Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་ཤེས་ཡོན་རིགས་ལམ།

Posted on 2016-03-102016-03-10 By ཁ་བརྡ 5 Comments on སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་ཤེས་ཡོན་རིགས་ལམ།

འོས་སྦྱོར་བ། རྟ་མགྲིན།

 

ཤེས་ཡོན་སྲིད་ཇུས་ནི་བོད་མི་རིགས་ཀྱི་ཕུགས་རིང་གི་འཐབ་ཇུས་དམིགས་འབེན་དུ་བཟུང་སྟེ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་འཆར་འབུལ་གནང་བ་ལྟར་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བ་ཞིག་ཡིན་པས། འཛིན་སྐྱོང་ནས་ལག་བསྟར་ཀ་ཀོར་དང་ནེམ་ནུར་བྱེད་ཆོག་པ་ཞིག་མིན། ཤེས་ཡོན་སྲིད་ཇུས་ཀྱི་ཁྱབ་ཚད་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཡིན་ནའང་། སྲིད་ཇུས་འདིའི་ཕན་ནུས་ཁྱབ་ཁོངས་དེ་ལས་བརྒལ་ཏེ་གཞིས་བྱེས་གཉིས་དང་། ཧི་མ་ལ་ཡའི་རི་རྒྱུད། བོད་བརྒྱུད་ནང་བསྟན་དར་ཁྱབ་བྱ་ཡུལ་བཅས་པར་ཐད་ཀར་གཏུགས་ཡོད་ཅིང་། བོད་ཀྱི་ནང་ཆོས་རིག་པས་འཛམ་གླིང་ཧྲིལ་པོར་ནང་བསམ་བློའི་ཡར་རྒྱས་ཐོག་ཞབས་འདེགས་སྒྲུབ་པའི་བྱེད་ནུས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཚེ། བོད་ཀྱི་ཆོས་རིག་གི་བླ་སྲོག་འཛིན་མཁན་བོད་ཀྱི་སྐད་ཡིག་འདི་ཡིན་པ་དང་། སྐད་ཡིག་འདི་མི་ཉམས་རྒྱུན་འཛིན་གྱི་ལྡེ་མིག་ཤེས་ཡོན་སྲིད་ཇུས་ཡིན་པར་ངོས་ཟིན་པ་ཡིན་ན། འཕྲལ་སེལ་གྱི་དཀའ་ངལ་ཆུང་ཙག་འདྲ་མིན་ཁ་གཡར་ས་བཙལ་ཏེ་ཤེས་ཡོན་སྲིད་ཇུས་ལག་བསྟར་གཡོལ་ཐབས་བྱེད་མི་སྲིད།

ཤེས་ཡོན་སྲིད་ཇུས་ནང་སློབ་ཕྲུག་གི་སྤྱོད་ལམ་ཁྱེར་སྟངས་དང་། ནུས་རྩལ་སྤེལ་སྟངས་ལ་ནན་བརྗོད་དང་སྦྲགས། སྐད་ཡིག་དང་པོ་དེ་སོ་སོའི་ཕ་སྐད་ཡིན་དགོས་པ་རྩལ་འདོན་གནང་གི་ཡོད། ཡིན་ནའང་ད་དུང་དེའི་ཐོག་དོགས་སློང་བྱེད་མཁན་དང་ཐེ་ཚོམ་ཟ་མཁན་ཡོང་གི་ཡོད་པ་ནི་གཞི་རྟེན་མེད་པའི་བྱབ་ཆུང་གི་འདོད་ཚུལ་ཙམ་རེད། གཞི་རིམ་འོག་མར་ཕ་སྐད་ཀྱིས་སློབ་ཁྲིད་བྱས་ན་དགེ་མཚན་ཡོད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཤེས་ཡོན་དང་ཚན་རིག རིག་གཞུང་ཚོགས་པ་ UNESCO ནས་གྲུབ་དོན་སྡོམ་ཚིག་བཀོད་དེ་ཡོངས་བསྒྲགས་གནང་ཟིན་པ་ཞིག་ཡིན་པས། དེ་ལ་སྒྲུབ་བྱེད་གཞན་སྟོན་དགོས་དོན་མེད་ཅིང་། བཙན་བྱོལ་གྱི་མི་ཐོག་གཉིས་པའི་ནང་སྐད་ཡིག་དང་པོ་དབྱིན་ཇི་བསྟེན་མཁན་ཚོར་བལྟས་པ་ཡིན་ན། ཕ་སྐད་གཙོ་བོར་མ་བཟུང་བ་དེའི་ཞན་སྐྱོན་ཇི་ཡོད་གསལ་པོར་མཐོང་ཐུབ་པ་ཞིག་ཡིན། རང་གི་ཕ་སྐད་དེ་སྐད་ཡིག་དང་པོར་ཉར་མ་ཐུབ་པའི་སྐྱེ་བོ་དེ་དག་གིས་བོད་སྐད་བཤད་སྐབས། སྐད་ཡིག་གཞན་གྱི་ནང་དོན་བོད་སྐད་ཐོག་བསྒྱུར་ནས་ཤོད་ཀྱི་ཡོད་པས། ཁོང་གི་བསམ་བློ་གཏོང་ཕྱོགས་དང་། ཀུན་སློང་ཁྱེར་སྟངས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་ཅི་ཙམ་ཡོད་མེད་རྟོགས་ཐུབ་པ་དང་། བོད་ཀྱི་ཆོས་རིག་གི་ཞག་རྩི་མེད་པའི་མི་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྩི་མཐོང་དང་དགའ་ཞེན་ཅི་ཙམ་བྱེད་མིན་ཡང་ཟུར་བལྟས་ལེབ་མཐོང་ཡིན།

ཕུགས་རིང་གི་འཐབ་ཇུས་ཀྱི་དམིགས་ཚད་བཟུང་སྟེ་གཏན་ལ་ཕབ་པའི་སྲིད་ཇུས་གལ་ཆེན་པོ་ཞིག་ལ་གྲུབ་འབྲས་སོན་པར་ལྷུ་ལག་གཅིག་འཐུས་ཤོར་ཕྱིན་ཚེ། དེའི་གནོད་ཚབས་བཅོས་གསོ་བྱ་རྒྱུར་མི་ཐོག་གཅིག་གིས་དཀའ་ལས་བརྒྱབ་ནའང་གྱོང་གུན་གསབ་ཐུབ་མིན་ཚོད་དཔག་བྱེད་ཁག་པོ་ཡིན།

འཛིན་རིམ་བརྒྱད་པ་བར་གྱི་སློབ་ཚན་རྣམས་བོད་ཡིག་ཏུ་རྩོམ་སྒྲིག་དང་སློབ་ཁྲིད་བྱ་རྒྱུར་མ་ལག་ཚང་བའི་འཆར་གཞི་བང་བསྒྲིགས་ཏེ་འགྲོ་དགོས་པ་དང་། རྩོམ་སྒྲིག་པ་དང་དགེ་རྒན་འདང་གི་མེད་ན་དེ་རྩིས་ཀྱི་གསོ་སྐྱོང་དང་སྦྱོང་བརྡར་སྤྲོད་ཐུབ་དགོས་ལ། སྦྱོང་བརྡར་ཐོན་པ་ཚོར་འཕྲལ་དུ་ལས་འགན་བཀོད་སྒྲིག་བྱེད་ཐུབ་དགོས་པ་ཡིན།

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། སློབ་གྲྭ་ཁག་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། རིགས་ལམ་སློབ་གཉེར་ཡར་རྒྱས་གཏོང་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་ལ། ཤེས་ཡོན་སྲིད་ཇུས་ཀྱི་སྙིང་དོན་གལ་ཆེན་ཞིག་ཀྱང་ཡིན།

ཤེས་ཡོན་སྲིད་ཇུས་ནི་ཁྲིམས་ལུགས་ཀྱི་ནུས་པ་ལྡན་པའི་སྲིད་ཇུས་ཤིག་ཡིན་སྟབས། བཙན་བྱོལ་ནང་གི་སློབ་གྲྭ་ཚང་མས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ལག་བསྟར་བྱེད་དགོས་པ་ཡིན་ཞིང་། འཛིན་སྐྱོང་གི་ངོས་ནས་གནད་འགག་འདི་མཁྱེན་པའི་ཐོག་ནས་སྲིད་ཇུས་ལག་བསྟར་གྱི་བྱེད་ཐབས་དང་གོམ་རིམ་གཏན་འབེབས་བྱེད་དགོས་པ་ཡིན་ལ། ལག་བསྟར་བྱ་རྒྱུར་ཆ་རྐྱེན་མི་འཛོམས་པའི་སློབ་གྲྭ་ཁག་ཏུ་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་དང་། འབྲེལ་ཡོད་སློབ་གྲྭའི་ལས་སྣེ་དང་དགེ་རྒན། ཕ་མ་བཅས་ལ་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་གོ་བརྡ་འཕྲོད་ངེས་ངོ་སྤྲོད་བྱེད་ཐུབ་པ་དགོས་ངེས།

སྐད་ཡིག་རྒྱུན་འཛིན་གྱི་གཞི་མ་སློབ་གཉེར་ཡིན་ཞིང་། སྐད་ཡིག་ཡུན་གནས་ཀྱི་རྩ་བ་བཀོལ་སྤྱོད་ཡིན་པས། བོད་མིའི་སྒྲིག་འཛུགས་མ་ལག་ཏུ་བོད་ཡིག་གི་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ།

ཤེས་ཡོན་སྲིད་ཇུས་སུ་གཏན་འབེབས་གནང་བའི་བྱ་རིམ་དང་བྱེད་སྒོ་རྣམས་ལག་བསྟར་བྱེད་པ་ལ་ཤེས་ཡོན་ལྷན་ཚོགས་གལ་འགངས་ཆེན་པོ་ཡིན་པ་དང་། ད་ལྟ་ནང་བཞིན་ལྷན་ཚོགས་དེ་ཤེས་རིག་ལས་ཁུངས་ཁྱབ་ཁོངས་ཀྱི་སྡེ་ཚན་སྤྱིར་བཏང་བ་ཙམ་ཞིག་ཏུ་བཞག་པ་ཡིན་ན། ལྷན་ཚོགས་ནས་ཤེས་ཡོན་ཐོག་བཙན་བྱོལ་གཞུང་ལ་སློབ་སྟོན་འབུལ་རྒྱུ་དང༌། སྲིད་བྱུས་ལག་བསྟར་སྐབས་སྟངས་འཛིན་ལྟ་རྟོག སློབ་གྲྭ་ཁག་གི་བཅའ་སྒྲིག་དང༌། འགྲོ་ལུགས། སློབ་ཚན་གོ་སྒྲིག་དང༌། སློབ་དེབ་འབྲི་རྩོམ། རྒྱུགས་སྤྲོད་ལམ་སྲོལ་བཅས་ལ་རྟོག་ཞིབ་ཀྱིས་ངོས་འཛིན་དང་ཆོག་མཆན་སྤྲོད་རྒྱུ། སྔོན་འགྲོ་དང་གཞི་རིམ་གོང་འོག་གི་སློབ་ཁང་ཚང་མར་ཞིབ་འཇུག་དང་ངོས་འཛིན་སྤྲོད་རྒྱུ། དགེ་རྒན་རྣམས་ལ་དགེ་རྒན་ལས་སྒོར་ཞུགས་ཆོག་པའི་ལག་འཁྱེར་སྤྲོད་རྒྱུ་སོགས་བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཁག་སྤྱི་ཡོངས་ལ་འཛིན་སྐྱོང་གི་འགན་དབང་བསྐུར་ཡོད་པ་རྣམས་ལག་བསྟར་ཐུབ་ཐབས་མེད་པས། ད་ལྟའི་ཤེས་ཡོན་ལྷན་ཚོགས་དེ་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་དང་མཐུན་པའི་རང་སྐྱོང་སྡེ་ཚན་གྱི་ངོ་བོར་བསྒྱུར་རྒྱུ།
ད་ལྟའི་ཆར་གནས་སྟངས་ཛ་དྲག་ནང་ལྷུང་བའི་བོད་སློབ་འཛིན་ཚོགས་ཁོངས་ཀྱི་སློབ་གྲྭ་རྣམས་འདི་ལྟར་འཐུས་ཤོར་མ་ཡིན་པར་བཟང་ཐག་ངན་ཐག་ཆོད་པ་འཕྲལ་དུ་བྱ་རྒྱུའི་ཐབས་ཤེས་བསྟེན་རྒྱུ།

གནས་དུས་དབང་གིས་གནས་སྐབས་རིང་མཐོ་རིམ་ཤེས་ཡོན་སྲིད་ཇུས་བཟོ་རྒྱུའི་དུས་ཚོད་སྨིན་མེད་ནའང་། བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་ཐོག་འཛིན་སྐྱོང་ནས་སློབ་ཡོན་རོགས་རམ་དང་། སྐྱེད་མེད་བུན་གཏོང་གི་མཐུན་རྐྱེན་སྦྱོར་ཐུབ་ངེས།

བསམ་ཚུལ།

Post navigation

Previous Post: བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ལ་བཅར་འདྲི།
Next Post: སྲིད་སྐྱོང་སྙིང་ལ་རྗེ་བོ།

Comments (5) on “སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་ཤེས་ཡོན་རིགས་ལམ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-10 at 5:25 am

    རྟ་མགྲིན་ལགས་ཀྱིས་ཡག་མོ་བྲིས་འདུག་་་་་་་ཨ་མ་རྗེ་བཙུན་པདྨ་ལ་གསལ་བཤད་ཅིག་བྱས་ཐུབ་ས་ཨེ་རེད་དམ། དེར་བྱས་ཐུབ་ན་ཕན་ནུས་ཆེ་མ་གཏོགས་གཞན་ཁ་བཤད་ཙམ་རེད་གདའ།

  2. པི་ཝང says:
    2016-03-10 at 5:33 am

    སྤེན་ཚེ་རྒྱལ་གྱུར་ཅིག
    སྤེན་ཚེ་རྒྱབ་སྐྱོར་བྱེད

  3. དགྲ་འདུལ says:
    2016-03-10 at 5:37 am

    སྤེན་ཚེ་རྒྱལ་གྱུར་ཅིག
    སྤེན་ཚེ་རྒྱབ་སྐྱོར་བྱེད།
    སྲིད་སྐྱོང་གི་འོས་ཤོག་སྤེན་ཚེ་ལ་འཕེན།

  4. ལོ་མ says:
    2016-03-10 at 5:44 am

    བོད་ཀྱི་རིག་གཞུང་དང་ཤེས་ཡོན་སྲིད་བྱུས་ཀྱི་མ་འོངས་པའི་རེ་བ་འདི་རུ་འདུག། འདི་ནི་བོད་ཀྱི་རེ་བའང་རེད། སྤེན་པ་ཚེ་རིང་རྒྱལ་ལོ།

  5. ཇུང་ཏོག་ says:
    2016-03-10 at 9:25 am

    སློབ་ཕྲུག་མེད་པའི་ཤེས་ཡོན་སྲིད་ཇུས་།
    ཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme