Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ལ་ཞུ་གཏུག་སྙན་ཞུ་ཨང ༢༠ ཅན་ཡང་བསྐྱར་འབྲི་དགོས་པའི་བཀའ་ལན་བཏང་ཡོད་འདུག

Posted on 2018-12-15 By ཁ་བརྡ 30 Comments on སྲིད་སྐྱོང་ལ་ཞུ་གཏུག་སྙན་ཞུ་ཨང ༢༠ ཅན་ཡང་བསྐྱར་འབྲི་དགོས་པའི་བཀའ་ལན་བཏང་ཡོད་འདུག

འཇིགས་མེད་བློ་གྲོས།
 
དེ་ཡང་སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༢་ཉིན། རྡ་རམ་ས་ལ་ནས་གནས་ཚུལ་འབྱོར་གསལ་ལ། བྱང་ཨ་རའི་དོན་གཅོད་སྤེན་པ་ཚེ་རིང་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱི་ཁྲིམས་གཏུག་སྐོར་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ལན་འབྱོར་གསལ་དུ། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་དོན་དང་ལྡན་པའི་ཞུ་གཏུག་བྱེད་རྒྱུ་ལས། འབྲེལ་མེད་ཀྱི་ཁྲིམས་ཡིག་བཀོལ་བ་དེར། ཞུ་ལན་ཕྱིར་འཐེན་བྱས་ཏེ་བསྐྱར་བསྣོན་ཁ་གསབ་ཀྱིས་ཡང་བསྐྱར་ལན་འདེབས་དགོས་པའི་བཀའ་ལན་གནང་ཡོད་པ་རེད།

མ་གཞི་ནས་སྲིད་སྐྱོང་གིས་ཞུ་གཏུག་སྙན་ཞུ་ལ་སྔོན་གཞུག་ཐེང་གཉིས་སུ་ཕྱིར་འགྱངས་བྱས་ཡོད། ཐེང་དང་པོར་ཟླ་ངོ་གསུམ་ཅན་གྱི་ཕྱིར་འགྱངས་དང་། དེ་ནས་ཟླ་ངོ་དྲུག་ཅན་གྱི་ཕྱིར་འགྱངས་བཅས་བྱས་ཡོད། ཐེང་གཉིས་པའི་ཕྱིར་འགྱངས་དུས་བཀག་ཏུ་ཞུ་ལན་དེ་ད་ལོའི་སྤྱི་ཟླ་བཅུ་གཅིག་བའི་ཚེས ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འབྱོར་དགོས་བ་ཡིན་མོད། ཞུ་ལན་དེ་སྤྱི་ཟླ་བཅུ་གཅིག་པའི་ཚེས ༣༠ ཉིན་མ་གཏོགས་ཁྲིམས་ཞིབ་ཁང་ལ་འབྱོར་ཐུབ་མེད།

སྤྱི་ཟླ་བཅུ་གཉིས་པའི་ཚེས ༧ ཉིན་ཁྲིམས་ཞིབ་ཁང་གིས་གྱོད་ཡ་སྲིད་སྐྱོང་གི་ཞུ་ལན་ཕྱིར་བསློག་དང་བསྒྲགས་བཀའ་ལན་ལམ་སྟོན་བཅས་གནང་ཡོད་པ་རེད། བཀའ་ལན་ལམ་སྟོན་ནང་། གྱོད་བདག་སྤེན་པ་ཚེ་རིང་གིས་བཀའ་ཤག་ལ་བོད་ཀྱི་དོན་གཅོད་བསྐོ་བཞག་གི་འགན་དབང་ཡོད་མེད་སྐོར་ཉེས་དོགས་གང་ཡང་བྱེད་གིན་མེད་པས། གྱོད་ཡ་སྲིད་སྐྱོང་ནས་བཀའ་ཤག་གི་དབང་ཚད་བསྐྱར་འགྲེལ་ཡང་ཡང་གནང་མི་དགོས་པ་གསལ་འདེད་བྱས་ཡོད་པ་དང་། དེ་བཞིན་དུ་གྱོད་ཡས་བོད་ཀྱི་དམངས་དོན་ཁྲིམས་ལུགས་ལ་གཟབ་མནན་གྱིས་ལྟོས་ཏེ་གྱོད་དོན་དང་འབྲེལ་བ་ཡོད་པའི་དགག་ལན་སློག་དགོས་པ་ལས་ཞུ་གཏུག་དང་འབྲེལ་བ་མེད་པའི་ཁྲིམས་ཡིག་ཁྱེར་ཡོང་དགོས་དོན་མེད་པའི་ལམ་སྟོན་གནང་ཡོད།

ཁྲིམས་ཞིབ་ཁང་གི་བཀའ་ལན་ནང་། གྱོད་ཡས ༧གོང་ས་མཆོག་གི་མཚན་གནས་དེ་བཙན་བྱོལ་བོད་མའི་ལས་བྱེད་བླངས་དོར་སྒྲིགས་གཞི་ཁྲིམས་དོན་ཚན ༡༩(༡) དང་བཙན་བྱོལ་བོད་མིའིི་བཅའ་ཁྲིམས་དོན་ཚན ༥(༢) དང་མཉམ་དུ་མུ་མཐུད་མཉམ་བསྲེས་མི་བྱེད་རྒྱུའི་ལམ་སྟོན་ཀྱང་གནང་ཡོད།

ཁྲིམས་ཞིབ་ཁང་ནས་དུ་ད་དུང་། ༧གོང་ས་སྐྱབས་མགོན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན ༢༥ བའི་དགོངས་དོན་ལྟར། སྤྱི་ལོ་ ༢༠༡༡ ལོའི་སྤྱི་ཟླ་༥ བའི་ཚེས ༢༩ ནས་བཟུང་། བོད་མིའི་སྒྲིགས་འཛུགས་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་གནང་ཏེ་ཆ་ཚང་བགྲེས་ཡོལ་དུ་ཕེབས་ཡོད་པ་དང་། དེ་བཞིན་དུ་བཅའ་ཁྲིམས་དོན་ཚན ༡༩ དང་ཅའ་ཁྲིམས་དོན་ཚན ༢༠ ནང་གསལ་ལ་སྲིད་སྐྱོང་དང་བཀའ་ཤག་ལ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་འཛིན་སྐྱོང་གི་འགན་དབང་ཆ་ཚང་ཡོད་པས་ན གྱོད་དོན་འདི ༧གོང་ས་མཆོག་གི་མཚན་གནས་ལ་འབྲེལ་བ་མེད་པས། ༧གོང་ས་མཆོག་གི་མཚན་གནས་གྱོད་དོན་འདིའི་ཐོག་ཁྱེརཡོང་དགོས་བའི་དགོས་པ་རྒྱུ་མཚན་གང་ཡང་མེད་པའི་གསལ་ཁ་བཏོན་འདུག དེ་བཞིན་དུ་ཁྲིམས་ཞིབ་ཁང་གི་བཀའ་ལན་ལམ་སྟོན་ནང་། ༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་བོད་དང་བོད་མིའི་མགོན་སྐྱབས་དང་། དེའི་མཚོན་རྟགས་ཡིན་པ་སྨོས་མེད་ཐོག ཁོང་གིས་ང་ཚོ་ལ་མུ་མཐུད་བཀའ་སློབ་ལམ་སྟོན་གནང་གིན་ཡོད་པའི་མཛད་འཆར་འདིར་བཀའ་དྲིན་རྗེས་དྲན་གྱི་ཡར་སྟོད་ལས། བོད་མིའི་སྒྲིགས་འཛུགས་ཀྱི་འཛིན་སྐྱོང་གི་ལས་གཞི་རིམ་པ་ཁག་གི་འགྱུར་ལྡོག་དང་མཉམ་བསྲེས་བྱེད་མི་ཆོག་པའི་སྐུལ་འདེེད་བཏང་ཡོད།

ཆེས་མཐོ་ཁྲིམས་ཞིབ་ཁང་གིས་གྱོད་ཡ་ནས་ཁྲིམས་ཞིབ་ཁང་གི་བཀའ་ལན་ལམ་སྟོན་གཞིར་བཞག་ཐོག་ལན་འདེབས་སྙན་ཞུ་ཡིག་ཆ་སྤྱི་ལོ ༢༠༡༩ ལོའི་སྤྱི་ཟླ ༡ པོའི་ཚེས་༡༥ ཉིན་གྱི་སྔོན་ལ་འབྱོར་དགོས་པའི་བཀའ་ལན་ཡང་གནང་ཡོད་པ་རེད།

བྱང་ཨ་རིའི་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་གིས་ཁོང་ཉིད་དོན་གཅོད་ཀྱི་ལས་གནས་ནས་གནས་དབྱུང་བཏང་བའི་ཞུ་གཏུག་སྤྱི་ལོ ༢༠༡༧ ལོའི་སྤྱི་ཟླ ༡༢ བའི་ནང་བྱས་ཡོད་པ་རེད། ལས་གཞི་འདི་ལོ་གཅིག་གི་རྗེས་གཞི་ནས་ད་གཟོད་གཞི་ནས་འགོ་འཛུགས་ཐུབ་པ་བྱུང་ཡོད།

ད་ལོའི་སྤྱི་ཟླ ༥ བའི་ནང་གསར་འགོད་པས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་ཁོང་གི་ཞུ་གཏུག་འདིས་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་རྙོག་གླེང་ཆེ་རུ་འགྲོ་རྒྱུ་ཡིན་མིན་འདྲི་སྐབས། ཁོང་གིས། ཞུ་གཏུག་འདི་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་བགྲོད་པར་རྙོག་དྲ་གང་ཡང་ཡོང་གི་མ་རེད། ཁོང་གིས་བཤད་རྒྱུར། རྙོག་དྲ་འདི་གནད་དོན་གཉིས་ཀྱི་ཐོག་ནས་སེལ་ཐུབ། གཅིག་ནི་བཀའ་ཤག་གིས་རྙོག་དྲ་འདིའི་འགན་འཁུར་ལེན་རྒྱུ་དང་། གཉིས་ནི་ཁྲིམས་ཞིབ་ཁང་གིས་རྙོག་དྲ་འདི་གཙང་སེལ་བྱེད་རྒྱུ་དེ་གཉིས་གཅིག་པུ་རེད་ཞེས་གསུངས་ཡོད།

བཀའ་ཤག་གིས་སྤྱི་ལོ ༢༠༡༧ ལོའི་སྤྱི་ཟླ ༡༡ བའི་ཚེས་འགོར། སྐབས་དུས་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལ། གལ་འགངས་ཤིན་ཏུ་ཆེ་བའི་སྤྱི་པའི་ལས་དོན་ཞིག་ཐོག་འཐུས་ཤོར་འགྲོ་གཞི་ཡོད་པ་དང་། སྒྲིག་འཛུགས་ཀྱི་འགན་འཛིན་སྤྱི་ཁྱབ་བཀའ་ཤག་ཐུགས་བློ་མ་ཁེངས་པའི་གནས་སྟངས་རིགས་ལྷག་སྐབས། ལས་སྣེ་ནས་གནས་དབྱུང་བཏང་ལུགས་ཀྱི་བཀའ་རྒྱ་བཏང་ཏེ་ལས་མཚམས་འཇོག་ཏུ་བཅུག་ཡོད་པ་རེད། ལོ་དེའི་ཟླ་གཅིག་གི་རྗེས་སུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རིའི་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པ་རེད།

དོན་རྐྱེན་འདི་བྱུང་རྗེས་གནས་ཚུལ་འདི་འཛམ་གླིང་གང་སར་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་ཆེས་ཆེར་ཁྱབ་ཏེ། ཁ་ཤས་ཤིག་གིས་དོན་རྐྱེན་འདི་ནི ༢༠༡༦ ལོའི་འོས་བསྡུའི་འགྲན་རྩོད་ཁྲོད་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་ཟུར་སྤེན་པ་ཚེ་རིང་དང་། སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱི་ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པའི་རྙོག་གླེང་དེ་ལས་བྱུང་བའི་ཤ་འཁོན་འབྲས་རྟགས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཚོགས་ཟུར་སྤེན་པ་ཚེ་རིང་གིས་སྤྱི་ལོ ༢༠༡༧ ལོའི་ཟླ་ ༡༢ བའི་ཚེས་་༦ ཉིན་རྡ་རམ་ས་ལར་གསར་འགོན་གསལ་བསྒྲགས་སྤེལ་ཏེ། ཁོང་ལ་སྐྱོན་འཛུགས་བྱས་པ་ཐ་དག་གཞི་རྩ་གང་ཡང་མེད་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཁོང་ཉིད་དོན་གཅོད་ནས་གནས་དབྱུང་གཏོང་རྒྱུའི་འགན་དབང་ཆ་ཚང་ཡོད་པ་གཞིར་བཞག་ལ། ཁོང་གིས་ང་ལ་ད་དུང་གཞི་མེད་ཀྱི་སྐྱོན་འཛུགས་འདྲ་མིན་བྱས་པ་དེ་ནི་མ་ཉེས་ཁ་གཡོག་ཁོ་ན་ཡིན་པའི་གསལ་བཤད་བྱས་ཡོད།

ཚོགས་ཟུར་སྤེན་པ་ཚེ་རིང་དོན་གཅོད་ཀྱི་ལས་སྣེ་གནས་ནས་དབྱུང་བཏང་བ་དེར། བཀའ་ཤག་གིས་སྤེན་པ་ཚེ་རིང་ལགས་དང་བཀའ་ཤག་གི་དབར་ཕན་ཚུན་ཡིད་ཆེས་བློས་འགེལ་ཐུབ་པའི་ཁོར་ཡུག་ཅིག་སྐྲུན་མ་ཐུབ་པ་མ་ཟད། འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་འོག་གོང་རིམ་ལ་བརྩི་བཀུར་བྱ་སྤུ་གནོན་ལྟར་ཡོང་གི་མེད་པ་བཅས་ལ་བརྟེན་ཁོང་ལས་སྣེ་ནས་གནས་དབྱུང་བཏང་ལུགས་ཡིན་ཞེས་དོན་ཚན་བཅུ་ཅན་གྱི་སྐྱོན་འཛུགགས་གསལ་བསྒྲགས་སྤེལ་ཡོད།

ལོ་གཅིག་གི་སྔོན་ཏག་ཏག་ལ་ཚོགས་ཟུར་སྤེན་པ་ཚེ་རིང་རྡ་རམ་ས་ལར་ཕེབས་དེ། ཤོག་ངོས ༩༤ ཅན་གྱི་བདེན་དཔང་ཡིག་ཆ་བཏོན་ཏེ། སྲིད་སྐྱོང་བློ་བཟང་སེང་གེའི་དོན་ཚན་བཅུ་ཅན་གྱི་སྐྱོན་འཛུགས་དེར་ཁོང་ལུང་གང་ཡང་མེད་པའི་ར་སྤྲོད་གསལ་བོར་བྱས་ཡོད།

དེང་གི་ཆར་གནས་ཚུལ་འདི་བོད་པའི་སྤྱི་ཚོགས་ནང་གི་གླེང་སློང་ཆེས་ཤོས་ཤིག་དུ་ཆགས་ཡོད་ནའང་། བོད་ཀྱི་རླུང་འཕྲིན་ཁང་དང་དུས་དེབ་སོགས་ན་གྲགས་འགུལ་གང་ཡང་བྱེད་གིན་མེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ད་རབ་བདེན་རྫུན་ཐག་གཅོད་ཀྱི་རལ་གྲི་མངོན་ཏེ་སྲིད་དབང་སྒེར་གཅོད་ཀྱི་དར་ཐག་གཅོད་པའི་གྲུབ་རྟགས་ཤིག་སྟོན་ཐག་ཆོད་རེད་འདུག དེ་ལྟར་ནའང་། སྲིད་སྐྱོང་དང་བཀའ་ཤག་གིས་ཚོགས་ཟུར་སྤེན་པ་ཚེ་རིང་གི་ཁྲིམས་གཏུག་དེར་རྒོལ་ལན་བསློག་པའི་ཁྲིམས་ཀྱི་འདེའུ་རྦད་དེ་མེད་ན་མེ་མདའ་སྟོང་བ་རྒྱབ་ན་ཅི་ཡང་མི་ཕན་པས ༧གོང་ས་མཆོག་ལ་མཛད་དཀའ་མ་བཟོ་བར་རང་སྐྱོན་ངོས་ལེན་དང་བཟོ་སྲོལ་ཞུ་ན་དེ་ནི་དུས་ལ་རན་ཞིང་འོས་ཤིང་འཚམས་པའི་བཟང་སྤྱོད་ཞིག་རེད་སྙམ།

༢༠༡༨ ལོའི་སྤྱི་ཟླ་༡༢ བའི་ཚེས ༡༣ ཉིན།

བསམ་ཚུལ།

Post navigation

Previous Post: བུ་མོ་མེ་ཏོག་གཡུ་སྒྲོན།
Next Post: གྲྭ་གཞོན་སངས་རྒྱས་རྒྱ་མཚོས་ཞི་རྒོལ་སྐད་འབོད་བྱས་པ།

Comments (30) on “སྲིད་སྐྱོང་ལ་ཞུ་གཏུག་སྙན་ཞུ་ཨང ༢༠ ཅན་ཡང་བསྐྱར་འབྲི་དགོས་པའི་བཀའ་ལན་བཏང་ཡོད་འདུག”

  1. དགོན་པ་ཚང་ དར་རྒྱས་ says:
    2018-12-16 at 12:53 am

    གུས་པས་ད་ལྟའི་འགྲོ་བཞིན་པའི་སྲ྄ིད་སྐྱོང་དེ་ཐོག་མར་ཨ་རིའི་མི་ནི་སོ་ཀྲར་ནས་ཁོང་ཚོ་མི་གསུམ་སྲིད་བསྐྱོང་བྱེད་ཀྱི་ཡིན་ཟེ་ནས་སྐད་ཆ་བཤད་པར་བསླེབས་སོང་བ་ནས་ཐོག་མར་མཐོང་བ་དང་ད་ལྟའི་ལས་ཐོག་སྲིད་བསྐྱོང་སྐོར་ལ་ཧ་གོ་བ་དང་པོ་ཡིན། ་སྐབས་དེ་དུས་ཁོང་ཚོ་མི་གསུམ་གྱིས་སྐད་ཆ་བཤད་རེས་བྱས་སོང་བ་ནས་ད་ལྟ་འགྲོ་བཞིན་པའི་སྲིད་བསྐྱོང་བློ་བཟང་གི་སྐད་ཆ་རེ་རེ་བྱས་ནས་ཉན་རྗེས་ཧ་ཅང་གི་མི་དེ་མ་རབ་དང་ཧམ་པ་ཆེན་པོར་འཚོར་སྣང་བསླེབས་ཏེ་ཤིན་ཏུ་ནས་མི་དེར་བསུན་སྣང་བསླེབས་སོང་། ཡིན་ནའི་ང་ཚོའི་བོད་མི་ཡོངས་རྫོགས་ཀྱི་དངོས་གནས་དྲང་གནས་ཀྱི་འགན་མི་འཁྱེར་བར་ཁོ་པ་སྲིད་བསྐྱོང་གི་གོ་གནས་དེ་འཐོབ་ཏུ་འཇུག་པ་ནི་ཤིན་ཏུ་ནས་བོད་མི་ཡོད་དོ་ཅོག་ལ་གྱ྄ོང་གུས་ཧ་ཅང་གི་ཆེན་པོ་ཞིག་རེད། ད་ལྟ་ཁོ་པར་སྡིག་པ་མིག་་གཙུམ་བྱས་ནས་བརྒྱབ་བསྐྱོར་བྱེད་མཁན་ཚུན་ཆད་ནས་ལས་རྒྱུ་འབྲས་ལ་བསམ་བློ་དང་བོད་དེ་ཆགས་འཇིག་གི་གནས་སུ་བསླེབ་ཡོད་པར་གཟིགས་ནས་དྲང་ཚུགས་གཏན་པོ་ཞིག་མ་གནང་པར་མུས་མཐུད་ཁྱིར་རྒན་གྱ་ཡན་དུ་གཏང་ན་རང་གཞན་ཚང་མ་དུས་ནམ་ཡང་རྒྱ་མིའི་྄དྲན་གཡོག་འོག་ནས་འཐར་ཐབས་མེད། གང་ཡིན་ཟེ་ན་ལས་ཐོག་སྲིད་བསྐྱོང་ནས་ང་ཚོ་བོད་མའི་བསྟོབས་ཤུགས་ཀྱི་བརྩ་བ་མཐུན་བསྒྲིལ་ཡོང་དགོས་པ་དེ་གཏོར་ཤིགས་གཏང་ཟིན་པ་རེད།

  2. སྲིན་པོ་རྫ་རྒན says:
    2018-12-16 at 11:36 pm

    སྲིད་སྐྱོང་སྐོར་ལ་དོ་སྣང་དམིགས་བསལ་བྱེད་ཀྱི་མེད། བརྟག་དཔྱད་བྱེད་ཀྱི་མེད། སྤྱི་སེམས་བསྐྱེད་བཞིན་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཀྱིན་ཡོད། སྤྱི་ཚོགས་འཁྲུག་སོང་། ཕྱོགས་གཉིས་ཆགས་སོང་སྟེ། ཕྱོགས་གཉིས་ཀས་བོད་བསྟན་པ་ཆབ་སྲིད་ལ་གཞོགས་འདེགས་བྱེད་ཀྱི་ཡོད་པ་གཅིག་མཚུངས་བཤད་ཀྱི་འདུག དེ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་། གཞུང་དང་ཚོགས་པ་ཁག་གིས་མང་ཚོགས་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་དགོས་ས་རེད་མ་གཏོགས། མང་ཚོགས་ནང་ལ་གདོང་ཐུག་ཁྱད་མཚར་པོ་ཡོང་གི་ཡོད་ས་རེད་བསམ་པ་འདུག

  3. ཨ་འབར་འཇིགས་དབང། says:
    2018-12-17 at 12:34 am

    ཡིད་དོགས་རང་རེད་མ་གཏོགས་བོད་པའི་སྤྱི་ཚོགས་ནང་ཕྱོགས་གཉིས་སམ་གསུམ།
    མི་མཐུན་པའི་བསམ་ཚུལ་སོགས་གང་ཡང་ཡོད་པ་མ་རེད།
    ཀྱད་ཆུང་སྟོང་པ་རེ་གཉིས་ནས་དགྲ་དགའ་གཉེན་སྡུག་གི་སྐད་ཆ་རེ་གཉིས་མ་གཏོགས་
    གཞན་ཅི་ཡང་ཡོད་པ་མ་རེད།
    ཆུང་ཆུང་ཆེན་པོ་མ་བཟོ་ན་ལེགས་ཤོས་རེད།

  4. འཇམ་དབྱངས། says:
    2018-12-17 at 1:07 am

    ༡༽སུམ་བཅུའི་དུས་དྲན་ཉིན་མོར།
    ཁྲིམས་ལ་བཏུགས་ཤོག་གསུང་གི
    ཁྲིམས་ལ་ཞུ་བཏུགས་བྱས་སྐབས།
    རྒྱབ་ལ་ཤིག་ཤིག་གནང་གི།

    ༢༽དང་པོ་འཇོན་མདོག་ཁ་པོ།
    གཉིས་པ་ལག་ལེན་བསྟར་སྐབས།
    ཕྱིར་འཐེན་ཤིག་ཤིག་གནང་གི
    ག་རེའི་ལུགས་སྲོལ་ཡིན་ནམ།

    ༣༽་བཏང་རྒྱུ་ཡོད་ན་གཏོང་ཤོག
    བཏང་རྒྱུ་མེད་ན་བཞག་ཤོག
    ང་ཚོ་སྲིད་སྐྱོངས་ཕྱོགས་ཅན།
    ངོ་མ་གཡང་ལ་དབྱུགས་བྱུང།

    ༤༽ སྲིད་སྐྱོང་ངོ་ཚ་མེད་མཁན།
    སྔོ་ལོ་ལངས་ནས་འཕྱར་སོང།
    ཁྱེད་ཀྱི་རྫིགས་གཏམ་རྣམས་ལ།
    ད་ནི་ཡིད་ཆེས་བརླགས་སོང།
    ཀྱེ་མ་ཀྱེ་ཧུད།
    ང་ཚོ་རྒྱབ་སྐྱོར་བ་རྣམས་ཀླད་སྟོང་ཆུ་སྣ་གར་འཁྲིད་རང་རེད་འདུག
    བདེན་པའི་མི་མང་བློ་ཟུ་བོར་རྣམས་ལ་དགོངས་དག་ཞུ།

  5. བལྟད་མོ་བ། says:
    2018-12-17 at 8:20 am

    ཡ་མཚན་རེད། ངོ་མ་ཡ་མཚན་རེད། བློ་སེང་གིས་ཁ་ཤུགས་ཆེན་པོས་ཁྲིམས་ཁང་ལ་ཤོག་ཅེས་ཐེངས་ཁ་ཤས་བཤད་པ་རེད་མོད། ཁྲིམས་ལ་གཏུགས་དུས་ཡང་ཡང་ཕྱིར་ཤོལ་བྱེད་པ་དེ་ག་རེ་ཡིན་ནམ། ངོ་ཚ་མེད་ན་འདི་འདྲ་རེད། བློ་སེང་གིས་བོད་ཡིག་ཀློག་ཙམ་ཐུབ་ཙམ་མ་གཏོགས་དོན་དག་གོ་མི་ཐུབ་པས། ཁྲིམས་ཁང་གི་ཡི་གེ་དེར་བློ་སེང་གི་ཨབ་ཕྲུག་ནང་ནས་ཡི་གེའི་གོ་དོན་ཤེས་མཁན་ཡོད་ན་འགྲེལ་བཤད་ཡག་པོ་རྒྱབ་ན་མ་གཏོགས། ཡང་བསྐྱར་ཁྲིམས་ཁང་ནས་ཡི་གེ་ཞིག་གཏོང་དགོས་འཁེལ་ཉེན་འདུག་གོ། ཡ་བློ་སེང་ཤུགས་རྒྱོབ། ཀི་ཧི་ཧི་ཤུགས་རྒྱོབ།

  6. ཨ་ཁུ་འབྲོག་པ། says:
    2018-12-17 at 2:52 pm

    སྔ་མཇུག་ཐེངས་གཉིས་དུས་འགྱངས་བྱས་པས་མ་ཚད་ཁྲིམས་དཔོན་དང་། ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས་ལའང་བརྙས་བཅོས་དང་། བསུན་གཙེར་ཚོད་མེད་བཟོས་པའི་སྐད་ཆ་ཡང་གོ་རྒྱུ་འདུག ད་དུང་ཡང་ཁྲིམས་དཔོན་རྣམས་མཚན་གནས་རྗེས་འབྲེལ་དགོངས་པ་ཡག་པོ་བཞེས་ནས་ད་ལམ་གྱི་དོན་གནད་འདི་ལས་འབྲས་སྤང་འཕེར་ཐག་གཅོད་ཡག་པོ་ཞིག་དང་། དྲང་པོ་ཞིག་གནང་མ་ཐུབ་ན་ཞབས་འདྲེན་ཞུ་གི་རེདཏ། ཁྲིམས་དཔོན་གོང་མ་དག་གིས་རང་ཚུགས་ཟིན་མ་ཐུབ་པ་དང་། མགོ་མ་ཚོས་ཀྱི་ཐག་གཅོད་ལ་བརྟེན་ནས་ཡོངས་གླིང་སློབ་གྲྭའི་རྙོག་གླེང་བ་མ་ཤི་བར་རྙང་མ་རྒྱུན་མི་ཆད་པའི་ངང་ཚུལ་འདི་ཁྲིམས་དཔོན་ཚོའི་ཐུགས་ལ་བཅང་རྒྱུ་ཤིན་ཏུ་གལ་ཆེ། ད་ལན་ཁྲིམས་དཔོན་ཚོས་ལྷ་ཡིད་ཆེས་པ་དང་འདྲེ་མཁོ་ཐག་ཆོད་པའི་ཐག་གཅོད་ཅིག་གནང་བའི་རེ་བ་ཡོད།

  7. ངོ་རྒོལ་བ་མིན། says:
    2018-12-17 at 7:17 pm

    འདིའི་སྐོར་ཚིགས་ཁ་ཤེས་འབྲི་འདོད་བྱུང་།

  8. བཀའ་ཤག་ལ་ངོ་རྒོལ་བ་མིན། says:
    2018-12-17 at 9:58 pm

    ཆེའི་མཐོས་ཁྲིམས་ཞིབ་ཁང་གི་བརྩོད་གཞི་ངོ་མ་གཞི་གང་འདྲ་བཞགས་བརྩིས་ཡོད་ན།

  9. བལྟད་མོ་བ། says:
    2018-12-18 at 8:00 am

    མྱི་ཟེར་བའི་མཆན་འབྲི་མཁན་འདི་ཡང་བློ་སེང་དང་གཅིག་པ་གཅིག་རྐྱང་རེད་འདུག གང་ཡིན་ཟེར་ན། སྤེན་པ་ཚེ་རིང་གིས་དོན་གཅོད་བརྗེས་པ་འགྲིག་གི་མི་འདུག་ཅེས་པའི་ཞུས་གཏུགས་བརྒྱབ་མེད་པར་ཁྲིམས་ཁང་གི་ཡིག་ཆའི་ནང་གསལ་བོ་གསལ་རྐྱང་བྲིས་འདུག་པ་མཐོང་བཞིན་དུ་ད་དུང་དོན་གཅོད་བརྗེས་པོ་བརྒྱབ་པ་བཀའ་ཤག་ལ་སྐུ་སྒེར་གྱིས་ཡི་གེ་སྤྲད་ཡོད་རེད་ཟེར་ན། བླུན་པོ་མིན་ན་གང་རེད། བླུན་པོ་ཟེར་ན་དེ་འདྲ་ལ་ཟེར་བ་རེད། སྤེན་པ་ཚེ་རིང་གིས་དོན་གཅོད་བརྗེས་པ་འགྲིག་གི་མ་རེད་ཟེར་ནས་ཁྲིམས་གཏུགས་བྱས་འདུག་གམ། ཁྲིམས་ཁང་གི་ཡིག་ཆ་དེར་ཡག་པོ་ཞིག་བལྟས་དང་།
    བློ་སེང་གི་ཨབ་ཕྲུག་ཚང་མ་འདི་འདྲའི་གོ་འཕྲོད་དཀའ་བ་ག་རེ་ཡིན་ནམ། ཀི་ཧི་ཧི་རང་རེད།

  10. དགོན་པ་ཚང་ དར་རྒྱས་ says:
    2018-12-18 at 10:34 am

    མྱི་ཟེ་མཁན་དེ་ཚོའི་གྲལ་གྱི་བློ་བཟང་ལ་པག་སྐྱེས་བསླང་ནས་བློ་བཟང་ལྐུག་པ་དེས་འབྱུང་འབྲས་གང་ཡོང་ཧ་མི་གོ་བར་ཧམ་པ་གང་བྱུང་བཤད། ད་གཟིགས་དང་བློ་བཟང་ལ་རིན་ཐང་ག་རེ་ལྷག་སོང་ རབས་བྱུང་ན་ཨ་རོག་ཚོས་བློ་བཟང་ལ་སྙིང་རྗེ་དགོངས་ནས་བཟང་ཕྱོགས་སུ་འཁྲིད་ཨེ་འཐུབ་ལྟ་རོག

  11. དགོན་པ་ཚང་ དར་རྒྱས་ says:
    2018-12-18 at 10:43 am

    མྱི་དངོས་ནས་གཉིད་བསད་ན་དགའ་ས་རེད་ད་ཆོ་ཡོད་མ་རེད་ཁྱེད་བློ་བཟང་གི་ཕ་ཡུལ་གཅིག་པ་ཡིན་ན་དྲང་པོ་དྲང་ཞག་གནང་ནས་བློ་བཟང་རྟ་ཁ་དབྱང་ནས་འཐེན་འཐུབ་ན་དེས་ཁྱེད་དང་བློ་བཟང་ཚང་མར་འཕེན་གྱི་རེད། ངེས་ཀྱི་སྙིང་གཏམ་ཡིན།
    ཨ་རོག་ ཀི་ ཧི་ ཧི།

  12. མྱི། says:
    2018-12-18 at 12:17 pm

    བོད་རིགས་སྤུན་ཟླ་རྣམ་པས་གཟིགས་རོགས་ཞུ་

    ཚོགས་ཟུར་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་མིང་འཛིན་ཚོའི་དོན་གཅོད་འཕོ་འགྱུར་བའི་རྐྱེན་གྱི་མི་འདོད་པའི་ངོ་རྒོལ་གྱིས་སྐད་འབོད་ནི་འདི་ལྟར་བྱས་སོང་།
    སྲིད་དབང་སྒེར་གཅོད་བྱས་སོང་།
    ཁྲིམས་འགལ་བྱས་སོང་།
    དབང་ཆ་ལོག་པ་བྱས་སོང་།
    ཞེས་རྒོལ་བ་རེད།
    འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཡིག་ཆ་ནང་འདི་ལྟར་བཀོད་འདུག།

    ཞུ་རྩའི་དོན་ཚན་1,2་ནང་བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་རྩོད་ལེན་བྱེད་ཀྱི་མེད་ཅེས་དང་།
    ཞུ་ལན་གྱི་དོན་ཚན་ 3’20,ནང་་སྐུ་ཚབ་དོན་གཅོད་བསྐོ་བཞག་དང་འཕོ་འགྱུར་གཏོང་རྒྱུ་གཉིས་ཀ་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་ཞེས་བཀོད་འདུག་པས།
    སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་མི་མཐུན་པའི་རྩོད་གཞི་མི་འདུག་ཞེས་བྲིས་འདུག་ན།

    ད་ནི་གྱོད་རྩ་ངོ་མ་གང་ཡིན་ནམ།

  13. བྱང་ཆུབ་ལོ་མ། says:
    2018-12-18 at 12:24 pm

    ༼གནད་ཡོད་མི་སྣའི་རྒྱུད་ནས་གོ་ཡ་དེ་དགའ་ལྡན་ཕོ་བྲང་གིས་སྤེན་ཚེ་བརྗེ་དགོས་པའི་་ཤོག་ཡང་བཀའ་ཤག་ལ་དངོས་སུ་གནང་ཡོད་པ་རེད་འདུག༽

    ཨེ་བདེན་ནམ། དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན། གནའ་སྔ་མོ་ནས་ས་བསྒྲགས་གནམ་བསྒྲགས་བྱས་ཚར་ཡོད་པ་རེད། གནད་ཡོད་ནས་གོ་བ་དེ་ལ་གནད་འགག་དང་གནས་ལུགས་མེད་པ་ཐག་ཆོད།

  14. རྒྱ་ཞིང་མྱི་དཀར། says:
    2018-12-18 at 1:59 pm

    རྙོག་རྙོག་བཤད་དགོས་ཡ་དང་འབྲི་དགོས་ཡ་ཡོད་བ་མ་རེད་ཁྲིམས་ཐོག་ནས་ཚང་མ་གསལ་ཡོང་གི་རེད་སྒུག་བསྡད་ན་དེ་རེད་དོ།།

  15. བསམ་ཤེས། says:
    2018-12-18 at 4:00 pm

    ཨ་ཡོ། སྲྲིད་སྐྐྱྱོང་དེ་ངོ་མ་བཀྲྲ་མ་ཤིས་པ་ཞིག་རེད། བོད་མི་རྣྣམས་ལོ་བཅུ་ལ་ཉེ་བ་ངན་པ་དགུ་འཛོམས་ནང་ལ་ཐིམས་སོང་། ད་སྲྲིད་སྐྐྱྱོང་མགྱྱོགས་ཙམ་མ་ཕྱྱིན་ན། བཀྲྲ་མ་ཤིས་པ་དེ་སྲྲིད་སྐྐྱྱོང་སྐྐབས་གོང་ས་མཆོག་སྐྐུ་གཤེགས་ན་ཤིན་དུ་བླློ་ཕམ་རེད།

  16. ཨ་འབར་འཇིགས་དབང། says:
    2018-12-18 at 10:36 pm

    ༄༅། སྲིད་སྐྱོང་ལགས།
    དགོས་ས་ལ་ཆད་། མི་དགོས་ས་ལ་ལྷག་་་ཞེས་པའི་དཔེ་ལྟར་རེད།
    ད་་་ལན་ཞིག་སློག་དང་། གང་གི་ཆེད་སྒུག་གམ།
    ཁྱོད་ཁྲིམས་ཀྱི་སློབ་སྦྱོང་ཡོད་མཁན་ཞིག་རེད།
    ལན་ཚ་བོ་ཞིག་ག་རེ་བྱས་ནས་་མི་རྒྱག་

    མ་ཤེས་ན་ཤེས་མཁན་ལ་དྲིས། མ་མཐོང་ན་མཐོང་ས་ནས་ལྟོས།

  17. འཇིག་མེད་བློ་གྲོས། says:
    2018-12-18 at 11:39 pm

    སྲིད་སྐྱོང་གི་བྱ་སྤུ་མནོན་དང་། མི་སྣ་མཇལ་འཕྲད་མ་ཐུབ་པ། བུད་མེད་ལ་ངན་བསླབ། ས་ཡ་གཅིག་དང་ཕྱེད་ཀ གསར་འགྱུར་མཁོ་གཏོང་མ་ཐུབ་པ་སོགས་ཀྱི་སྐྱོན་འཛུགས་དེ་དག་ནི་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོག་ཁོ་ན་བྱས་པ་ལས། བོད་མིའི་བཅའ་ཁྲིམས་སུ་སྐྱོན་འཛུགས་དེ་དག་ལ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་ཆགས་ཤིང་། སྐྱོན་འཛུགས་དེ་མང་ཆེ་བར་ཆེས་མཐོ་ཁྲིམས་ཁང་གིས་ཁ་མཆུ་ངོས་བཞེས་བརྩི་མེད་ཞེས་ཁྲིམས་བཅད་བྱས་ཡོད་པ་དང་། དེ་བཞིན་ཏུ་སྲིད་སྐྱོང་གིས་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོ་བཀོལ་ཏེ་ཁྲིམས་ཀྱི་རྒྱབ་རྟེན་འཚོལ་བ་དེར། ཆེས་མཐོ་ཁྲིམས་ཁང་གིས། བཅའ་ཁྲིམས་ལེའུ་དང་པོ་དེ ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ཡིན་པ་ལས། ཁྲིམས་དེ་ཉིད་རང་འཇགས་སུ་འཇོག་རྒྱུ་ལས་ཁྲིམས་གཏུག་སོགས་སུ་མཉོག་བསྲེས་བྱས་མི་ཆོག་ཞེས་ཁྲིམས་བཅད་གསལ་བོར་བྱས་ཡོད།

    མི་ལ་གང་བྱུང་དུ་སྐྱོན་མེད་སར་སྐྱོན་བཙུགས། མིང་ཆད་ངན་པ་བཟོ་བའི་དྲིལ་བསྒྲགས་དང་གཏམ་འཆལ་འདྲ་མིན་སྤེལ་ཏེ། ཕ་རོལ་བའི་མི་ཚེའི་མཚན་ཉིད་དང་སྙན་གྲགས་ལ་རྐང་བཙུགས་ནས་ཁྱད་གསོད་དང་གནོན་སྐྱོན་གཏོང་བ་དེ་ལ་མ་ཉེས་ཁ་གཡོག་གི་ཁྲིམས་ཞེས་བརྗོད་ཀྱང་།

    སྲིད་སྐྱོང་དང་བཀའ་ཤག་གི་བྱས་འབྲས་དེ་རྣམས་ལ་མ་ཉེས་ཁ་གཡོག་གི་ཁྲིམས་ཀྱི་མཚན་ཉིད་ཡོངས་སུ་ཚང་ཞིང་། ཁྲིམས་ཀྱི་མདུན་སར་བྱས་འབྲས་དེར་དག་འབུད་གཏོང་བའི་ཁྲིམས་ཀྱི་རྒྱབ་རྟེན་ཞིག་ཁོང་ཚོས་བཙལ་ཀྱང་རྙེད་ས་རེ་མི་འདུག

  18. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-19 at 10:00 pm

    དགའ་ལྡན་ཕོ་བྲང་དང་མི་མང་རང་སར་
    བཏང་སྙོམས་ལ་འཇོག་རོགས་གནང་
    ཐུགས་རྗེའི་གཟིགས།

  19. སྐལ་བཟང says:
    2018-12-19 at 10:31 pm

    སྲིད་སྐྱོང་གིས་སུམ་ཅུའི་དུས་དྲན་ཉིན་ཁྲིམས་ལ་གཏུགས་ཤོག་གསུང་ཡོད་རེད། དོ་བདག་གིས་ཁྲིམས་ལ་གཏུགས་ཚར་རེད།
    ཁྲིམས་ལ་གཏུགས་ཏེ་ལོ་གཅིག་ཕྱིན་པ་རེད།
    ཐེངས་གཉིས་གསུམ་ཞིག་ཕྱིར་འཐེན་བྱས་ཚར་རེད།
    ད་དུང་ཁྲིམས་ཁང་ལ་ཡོང་རོགས་བྱེད་གི་ཡོད་མ་རེད།
    མི་ལ་ངོ་ཚ་མེད་ན།
    མི་ལ་ལ་རྒྱ་མེད་ན།
    མི་ལ་ལྷག་བསམ་མེད་ན།
    བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན། ཟེར་བ་རེད་་་་བློ་སངས་ལགས་ད་མགྱོད་པ་སྐྱེས་རུང་ཕྱི་དྲགས་པ་རེད། གང་ལྟར་ཁྲིམས་ཁང་ལ་ཕེབས་རོགས་གནང་ཞུ་རྒྱུ་ཡིན།

  20. བཀའ་ཤག་ལ་ངོ་རྒོལ་བ་མིན། says:
    2018-12-20 at 5:08 am

    རང་གཞུང་བཀའ་ཤག་ཁྲིམས་ར་ནང་འཁྲིད་པའི་བློ་ཕམ་ཀྱི་གནས་ཚུལ་ཐོན་བརྡ།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ནས་རྩོད་ལན་བ་ལ་བཀའ་རྒྱ་གཏོང་འདུག།

    ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༧ འཁོད་པའི་“ཞུ་ལན་ལ་སྣོན་འཕྲི་དགོས་བའི་བརྡ་ཐོ་”ཡིག་ཆ་རེད་ཟེར་བ་ཞིག་ཚ་ཚ་འུར་འུར་གྱིས་བཀྲམ་སོང་བ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡིག་ཆ་རྫུན་མ་མང་དག་ཅིག་འགྲོ་བཞིན་ཡོད་སྟབས་ཐོག་མ་འདི་ཡང་དེའི་གྲས་གཅིག་ཡིན་ཤག་བྱས། ཡིག་ཆ་དེ་ལ་ཕྱི་ཟླ་༡༢ ཚེས་༧ འཁོད་འདུག་པ་དང་། ཉིན་དེ་ཙམ་ཞིག་ཕལ་ཆེར་ཡིན་ས་ཡོད། བཙན་བྱོལ་བོད་པའི་དྲ་འབུ་ཁག་གི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག དོན་དངོས་ཡིག་ཆ་དེ་ཡང་དྲ་འབུ་དག་གིས་རྫུན་བཟོ་བྱས་པ་ཞིག་མ་ཡིན་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཡིག་ཡིན་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ཙམ་མ་ཡིན་པར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་དེ་སྤེལ་འདུག དེར་བརྟེན་བརྡ་ཐོའམ་ཁྲིམས་ཡིག་དེ་དང་འབྲེལ་བའི་སྐོར་ལ་ལྟ་ཚུལ་ཁག་ཅིག་བརྗོད་འདོད་བྱུང་ཡང་། ལྟ་ཚུལ་ནི་ལྟ་ཚུལ་རང་ཡིན་པས་དོན་དངོས་ཡིན་མིན་དང་དོན་དངོས་དང་བར་ཐག་ག་ཚོད་ཙམ་ཡོད་མེད་ནི་ཁ་ཚོན་བཅད་ནས་བཤད་དཀའ་བ་ཞིག་རེད།

    སྐབས་འདིར་གླེང་དགོས་པའི་གནད་དོན་གཙོ་བོ་ནི་ཁྲིམས་ཞིབ་ཁང་གི་ཡིག་ཆ་དེའི་ནང་འཁོད་པ་“ཞུ་རྩའི་དོན་ཚན་༡་༢ ནང་། བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་སྐུ་དབང་ཡོད་མེད་ཐོག་རྩོད་སློང་བྱེད་ཀྱི་མེད་ཅེས་དང་། ཞུ་ལན་གྱི་དོན་ཚན་༣།༢༠ ནང་། སྐུ་ཚབ་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་གཏོང་རྒྱུ་གཉིས་ཀ་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་ཞེས་བཀོད་འདུག་པས། སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་མི་མཐུན་པའི་རྩོད་གཞི་མི་འདུག”ཅེས་གསལ་འདུག་པས། དོན་དངོས་སུ་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་རྩོད་གཞི་གང་ཡང་མེད་ན། ཁྲིམས་ཞིབ་ཁང་དུ་བསྐྱལ་བའི་རྩོད་རྙོག་དེ་ལའང་གཞི་རྩ་གང་ཡང་མེད་པ་ཞིག་ཏུ་གྱུར་འདུག དེ་མ་ཡིན་པར་ནང་ཁུལ་སྲིད་དོན་དང་འབྲེལ་བའི་ཤོག་སྦུག་རླུང་འཚང་ལྟ་བུའི་སྤྱི་ཚོགས་ནང་གི་རྙོག་གླེང་ཡོད་ཚད་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྐྱེལ་དགོས་པ་ཞིག་ཀྱང་མིན་ཚོད་རེད་ལ། བསྐྱལ་ཡང་ངོས་བཞེས་བདག་སྐྱོང་དགོས་པ་ཞིག་དང་ཐུབ་པ་ཞིག་ཀྱང་མ་རེད་སྙམ།

    ཡིག་ཆ་དེར་བལྟས་ན་རྩོད་ལན་པས་ལན་འདེབས་བྱེད་སྐབས་འདི་དང་འདི་བཤད་ན་འགྲིག་གི་མ་རེད། འདི་ཕྱིར་འཐེན་བྱེད་དགོས་པ་རེད་ཅེས་པ་ལྟ་བུ་ལན་འདེབས་བྱེད་སྟངས་ཚང་མ་ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་པ་དང་། རྩོད་ལན་པ་ཕྱོགས་གཉིས་ཀར་བཀའ་གཏོང་དགོས་པ་ཞིག་ཀྱང་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཐོག་ནས་ཁྱད་མཚར་པོ་ཞིག་ཏུ་མཐོང་སོང་། ཞུ་སྦྱོར་པའི་ཞུ་རྩ་ལ་རྒྱུ་མཚན་ཡོད་མེད་གང་ལྟར་ཡང་། རྩོད་ལན་པའི་ལན་འདེབས་ལ་གནས་ལུགས་དང་དཔང་རྟགས་ཡོད་མེད་གང་ལྟར་ཡང་། གནད་དོན་དེ་ཞུ་སྦྱོར་པ་དང་། རྩོད་ལན་པ་ཕྱོགས་སོ་སོས་ཁྲིམས་ཁང་ནས་མཐའ་སྐྱེལ་དགོས་པ་ཞིག་རེད། ཁྲིམས་རའི་ནང་ནས་ཕན་ཚན་རྩོད་གླེང་དང་དཔང་རྟགས་ཀྱི་ཐོག་ནས་བརྡར་ཤ་བཅད་དེ། ཁྲིམས་ཞིབ་ཁང་གིས་འདི་ཁྲིམས་དང་མཐུན་ཞིང་གནས་ལུགས་འདུག འདི་ཁྲིམས་དང་མི་མཐུན་པར་གནས་ལུགས་ཀྱང་མི་འདུག་ཅེས་དཀར་ནག་གི་དབྱེ་བ་ཕྱེས་ནས་ཐག་གཅོད་བྱེད་པའི་སྐུ་དབང་ཆ་ཚང་ཁྲིམས་ཞིབ་པ་རྣམ་པའི་ཕྱག་ཏུ་ཡོད་པ་ལས། ལན་འདེབས་བྱེད་སྟངས་ཚུན་ཚད་ཁྲིམས་ཞིབ་ཁང་གི་བཀའ་བཀོད་ལས་འདའ་མི་རུང་བ་ཞིག་ཡིན་ནམ།

    བོད་པས་ཁ་རྒྱུན་དུ་“གྱོད་པས་མི་བཤད་མི་དགུ་བཤད། གཟུ་པས་མི་གོ་དགུ་གོ་”ཟེར་བ་བཞིན་གྱོད་ཡ་ཕྱོགས་སོ་སོ་ནས་གནས་ལུགས་ཡོད་མེད་གང་ལྟར་ཡང་། ལུགས་མཐུན་གྱི་ཐོག་ནས་རྒྱུ་མཚན་དང་དཔང་རྟགས་ཕུལ་བ་ཁག་ཁྲིམས་རའི་ནང་ཙམ་དུའང་སླེབས་མ་ཆོག་ན། ཁ་མཆུ་འདི་བཤད་པའི་དགོས་དོན་ཡང་ཕལ་ཆེར་མེད་པ་ལྟ་བུ་རེད་ལ། གནད་དོན་འདིའི་ཐོག་ནས་བལྟས་ན་སྐབས་རེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྩོད་གླེང་རྒྱུན་རིང་བྱས་ནས་ཁྲིམས་ཐག་བཅད་ཟིན་ནའང་ལག་བསྟར་གྱི་ནུས་པ་གང་ཡང་མེད་པ་དང་། སྐབས་རེ་གྱོད་ཡ་ཕྱོགས་གཉིས་ཀྱིས་ལན་འདེབས་ཇི་ལྟར་བྱེད་མིན་ཡང་ཁྲིམས་ཞིབ་ཁག་གི་ལམ་སྟོན་ནམ་བཀའ་བཀོད་ཀྱི་ར་བ་ལས་ནམ་ཡང་འདའ་མི་ཆོག་པ་ལྟ་བུའི་དབང་ཚད་བདག་གིར་བཞེས་པ་འདི་ཡང་། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཅུང་ཡ་མཚན་དགོས་པ་ཞིག་ཡིན་སྲིད་ཀྱང་། མང་གཙོའི་ཀ་བ་གསུམ་ཞེས་མིང་ཙམ་ལས་དོན་དུ་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་ང་ཚོའི་སྒྲིག་འཛུགས་ལ་མཚོན་ན་ཁ་སྟབས་འདི་ཙམ་ལས་མེད་པ་ནི་ཧང་སང་དགོས་པ་ཞིག་ཀྱང་མིན་སྲིད།

    མདོར་ན་ད་ལྟའི་ཁ་མཆུ་འདི་ཉིད་བདེ་སྡུག་དང་འབྲེལ་བའི་ཁ་མཆུ་ཞིག་མིན་པ་དང་། ནང་ཁུལ་སྲིད་དོན་དང་འབྲེལ་བའི་རྩོད་རྙོག་ཅིག་ཡིན་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྐུ་ངལ་མང་པོ་ཞིག་ཡོད་ངེས་ནའང་། ཁྲིམས་ཞིབ་པ་རྣམ་པ་ནི་ཁྲིམས་ཞིབ་པ་རང་ཡིན་པ་ལས་ཁྲིམས་རྩོད་པ་མིན་པ་དང་། ཁྲིམས་ཞིབ་ཁང་ནི་ཁྲིམས་ཞིབ་ཁང་རང་ཡིན་པ་ལས་ཁྲིམས་རྩོད་དོན་གཅོད་ཁང་མིན་པ་ནི་བོད་མི་ཚང་མར་ཡིད་ཆེས་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ད་ལྟ་སྤྱི་ཚོགས་ནང་ཟིང་ཟིང་གི་གནས་ཚུལ་འདི་ལྟ་བུ་འགྲོ་བཞིན་པའི་སྐབས་འདིར་ཁྲིམས་ཞིབ་ཁང་གི་གལ་ཆེའི་ཡིག་ཆ་ཁག་དོ་བདག་ཚོའི་ལག་ཏུ་འབྱོར་ལོང་ཡོད་མེད་ཙམ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བརྡལ་བཏང་བ་འདི་ཡང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ལ་མཚོན་ན་ཕན་གནོད་གང་ཡོད་བཤད་མི་ཤེས་ནའང་། ཐེ་ཚོམ་དང་དོགས་པ་སྐྱེ་དགོས་པའི་གནད་དོན་ཞིག་མ་རེད་ཅེས་བཤད་དཀའ་བ་ཞིག་རེད། ད་དུང་གྱོད་གཞི་འདི་དང་འབྲེལ་བའི་གལ་ཆེའི་དཔང་རྟགས་ཡིག་ཆ་མང་པོ་ཞིག་ཀྱང་རིམ་པས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སླེབས་སྲིད་པ་རེད་འདུག་སྙམ།།

  21. སྤྱང་ཤོག says:
    2018-12-20 at 11:42 am

    སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་མི་མཐུན་པའི་རྩོད་གཞི་མི་འདུག་ཟེར་། དེ་འདྲ་ཡིན་ན། སྤེན་ཆེའི་་སྤྱི་ཚོགས་དཀྲུག་མཚམས་གཞག་ན་ཡག་པོ་རེད། འདི་ལ། ་ རྩ་བ་བོར་ནས། ཡལ་ག་རྩོད་་ཟེར་བ་རེད།

  22. ཨ་ཡག says:
    2018-12-20 at 12:01 pm

    ཁྲིམས་ལ་གཏུགས་ཤོག་ཟེར་ནས་སྤོབས་པ་མཐོ་མདོག ནག་པོ་བཟོ་རྐྱང་བྱེད་མཁན་ཕྱོགས་ཁག་གིས་དེང་གི་དུས་སུ་རྣམ་པ་གང་ཐད་ནས་ཁྲིམས་ཞིབ་ཁང་ནུས་མེད་བཟོ་ཐབས་ལ་བརྩོན་བཞིན་འདུག་པ་དང་། དེའི་ཕུགས་སུ་ཆོལ་གསུམ་གྱི་མཐུན་འབྲེལ་འཐོར་བཤིག་བཏང་བ་ལྟར། ཁྲིམས་ཀྱི་དབང་བསྒྱུར་ལ་ཡང་གཏོར་གཤིག་གཏོང་ཐག་ཆོད་གཏོང་རྒྱུའི་གྲ་སྒྲིག་དང་བསམ་ངན་གང་ས་ནས་མཐོང་རྒྱུ་འདུག་གོ།།

  23. ཨ་ཡག says:
    2018-12-20 at 12:35 pm

    མང་གཙོའི་གཤེད་མ་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། མང་གཙོ་ནི་མི་རིགས་གཞན་གྱིས་ཚེ་སྲོག་དང་ཁྲག་དྲོན་ལ་བརྗེས་ནས་ཡོང་བ་དང་། ང་ཚོ་ལ་སྐྱབས་མགོན་དོན་གྱི་བདག་པོས་ཕ་མས་བྱིས་པ་འཚར་ལོངས་བྱེད་པ་བཞིན་བསྐྱངས་ཤིང་སྐྱབས་ནས་ཡག་ཐག་ཆོད་ཡོད་ནའང་། ལོ་ཤས་འདིའི་རིང་ཕྱོགས་གང་ས་ནས་མི་འདོད་པའི་ལས་ཀ་ཆེ་ཕྲ་མང་དག་ཅིག་བྱེད་བཞིན་པ་ནི་བོད་མི་རིགས་ཀྱིས་བློ་གནད་དུ་བབ་ནས་བསམ་དགོས་སོ།།

  24. རྒྱ་མ་ཚང says:
    2018-12-21 at 12:24 am

    བཀའ་ཤགས་ཀྱི་འོད་འགན་བོད་མིའི་རྩ་དོན་དང་བྱེད་ཀྱི་མང་ཚོགས་ཚོའི་ཚོ་བ་དང་ཤེས་ཡོན་ཡང་གོད་༧ རྒྱ་བའི་ཁུར་ཡུག་ཞི་བདེ་བག་ཕེབས་བཟོ་ཡས་དེ་སྤྱིར་བོད་མི་རྣམས་རེ་བ་དངབཀའ་ཤག་གི་འོད་འགན་ཡིན་
    འོན་ཀྱང་བཀའ་ཤགས་སྐབས་འདིས་བོད་ཀྱི་བྱུང་རབ་ནང་མ་བྱུང་བའི་དགའ་ལྡན་ཕོ་བྲང་ཁྲིམས་སར་སྐྱལ་ཏེ་རང་གི་གྱོད་ཡ་ཟིན་གྱི་གནོན་ཆེད་གྱི་བྱ་ངན་སྤྱོད་ངན་འདི་ནམ་ཡང་སྐྱུག་དྲོ་བའི་ཐ་ཤལ་བའི་བྱ་བ་དང་མ་ཟད་༡༩༩༨ལོར་དོ་རྒྱལ་ཚོགས་པས་སྤྱོད་ངན་རྣེ་མངས་ནང་ནས་༧་་རྒྱ་བ་དང་རྒྱ་བའི་སྐུ་འཁོར་རྣམས་སྡི་་ལིར་རྒྱ་ཀར་ཁྲིམས་ཁང་ལ་སྐྱལ་ཐབ་བྱས་གསོང་ད་ཆ་བཀའ་ཤགས་སྐབས་བཅུ་དྲུགས་པས་དེའི་འཇུག་གནོན་ལྟ་བུའི་དགའ་ལྡན་ཕོ་བྲང་ཁྲིམས་སར་སྐྱལ་ཡས་འོད་་བབ་མ་ཡིན་པའི་གནང་གཏང་དེ་ལ་ནམ་ཡང་ངོས་ལེན་མེད་
    རྩ་བའི་ཁྲིམས་གཏུགས་གྱོད་ཞི་བཀའ་ཤགས་ཀྱི་ལན་འདེབས་གསལ་ཤད་ལེ་མཚན་བཅུ་ཅན་དངསྲིད་སྐྱོང་གི་ཕྱོག་སྐྱོད་གཏམས་ཤད་ལས་སྤྲོས་བའི་རྩ་ཁྲིམས་ཀྱི་ལིའུ་ཅིག་ཅིག་མཉོ་མཉོ་བཤད་དགོས་ཡེ་མི་འདུག་རྒྱུ་ཚན་ནི་སྲིད་སྐྱོང་ཁྲིམས་དཔོན་དང་ཁྲིམས་བཙོད་པ་མ་ཡིན་པས་སྐབས་་སུ་བབ་པ་གྱོད་ཡ་ཡིན་རངགི་གང་བྱས་པ་ཡར་གཞུ་བ་ལས་རང་གི་འཚོར་བས་ཁྲིམས་དཔོན་ཡིན་འདོག་འདོག་གི་བཀའ་གཏོང་དབང་མེད་སོ་

  25. བསོད་ནམས། says:
    2018-12-21 at 4:17 pm

    ཁྲིམས་ལ་བཏུག་པའི་ཆ་རྐྱེན་ཚང་མི་འདུག་ལབ་ཀི་འདུག

  26. བསོད་ནམས། says:
    2018-12-21 at 4:19 pm

    ཁྲིམས་ལ་མ་བཏུག་སྲིད་སྐྱོང་གིས་ལབ་ཀི་མི་འདུག ཁྲིམས་ལ་བཏུག་པའི་ཆ་རྐྱེན་ཚང་གི་མེད་པས་ཕྱི་འཐེན་བྱེད་དགོས་བའི་རེ་བ་བཏོན་འདུག འོན་ཀྱང་། ཁྲིམས་ཁང་གིས་ཉན་མི་འདུག

  27. དགོན་པ་ཚང་ དར་རྒྱས་ says:
    2018-12-22 at 1:01 am

    ཀི་ཧི་ཧི་ ཡང བསོད་ནམ་གྱིས་བློ་བཟང་ལ་དཀའ་ངལ་ཐོལ་པར་བཟོ་ཡི་འདུག་འདའ་ ་དེ་འདྲའི་བསོད་ནམས་ཀྱི་ཁ་འཐབས་ལའང་ ་མི་གཞན་ཚང་མ་ལྐུག་པ་རེད་བསམ་འདུག་འདའ་

  28. བཀའ་ཤག་ལ་ངོ་རྒོལ་བ་མིན། says:
    2018-12-24 at 10:40 am

    ཁྲིམས་ཞིབ་ཁང་གིས་ཐུགས་བསམ་བཞེས་དགོས་པ་ཞིག་ནི་ཞུ་སྦྱོར་བ་དང་རྩོད་ལེན་པའི་གནད་དོན་གང་འདྲ་ཐོག་ཡིན་ན་དེ་ལ་ཁྲིམས་ཐག་བཅོད་དགོས་པ་མ་གཏོགས་འདི་འགྲིག་འདུག་འདི་འགྲིག་མི་འདུག་ཞེས་བཀའ་སྟངས་བ་འདི་ཁྲིམས་དང་འགལ་འདུག་དེ་འདྲ་ལུགས་གསོལ་གང་ལ་ཡང་མི་འདུག་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགོ་མང་ཡོངས་རྫོགས་ནག་ཉེས་ཆེན་པོ་ཆགས་འདུག་པས་བཀའ་ཤག་ལྷན་རྒྱས་ལ་ཕྱག་གསུམ་ཚལ་ནས་དགོངས་སེལ་ཞུ་དགོས།།

  29. ཁ་བརྡ says:
    2018-12-27 at 12:16 pm

    སྐུ་ཞབས་བཀའ་ཤག་ལ་ངོ་རྒོལ་བ་མིན། ཞེས་ཞུ་བ་ལགས། ཉིད་ཀྱིས་འདི་གར་གློག་འཕྲིན་(Gmail)ཁ་བྱང་འབྲེལ་ཡོད་ལས་ཁུངས་ལ་ཐོ་འགོད་བྱས་ཟིན་པ་དང་།་དེ་མིན་ཁ་བརྡའི་མཆན་གྱི་རྩ་འཛིན་(http://www.khabdha.org/?page_id=27590)གྱི་ཆ་རྐྱེན་ལྟར་ཁ་བརྡའི་གློག་འཕྲིན་(Gmail)སྟེང་འབྲེལ་བ་གནང་རོགས།

  30. བསྟན་འཛིན་ཚེ་རིང་། says:
    2019-01-02 at 3:17 pm

    ཕྱི་ལོ་གསར་པ་ལ་བཀྲིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme