་བྱ་འུ་ཡོང་སྙམ་སྟེ་རེ་བ་ཞིག་དང་ལྷན་དུ་ཁོ་བོར་སྲིད་སྐྱོང་ཐེངས་གཉིས་པ་བྱེད་པར་རྒྱབ་སྐྱོར་བྱས་བ་ཡིན། སྐྱོ་བ་ཞིག་ལ་ངའི་རེ་བ་དེ་ནི་ཁོས་མེ་ཐོག་ལ་ཆུ་བླུགས་པ་བཞིན་གྲང་ཤུར་ཤུར་བྱས་སོང་། རྒྱུ་མཚན་ནི། ཁོ་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནང་འཆམ་མཐུན་མ་ཡིན་པའི་དཀྲོག་གཏམ་སྣ་ཚོགས་ཤིག་ཉུང་བ་ལས་མང་དུ་སོང་ཞིང་། དཀྲོག་གཏམ་དེ་རིམ་པའི་གྲོས་ཚོགས་རྭ་བའི་ནང་དུ་བསླེབས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་མེད་པ་བྱས་སོང་ཡང་། ཁོ་དང་ཁོའི་ལས་ཁུངས་དེ་དག་གི་ཕྱོགས་སུ་ཁུ་སུམ་སུམ་ངང་བསྡད་སོང་།དེ་རིང་རྒྱ་གར་ན་COVID-19 ནད་ཡམས་ཀྱི་རྦ་རླབས་ཤུགས་ཀྱིས་འཕྱོ་ཞིང་། འཕྱོ་བཞིན་པའི་རྦ་རླབས་དེ་བོད་མིའི་སྤྱི་ཚོགས་ནང་དུ་བསླེབས་ཏེ། བོད་མི་ཚོ་འཇིགས་སྣང་ངང་འཚོ་བཞིན་པའི་སྐབས་འདིར་ཁོས་བོད་མིའི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་ཚབ་དུ་སྲིད་སྐྱོང་གི་མིང་ཐོག་ནས་རྒྱ་གར་དང་ཨ་རི་སོགས་ན་ཁོས་འབྱོན་པོ་བྱས་རབས་དག་དག་བཤད་དེ་སྲིད་སྐྱོང་བྱེད་པའི་ཚབ་ཏུ་གྲོགས་པོ་ཚོ་དང་ལྷན་དུ་”དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེད་བསྟོད་ཕུལ་བ”ཟེར་བའི་བྱེད་སྒོ་འདྲ་མིན་སྟེང་དགའ་དགའ་སྤྲོ་སྤྲོའི་ངང་ཉི་མ་ཕུད་ཀྱི་འདུགསྤྱིར་བཤད་ན་མང་གཙོ་ཟེར་བའི་ཐ་སྙད་གཅིག་ཀྱང་མང་གཙོའི་འགྲོ་ལུགས་སྣ་ཚོགས་ཤིག་འཇིག་རྟེན་འདིར་ཡོད་པ་རེད། བཙན་བྱོལ་བོད་པའི་མང་གཙོར་མཚོན་ན་སྲིད་སྐྱོང་དང་ཁོའི་ལས་ཁུངས་ནི་མང་གཙོའི་ཀ་བ་གཞན་པ་ཟུང་དང་བསྡུར་ན་ནུས་བ་དང་ལས་འགན་ཆེས་ཤོས་དེ་ཡིན་ལ་། སྲིད་སྐྱོང་གི་འགན་ནི་བོད་མི་ཡོངས་ཀྱི་ཆབ་དཔལ་རིག་གསུམ་དང་བདེ་སྡུག་ལ་ལྟ་སྐྱོང་བྱེད་ཀྱི་དེ་ཡིན་པས། དེ་རིང་སྲིད་སྐྱོང་གིས་བྱེད་སྟངས་དེ་དག་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པའི་སྲིད་སྐྱོང་ཞིག་གིས་བྱེད་སྟངས་མིན། གལ་སྲིད་ཁྱེད་ལ་དོན་དངོས་ཀྱི་ཆེད་བསྟོད་དགོས་ན་ལོ་རྒྱུས་ཀྱི་བཟང་ཕྱོགས་ནས་སྡོད་ལ་བོད་མིའི་སྤྱི་ཚོགས་སུ་འཆམ་མཐུན་ཡང་དག་པ་ཞིག་དང་། བོད་མའི་སྒྲིག་འཛུགས་འདི་རྒན་རབས་པས་ཁྱེད་ཀྱི་ལག་ལ་ཚགས་ཚུད་པོ་ངང་སྤྲད་པ་ནང་བཞིན་ཁྱེད་ཀྱིས་སྲིད་སྐྱོང་རྗེས་མའི་ལག་དུ་འཐུས་སྒོ་ཆ་ཚང་བ་ཞིག་བཞག་དང་ལོ་རྒྱུས་ཀྱིས་ཁྱོད་ལ་ཆེད་བསྟོད་བྱ་ངེས་ཡིན། གལ་སྲིད་ཁྱེད་ཀྱིས་དེ་དག་བྱ་མ་ཐུབ་ན་ཁྱེད་ཉིད་ལོ་རྒྱུས་ཀྱི་ནག་ཉེས་ཅན་དུ་འགྱུར་སྲིད།

བསམ་ཚུལ།

Post navigation

Previous Post: འབོད་པ་ཡོད་རུང་སེམས་པ་མེད།
Next Post: ང་ལ་རྒྱན་ཤོག Euromillions ཐོབ་པ་དེས་ངའི་མི་ཚེ་ལ་འགྱུར་བ་ཅི་ཡང་མ་ཐེབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme