Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་གཉིས་ལ་དཀའ་ངལ་གསར་པ་ཞིག་སླེབས་པ།

Posted on 2016-01-222016-01-22 By ཁ་བརྡ 16 Comments on སྲིད་སྐྱོང་འོས་མི་གཉིས་ལ་དཀའ་ངལ་གསར་པ་ཞིག་སླེབས་པ།

སྲོང་བཙན།

 
དུས་དབང་ཕྱིར་འགྱང་སྐོར་དེ་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་རབས་བཤད་ནས་ག་ས་གང་དུ་གླེང་གཞི་ཅན་ཞིག་ཆགས་ཡོད། བློ་སེང་གི་རྒྱབ་སྐྱོར་བ་ཚོས་བྱས་ཉེས་ཚང་མ་སྤེན་ཚེས་གནང་རབས་དང་སྤེན་ཚེའི་རྒྱབ་སྐྱོར་བ་དག་གིས་ལེ་ཁག་ཐམས་ཅད་བློ་སེང་ལ་བཀལ་བའི་ཕན་ཚུན་གདོང་ཐུག་གི་རྩོད་གླེང་རིང་མོ་ཞིག་སྤྱི་ཚོགས་སུ་འགྲོ་བཞིན་ཡོད། དེ་མཚུངས་སྤྱི་འཐུས་གྲོས་ཚོགས་སུ་ཟླ་བ་ཕུན་སྐྱིད་ཀྱིས་དུས་དབང་ཕྱིར་འགྱང་སྐོར་གྱི་གནད་དོན་དེ་བློ་སེང་གི་ཇུས་ངན་ཡིན་མདོག་གི་བཀའ་མོལ་གསུངས་ཡོད་སྟབས་སྤྱི་ཚོགས་སུ་མེ་འབར་བའི་གོང་ལ་སྣུམ་བླུག་པ་བཞིན་རྩོད་གླེང་ཇེ་ཆེར་སོང་ཡོད།

ཡང་སྙིང་བློ་སེང་གིས་ཇུས་ངན་ཡིན་མིན་ཐེ་ཚོམ་དང་དོགས་པ་སླེབས་བཞིན་པའི་སྐབས་དེར་༸གོང་ས་མཆོག་གིས་ཨ་རི་ནས་རང་ཉིད་སྨན་བཅོས་ཆེད་དུས་དབང་ཕྱིར་འགྱང་བྱས་ཚུལ་དང་བཀྲ་ཤིས་ལྷུན་པོ་ནས་སླར་ཡང་དེ་བཞིན་བསྐྱར་དུ་གསུངས་ཡོད། འོན་ཀྱང་བཀའ་སློབ་ཐུང་ཐུང་འདིས་གོ་བ་ཁ་གསལ་ཞིག་སྤྲོད་མེད་ཚོད་འདུག་སྟེ། དྲ་ཐོག་ན་ད་རུང་རྩོད་གླེང་འགྲོ་བཞིན་པ་རེད། གཅིག་བྱས་ན་གནད་དོན་འདི་བློ་སེང་གི་མགོ་ལ་གཞུས་ཆོག་པའི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གྱུར་ཏེ་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་ད་རུང་བསྐྱར་སྐོར་ཡང་སྐོར་གྱིས་མཚམས་འཇོག་མི་བྱེད་པ་ཡིན་སྲིད།

མ་བསམ་ས་ནས་སྤེན་ཚེས་ནེའུ་ཡོག་ནས་གཏམ་བཤད་སྐབས་དུས་དབང་ཕྱིར་འགྱང་སྐོར་དེ་རང་གིས་ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད། འོན་ཀྱང་༸གོང་ས་མཆོག་གིས་དེའི་སྐོར་གསུངས་ཚར་བ་བརྟེན་གསལ་པོ་བཤད་ཀྱི་མིན་ཞེས་བཀའ་མོལ་ཁ་གསལ་མེད་པ་ཞིག་བཤད་ཡོད། དུས་དབང་ཕྱིར་འགྱང་སྐོར་དེ་བློ་སེང་གིས་བཟོས་པ་ཡིན་ཚུལ་གསུང་ཤུགས་སུ་ཐོན་པ་བརྟེན་བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཁོང་ཁྲོ་ལངས་ཐག་ཆད་ནས་ག་ས་གང་དུ་རྩོད་གླེང་བྱེད་རྒྱུ་མཚམས་བཞག་གི་མེད།

ང་ཚོས་བསམ་བློ་ཞིབ་ཚགས་ཀྱིས་གནད་དོན་འདིར་ལྟ་དགོས་ལ་ཁ་གསལ་པོ་མ་ཆགས་བར་དུ་རྩོད་གླེང་བྱེད་ཆོག འོན་ཀྱང་དུས་དབང་ཕྱིར་འགྱང་སྐོར་དེས་འོས་མི་གཉིས་ཀ་ལ་དཀའ་ངལ་ཞིག་སྤྲོད་རྒྱུ་ཡིན་པ་ཐེ་ཚོམ་མེད། བློ་སེང་གིས་དུས་དབང་ཕྱིར་འགྱང་སྐོར་དེ་ཁ་གསལ་གཏིང་གསལ་ཞིག་ལན་འདེབས་གནང་དགོས་ཁེལ་རྒྱུ་རེད་ལ་དེ་དུས་གཅིག་བྱས་ན་བློ་སེང་གིས་ཇུས་ངན་སྤེལ་བ་ཡོད་པ་མཐོང་ཐུབ་སྲིད། སྐབས་དེ་དུས་བློ་སེང་གི་འོས་ཤོག་གྲངས་ཚད་ཆག་སྟེ་སྲིད་སྐྱོང་གི་རྐུབ་སྟེགས་ཤོར་རྒྱུ་ཐེ་ཚོམ་མི་དགོས། གལ་ཏེ་བློ་སེང་གིས་ཇུས་ངན་མིན་པར་ཁ་གསལ་ཆགས་ན་སྤེན་ཚེ་ལ་དཀའ་ངལ་འཕྲད་རྒྱུ་ནི་བཤད་ཅི་དགོས། སྤེན་ཚེས་ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད་ཅེས་བཤད་པ་དེ་བརྙན་རིས་ཐོག་ཡོད་པས་ཁོང་གིས་བཤད་མེད་ཟེར་ས་དང་ཁ་ནོར་བ་རེད་ཟེར་ས་ལྷག་མེད་ལ། དེ་དུས་སྤེན་ཚེས་དགོངས་དག་ཞུ་དགོས་ཁེལ་རྒྱུ་རེད། ད་དུང་༸གོང་ས་མཆོག་གི་ཞལ་གསུང་རྫུན་དུ་བསྒྱུར་བའི་ནག་ཉེས་ཆེན་པོ་ཞིག་ཁུར་དགོས་རྒྱུ་ནི་སྨོས་མེད་རེད།

ད་རེས་དུས་དབང་ཕྱིར་འགྱང་གི་སྐོར་དེ་ཁ་གསལ་ཆགས་ན་འོས་མི་གཉིས་པོའི་འོས་གྲངས་ཀྱི་ཆད་པ་འགྲོ་རྒྱུ་ཙམ་མིན་པར་སྲིད་སྐྱོང་གི་རྐུབ་སྟེགས་ཐོབ་ཤོར་ཡོང་བའི་གནད་དོན་ཆེན་པོ་ཞིག་ཆགས་རྒྱུ་རེད། ཕྱོགས་གཉིས་ཀྱིས་རྒྱབ་སྐྱོར་བ་ཚོས་རང་གི་འོས་མི་དེ་སྲིད་སྐྱོང་གི་འོས་ཤོག་ཐོབ་ཐབས་སུ་ཚ་འདྲི་གཏོང་དགོས་ལ་གསར་ཁང་ཁག་གི་གནད་དོན་འདི་གསལ་པོ་ཡོང་ཐབས་སུ་འོས་མི་གཉིས་པོ་བཙུར་ཏེ་ཁ་གསལ་ཆགས་པར་བྱེད་དགོས། སྐབས་དེ་དུས་སྤྱི་ཚོགས་སུ་སུ་ལ་རྒྱབ་སྐྱོར་དགོས་པའི་བསམ་ཚུལ་གསར་པ་ཞིག་ཡོང་ངེས་ལ་གནད་དོན་འདིས་འོས་མི་གཉིས་པོའི་ཐོབ་ཤོར་གྱི་ལེའུ་གསར་པ་ཞིག་སྒོ་ཕྱེ་རྒྱུ་རེད།

བསམ་ཚུལ།

Post navigation

Previous Post: ཏཱ་ལའི་བླ་མའི་སྐུ་གཟུགས་བདེ་ཐང་རེད།
Next Post: དུས་དེང་སང་།

Comments (16) on “སྲིད་སྐྱོང་འོས་མི་གཉིས་ལ་དཀའ་ངལ་གསར་པ་ཞིག་སླེབས་པ།”

  1. དྲུག་སྡེ says:
    2016-01-22 at 2:18 am

    དུས་དབང་ཕྱིར་གྱང་དེ་གཙོ་བོ་ཀླུ་གར་བྱམས་ལ་སྐྲགས་ནས་བྱས་པ་ཞིག་ཡིན་པ་མང་ཚོགས་ཤེས་ལྡན་པ་ཚོས་ཤེས་ཀྱི་ཡོད། འོན་ཀྱང་བྱ་བ་དེ་འདྲ་ཞིག་བྱེད་ཐུབ་པའི་ནུས་པ་སུ་ལ་ཡོད་རེད་ དེ་ངེས་པར་དུ་གཙང་བཟོ་བྱེད་དགོས། ལྷག་པར་དུ་ལྷོ་ཕྱོགས་སུ་ཉིན་ལྔ་ཐད་པ་བཟོ་མཁན་སུ་རེད་ དེ་ཚོའི་རྐྱེན་བྱས་པས་བླ་མ་མཆོག་གི་ཕོ་བར་སྨ་ཁ་དང་སྤྱན་གྱི་སྨུང་གཞི་བྱུང་བ་རེད། ད་ནས་སྐུ་དགེར་ཡིག་ཚང་གི་གཙོ་འཛིན་ཚོས་འོག་ནས་དགོན་པའི་རབ་གནས་ལ་སོགས་པའི་ཆུང་ཚག་གི་རིགས་ཞུས་པ་ཚང་མ་གོང་ས་མཆོག་ཞུ་དགོས་དོན་ཨ་ཡོད་ན་བསམ། གལ་སྲིད་ད་ནས་བཟུང་བླ་མ་མཆོག་དགོན་པའི་རབ་གནས་སོགས་ལ་གདན་འདྲེན་ཞུ་མཁན་ཡོད་ན་དེ་ལྟས་ངན་ཞིག་ལ་ངོས་འཛིན་བྱེད་དགོས།།

  2. ཚེ་རིང་ནས། says:
    2016-01-22 at 3:30 am

    དུས་དབང་ཕྱིར་འགྱང་བྱས་པ་དེས་བློ་སེང་ལ་གྱོང་གུད་ཚད་མེད་རག་ཡོད། བློ་སེང་གིས་བོད་ཕྱི་ནང་མང་པོར་བཤད་ཆ་རྒྱུའི་གོ་སྐབས་འཕྲོག་ཡོད། དུས་དབང་གནང་བཅུགས་པའི་ངོམ་སོ་མེད་པར་བྱས་ཡོད། དུས་དབང་ཕྱིར་འཐེན་བྱེད་མཁན་བློ་སེང་ཡིན་ན་བོད་མི་མང་པོ་ཁོང་ལ་ཁོང་ཁྲོ་ལངས་ཏེ་འོས་ཤོག་འཕེན་མི་སྲིད། ད་ལོ་དུས་དབང་གིས་བློ་སེང་གྲོགས་མེད་ཁེར་རྐྱང་དུ་བསྒྱུར་ཟིན། ད་དུང་དེ་ཙམ་མ་ཟད་བོད་ཀྱི་མང་གཙོ་དུས་དྲན་སྐབས་སུའང་སྐྱབས་མགོན་རིན་པོ་ཆེ་དྷ་སར་ཆིབས་བསྒྱུར་བསྐྱངས་མེད་པ་དེ་ཡང་བློ་སེང་ལ་གྱོང་གུད་རག་ཡོད། དེ་དག་གི་རྒྱབ་ལྗོངས་སུ་གང་ཟག་སུ་ཡོད་དམ།

  3. བསྟན་རྣམ། says:
    2016-01-22 at 5:04 am

    དང་པོ། གོང་ས་མཆོག་གིས་ཨ་རི་ནས་རང་ཉིད་སྨན་བཅོས་ཆེད་དུས་དབང་ཕྱིར་འགྱང་བྱས་ཚུལ་དང་བཀྲ་ཤིས་ལྷུན་པོ་ནས་སླར་ཡང་དེ་བཞིན་བསྐྱར་དུ་གསུངས་ཡོད་ཟེར། གོང་ས་མཆོག་གིས་དེ་འདྲ་ཞིག་གསུངས་ཡོད་ན་དེའི་ཁུངས་དང་འབྲེལ་ཐག་འདིར་བཞག་དགོས། དེ་ལྟར་བཞག་མ་ཐུབ་ཚེ་ཁྱེད་ཀྱིས་བཤད་ཚུལ་དེར་ཁུངས་གང་ཡང་མེད་པ་རེད། དེ་ཚབས་ཆེན་རེད།
    གཉིས་པ། སྤེན་ཚེས་ནེའུ་ཡོག་ནས་གཏམ་བཤད་སྐབས་དུས་དབང་ཕྱིར་འགྱང་སྐོར་དེ་རང་གིས་ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད། འོན་ཀྱང་༸གོང་ས་མཆོག་གིས་དེའི་སྐོར་གསུངས་ཚར་བར་བརྟེན་གསལ་པོ་བཤད་ཀྱི་མིན་ཞེས་བཀའ་མོལ་ཁ་གསལ་མེད་པ་ཞིག་བཤད་ཡོད། དུས་དབང་ཕྱིར་འགྱང་སྐོར་དེ་བློ་སེང་གིས་བཟོས་པ་ཡིན་ཚུལ་གསུང་ཤུགས་སུ་ཐོན་པ་བརྟེན་བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཁོང་ཁྲོ་ལངས་ཐག་ཆད་ནས་ག་ས་གང་དུ་རྩོད་གླེང་བྱེད་རྒྱུ་མཚམས་བཞག་གི་མེད་ཟེར། བཀའ་མོལ་དེའི་ནང་དུ་བློ་སེང་གིས་བཟོས་ཚུལ་གསུང་ཤུགས་གང་དུ་ཐོན་པ་རེད་དམ། ར་མགོ་ལུག་སྦྱར་རང་རེད།
    གསུམ་པ། སྤེན་ཚེས་ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད་ཅེས་བཤད་པ་དེ་བརྙན་རིས་ཐོག་ཡོད་པས་ཁོང་གིས་བཤད་མེད་ཟེར་ས་དང་ཁ་ནོར་བ་རེད་ཟེར་ས་ལྷག་མེད་ལ། དེ་དུས་སྤེན་ཚེས་དགོངས་དག་ཞུ་དགོས་ཁེལ་རྒྱུ་རེད་ཟེར། ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད་ཅེས་བཤད་ཡོད་མེད་མི་ཤེས་ལ། གལ་སྲིད་དེ་ལྟར་བཤད་ཡོད་ཀྱང་སྤེན་པ་ཚེ་རིང་གིས་ཅི་ལྟར་དགོངས་དག་ཞུ་དགོས་སམ། སྤེན་པ་ཚེ་རིང་གིས་ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད། དེ་བློ་སེང་གི་ངན་ཇུས་རེད་ཅེས་བཤད་པ་རེད་དམ། ཁུངས་མེད་མཇུག་མེད་འདི་འདྲ་བཤད་ཚུལ་དེ་ག་རེ་ཡིན་ནམ། ཁྱེད་ཀྱིས་ཁུངས་དང་བཅས་པ་གསུངས་རོགས་གནང་། སྲོང་བཙན་ཟེར་བའི་མི་འདིས་ནམ་རྒྱུན་ཁུངས་མེད་མཇུག་མེད། འཆར་སྣང་ངན་ངོམ་ཙམ་ལ་བརྟེན་ནས་རང་གི་ཞེ་འདོད་དང་ལྐོག་གཡོ་མངོན་འགྱུར་ཡོང་ཐབས་ལ་འབད་བརྩོན་བྱེད་མཁན་ཞིག་རེད། གཟབ་གཟབ་གྱིས།

  4. བསྟན་རྣམ། says:
    2016-01-22 at 5:26 am

    ཉིས་སྟོང་བཅུ་དྲུག་ལོའི་དུས་དབང་ཕྱིར་འགྱངས་དེའི་སྐོར་ལ་བསམ་ཚུལ་འདྲ་མིན་ཞིག་ཡོད་ཀྱང་། འབྲེལ་ཡོད་སྐུ་སྒེར་ཆེ་གེ་མོས་གསུང་གསལ་ལ། དུས་དབང་དེ་འོས་བསྡུའི་ཆབ་སྲིད་ཀྱི་བར་མཚམས་སུ་འཁེལ་ཡོད་པར་བརྟེན། ཆབ་སྲིད་པ་མགོ་བདེ་དྲན་འཁྲུལ་ཚོས་མི་མང་གི་ཆོས་ཞུ་བའི་གོ་སྐབས་བེད་སྤྱད་དེ་ཆབ་སྲིད་འཁྲབ་ཏེ་དུས་དབང་དེ་ཆོས་མིན་སྲིད་མིན་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུའི་སྔ་ལྟས་སྔོན་ཚུད་ནས་བྱུང་བར་བརྟེན། འབྲེལ་ཡོད་ནས་དེ་སྐོར་གོང་ས་མཆོག་ལ་སྙན་སྐོར་ཞུ་སྐབས་གོང་ས་མཆོག་ནས་གློ་བུར་དུ་དུས་དབང་ཕྱིར་འགྱངས་བྱས་པ་ཞིག་རེད། དུས་དབང་ཕྱིར་འགྱངས་མ་བྱས་པའི་སྔོན་དེར། སྲིད་སྐྱོང་བློ་བཟང་སེང་གེས་རང་གིས་འོས་བསྡུའི་ཁེ་ཕན་ཆེད་གཞུང་དངུལ་ཕོན་ཆེ་བཏང་སྟེ། བཙན་བྱོལ་བོད་མི་མཉམ་ཐག་ཡོད་དོ་ཅོག་དང་། ཆབ་སྲིད་བཙོན་ཟུར་ཡོད་དོ་ཅོག དེ་མིན་འཆར་གཞི་མང་དག་ཅིག་སྔ་ཚུད་ནས་གྲ་སྒྲིག་བྱས་ཏེ་མི་སེམས་འགུལ་ཐབས་ཀྱི་ཐབས་བྱུས་ཟིན་གྱི་ཡོད་པ་དང་། དེའི་ཆེད་དུ་རང་གི་འཁོར་གཡོག་འཕྲོད་བསྟེན་བཀའ་བློན་ཆེད་བསྐོས་བྱས་ཡོད། དེའི་ཐད་བཀའ་བློན་ཚོའི་ནང་དུ་བསམ་ཚུལ་མི་མཐུན་པ་བྱུང་ཡོད་ཀྱང་བློ་སེང་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་པ་རེད། གང་ལྟར་ཉམ་ཐག་དང་ཆབ་སྲིད་བཙོན་ཟུར་ཚོར་དངུལ་བཏང་སྟེ་དུས་དབང་ཞུ་བར་འཁྲིད་ཐུབ་ན་ལེགས་མོད། འོས་བསྡུའི་བར་མཚམས་དེར་གཞུང་དངུལ་ཕོན་ཆེ་དེ་འདྲ་ཞིག་བཏང་ན་འོས་མཚམས་མིན་པ་མ་ཟད། ཁ་ནས་མ་ནི་སྒྲོགས་ཏེ་ནང་སེམས་སུ་བྱ་ཤ་དྲན་སྟངས་དེར་གངས་སྐྱིད་ཁུལ་གྱི་ལས་བྱེད་ཆེ་ཕྲ་མང་པོས་ཁ་གཏོང་གི་ཡོད། སྐད་ཆ་དེ་དག་བརྒྱུད་ལམ་འདྲ་མིན་བརྒྱུད་དེ་གོང་ས་མཆོག་གི་སྙན་ལ་ཞུས་ཏེ་དུས་དབང་ཕྱིར་འགྱངས་བྱས་བ་ཞིག་ལས་རྒྱུ་མཚན་གཞན་གཅིག་ཀྱང་མེད།

  5. ཚེ་རིང་ says:
    2016-01-22 at 5:47 am

    དེའི་ནང་མང་པོ་ཞིག་གིས་ཧམ་པ་ཀྱང་བཤོད་ཀྱི་འདུག་་་་་དུས་དབང་ཕྱིར་གྱང་བྱེད་དགོས་དོན་བློ་གསེང་དང་སྤེན་ཚེ་ཁོང་གཉིས་སུ་ལའང་འབྲེལ་བ་མེད་་་་་་དེ་ནི་གནས་དོན་གཞན་ཞིག་ལ་ཐུག་ཡོད་པ་རེད་

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-22 at 5:58 am

    དུས་དབང་ཕྱིར་འཐེན་ཐད་ལ་གོང་ས༧མཆོག་གིས་བཀའ་ལན་གསལ་པོ་གནང་བར་བརྙན་པ་ནང་བལྟ་རྒྱུ་ཡོད། དེས་བློ་སེང་མིན་པ་ར་འཕྲོད་ཀྱི་ཡོད། སྤེན་ཚེས་གོང་ས༧མཆོག་གིས་གསུང་བ་དེར་བརྩིས་ནས་འཇོག་གི་ཡིན་མ་གཏོགས་དངོས་ཡོད་དེ་འདྲ་མ་རེད་ཟེར་ནས་བཤད་ཚུལ་བརྙན་པ་ནང་གཟིགས་ཆོག་ཡོད། ད་འོ་ན་་་་་སུས་རྫུན་བཤད་ཀི་ཡོད་རེད་དམ། ཁ་གསལ་གང་འདྲ་བྱས་ནས་བཟོ་དགོས་རེད་དམ། ཧཧཧཧཧ་་་་་་ཅིག་བྱས་ན་མཚམས་འདི་ནས་མི་ཅིག་དམར་ཧྲེང་བསྟོན་དགོས་ཐུག་ཀི་མ་རེད་དམ།

  7. རང་བཙན་བུ། says:
    2016-01-22 at 6:15 am

    སྲིད་དང་ན་གཉིས་གང་སར་བེད་སྤྱད་པའི།།
    རྒྱུ་མཚན་མི་ལྡན་ཚོར་བའི་སྐད་ཆ་འདིས།།
    བླུན་པོའི་སྤྱི་ཚོགས་དཀྲུག་པའི་རྒྱུར་གྱུར་ཀྱང་།།
    མཁས་པའི་ཞིང་རྙོག་པ་ག་ལ་སྲིད།།

  8. འཇིགས་བྲལ། says:
    2016-01-22 at 6:22 am

    སྤེན་ཚེ་དང་བློ་སེང་སུ་ཞིག་ལ་སྲིད་སྐྱོང་གི་ཞབས་སྟེགས་ཐོབ་རུང་དམིགས་བསལ་ཁྱད་པར་མཐོང་གི་མེད། གང་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་འགན་དབང་ཐོག་ཕྱག་ལས་གནང་བའི་གོ་སྐབས་རག་པ་ཙམ་རེད་མ་གཏོགས། གཞན་གང་ཡང་མ་རེད། ཆབ་སྲིད་ཀྱི་གནས་བབ་ཐོག་དམིགས་བསལ་གང་བྱེད་རྒྱུ་ཡོད་མ་རེད། དེ་ནི་རྒྱ་བོད་གཉིས་དང་། བཙན་བྱོལ་བོད་མི་ནང་ཁུལ་གྱི་ཆབ་སྲིད་འགྲོ་ཕྱོགས་ཀྱིས་ཐག་བཅད་ཟིན་པ་རེད།

    ཡིན་ནའང་སྲིད་སྐྱོང་འོས་མི་དག་ལ་ཡོད་པའི་དོགས་འདྲི་དག་ལ་ལན་འདེབས་མ་གནང་ན་སུ་ཡིན་རུང་བོད་མི་མང་ལ་གུས་ཞབས་མེད་པ་རང་ལ་ངོས་འཛིན་དགོས་པ་རེད་བསམ།

  9. ཇུང་ཏོག་ says:
    2016-01-22 at 6:54 am

    དུས་དབང་དང་སྲིད་སྐྱོང་འོས་བསྡུ་ལ་འབྲེལ་བ་གང་ཡང་མི་འདུག་།
    དུས་དབང་ཕྱི་འགྱང་སྐོར་ཤེ་འདོད་ཡོད་ན་དགའ་ལྡན་ཕོ་བྲང་གི་འགོ་གཙོ་ཟམ་གདོང་རིན་པོ་ཆེ་དང་བློ་བཟང་
    སྦྱིན་པ་ལ་སྐད་ཆ་དྲིས་།
    སྲིད་སྐྱོང་སུ་ལ་འོས་འཕེན་མི་འཕེན་དེ་མི་མང་ལག་ཏུ་ཡོད་པ་ལས་བློ་སེང་དང་སྤེན་པ་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་གྒྱི་མི་ཉུང་ཤས་ཀྱི་ལག་པར་ནམ་ཡང་མེད་དོ་།

  10. ཐུབ་བསྟན་དཔལ་བཟང་། says:
    2016-01-22 at 10:26 am

    དུས་དབང་ཕྱིར་འགྱངས་ཀྱི་གནས་ཚུལ་གྱི་གནད་དོན་དེའི་སྐོར་གཅིག་བྱས་ན་ཆབ་སྲིད་ཀྱི་གསང་བའི་དགོས་དབང་གཞན་གྱི་ཆེད་དུ་དམིགས་བསལ་ཕྱིར་འདུ་བྱས་པའང་ཡིན་སྲིད་་་་་་་གཞན་དུ་ན་་་་་་བཀའ་ཤག་གི་ཆབ་སྲིད་དགོས་པ་སྒེར་ཞིག་དུ་ལོངས་སྤྱད་མིན་ཐོག་་་་་་གསལ་བཤད་གནང་རྒྱུ་ཤིན་ཏུ་དཀའ་བོ་ཆགས་ཚར་འདུག་་་་་་་་གང་ཡིན་ཟེར་ན་་་་་་༧རྒྱལ་བའི་སྐུ་གཟུགས་ངལ་གསོ་བའི་ཕྱིར་ཡིན་ན་་་ལྷོ་ཕྱོགས་སུ་མཛད་འཕྲིན་གཞི་རྒྱ་ཆེ་རུ་བཏང་དགོས་དོན་གང་ཡིན་ཟེར་བའི་དོགས་པ་དེ་ཇི་ལྟར་གཅོད་དམ།
    གང་ལྟར་རྙོག་གླེང་འདི་གཙང་མ་བཟོ་དགོས་འདུག་་་་་འོན་ཏེ་ངས་བསམས་ན་་་་་ད་ལྟའི་ཆར་གཙང་མ་བཟོ་གཞིའི་ཆ་རྐྱེན་ཞིག་ཐད་ཀར་མཐོང་གི་མིན་འདུག་ལགས།

  11. ལུང་རྟོགས། says:
    2016-01-22 at 10:53 am

    དུས་དབང་ཕྱིར་འགྱང་གནང་བ་དེ་གོང་ས་མཆོག་ཁོང་སྐུ་ངལ་གསོ་ཆེད་ཡིན་ཞེས་གསུངས་སོང་། ལྟ་འདོད་ན་ལྷོ་ཕྱོགས་གསུང་ཆོས་སྐབས་ཀྱི་བརྙན་པར་ལ་ལྟོས་དང་ཤེས་ཡོང་། དུས་དབང་ཕྱིར་འགྱང་གི་གནད་དོན་བད་སྤྱད་ནས་བློ་སེང་ནག་པོ་བཟོ་བསམ་པ་ནི་ཉིན་མོའི་རྨི་ལམ་རེད།

  12. ལྷ་སའི་བུ་ says:
    2016-01-22 at 11:20 am

    སྤྱི་དོན་འགན་འཁུར་འཁྱེར་མཁན་གྱི་མི་སྣར་མ་ཉེས་ཁ་གཡོགས་ཀྱིས་འབུར་འཇོམས་གཏོང་ཐབས་བྱས་ན་གྱོང་གུན་བོད་མི་ས་ཡ་དྲུག་ལ་རག་གི་རེད། ཆང་རང་གིས་འཐུང་ན་མགོ་ན། གཞན་གྱིས་འཐུང་ན་སྙིང་ན། ཟེར་བའི་དཔེ་ལྟར་མ་བྱེད་རོགས། ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཡིན།

  13. ཇུང་ཏོག་ says:
    2016-01-22 at 9:14 pm

    ཕྱོགས་གཏོགས་ལ་འགན་ཁྱེར་ནས་འོས་ཐོབ་ཐབས་
    བྱེད་མཁན་ཚོའི་བསམ་བློ་ཡག་པོ་མ་བཏང་ཚེ་འོས་
    ཐོབ་རྒྱུའི་ཚབ་ཏུ་འོས་ཤོར་ཉེན་ཆེ་མི་མང་ལྐུག་པ་
    མ་རེད་དོ་།

  14. ཚེ་བཀྲ། says:
    2016-01-23 at 4:03 am

    དུས་ལོག་དུས་བླ་མ་བེད་སྤྱོད་བཏང་ནས་ཆབ་སྲིད་ཀྱི་ཁེ་ཕན་འཚོལ་དངོས་གནས་ཞབས་འདྲེན་རེད།
    !

  15. མི་རིགས་བསོད་ནམས། says:
    2016-01-23 at 5:18 am

    ཧཧཧཧཧ་་བློ་སེང་རེད་ཟེར་མཁན་མི་དེ་ཚོ་་༧་སྐྱབས་མགོན་ལ་ཡིད་ཆེས་མེད་མཁན་མི་རེད་དེ་ཚ་མང་གི་ཧ་གོ་བ་བྱེད་

  16. ཏི་སི། says:
    2016-01-23 at 6:17 pm

    དུས་དབང་ཕྱིར་འཐེན་བྱས་མ་བྱས་དུས་ཚོད་དེ་ནི་སྲིད་སྐྱོང་བློ་སེང་དང་སྤེན་ཚེ་གཉིས་ཀར་དབང་ཆ་མེད་ལ་འབྲེལ་བ་ཡང་དེ་ཙམ་མེད། དེ་ནི་སྐཐབས་མགོན་རིན་པོ་ཆེ་སྐུ་ཉིད་རང་ངམ་སྐུ་སྒེར་ཡིག་ཚང་རང་གི་བདག་དབང་ཞིག་ཡིན་པ་བཤད་མི་དགོས། འོ་ཅང་བཙན་བྱོལ་བོད་མའི་ལ་ལས་དེང་སང་རྒྱ་གར་སྲིད་དོན་ཚོགས་པ་ཇན་ཏ་ཚོགས་པས་སྔོན་ལོ་ཀོང་རས་ཚོགས་པ་ལ་སི་ཛུ་དངུལ་ཁང་ནང་དུ་དངུལ་བཞག་ཡོད་ལུགས་འཆལ་གཏམ་བསྒྲགས་ཏེ་ལྐོག་ཟ་བྱས་པ་སོགས་ནག་ཉེས་གཡོག་ནས་ད་ལྟ་ཇན་ཏ་ཚོགས་པ་ཐོབ་ཏེ་གཞུང་འཛིན་ཐོབ་རེད། ད་ཐོབ་ཚར་དུས་དབང་དང་གོ་སྐབས་ཡོད་རེད་ཀྱང་ཅི་ཡང་སུ་ཛུ་དངུལ་ཁང་ནས་དངུལ་གྲངས་འདི་ཙམ་ཡོད་བཏོན་ཐུབ་མེད། གང་ལ་ཞེ་ན་མུ་མང་མགོ་ཐུམ་ཡག་སྲིད་དོན་རང་ལས་ཀ་ཡིན་ཙང་དེ་འདྲ་རེད། བོད་པས་ལ་ལས་གནས་ཚུལ་དེ་རིགས་ལས་ཟློས་ཅང་བྱས་ཏེ་ཆབ་སྲིད་ཀྱི་གར་ཁྲབ་འདོག་ཡིན་འདོག་རེད། དོན་དུ་བཙན་བྱོལ་བོད་མའི་སྲིད་སྐྱོང་སུ་ལ་ཐོབ་ནའང་དེ་ཙམ་གྲུབ་འབྲས་ལ་ཁྱད་པར་མ་མཐོང་། འོན་ཏེ་རྒྱ་གར་གཞུང་དག་རྒྱལ་ཁབ་གཞན་པའི་དབུ་ཁྲིད་སོགས་བློ་སེང་དགའ
    མོས་ཧ་ཅང་བྱས་དང་བྱེད་མོས་འདུག་དེ་གལ་ཆེན་ཞིག་མ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme