Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ལ་སྡང་སེམས་མ་གནང་། གྲོས་ཚོགས་ལ་ཕྱོགས་ལྷུང་མ་ཟེར།

Posted on 2014-10-212014-10-21 By ཁ་བརྡ་ 21 Comments on སྲིད་སྐྱོང་ལ་སྡང་སེམས་མ་གནང་། གྲོས་ཚོགས་ལ་ཕྱོགས་ལྷུང་མ་ཟེར།

རྔ་བ་བརྒྱད་གསུམ་གཅིག་དྲུག

 
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཐེངས་དགུ་བའི་གཏམ་གླེང་ཞིག་དང་འབྲེལ་ནས་མི་རེ་ཟུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་མཛུབ་མོ་འཛུགས་ཀྱིན་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཕྱག་ལས་གང་གནང་ཚང་མར་མ་འགྲིག་མ་བཟང་སོགས་ཁ་ཆག་སྣ་རལ་རྐྱང་རྐྱང་གླེང་སློང་བྱེད་བསྡད་མཁན་སྐོར་ཞིག་ག་དུས་ཡིན་ཡང་མདུན་ལ་འཐོན་གྱིན་འདུག
མ་གཞི་ངས་ཡང་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་སྟངས་ཚང་མ་འགྲིག་འདུག་ཁོང་ལ་སྐྱོན་བརྗོད་བྱས་ན་ཆོག་གི་མེད་ཅེས་བཤད་ཀྱི་མེད་ལ་བཤད་ནའང་མ་འགྲིག་པ་རེད། བཀའ་སྤྱི་དང་གཞུང་ཞབས་པ་སུ་ཞིག་གི་ཕྱག་ལས་གནང་སྟངས་ལ་འགྲིག་མིན་བྱུང་ན་མི་མང་གིས་བཀའ་བསྡུར་དང་གླེང་སློང་བྱ་ཆོག་པ་མ་ཟད་ངོ་རྒོལ་སྐད་འབོད་བྱས་ཀྱང་དེར་བབས་འོས་ཤིག་དང་མི་མང་གི་ཁེ་དབང་གཙོར་བཞག་བྱེད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་དེར་ཁྲིམས་འགལ་ཞིག་ཕར་བཞག་མི་མང་གི་མངོན་འདོད་ལ་གུས་བརྩི་བྱ་ངེས་རེད།

ཡིན་ནའང་། འུ་ཅག་གི་མི་བུ་ཁ་ཤས་ཤིག་གིས་རང་གི་ཁེ་དབང་གཙོར་བཞག་གིས་སྲིད་སྐྱོང་མཆོག་མ་བཟང་མ་འགྲིག་ཅེས་ཁ་ཆག་སྣ་རལ་ཞིག་ཏུ་ནམ་ནམ་ཞར་ཞར་དུ་སྒྲུབ་ཀྱིན་འདུག གལ་ཏེ་སྲིད་སྐྱོང་མཆོག་ལ་ཁ་ཆག་སྣ་རལ་ཞིག་བྱུང་ན་བོད་མི་སྤྱིའི་གྱོང་གུད་དང་དགྲ་དགའ་གཉེན་སྡུག་ཅིག་རེད་མ་གཏོགས་སྲིད་སྐྱོང་སྐུ་སྒེར་དང་ནང་མི་ཉེ་འབྲེལ་ཁ་ཤས་ཤིག་གི་གྱོང་གུད་ཙམ་ལ་ངོས་འཛིན་བྱས་ན་ཧ་ཅང་ནོར་བ་རེད།
ཉེ་སྔོན་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཐེངས་དགུ་བའི་ཐོག་བཀུར་འོས་སྤྱི་འཐུས་རེ་ཟུང་གིས་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་དུ་སྲིད་སྐྱོང་མཆོག་གི་སྐུ་པར་ཞིག་བཤམས་པར་འགྲིག་མིན་གྱི་ཐད་ལ་བགྲོ་གླེང་བྱས་པར་བརྟེན། ཕྱི་ནས་སྐབས་འཚོལ་རང་ལུགས་པ་སྐོར་ཞིག་གིས་གནས་ཚུལ་འདི་ཆེས་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཞེས་དོན་དངོས་དང་རྒྱུ་མཚན་སྦས་གསང་བྱས་ནས་སྤྱི་ཚོགས་ལ་བསྒྲགས་པ་འདི་ཡག་རྟགས་ཤིག་ཁྱོན་ནས་མ་རེད།

རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་དོན་དངོས་ལ་གཞི་བཅོལ་ཏེ་བཤད་ན། སྲིད་འཛིན་ནམ་སྲིད་སྐྱོང་ནི་རྒྱལ་ཁབ་སུ་དང་གང་ཡིན་ཡང་སྲིད་ཕྱོགས་ཀྱི་དབང་ཚད་དང་རྐུབ་སྟེགས་མཐོ་ཤོས་དེ་ཡིན་སྟབས། སྲིད་ཀྱི་འཛིན་སྐྱོང་ཁང་ཞིག་ཏུ་སྲིད་སྐྱོང་གི་སྐུ་པར་བཤམས་ན་མ་འགྲིག་པ་ཞིག་ཕར་བཞག་བཤམས་དགོས་ངེས་ཤིག་རེད་བསམས། གང་ཞེ་ན། ཁྲིམས་མཐུན་གྱི་བོད་མི་མང་གི་སྐུ་ཚབ་གཙོ་བོ་དང་མི་སྣ་གལ་ཆེན་དེ་སྲིད་སྐྱོང་ཡིན་ཡིན་པ་ཁས་ལེན་མ་བྱས་རང་བྱས་རེད། དེང་གི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གནག་སེམས་ཀྱི་དབང་གིས་ཁྲིམས་སྒྲིག་གཞིར་བསམ་བློ་མི་གཏོང་མཁན་ཚོ་ཧ་ཅང་གི་བྱབ་ཆུང་རེད་ལ་དོན་ངོ་མ་སྤྱི་སེམས་ཟེར་བ་ཞིག་རི་བོང་གི་རྭ་བཞིན་རེད།

ང་ཚོ་ཚང་མས་རང་གི་རྐང་སྣེ་གཅིག་པུ་མ་གཏོགས་གཞན་ལ་ལྟ་བའི་དཔྱོད་ཤེས་དང་རྒྱང་རིང་མཐོང་བའི་མིག་ཟུང་བཀུམས་སོང་བས། པར་ཞིག་བཤམས་པ་ཡིན་ན་ཡང་ནང་ཁུལ་བརྡབ་གསིག་གཏོང་བཞིན་པ་འདི་བོད་སྤྱིའི་དོན་དག་ཅིག་གླེང་གི་མེད་པ་ཤེས་འཛོམས་ལྡན་པའི་དྲང་བདེན་པ་ཞིག་གིས་རྟོགས་ནའང་སྤྱི་དམངས་ཀྱིས་ཤེས་དགོས་པ་དེ་བས་ཀྱང་གལ་ཆེན་ནང་གི་དོན་ཆེན་རེད། སྲིད་སྐྱོང་གི་སྐུ་པར་ཞིག་སྲིད་ལས་ཁང་ཞིག་ཏུ་བཤམས་པ་ཙམ་གྱིས་སྤྱི་ནོར་༧གོང་ས་མཆོག་གི་མཚན་གནས་ཕྱིར་འཐེན་དང་། བརྩི་བཀུར་མ་བྱས་པ་ཞིག་ལ་བརྩིས་ན་ཧ་ཅང་མ་འགྲིག་པ་རེད་ལ་འབྱུང་འགྱུར་གྱི་ལམ་བུ་ཡང་ཉེན་ཁ་ཅན་དུ་འགྱུར་ངེས་རེད།

ང་ཚོར་༧གོང་ས་མཆོག་མ་གཏོགས་གང་ཡང་མི་དགོས་ལ་ཁོང་མེད་ན་བོད་མི་ཚོ་ཚར་སོང་བ་རེད་ཟེར་མཁན་ཚོས་༧གོང་ས་མཆོག་ལ་དད་གུས་ཡོད་ཁུལ་ཡིན་ཡང་། དེ་དག་གི་འདོད་ཚུལ་དེར་བསམ་བློ་བཏང་བ་ཡིན་ན་དགྲ་དགའ་གཉེན་སྡུག་དང་བརྒྱུད་ལམ་དང་རང་ཉིད་ཀྱི་ངོས་ཐད་ནས་རྒྱ་ཕྱོགས་ལ་ལན་གསལ་བོ་ཞིག་འདེབས་མ་ཐུབ་པ་རེད། ༧གོང་ས་མཆོག་རླབས་ཆེན་ཞིག་ཡིན་པ་ཁས་ལེན་བཞིན་དུ་༧ཁོང་གིས་མི་ལོ་དྲུག་ཅུ་ཙམ་གྱི་རིང་དབུ་ཁྲིད་པའི་གཞུང་ལ་ཡིད་ཆེས་མེད་པ་འདི་ཧ་ཅང་ཉེན་ཁ་ཆེ་བའི་བསམ་བློ་ཞིག་དང་། ༧མགོན་པོ་མཆོག་གི་ཕྱག་ལས་ལ་མཐུན་ཕྱོགས་ནས་ངོས་ལེན་བྱེད་མ་ཐུབ་པའི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་ཀྱང་རེད།

དོན་ངོ་མ་བོད་དང་བོད་མི་ལ་སེམས་ཁུར་དང་དུངས་ཞེན་ཡོད་ན་དེ་རིང་ལས་སང་ཉིན་དང་སང་ཉིན་ལས་གནངས་ཉིན་རྩ་ཆེན་ཡིན་པ་ཤེས་དགོས་པ་རེད། རྒྱུ་མཚན་དེས་ན། ད་ལྟ་ང་ཚོས་ལས་འགུལ་སྤེལ་ནའང་འདྲ་གང་ལྟར་ཆབ་སྲིད་དང་འབྲེལ་བའི་བྱ་བ་གང་ཞིག་སྒྲུབ་སྐབས་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་པའི་སྐུ་པར་བཤམས་པ་དང་ཕྱར་བ་ཡིན་ན་འབྱུང་འགྱུར་གྱི་མདུན་ལམ་སྲ་བརྟན་དུ་བཏང་བ་དང་བོད་ཀྱི་དཀའ་རྙོག་འདི་ཇི་སྲིད་མ་སེལ་བ་དེ་སྲིད་དུ་གནས་རྒྱུ་ཡིན་པའི་རྟགས་ཤིག་རང་བཞིན་གྱིས་ཆགས་ཀྱིན་ཡོད་པ་ལས། ༧གོང་ས་མཆོག་གི་མཛད་འཕྲིན་དང་ཤུགས་རྐྱེན་ག་དུས་བར་དུ་ཡོད་པའི་ཆེ་མཐོང་ལ་གནོད་པ་སྤུའི་རྩེ་མོ་ཙམ་ཡང་ཡོད་མི་སྲིད།
མ་གཞི་ང་ཚོའི་ཁོར་ཡུག་འདི་ནས་བདེན་དོན་དང་འབྱུང་འགྱུར་གྱི་ཆེད་དུ་ཤི་འཐམ་རོ་འཐམ་ཅི་ལྟར་བྱས་ནའང་མཐར་རང་ཉིད་ཀྱིས་རང་ཉིད་ལ་མནར་གཅོད་ཅིག་ཆགས་འགྲོ་བ་ཤེས་མོད། རང་ཉིད་བོད་དང་༧གོང་ས་མཆོག་དེ་བཞིན་མགོན་པོ་གང་གིས་བོད་མི་ས་ཡ་དྲུག་ལ་བཞག་པའི་བཙན་བྱོལ་གཞུང་ལ་ཡིད་ཆེས་མཁན་ཞིག་ཡིན་པའི་ཆ་ནས་སྐད་ཆ་མ་བཤད་ཐབས་མེད་ཆགས་སོང་།

ཡང་ང་ཚོའི་བསམ་བློའི་འཁྱེར་སོ་མི་གཙང་བའི་དབང་གིས་རང་ཕྱོགས་ལ་ཐུག་དུས་གཞན་གྱིས་རྒྱུ་འབྲས་བློ་མིག་ཅི་ལྟར་བརྩིས་ཀྱང་ངོས་ལེན་མི་བྱེད་པའི་གཅོང་ནད་འདི་ད་དུང་རྒྱུན་འཛིན་བྱས་ཡོད་པའི་རྐྱེན་གྱིས་ང་ཚོའི་ཆིག་སྒྲིལ་དང་ནུས་པ་ཡོད་ཚད་མུན་ནག་ཏུ་དེད་བསྡད་ཡོད། ང་ཚོའི་གྲོས་ཚོགས་ར་བ་ལྟ་བུར་མཚོན་ན་ཡང་བཀུར་འོས་འཐུས་མི་ཞིག་གིས་སྲིད་སྐྱོང་དང་བཀའ་བློན་ཚོའི་ཕྱག་ལས་གནང་ཕྱོགས་ལ་ཅུང་དོགས་སློང་གིས་བཙིར་དགོས་བྱུང་པ་ཡིན་ན་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་ལྟ་ཉན་མི་བྱེད་པར་ལམ་སང་ཕྱོགས་རེས་བྱས་སོང་ཞེས་འགྲེལ་ལོག་གནང་གི་ཡོད། མ་གཞི་རང་ཉིད་ཀྱི་ཀུན་སློང་དང་ལག་པ་མ་གཙང་བའི་དབང་གིས་རང་དཔེ་གཞན་ལ་བཀབ་པ་འདི་རང་མཚང་བརྟོལ་བ་ཞིག་ཡིན་པས་སྐྱོན་མེད་ན་ཡང་།
ང་ཚོས་ངེས་པར་དུ་ཤེས་དགོས་པ་གང་རེད་ཅེ་ན། གྲོས་ཚོགས་ར་བ་ནས་བཀུར་འོས་འཐུས་མི་རྣམ་པས་བཀའ་ཤག་ལྷན་རྒྱས་ཀྱི་ཕྱག་ལས་གནང་ཕྱོགས་དང་། རྩིས་གཙང་མིན་སོགས་ཀྱི་འགྲོ་འདུག་ལ་འདྲི་བཙིར་བྱེད་དགོས་པ་སྤྱི་འཐུས་རྣམ་པའི་འགན་གཙོ་བོ་དེ་ཡིན་པས་སུ་ལ་ཐུག་ཀྱང་ལྷོད་མི་ཉན་པ་དེ་རེད་སྙམ།

མདོར་ན་རྣམ་དཔྱོད་དང་གུ་ཡངས་ནི་སྤྱི་ཚོགས་ཀྱི་བདེ་རྩ་ཡིན། ཕྱོགས་ལྷུང་དང་བརྣབ་སེམས་ནི་ཆིག་སྒྲིལ་གྱི་ལམ་ཆེན་འཆིང་བྱེད་ཀྱི་ཐག་པ་ལྟ་བུ་ཡིན་པ་འདི་འགན་འཁུར་ཡོད་པའི་མི་སྣ་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན་ནོ།།

ཕྱི་ལོ་༢༠༡༤/༡༠/༢༡ ཉིན།

བསམ་ཚུལ།

Post navigation

Previous Post: ཕན་ནུས་ཤིག་འདོན་པ། (སྒྲུང་ཐུང་།)
Next Post: བྱེད་ལས་མ་འོངས་པ།

Comments (21) on “སྲིད་སྐྱོང་ལ་སྡང་སེམས་མ་གནང་། གྲོས་ཚོགས་ལ་ཕྱོགས་ལྷུང་མ་ཟེར།”

  1. དགའ་སྐྱིད་ཚེ་རིང་། says:
    2014-10-21 at 9:57 am

    དངོས་ནས་དེ་ལ་རྒྱབ་བསྐྱུར་རྒྱ་ཆ་བརྒྱ་ཐམ་པ་ཡོད་ དེ་ནས་ཡོད་གནས་ཚུལ་མ་རེད་ནམ་

  2. མངའ་རིས་འཕྲིན་ལས། says:
    2014-10-21 at 1:25 pm

    རྔ་པ་ལགས་ཀྱིས་དཔྱད་བརྗོད་དེར་དགའ་བསུ་དང་རྒྱབ་སྐྱོར་ཡོད། ཁ་སྔོན་གྲོས་ཚོགས་ར་བའི་ནང་ཨ་རིའི་དོན་སྤྱོད་ཁང་དུ་སྲིད་སྐྱོང་སྐུ་པར་བཏག་ཡོད་པ་དེར་འཐུས་མི་ཁ་ཤས་ནས་དོན་མེད་བསམ་ཚུལ་གང་བྱུང་བཤད་ནས་དུས་ཚོད་ཆུད་ཟོས་གཏང་པ་ནི་ཆེས་བློ་ཕམ་རེད། ཡིན་ན་ཡང་ཁོ་ཚོ་ནི་བཅོས་པར་དཀའ་བ་ཆོས་ལུགས་སྒེར་འཛིན་གྱི་ན་ཚ་ཕོག་ཚར་ཡིན་ཙང་ཁག་མེད་ཚོད། ཁོག་ནས་ན་ཟུག་གིས་ཁ་ནས་ཨ་ར་དང་ཨུ་ཤུ་ཐོན་པ་རེད། འདིི་ནི་མི་རབས་ནས་མི་རབས་བོད་མི་རིགས་སྨན་ཁང་ནས་འཆི་ལམ་དུ་སྐྱལ་མཁན་གྱི་ན་ཚ་རྙིང་པ་ངོ་མ་དེ་རེད། ད་དུང་ཡང་ན་ཚ་དེ་སྲིད་སྐྱོང་མཆོག་གིས་ལྟ་གྲུབ་གསུམ་པོས་ལས་སླ་པོ་བསེལ་ཐུབ་ཀྱི་མེད་པ་འདྲ།

  3. གངས་བུ། says:
    2014-10-21 at 2:47 pm

    དོན་དངོས་གནས་ཡག་པོ་འབྲི་གནང་འདུག་

  4. ནད་མེད་ཚེ་རིང་། says:
    2014-10-21 at 3:09 pm

    ད་ལྟའང་ང་ཚོའི་སྤྱི་ཚོགས་ནང་འགྲོ་གླེང་ག་འདྲ་བྱའང་རྒྱུ་མཚན་ལ་བལྟ་ནས་རྟག་དཔྱད་མ་བྱེད་པར་ཞེན་ཁོག་གི་ཕྱོགས་སུ་སོང་སྟེ་སྐྱོན་བརྗོད་ཞུ་ན་མ་འགྲིག་པ་མཐོང་བ་ནི་ཆེས་རྗེས་ལུས་ཡིན། དམངས་གཙོའི་ལམ་ནས་མི་མང་གི་འགོ་ཁྲིད་ལ་མི་མང་ནས་ལས་དོན་གནང་ཕྱོགས་ཐད་དྲི་བ་དང་སྐྱོན་བརྗོད་ཞུ་ཆོག་པ་ལས་མི་ཆོག་པ་མིན། རང་གི་འགོ་འཁྲི་ལ་དྲི་བ་ཞུ་ཆོག་གི་མེད་པ་ནི་དམར་པོའི་རིང་ལུགས་སམ་བཀས་བཀོད་རྒྱུད་འཛིན་ལམ་ལུགས་འོག་གནས་པ་གཅིག་མཚུངས་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་༧གོང་ས་མཆོག་གི་གསོལ་རས་གནང་བའི་དམངས་གཙོ་ལམ་ལུགས་སུ་བསྐྱོད་བཞིན་ཡོད་སྟབས་བསམ་ཚུལ་འདྲ་མིན་ཡོང་ཆོག་པ་དང་མི་མང་གི་འགོ་ཁྲིད་སུ་རུང་ནས་ནོར་འཕྲུལ་བྱེད་ཚེ་ཐེར་འདོན་བྱ་དགོས་པ་ཡིན། སྐབས་འདིར་རྔ་བ་ལགས་ཀྱི་དཔྱད་རྩོམ་ནང་གྲོས་ཚོགས་ནང་ཨ་རི་སྐུ་ཚབ་དོན་ཁང་ནང་སྲིད་སྐྱོང་མཆོག་གི་སྐུ་པར་བཤམ་པར་འགྲིག་མིན་སྐོར་སྐྱོན་བརྗོད་གནང་བ་བཀོད་པ་ནི་གནས་ཚུལ་ཆ་ཚང་ཤེས་མིན་འདུག སྐྱོན་བརྗོད་ངོ་མ་དེ་༧གོང་ས་མཆོག་གི་སྐུ་པར་ཁུག་ཁྱོག་ཏུ་བཞག་ནས་མཇལ་རྒྱུ་མེད་པའི་ཐད་དྲི་བ་གནང་བ་ལས་སྲིད་སྐྱོང་མཆོག་གི་འདྲ་པར་བཀལ་མི་ཆོག་པ་རྩ་བ་ནས་སྐྱོན་བརྗོད་གནང་མེད་པ་ཁ་གསལ་ཡིན།

  5. ཚེ་རིང་ནས། says:
    2014-10-22 at 12:31 am

    སྤྱི་འཐུས་གྲོས་ཆོགས་འདི་སྔར་ནས་ད་བར་བཀའ་ཤག་ལ་སྐྱོན་རྐྱང་འཚོལ་མཁན་ཞིག་ལས། དགྲ་བོ་ཁ་ཐད་ལ་གང་ཡང་བཤད་ཐུབ་ཀྱི་མེད། ལྷག་པར་དུ་བློ་སེང་ལ་བོད་མི་རིགས་ལ་ཕན་པའི་ལས་ཀ་བྱེད་མ་བཅུག་པ་རྣམས་ནི་ཤིན་ཏུ་བློ་ཕམ་ཆེ། དེ་ནི་བོད་རིགས་ཀྱི་གྱོང་གུད་ཡིན་པ་ལས་བློ་སེང་སྒེེར་པ་ལ་གྱོང་གུད་མེད། ད་དུང་ཡང་རྨོངས་དད་དང་རྗེས་ལུས། ཆོས་ལུགས་ཀྱི་ཞེན་ཁོག དགའ་ལྡན་ཕོ་བྲང་ལ་སྤྲེལ་ལད་མང་ཙམ་ཁྲབ་དང་། ཁྱོད་རང་སྒེར་གྱི་འཚོ་ཐབས་དང་། ཁྱིམ་ཚང་གི་འཚོ་རྟེན་ལ་དཀའ་ངལ་ཕྲད་ཀྱི་མ་རེད། འོན་ཀྱང་ཁྱོད་རང་གིས་བོད་རིགས་ལ་བསམ་མནོ་བཏང་མྱོང་ངམ། ཕམ་ཁ་འདི་བོད་རིགས་ཡོངས་ཀྱི་གྱོང་གུད་རེད། སྔར་ནས་ད་བར་དུ་འདི་འདྲ་རྐྱང་གནང་སྟེ་བོད་མི་རིགས་ལ་གྱོང་གུད་བྱུང་སྟེ་ས་མཐར་སྐྱབས་བཅོལ་ཡིན་མིན་གང་ཡང་བཤད་མ་ཤེས་པར་གནས་ཡོད། ད་དུང་ཀྱང་མུ་མཐུད་དེ་སྒེར་ནད་དང་། ཆོས་ལུགས་ཞེན་ཁོག་རྩོད་རོགས་ཡག་པོ་འདུག མཐའ་མར་བོད་མི་རིགས་འདི་མིང་ཙམ་ལྷག་ངེས་རེད། དེ་ནི་དཔོན་རིགས་ཁྱོད་རྣམས་ཀྱི་དྲིན་ཁོ་ནར་བརྟེན་ནས་བྱུང་བ་རེད། རང་གི་ཡང་མི་རིགས་ལ་ཕན་པའི་ལས་ཀ་མི་བྱེད། གཞན་ལའང་བྱ་མི་བཅུག དེའི་བར་དུ་མི་ཚེ་གང་ཡིན་འདི་ཡིན་མེད་པར། བར་དོ་སེམས་ཅན་ལྟར་ཟད་རྒྱུ་རེད།

  6. མིག་དམར། says:
    2014-10-22 at 3:06 am

    སྲིད་སྐྱོང་མཆོག་གི་མཛད་འཕྲིན་ལ་བསྟོད་བསྔགས་དང་ཡི་རངས་ཡོད། བོད་ཀྱི་རྒྱལ་པོ་རེད་རྒྱལ་པོའི་སྐུ་པར་བླ་མའི་སྐུ་པར་ལས་ཆེ་བ་དང་ཡང་ན་དེ་དང་མཉམ་དུ་བཞག་ན་འོས་པ་ཞིག་རེད། དེ་ལ་དགག་བཞག་བྱེད་མཁན་ཡོད་པ་རྣམས་ཀླད་རྩ་གཉོམ་དྲག་པ་རེད། རྔ་བ་ལགས་ནས་རྩོམ་བྲིས་ལ་ཚིག་དོན་གཉིས་ཀའི་ཆ་ནས་དོན་སྙིང་ལྡན་པ་འདུག ཐུགས་རྗེ་ཆེ་ཞུ།

  7. བསོད་ནམས། says:
    2014-10-22 at 4:37 am

    སྲིད་སྐྱོང་བློ་སེང་ལ་རྒྱ་དམར་ལས་ཁ་གཏད་ཆེ་བ་ཤར་ཕྱོགས་ཁུག་རྟ་རེད། ཁུག་རྟའི་རྒྱབ་ལོགས་ན་སུ་ཡོད་མེད་ཤེས་དགོས་རྒྱུ་གལ་ཆེ་རེད། དེ་ནས་སྲིད་སྐྱོང་ལ་ལམ་ཁ་བཀག་མཁན་དང་སྡང་མིག་བགྲད་མཁན་དེ་སུ་ཡིན་ཤེས་སླ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-10-22 at 5:39 am

    རྔ་པས། མ་གཞི་ངས་ཡང་་་་་་་ འདི། མ་གཞི་ངས་ཀྱང་མིན་འགྲོ

  9. བདེན་པའི་ཕོ་ཉ་ says:
    2014-10-22 at 7:56 am

    སྲིད་སྐྱོང་དང་རྒྱལ་པོར་དབྱེ་བ་ཆེན་པོ་ཡོད་རྒྱལ་པོ་ནི་ཡུལ་སྤྱི་ཡི་རྒྱལ་པོ་ཡིན་པས་རྒྱལ་ཁོངས་སུ་ཡོད་པའི་ཡུལ་མི་རྣམས་ཀྱིྒུས་གུས་བཀུར་བླ་མེད་དུ་ཞུ་གི་ཡོད་སྲིད་སྐྱོང་ནི་འོས་འཕེན་པའི་སྐྱེས་བུ་ཞིག་ཡིན་པས་རྒྱལ་པོ་ལྟ་བུའི་ཡོང་མི་སྲིད་བསམ་བློ་གཏོང་པ་མ་གཏོངཡིད་ཐང་ཆད་ཡོང།

  10. ལུང་རྟོགས། says:
    2014-10-22 at 9:41 am

    སྲིད་སྐྱོང་ལ་གུས་བཀུར་དགོས་རྒྱུ་གལ་ཆེན་པོ་རེད། གྲོས་ཚོགས་ནང་མི་རེ་ཟུང་གིས་རྟག་པར་སྲིད་སྐྱོང་ལ་སྐྱོན་བརྗོད་མ་ཚར་བར་སྡད་འདུག མི་འདི་ཚོའི་ཀུན་སློང་ལ་དོག་པ་ཡོད།

  11. རྒོད་པོ། says:
    2014-10-22 at 10:35 am

    མ་གཞི་དཔྱད་བརྫོད་འདི་ལ་ཐད་པ་ཡིན། ཆབ་སྲིད་པ་རྣམས་ཀྱི་ཕན་ཚན་སྐྱོན་བཤད་རེས་བྱེས་པ་དེ་འགྲིགས་པ་རེད། དེ་སྡིག་ཆག་མ་རེད། དེ་ཁོ་རང་ཚོས་འགན་རེད། ཡིན་ནའང་དཔྱད་བརྫོད་འདི་འབྲི་མཁན་གི་དངོས་ནས་ཕྱོགས་གཅིག་རྒྱབ་སྐྱོར་བྱེས་བ་དེ་འགྲིག་གི་མི་འདུག།

  12. རྒོད་པོ། says:
    2014-10-22 at 1:50 pm

    སྲིད་སྐྱོང་གཙོས་གཞུང་གི་སྣེ་ཡོད་མི་སྣ་ཚོ་སྐྱོན་ཡོན་ན་སྐྱོན་བརྫོད་བྱེད་ས་དེ་གྲོགས་ཚོགས་རྭ་བ་དེ་རེད་མ་གཏོགས་གཞན་གང་ཡང་ཡོད་པ་མ་རེད། གཞུང་གི་འགོ་ཁྲིད་རྣམས་པ་ཚོ་སྐྱོན་བརྫོད་བྱེད་མི་ཆོག་བའི་ཁྲིམས་ཞིག་ཡོད་དང་མེད། ཡོད་ན་གསལ་བཤད་ཞིག་གནང་རོགས་ཞུ་གི་ཡིན། མེད་ན་དོན་མེད་ལ་ཧམ་བཤད་མ་བཤད་ཟེར་འདོད་བྱུང།

  13. ལྷ་སའི་བུ་ says:
    2014-10-23 at 12:30 am

    མང་གཙོའི་སྤྱི་ཚོགས་ནང་གཏམ་བརྗོད་རང་དབང་ཡིན་ཙང་རང་གིས་འགན་འཁུར་འཁྱེར་ཏེ་ལེགས་ཉེས་གང་ཡང་ཤོད་ཆོག་གི་རེད། འོན་ཀྱང་ང་ཚོའི་གྲོས་ཚོགས་ནང་མི་རེ་ཟུང་གིས་རྒྱ་ཆེའི་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་མཆོག་ལ་གུས་ཞབས་མེད་པར་དགོས་མེད་ཀྱི་དགག་བྱ་དང། གཞི་མེད་ཀྱི་སྐྱོན་འཛུགས་བྱེད་དོན་དེ་ག་རེ་ཡིན་ནམ། བོད་པའི་གཏམ་དཔེར། ཆང་རང་གིས་འཐུང་ན་མགོ་ན། གཞན་གྱིས་འཐུང་ན་སྙིང་ན། ཟེར་བའི་དཔེ་ལྟར་མ་ཡིན་པའི་རེ་བ་ཡོད། ང་ཚོ་བོད་པའི་ལོ་རྒྱུས་ནང་དེ་འདྲའི་གནས་ཚུལ་རིམ་པ་བྱུང་སྟེ་མཐའ་མའི་གྲུབ་འབྲས་རང་ཡུལ་གཞན་གྱི་དབང་འོག་ཏུ་ཚུད་པ་རེད།

  14. རྒོད་པོ། says:
    2014-10-23 at 8:53 am

    རྣམས་པ་ཚོས་ཁ་ནས་དམངས་གཙོ་དང་རང་དབང་ཟེར་གྱིན་འདུག། འོན་ཀྱང་རང་གི་གཉེན་ཕྱོགས་དང་རང་ཡུལ་གཅིག་པ་ཐུགས་དུས་རང་དབང་དང་དམངས་གཙོ་ཟེར་བ་ཞིག་མི་འདུག། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་མི་དམངས་ཀྱི་འོས་བླུགས་ནས་ཡོངས་ཀྱང་མ་རེད་ཟེར་གྱིན་ཡོད་དམ། ཁོང་ཚོས་སྲིད་སྐྱོང་གི་བྱེས་ནོར་དག་གི་ཐད་ལ་དྲི་བ་གཏོང་རྒྱུ་དང་བགྲོ་གླེང་བྱེད་རྒྱུ་ནི་སྤྱི་འཐུས་རྣམས་པས་འོས་འགན་རེད་ལ། དེས་ཐད་སྲིད་སྐྱོང་གི་ཕྱོགས་ཁག་ཚོས་དགའ་རོང་མ་དགའ་རོང་བྱེད་ཐུབ་ཡོད་པ་མ་རེད། དེ་ནས་རྣམས་པ་ཚོས་དྲིན་ཆེན་དྲིན་ལོག་མ་བྱེད། དཔེར་ན་ཤར་ཁུག་གི་སྲིད་སྐྱོང་གི་བྱེས་ནོར་ཐད་ལ་སྤ་གསང་མེད་པར་སྐྱོན་བརྫོད་བྱེས་པ་དེ་སྲིད་སྐྱོང་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་བ་རེད་འདོད། ཡིན་ནའང་རྣམས་པ་ཚོས་དྲངས་བདེན་གི་ཕྱོགས་ལ་དེ་ཙམ་ཡུད་ཆེས་མེད་དུས་བཤད་མཚམས་འདི་ནས་འཇོག་གི་ཡིན།

  15. མིག་དམར། says:
    2014-10-23 at 10:01 am

    ད་དགོས་མེད་ཀྱི་རྩོད་པ་རེད་དེ། སྲིད་སྐྱོང་ཞེས་པ་ནི་ཐ་སྙད་གསར་པ་རེད། རྒྱལ་པོ་ཞེས་པ་ནི་ཐ་སྙད་རྙིང་པ་རེད། དོན་ལ་ཁྱད་པར་མེད། སྲིད་སྐྱོང་དང་རྒྱལ་པོ་ཞེས་པའི་ཐ་སྙད་གཉིས་འགལ་པ་ལྟག་སྤྲོད་ལྟ་བུ་ཡིན་ན། བོད་ལ་རྒྱལ་པོ་མེད་པར་ཐལ་ལོ། དེ་བཞིན་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཡང་རྒྱལ་པོ་མེད་པར་འདོད་དགོས། ཞོར་འཕྲོས་ཙམ་ཡིན།

    སྲིད་སྐྱོང་གི་མཛད་འཕྲིན་ཁག་ལ་ཡི་རངས་དང་བསྟོད་བསྔགས་རྒྱབ་སྐྱོར་བྱ་བ་ནི་བོད་མི་ཡོད་དོ་ཅོག་གི་འགན་འཁྲི་རེད། དེ་མིན་སྐུ་པར་མཐོ་དམན་ཙམ་དང་ལས་དོན་ཆུང་ཚགས་སོ་སོའི་སྒེར་དོན། ལུང་པའི་ཕྱོགས་འཁྱེར་ཙམ་གྱིས་སྲིད་སྐྱོང་ལ་ཁ་བཏང་བསྡད་པ་དེ་ཡག་པོ་མ་རེད།

  16. ཚེ་རིང་ནས། says:
    2014-10-23 at 11:58 am

    སྲིད་སྐྱོང་གིས་ལས་ཀ་འཐུས་ཤོར་དང་ནོར་འཁྲུལ་བཏང་ན་ངོ་རྒོལ་བྱ་ལོས་ཆོག་བྱེད་རུང་བ་ཞིག་རེད། དེ་མིན་སྒེར་ནད་དང་། ཕྲག་དོག་གིས་འགོག་རྒོལ་རྐྱང་བྱེད་ན་ཡག་པོ་མ་རེད། ངོ་རྒོལ་བྱེད་ཚད་དམངས་གཙོའི་ཐོབ་ཐང་ཡིན་ན། དོལ་རྒྱལ་ཚོགས་པས་སྐྱབས་མགོན་རིན་པོ་ཆེ་ལ་ངོ་རྒོལ་བྱེད་པ་དེ་ཡང་རང་དབང་ཡིན་ནམ། ངོ་རྒོལ་གཅིག་མཚུངས་ཡིན་པའི་ཕྱིར། ངོ་རྒོལ་ལ་ཚད་གཞི་ཡོད་རྒྱུ་རེད།

  17. བདེན་པའི་ཕོ་ཉ་ says:
    2014-10-23 at 1:05 pm

    ད་མིག་དམར་ལགས་གད་མོ་མ་སློང་རྒྱལ་པོ་དང་སྲིདསྐྱོང་ཐ་སྙད་ཙམ་མ་ཡིན་པར་ཁྱད་པར་ཆེན་པོ་ཡོད་པ་ནི་་ཁ་མཚོན་བཅད་ནས་བཤད་ཐུབ་ལ་བོད་ལ་མཉའ་ཁྲི་ནས་དར་མ་བར་ཡང་རྒལ་པོ་ཡོད་དར་མས་གསར་བརྗེའི་རིང་ལུགས་ཨྤེལ་བའི་རྗེས་བོདཀྱི་རྒྱལ་རབ་འཇུགས་རྫོགས་པ་རེད་དེ་ཡང་མཁྱེན་པའི་རེ་བ་ཡོད་

  18. རྒོད་པོ། says:
    2014-10-23 at 1:18 pm

    དོལ་རྒྱལ་ཚོགས་པའི་༧སྐུ་མདུན་ལ་ངོལ་རྒོལ་བྱེད་མི་བྱེད་དེ་ཁོང་ཚོས་ཐོབ་ཐང་རེད། ཡིན་ནའང་ང་ཚོ་ཚང་མའི་ངེས་པར་དུ་ཤེས་དགོས་པ་དེ་དོལ་ཚོགས་འམ་འདྲེ་ཚོགས་པ་དེའི་ཐོབ་ཐང་སུ་གཅིག་གི་འཕྲོག་ཡོད་མ་རེད། ཁོང་ཚོ་འདྲེ་ཡི་རྗེས་སུ་འགྲོ་ན་འདྲ་དེ་ཁོང་ཚོ་ཐོབ་ཐང་རེད། གཉིས་པ་དེ། ཁོང་ཚོའི་༧སྐུ་མདུན་ལ་ངོ་རྒོལ་བྱེས་ན་འགྲོ་སོང་གཏོང་མཁན་རྒྱ་ནག་གཞུང་རེད། དེ་འདྲ་ཡིན་ཙང་དོལ་ཚོགས་ཀྱི་སྐོར་གི་སྐད་ཆ་འདི་དང་འབྲེལ་བ་མི་འདུག། དེ་ནས་སྲིད་སྐྱོང་གི་སྐོར་རེད། མི་སུ་ཞིག་ཡིན་ན་རང་རང་དགའ་ཕྱོགས་ཀྱི་མི་ཡོད་སྲིད། འོན་ཀྱང་ཁ་བརྡ་དྲ་བའི་ནང་གི་སྲིད་སྐྱོང་གི་ཕྱོགས་བྱེད་མཁན་དག་ནི་སྲིད་སྐྱོང་གི་སྐྱོན་དང་ཡོན་ཏན་གང་ཡིན་ལ་ཡང་མ་ལྟོས་པར་མཐའ་གཅིག་དུ་སྲིད་སྐྱོང་གི་སྐྱག་པ་དཀར་པོ་དང་ནག་པོ་ཚང་མ་གསེར་ལྟ་བུ་བརྩི་མཁན་དག་ནི་ཡུལ་ལུང་ཆུང་ཆུང་ཞིག་གི་ཆེད་དུ་ར་བཟི་མཁན་དག་རེད།

  19. ཇུས་ཏོག says:
    2015-01-12 at 7:48 am

    རང་དབང་མང་གཙོའི་གྲོས་ཚོགས་ལམ་ལུགས་ནང་།
    འཛིན་སྐྱོང་འགན་བཀུར་འཐུས་མིའི་ལས་་འགན་རེད་།
    འཛིན་་སྐྱོང་རྩིས་རྒྱག་གྲོས་ཚོགས་ར་བ་རེད་།
    ཁྲིམས་ལུགས་མ་ཤེས་དྲ་འབུ་མགོ་གཉིས་མང་།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-01-12 at 9:10 am

    བོད་མིའི་སྒྲིག་འཛུགས་དང་། སྲིད་སྐྱོང་རྒྱལ་འགྱུར་ཅིག བདེན་པ་ཉིད་རྒྱལ་འགྱུར་ཅིག །

  21. ཇུས་ཏོག says:
    2015-01-12 at 10:50 am

    ཐོབ་ཐང་ཟེར་བ་དེ་ཁྲིམས་ལུགས་ཀ་ྱི་འོག་ཏུ་གཏན་འབེབས་བྱས་པ་ཞིག་ཡིན་
    ན་དེ་ཐོབ་ཐང་རེད་་ཁྲིམས་ལུགས་འོག་མ་གསལ་བའི་ལས་དཀའ་གང་་བྱུང་མང་
    བྱུང་བྱས་ན་ཁྲིམས་འགལ་ལ་ངོས་འཛིན་བྱེད་ཀྱི་རེད་དེ་ཐོབ་ཐང་མ་རེད་ཧ་ཧ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme