Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་བསྡུ་ལས་འཕྲོས་པའི་བསམ་ཚུལ། ༼བརྙན།༽

Posted on 2016-02-232016-02-23 By ཁ་བརྡ 35 Comments on སྲིད་སྐྱོང་འོས་བསྡུ་ལས་འཕྲོས་པའི་བསམ་ཚུལ། ༼བརྙན།༽

གློག་བརྙན་།

Post navigation

Previous Post: དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཚོགས་འདུ།
Next Post: སྲིད་སྐྱོང་གིས་རྒྱལ་སྤྱིའི་སྟེང་བོད་དོན་ཆེད་ཕྱག་ལས་ག་རེ་གནང་ཡོད་དམ།

Comments (35) on “སྲིད་སྐྱོང་འོས་བསྡུ་ལས་འཕྲོས་པའི་བསམ་ཚུལ། ༼བརྙན།༽”

  1. palden says:
    2016-02-23 at 2:39 pm

    འཇིགས་བྲལ་ལགས།
    ཁྱེད་ཀྱིས་ཁ་ནས་༧གོང་ས་མཆོག་དང་། དེ་བཞིན་མདོ་དབུས་ཁམས་གསུམ་ཆིག་སྒྲིལ། ང་ཚོ་མདོ་སྟོད་མི་དམངས་ཀྱི་ཆུ་སྒང་གསར་རྙིང་གཉིས་མེད་ཚུལ་བཤད་པ་ཙམ་གྱིས་ཆུ་སྒང་གསར་བ་མེད་པ་ཆགས་མི་ཐུབ་པ་འདི་ཁྱེད་ཀྱིས་ཤེས་དགོས་པའི་གནད་དོན་ཞིག་རེད། སེར་བྱེས་འབྲིང་རིམ་སློབ་གྲྭའི་འཛིན་གྲྭ་བདུན་པ་བརྒྱད་པ་བར་དུ་ཕྱིན་ཚར་བའི་བྱིས་ཆུང་ཞིག་གིས་ཆེན་པོ་བོད་ཀྱི་གནད་དོན་གླེང་བའི་ཤེས་ཚད་གང་ཡང་མེད། བློ་སེང་ལ་འོས་ཤོག་ཐོབ་ཆེད་དུ་སྐལ་རྡོར་གྱིས་གཞུང་གི་སྡིངས་ཆ་བེད་སྤྱོད་བཏང་བར་དབུས་འོས་བསྡུ་ལས་ཁུངས་ནས་ཉེན་བརྡ་བཏང་བ་ཁྱེད་རང་མིག་ལོང་བ་མིན་ན་གང་ཤེས། གཞན་ཤེས་ཚོད་རེད།
    ཁྱེད་ཀྱིས་དབུས་གཙང་མངའ་རིས་དང་མདོ་སྨད་གསུམ་གྱི་མི་སྐོར་ཁག་ཅིག་གིས་མདོ་སྨད་དང་དབུས་གཙང་མི་དམངས་ལ་མགོ་སྐོར་གཏོང་གི་འདུག་ཟེར་བ་ཙམ་གྱིས་མི་ཕན་པས་དེ་དག་སུ་ཡིན་བརྙན་འཕྲིན་བརྒྱུད་ནས་མི་དམངས་ལ་གསལ་སྟོན་གནང་དགོས།
    དབུས་གཙང་དང་མངའ་རིས་ཆོལ་ཁ་གཉིས་ཀྱིས་སྤེན་ཚེ་འོས་མི་རུ་གསལ་འདོན་བྱས་པ་དེར་ཁྱེད་དང་ཁྱེད་ལྟ་བུའི་མགོ་བདེ་དྲན་འཕྲུལ་ཅན་དག་གིས་ཕྲག་དོག་གི་མེ་ལྕེ་འབར་ཡང་འདི་ནི་དོན་དངོས་ཤིག་རེད། ཁྱེད་ཀྱི་སེམས་ཁོངས་ལ་ཡོད་པ་ནི་བློ་སེང་ཡིན་ལ་དེའི་རྒྱུ་མཚན་ཡང་ཁྱེད་ཀྱིས་ཁོ་ཁམས་པ་ཞིག་ཡིན་པའི་རྒྱུ་མཚན་དེ་ལ་བལྟས་པ་མ་གཏོགས་གཞན་ཕྱོགས་ཡོངས་ལ་བསམ་གཞིགས་གང་ཡང་བྱས་མེད་པ་ཁྱེད་ཀྱི་རྙོག་གཏམ་ལས་ཤེས་ཐུབ། བློ་བཟང་ལ་ཁྱེད་ཀྱི་ལྟ་ཚུལ་ལས་ལྷག་པའི་ཁྱད་ཆོས་མང་པོ་ཡོད་པ་ཁྱེད་ཀྱིས་རྟོགས་མི་ཐུབ། དེའི་རྒྱུ་མཚན། ཁྱེད་ནི་ཕྱོགས་ཞེན་དུག་སྦྲུལ་གྱི་ཚང་དུ་ལྷུང་ཡོད་པས་ཡིན།

    མ་འོངས་བོད་ཀྱི་སྲིད་རྒྱལ་ལ་སྤེན་ཚེ་དང་བློ་སེང་སུ་ཞིག་ཕེབས་རུང་སེམས་གཏིང་དགའ་བསུ་ཡོད། གལ་ཏེ་ཁྱོད་བོད་མི་ཚད་ལྡན་ཞིག་བྱེད་འདོད་པ་དང་། གཞིས་བཞུགས་བོད་མིའི་མེ་མདའི་དཀའ་སྡུག་ལ་བསམ་མཁན་གྱི་གྲལ་དུ་འཛུལ་འདོད་ན་ཁྱེད་ཀྱི་སེམས་རྒྱུད་ལ་རྒྱུ་བཞིན་པའི་ཆོལ་ཞེན་དང་ནང་དཀྲུག་གི་ས་བོན་དེ་སྤོངས་ཤིག

  2. palden says:
    2016-02-23 at 3:03 pm

    འཇིགས་བྲལ་ལགས།
    ད་དུང་ཁྱེད་ཀྱིས་གསལ་བོ་མཁྱེན་དགོས་པ་ཞིག་ལ། སྤེན་ཚེ་དང་བློ་སེང་གཉིས་བོད་སྤྱི་བའི་དོན་དུ་བཞེངས་ཤིང་། གཅིག་ནི་སྲིད་རྒྱལ་དང་། གཅིག་ནི་ཚོགས་གཙོ་རེད། ཚོགས་གཙོ་མཆོག་ལ་ལོ་ངོ་དུ་མའི་སྔོན་དུ་མི་གསོད་ཀྱི་ཉེས་འཛུགས་གནང་ཡོད། དུས་སྐབས་ཚོགས་གཙོར་ཕེབས་པར་ཉེ་བའི་དུས་དང་། སྲིད་སྐྱོང་འོས་མིར་བཞེངས་པའི་དུས་སྐབས་ཏག་ཏག་ལ་སྐྱོན་འཛུགས་གནང་གི་ཡོད། འདི་ནི་ཚོགས་གཙོས་ནོར་འཁྲུལ་ཚབས་ཆེན་ཞིག་མིན་པར་འདི་ནི་དྲི་ངན་ཁ་བའི་མང་ཚོགས་ཀྱིས་བཟོས་པ་ཞིག་རེད། དེ་བཞིན་སྲིད་རྒྱལ་བློ་སེང་ལ་མཚོན་ནའང་དེ་ལས་མ་འདས། ཁོང་སྲིད་སྐྱོང་ཆགས་ནས་དུས་ཡུན་ཅུང་ཙམ་མ་འགོར་བར་ཁང་བའི་རྙོག་དྲ། དོལ་ཚོགས་ཀྱི་རྙོག་དྲ། རྒྱ་ནག་དང་ལྐོག་འབྲེལ་ཡོད་ལུགས་ཀྱི་ཁུངས་མེད་ཀྱི་འཆལ་གཏམ་གང་མང་སྤྱི་ཚོགས་ཐོག་བཀྲམས་ནས་ནག་པོ་བཟོས་ཡོད། ང་ཚོ་བློ་གཟུར་བོ་གནས་ཤིང་རྣམ་དཔྱོད་ཀྱི་དཔལ་རྩལ་རྒྱས་པའི་ལྷག་བསམ་ཅན་གྱི་མི་ཞིག་ཡིན་ཁོ་གཉིས་ལས་སུ་ཞིག་ལ་ཉེས་འཛུགས་མི་གནང་བའི་དམ་བཅའ་འཇོག་དགོས། དེ་ལས་གཞི་མེད་ཀྱི་སྐྱོན་འཛུགས་གནང་མཁན་དག་སུ་ཡིན་ངོ་ཆོད་པའི་ཐོག་བརྙན་འཕྲིན་ལམ་ལས་མི་བུ་དེ་དག་གི་ངོ་གདོང་སྤྱི་ཚོགས་སྟོན་པའི་ཐབས་ཤེས་དང་བཅར་འདྲི་གནང་དགོས། ང་ཚོས་སྲིད་སྐྱོང་འོས་མི་རྣམ་པ་གཉིས་ཀྱི་སོ་སོའི་ཡོན་ཏན་དྲན་པ་དང་། ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་དུ་བོད་སྤྱི་ཚོགས་ལ་ཕན་རླབས་ཆེ་བའི་ལས་དོན་ཅི་ཞིག་བསྒྲུབས་ཡོད་མེད་དང་། ད་དུང་སྒྲུབ་རྒྱུ་ལྷག་པ། བསྒྲུབས་ཟིན་པའི་ནང་གྲུབ་འབྲས་ཅི་ཙམ་ཐོན་ཡོད་མེད་སྡོམ་རྩིས་ཤིག་བརྒྱབ་ནས་སྤྱི་ཚོགས་ཟིང་མི་ལངས་པའི་ཕྱོགས་སུ་ཐབས་ཇུས་ཇི་ཡོད་འདོན་དགོས།
    ང་ཚོས་ཆོལ་ཁ་ཁ་ལ་འཁྱེར་ནས་འོས་མི་གཉིས་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་མཁན་དག་ལ་ངོ་རྒོལ་གནང་དགོས།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-23 at 3:07 pm

    འཇིགས་བྲལ་ལགས།
    ཁྱོད་བདེན། ང་ནི། མངའ་རིས་ནས་ཡིན། དབུས་གཙང་ནས་ཡིན། ཡིན་ན་ཡང་། ཁམས་ཕྲུག་བློ་སེང་ལགས་ལ། རྒྱབ་སྐྱོར་བྱེད་བགྱིན་ཡོད་པས། བློ་སེང་རྒྱལ་འགྱུར་ཅིག ཆིག་སྒྲིལ་རྒྱལ་འགྱུར་ཅིག བོད་རྒྱལ་འགྱུར་ཅིག། །།

  4. ཡར་ཁམས་ཁྲི་རྒྱལ། says:
    2016-02-23 at 3:08 pm

    བདེན་གཏམ་སྨྱུག་མའི་མདའ་འདྲ་བ། སེམས་གཏམ་གསེར་ནག་རིལ་བུ་འདྲ་བ་ཞིག་དུས་ཐོག་ཆར་བ་བཞིན་གསུངས་འདུག་པར་རྒྱབ་སྐྱོར་ཡོད།།

  5. བློ་གྲོས་རབ་བརྟན་ says:
    2016-02-23 at 3:09 pm

    ད་རེད། བློ་བཟང་སེང་གེས་གོང་ས་མཆོག་བེད་སྤྱད་དེ་འོས་ཐོབ་པར་འབད། འཇིགས་བྲལ་ཟེར་བ་འདིས་གོང་ས་མཆོག་བེད་སྤྱད་དེ་བློ་སེང་དཀར་བོ་བཟོ་ཐབས་འདི་གཉིས་འདྲ་བ་ལ་ཨང་།

  6. བྱང་ཆུབ་ལོ་མ། says:
    2016-02-23 at 3:46 pm

    འཇིགས་བྲལ་ཁྱེད་རང་གིས་དུས་དབང་སྐོར་གླེང་བསམ་ན། ག་དུས་ཞུས་པ་རེད། ག་རེའི་ཆེད་དུ་རེད། རྗེས་ལ། གོང་ས་མཆོག་གིས་མར་གསུང་ནས་ཕྱིར་འགྱངས་བྱས་པ་རེད་དམ། བཀའ་ཤག་ནས་ཡར་ཞུས་ཏེ་ཕྱིར་འགྱངས་བྱས་པ་རེད། ག་རེ་བྱས་ནས་བཀའ་ཤག་གིས་གསལ་བསྒྲགས་ནང་འགལ་ཅན་བྱེད་དགོས་པ་རེེད། དེ་ཚོ་ནས་མགོ་འཛུགས་དགོས་པ་རེད། སྲིད་སྐྱོང་ལ་རྒྱབ་སྐྱོར་གྱི་སེམས་ཤུགས་ཡོད་པ་ཡག་པོ་ཞེ་དྲག་རེད། ཡིན་ནའང་། བདེན་པ་ལས་ལོགས་སུ་བུད་ནས་ལོགས་བཤད་ལ་འབད་ནས་རྒྱབ་སྐྱོར་བྱེད་སྟངས་འདི། ཡག་པོ་མ་རེད།

  7. ལྡོང་གསེར་མིག says:
    2016-02-23 at 4:28 pm

    གོང་གི་འཇིགས་བྲལ་ཟེར་བའི་མི་འདི་བཀྲ་མི་ཤེས་པ་ཞིག་རེད། ག་དུས་ཡིན་ན་ཡང་རྙོག་གྲ་རྐྱང་རྐྱང་བཤད་མཁན་ཞིག་རེད། ཉེ་ཆར་རིས་མེད་ཆོས་རྒྱུད་ཚོགས་པ་ཟེར་བའི་སྐད་འཕྲིན་ནང་དུ་སླེབས་ནས་ཆོས་ལུགས་ཆོས་རྒྱུད་དབར་དུ་རྙོག་གྲ་མང་པོ་ཞིག་བཟོས་སོང་། དེ་རིང་ཡང་འདིར་མདུན་དུ་ཐོན་ནས་ཆོལ་ཁ་གསུམ་གྱི་བར་དུ་རྙོག་གྲ་ཞིག་བཟོ་བཞིན་འདུག །

  8. བློ་གྲོས་རབ་བརྟན་ says:
    2016-02-23 at 5:01 pm

    མི་ལ་ཕར་དཀྲིགས་ཀྱི་འདུག་ཅེས་སྐད་བཤད། རང་ཉིད་ནས་ག་ཚོད་དཀྲིགས་ཀྱི་འདུག འདིར་བཞག་པའི་ཉིད་ཀྱི་འགུལ་བརྙན་དེ་ཡང་དཀྲིགས་ཤིང་ཞིག་རེད། ཆོལ་ཁ་དཀྲིགས་ཀྱི་འདུག བློ་སེང་དང་སྤེན་ཚེའི་རྒྱབ་སྐྱོར་བར་དཀྲིགས་ཀྱི་འདུག ཕྱོགས་རེས་དང་རྫུན་བཤད་ནས་བདེན་པ་མ་མཐོང་བར་བཟོ་བཞིན་འདུག མི་མང་ལ་དོན་དངོས་ཤེས་པར་འགོག་རྐྱེན་བཟོ་བཞིན་འདུག ད་མང་མོད་སྨྲ་ལ་སུན་སོང་།

  9. Kampa says:
    2016-02-23 at 5:33 pm

    སྔོན་ལ་ཁྱོད་རས་ཆོལ་གསུམ་དཀྲུག་གི་འདུག་ག་
    ཞེན་ཁོག་མིན་ན་ཁྱོད་རའི་སྐད་ཆ་དེར་ཡག་པོ་ཉོན་དང་
    མ་འོང་སོ་སོའི་ལམ་འཚོལ་གོ་ཟེར ན་ཁྱོད་ར་འདོད་པ་བྱོས་

  10. རེ་བ་ says:
    2016-02-23 at 8:55 pm

    འཇིགས་བྲལ་ ཁྱེད་ནི་གཡོ་རྒྱུའི་རྒྱལ་པོ་རེད་།
    ཁྱེད་ཀྱིས་ལྷོ་ཕྱོགས་གཞིས་ཆགས་ཀྱི་གཞིས་འགོ་རྡུང་དུ་འགྲོ་མཁན་གྱི་མི་དེ་མ་ཡིན་ནམ་།

  11. ལུང་རྟོགས། says:
    2016-02-23 at 10:13 pm

    བདེན་གཏམ་གསེར་ནག་འདྲ་ཞིག་བཤད་འདུག བསམ་བློ་ཡོད་པའི་མི་ཞིག་ཡིན་ན་སོ་སོའི་བྱེད་བབ་ལ་བསྐྱར་ཞིབ་ཅིག་བྱེད་དགོས་ངེས་ཆགས་འདུག ཁ་སང་མདོ་སྨད་དབུས་རྒྱུན་གྱིས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་དགོས་པའི་ཡི་གེ་ཞིག་བཀྲམ་སོང་། འདིས་སྟེང་ནས་མདོ་སྨད་དང་དབུས་གཙང་གཉིས་དཔུང་སྒྲིག་གི་རྣམ་པ་ཞིག་རང་བཞིན་གྱིས་ཐོན་སོང་། མི་སྒེར་ཁ་ཤས་ཀྱིས་ག་རེ་བཤད་ཀྱང་ཁྱད་པར་ཆེན་པོ་མེད། འོན་ཀྱང་ཆོལ་ཁའི་མིང་ཁྱེར་བའི་ཚོགས་པ་ཞིག་གིས་འདི་འདྲ་བྱས་ན་ཐབས་སྐྱོ་པོ་རེད། བྱེད་སྟངས་འདི་འདྲ་ཡིན་ན་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད།

  12. བློ་གྲོས་རབ་བརྟན་ says:
    2016-02-23 at 10:35 pm

    གསལ་བོ་ཤེས་དགོས་པ་ཞིག་ལ། དབུས་གཙང་དང་མདོ་སྨད་གཉིས་ནས་སྤེན་ཚེ་སྲིད་སྐྱོང་འོས་མི་བཏོན་པ་རེད། མདོ་སྟོད་ལ་མཚོན་ན་འང་དངོས་སུ་ཁྱབ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་བློ་སེང་གི་རྒྱབ་སྐྱོར་ཡིན་པ་ཞུ་ག་ལ་དགོས། ད་དུང་དབུས་དང་མདོ་སྨད་གཉིས་ལས་མདོ་སྟོན་ཞེན་ཁོག་ཆེ་བ་ཡོད་པ་མངོན་གསལ་རེད། དེ་འགྲིག་གི་རེད། སུས་བཀག་ཐུབ་བམ། ཆོལ་ཁ་སོ་སོ་ཞེན་ཁོག་ཡོད་པ་གཅིག་པ་རེད། ཁ་གསང་མིན་ཙམ་རེད།

  13. གཡུ་ཐོག་རྒྱལ་པོ། says:
    2016-02-23 at 11:30 pm

    བོང་བུའི་ཁ ནས་བོང་སྐད་མ་གཏོགས་ཅི་རྒྱག་དགོས་རེད། བོང་བུ་རང་རེད།

  14. ཅང་ཤེས་རྟ་མཆོག says:
    2016-02-23 at 11:32 pm

    འཇིགས་བྲལ་བསྟན་འཛིན་ནི་ཨོ་རྒྱན་སྤྲུལ་སྐུ་སྟོབས་རྒྱལ་གྱི་ཨབ་ཕྲུག་ཡིན་ཞིང་། དེ་སྔོན་གཞུང་ས་དགའ་ལྡན་ཕོ་བྲང་དང་མཁས་དབང་ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་དམའ་འབེབས་ཤ་སྟག་བྱེད་མཁན་ཞིག་ཡིན། བར་སྐབས་ཤིག་ལ་གྲགས་མེད་དུ་བསྡད་སོང་ཡང་ད་ཐེངས་སྲིད་སྐྱོང་འོས་བསྡུ་འགོ་བཙུགས་པ་ནས་དྲ་ཚོགས་ཁག་གི་ནང་འཆལ་གཏམ་དང་། ཚོགས་གཙོ་སྤེན་ཚེར་གཞི་མེད་སྐྱོན་འཛུགས། དབུས་གཙང་མི་དམངས་ལ་ཚད་ལས་བརྒལ་བའི་དམའ་འབེབས་རིམ་པས་བྱེད་འགོ་ཚུགས་ཡོད།

  15. ལྷ་སྒང་ཆོས་གྲགས། says:
    2016-02-23 at 11:34 pm

    འཇིགས་བྲལ་འབྲོག་ཁྱིའི་སྐད་ཆ་ལ་དཔྱད་བཟོད་དང་ཉན་བཟོད་ཅིག་མི་འདུག འཆལ་གཏམ་ལུང་པ་གང་རེད།

  16. ལྷ་སའི་བུ་ says:
    2016-02-23 at 11:40 pm

    བློ་གྲོས་རབ་བརྟན་ལགས། ང་ལ་ཆོལ་ཁའི་ཞེན་ཁོག་སྤུ་ཙམ་ཡང་མེད་དོ། དཀོན་མཆོག་དཔང་བཙུགས་ཡིན། དགོས་པ་རྒྱུ་མཚན་ག་རེའི་ཐོག་ནས་ཞེན་ཁོག་བྱེད་དགོས་རེད། ། ང་ཚོ་བོད་རིགས་ནང་ཁུལ་ག་རེ་བྱས་ནི་དབྱེ་འབྱེད་དགོས་དོན་འདུག་གམ། གསུངས་དང་། བཙན་བྱོལ་ནང་ཡོད་པའི་བོད་ཕྲུག་མང་ཆེ་བ་ནི་ཆོལ་གསུམ་འདྲེས་མ་རེད། དེ་ལས་གཞན་པ་དགོས་ན། མགོ་སེར། ཁ་ཆེ། ནག་རིལ །
    རྒྱ་གར་བ། རྒྱ་མི་སོགས་འདྲེས་པའི་བོད་ཕྲུག་བོད་པའི་སྐད་དང། རིགས་གཞུང་། གོམས་གཤིས་ཤེས་རྒྱུ་ཕར་བཞག། བོད་ཕྲུག་ངོ་མ་ཚོ་མཉམ་དུ་འདྲིས་ཀྱང་ཐུབ་ཀྱི་མི་འདུག། དེ་འདྲའི་བོད་ཕྲུག། ཧ་ཧ་ཧ་།

  17. ལྷ་སའི་བུ་ says:
    2016-02-23 at 11:51 pm

    གོང་གི་འཇིགས་བྲལ་ལགས་ཀྱི་བཀའ་མོལ་ལ་ཉན་དུས་གོ་རྒྱུ་ཚོར་རྒྱུ་ཞེ་དྲག་འདུག།

  18. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 12:02 am

    ་་་་་་་་་་་་་་་་་་་ བློ་སེང་ལ་འོས་ཤོག་ཐོབ་ཆེད་དུ་སྐལ་རྡོར་གྱིས་གཞུང་གི་སྡིངས་ཆ་བེད་སྤྱོད་བཏང་བར་དབུས་འོས་བསྡུ་ལས་ཁུངས་ནས་ཉེན་བརྡ་བཏང་བ་ཁྱེད་རང་མིག་ལོང་བ་མིན་ན་གང་ཤེས། གཞན་ཤེས་ཚོད་རེད། ་་་་་་་་་་་་་་་ ཟེར།
    འདི་བདེན་ན། འདི་གནད་དོན་ཆེན་པོ་ཞིག་རེད།

  19. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 12:03 am

    ་་་་་་་་་ བློ་བཟང་ལ་ཁྱེད་ཀྱི་ལྟ་ཚུལ་ལས་ལྷག་པའི་ཁྱད་ཆོས་མང་པོ་ཡོད་པ་ཁྱེད་ཀྱིས་རྟོགས་མི་ཐུབ། དེའི་རྒྱུ་མཚན། ཁྱེད་ནི་ཕྱོགས་ཞེན་དུག་སྦྲུལ་གྱི་ཚང་དུ་ལྷུང་ཡོད་པས་ཡིན། ་་་་་་་་་་་་

  20. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 12:05 am

    ་་་་་་་་་ ང་ཚོས་ཆོལ་ཁ་ཁ་ལ་འཁྱེར་ནས་འོས་མི་གཉིས་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་མཁན་དག་ལ་ངོ་རྒོལ་གནང་དགོས། ་་་་་་་་་

  21. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 12:07 am

    ་་་་་་་་་ ཉེ་ཆར་རིས་མེད་ཆོས་རྒྱུད་ཚོགས་པ་ཟེར་བའི་སྐད་འཕྲིན་ནང་དུ་སླེབས་ནས་ཆོས་ལུགས་ཆོས་རྒྱུད་དབར་དུ་རྙོག་གྲ་མང་པོ་ཞིག་བཟོས་སོང་། ་་་་་་་་་ ཟེར།
    ཁོས་ནི། དེ་རིང་བརྙན་འཕྲིན་སྟོན་པ་ཐེངསས་དང་པོ་ཡིན། ལབ་འདུག སུ་བདེན་ནམ། ལགས།

  22. གངས་ཕྲུག། says:
    2016-02-24 at 2:00 am

    སྐད་ཆ་བཤད་སྟངས་ལ་དགའ་བསུ་ཡོད། ཁ་ཁོག་མཚུངས་པའི་སྐས་ཆ་ཡིན་པའི་རེ་བ་ཡོད། མངོན་པ་སྟོད།

  23. པདྨ says:
    2016-02-24 at 3:25 am

    གཟུར་གྱི་གཏམ། བློ་གྲོས་གྲོས་དང་ཕུག་བསམ་ཅན་། དོན་དང་ལྡན་པའི་རྣམ་དཔྱོད་ཅན་འཇིགས་བྲལ་ཁྱོད་སྲིས་སྐྱོང་འོས་མི་ལ་མི་ལང་བ་རྒྱུ་མཚན་གང་ཡིན་ནམ། ཚོགས་གཙོ་ལས་རྣམ་དཔྱོད་རྒྱ་ཆ་དགུ་བཅུ་ལྷག་འདུག ཕོ་གཞོན་ཁྱོད་ཚོས་དྲང་བདེན་གྱི་མ་འོང་བོད་པའི་བདེ་འཚམས་ལ་ཁ་བཤད་ཙམ་མིན་པར་འབད་འབུང་གནང་དགོས། མིང་དོན་མཚུངས་པའི་ཚོགས་བཤད་དེས་དུས་དབང་ཏག་ཏག་གཟོས་སོང་། སྤེན་ཚས་༧གོང་ས་མཆོག་ལ་ཟུར་ཟ་དེས། ཇི་སྐད་དུ།མི་ལོ་ཉི་ཤུ་རིང་ལ་ཁྱོད་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་།།ཁྱོད་ལས་ང་ལྷག་མཉམ་པོར་གཡོག་མི་བྱེད།། བལྟས་ངན་དེ་ཚོ་ལ་དུས་ཐོག་ཆར་བ་རེད་བཞགས། མཐར་མཇུག་འཇིགས་བྲལ་གྱིས་དངོས་སུ་གདོང་ལ་བུད་པར་དགའ་ཡོད། དྲ་འབི་མ་རེད་དྲ་རྒོད་རེད། ཞལ་བྲོ།

  24. ལྷ་སྲས་དར་མ། says:
    2016-02-24 at 7:50 am

    དུས་དབང་སྐོར་དེ་གོ་ཐོས་སྐབས་ཧང་སང་སོང་དེ་འདྲ་དྲན་ནུས་ནའང་བཤད་མི་ཕོད་པ་ཞིག་རེད། གལ་སྲིད་དོལ་རྒྱལ་གུང་དམར་མིན་ན།

  25. ལྷ་སྲས་དར་མ། says:
    2016-02-24 at 7:52 am

    པདྨ་ཟེར་བ་ཁྱེད་རང་ཡང་བཙོན་ལ་བཅུག་དགོས་ས་རེད།

  26. བྱམས་པ། says:
    2016-02-24 at 8:37 am

    འཇིགས་བྲལ་གྱིས་བློ་སེང་ལ་དཀར་འདོན་བྱེད་སྟངས་འདི་ཁམས་ཞེན་ཁོ་ན་རེད། དེ་ཡོང་ཆོག སྙིང་རྗེ། ཁོ་ལ་དེ་ཙམ་གྱིས་ཤེས་རྒྱ་ལས་མེད་པར་བསྟན་པ་ཙམ་ཡིན།
    འོན་ཀྱང་འཇུ་ཆེན་ཕྱོགས་ཁག་གི་ཁམས་པ་ཁ་གཅིག་གིས་བྱེད་སྟངས་དེ་ཁམས་ཞེན་མ་རེད། སྙིང་ནད་རེད། བློ་སེང་འདི་རི་བོ་དགེ་ལུགས་པ་ཞིག་དང་། ༸རྒྱལ་ཚབ་སྟག་བྲག་གི་ཤུལ་འཛིན་ངོ་ནས་ཞིག་ཡིན་ཚེ། འཇུ་ཆེན་ཕྱོགས་གཏོགས་ཀྱིས་ཕམ་པར་རྒྱག་ངེས། ཁམས་པ་ཚོ། མིག་གསལ་ནས་ལྟོས་དང་།

  27. བོད་ཁམས་སྡེ་ says:
    2016-02-24 at 12:27 pm

    འཇིགས་བྲལ་ལ་ཞེན་ཁོག་འདུག་རབས་བཤད་མཁན་ཚོས་དང་པོ་རང་ཉིད་ཀྱི་རྒྱུད་ལ་ཞེན་ཁོག་ཡོད་མེད་ཡག་པོར་བརྟག་ན་མ་རྟོགས་ མི་ལ་ཞེན་ཁོག་འདུག་ལབ་མཁན་ཁོ་རང་ཡང་དེ་འདྲ་ཞིག་ཆགས་མི་འགྲོ་བའི་ངེས་པ་མི་འདུག་གོ་།

  28. བཀྲ་ཡེ་ཚང་། says:
    2016-02-24 at 4:09 pm

    སྲིད་སྐྱོང་ལ་ཁོང་རྣམ་པ་གཉིས་སུ་ལ་ཐོབ་ན་ཁྱད་པར་མེད། གང་ལྟར་ཁོང་རྣམ་པ་གཉིས་ལས་ལྷག་ཅིག་ང་ཚོར་མེད་པ་ཤེས་གསལ་རེད། དེ་བཞིན་རྒྱབ་སྐྱོར་པ་ཚོས་ཕན་ཚུན་ག་ཙེ་སྐྱོན་བཙུག་བྱེད་རེས་བྱེད་ན་ཕན་ཐོག་སྤུ་སྣེ་ཙམ་ཡང་མ་མཐོང་། བྱས་ཙང་སྐུ་ངོ་བློ་བཟང་སེང་གེ་ལ་དགའ་མཁན་ཚོའི་ཁོང་མ་གཏོག་ཁས་མི་ལེན་པ་ཐག་གི་ཆོད་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བྱེད་མཁན་ཚོ་ཡང་དེ་བཞིན། ཁྱོད་ཀྱི་ཁ་དང་ངའི་སྣ་མི་རྩོད་པར་ཚང་མའི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་སྤྱི་བའི་དོན་ལ་འགན་ཞིག་ཁུར་ན་དུས་ནམ་ཞིག་ལ་ང་ཚོའི་རྒྱལ་ཁ་ཐོབ་པ་ཐེ་ཙོམ་མི་དགོས། ཡིན་ན་ཡང་ད་ནི་རེ་བ་མེད་པ་འདྲ་ལོ་ནས་ལོ་རེ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞན་ཁོག་ཅེ་ཆེར་རེད།

  29. ཀུན་གསལ། says:
    2016-02-24 at 4:13 pm

    དུས་དབང་སྐོར་ལ་ཚོགས་གཙོ་མཆོག་གིས་ལན་གསལ་ཐག་ཆོད་ཅིག་གནང་འདུག དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་དང་བོད་ཀྱི་གྲོས་སྲིད་ཁང་སོགས་ཀྱི་སྐོར་ཡང་ལན་གསལ་ཐག་ཆོད་གནང་འདུག
    ཁམས་རྒན་འདི་ཚོས་དངོས་གནས་ཤེས་ཀི་མེད་པ་རེད་དམ། ཆོལ་ཁ་ཁོ་ནའི་ཆེད་དུ་མགོ་བློ་སེང་ནས་འོག་གི་གངས་སྐྱིད་ཀྱི་མ་བྱན་དང་གད་པ་ཚུན་གྱིས་ཞེམ་ཁོག་བྱེད་པ་ཡིན་ནམ།

  30. སྲིན་པོ་རྫ་རྒན་ says:
    2016-02-24 at 4:44 pm

    ཚོགས་གཙོས་དུས་དབང་སྐོར་གསལ་པོར་བཤད་དགོས་ཀྱི་ཡོད་ན། འདི་ཟླའི་ཚེས་ 29 ལ་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྡིངས་ཆ་གཅིག་ནས་བགྲོ་གླེང་སྐབས་བཤད་དགོས་བྱུང་ན་གསལ་པོ་བཤད་ཀི་ཡིན། ང་ལ་ བདེན་པ་ཡོད་ཟེར། གཤམ་གྱི་དྲ་ཐག་འདི་ན་འདུག འཇིགས་བྲལ་སོགས་ཀྱིས་འདི་ཚོར་ཉན་གྱིན་ཉན་གྱིན་གླེང་མོལ་བྱས་ན་ཡག་གི་རེད། གནས་ཚུལ་རྫུན་བཟོ་བྱེད་སྟངས་འདི་རིགས་ཡག་པོ་མ་རེད།

    https://www.facebook.com/1656230637964920/videos/1668023110119006/

  31. སྲིན་པོ་རྫ་རྒན་ says:
    2016-02-24 at 4:52 pm

    ཡིན་ངོ་མ་ནི། དུས་དབང་དེ་བཀའ་ཤག་གིས་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་ཞུས་པ་མ་རེད། སྲིད་སྐྱོང་གིས་འོས་ཤོག་ཐོབ་ཆེད་ཞུས་པ་རེད། དེ་གཅིག་རེད།

    གཉིས་ཐད་ནས། དུས་དབང་ཕྱིར་འགྱངས་ཀྱི་སྒྲུབ་བྱེད་ལ་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་དྲངས་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་ག་དུས་ཚོགས་པ་རེད། དུས་འཁོར་དབང་ཆེན་ག་དུས་ཞུས་པ་རེད། ཆབ་སྲིད་ཆགས་ཀྱི་ཡོད་པའི་རྟགས་མཚན་གསལ་པོ་བྱུང་བ་ལ་བརྟེན་ནས། ཕྱིར་འགྱངས་གནང་པ་རེད།

  32. ལྷ་སའི་བུ་ says:
    2016-02-25 at 12:42 am

    འཇིགས་བྲལ་ལགས་ཀྱིས་བརྗོད་དོན་༼ བློ་བཟང་སེང་གེ་ལ་སྡང་ཟུག་བྱེད་ཡག་དེ་མཐའ་དེད་ན་ཁོ་ཁམས་པ་རེད་ཟེར་ཡག་མ་གཏོགས་བསྡད་མ་སོང་ང་།༽ ཟེར་ཡག་དེ་ཏག་ཏག་རང་ཨེ་ཡིན་ནམ། དཔེར་ན། ༧གོང་ས་མཆོག་གི་སྐུ་དཔར་ཡར་བཞག་མར་བཞག་གི་རྙོག་ཁྲ་གྲོས་ཚོགས་ནང་འཁྱེར་ཡོང་མཁན་ཁམས་པ་རེད་དོ། ངའི་བསམ་ཚུལ་བྱས་ན། སྲིད་སྐྱོང་མཆོག་གི་ཤེས་འཇོན་དང། མི་གཤིས་ལ་བལྟས་ནི་ཕྱི་ནང་གང་ས་ནས་ཆེ་བསྟོད་ཞེ་དྲགས་བྱས་ཙང་འགའ་ཤས་ཕྲག་དོག་ལང་གི་ཡོག་རེད་བསམ་གྱི་འདུག། དངོས་འབྲེལ་བྱས་ན་སོ་སོའི་ཆབ་སྲིད་ཀྱི་དབུ་འཁྲིད་ལ་ཆེ་བསྟོད་བྱེད་མཁན་བྱུང་ན་དགའ་སྤོབས་བྱེད་དགོས་པ་ཞིག་མ་རེད་པས།

  33. བསྟན་རྣམ། says:
    2016-02-25 at 11:33 pm

    སྐབས་འདིའི་སྲིད་སྐྱོང་འོས་བསྡུ་བརྒྱུད་དེ་ངས་ག་རེ་ཤེས་སོང་ཟེར་ན། འཇིགས་བྲལ་ལྟ་བུའི་མི་ངན་འདི་ཚོས་མཐོང་བའི་བདེན་པ་གཅིག་འདུག སྲིད་སྐྱོང་བློ་བཟང་སེང་གེ་ལ་དབུས་གཙང་དང་མདོ་སྨད་མི་མང་གིས་འོས་བླུགས་ན་དྲང་བདེན་དང་། འོས་མ་བླུགས་ན་ཞེན་ཁོག་རེད་ཟེར་གྱི་ཡོད་པ་མ་ཟད། ཁམས་པའི་མི་ཞིག་ལ་སྲིད་སྐྱོང་གི་འོས་བླུགས་ན་དྲང་བདེན་དང་། མདོ་སྨད་དང་དབུས་གཙང་མི་ཞིག་ལ་འོས་བླུགས་ན་དྲང་བདེན་མ་ཡིན་པ་ཞིག་ཏུ་བསམ་གྱི་ཡོད། དེ་ལས་ཀྱང་ཐབས་རྡུག་པ་ཞིག་ལ་ཁམས་པ་ཚོས་ཆོལ་ཁ་གཞན་གྱི་མགོ་ཁྲིད་ལ་བརྩི་བཀུར་བྱེད་ཐུབ་ཀྱི་མེད་པ་དང་། ཆོལ་ཁ་གཞན་ཚོས་ཁམས་པའི་མི་ལ་ཡིན་གཅིག་མིན་གཅིག་བརྩི་བཀུར་ཞུ་དགོས་བརྗོད་ཀྱི་ཡོད་པ་རེད། སྐད་ཆ་བཤད་སྟངས་འདི་ནི་ISIS ཡི་བྱེད་སྟངས་དང་གཅིག་པ་མ་རེད་དམ། མདོར་བསྡུས་ན་ཁམས་པ་ཚོ་བློ་ཁོག་ཆེ་ཞིང་། དྲང་ཚུགས་བདེན་པ། ཕོ་དོད་པོ་དང་དྲང་བདེན་ལ་དགའ་བའི་མི་ཡག་པོ་ཡིན་པ་མ་ཟད། དབུས་གཙང་བ་ལས་ལྡབ་འགྱུར་གྱི་མི་གཤིས་ཡག་པོ་ཡོད་ཀྱང་། ཁམས་པའི་ནང་དུ་མི་ངན་སྐོར་ཞིག་གིས་ཆེད་དུ་ཁམས་པ་མི་མིང་ལ་སྣེ་ཁྲིད་ངན་པ་བྱས་ཏེ་རང་ཉིད་མི་དགའ་སའམ་སྙིང་ངན་སྒེར་འཁོན་ཡོད་མཁན་དེ་ཁམས་པ་མི་མང་གི་དགྲ་བཟོས་ཏེ་རྙོག་དྲ་བཟོ་གི་ཡོད། ཁ་གཏད་བཅོག་སྟངས་འདི་ནི་རང་ཉིད་ལ་འཇོན་ཐང་ཟེར་བ་མེད་པར་མི་གཞན་ལ་ཕྲག་དོག་གིས་བྱེད་སྟངས་ཤིག་རེད་ལ། འཇིགས་བྲལ་ཟེར་བ་འདི་ཡང་བང་ཆེན་གསར་ཁང་གི་གསར་འགོད་པ་བྱེད་སྐབས་ནས་འདི་འདྲ་ཡིན་པ་ཚང་མས་ཤེས་ཀྱི་ཡོད།

  34. འཇིགས་བྲལ། says:
    2016-02-26 at 2:04 am

    གུས་པའི་བསམ་ཚུལ་ལ་འགྲོ་གླེང་མང་དག་གནང་བ་ལ་བཀའ་དྲིན་ཆེ་ཞུ།

    ང་ནི་བོད་ཀྱི་དུས་བབ་དང་། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་ཞིག་ཡིན།

    ཁྱེད་རྣམ་པ་ཚང་མའི་བསམ་ཚུལ་ལ་གུས་བཀུར་ཡོད།

    ངའི་བཤད་དོན་མདོར་བསྡུས་ན་༧གོང་ས་མཆོག་དང་། གཞིས་བྱེས་བོད་མིའི་རྩ་དོན་ལ་འགན་ཁུར་གནང་རོགས་ཟེར་བ་དེ་ཡིན༄

  35. པདྨ says:
    2016-02-26 at 3:08 am

    ཀླུ་མཁར་བྱམས་བདེན་པ་གསལ་ཐག་ཆོད་སོང་། ཁ་དབུ་མ་དང་ཁོག་རུལ་མ་དེ་ཚོས་གཉིས་སྨན་དབུ་མ་ཟེར་བ་ཚོགས་གཙོ་དང་སྲིད་འཛིན་བར་མེད་ན་དགྲ་རྒྱ་ནག་ཇི་ལྟར་དབུ་མའི་ལམ་ལག་སྟེར་བྱེད་དམ།
    མདོར་ན་དབུ་མ་ནང་འཁྲུགས་རྒྱག་སོང་། འོས་འདེམས་མ་རེད། དབུ་མའི་དམག་འཁྲུག་རྒྱབ་སོང་།
    འཇིགས་བྲལ་ཁྱོད་ལ་བདེན་པ་ཡོད།
    ༧གོང་མཆོག་གིས་དུས་དབང་ཕྱི་འགྱངས་དགོས་པར་གསལ་བོ་གསུང་ཡོད་ཡོད། སྨན་པའི་ངག་ལ་ཉན་ནས་སོག་ཡུལ་དང་རྡོ་རྗེ་གདན་པ་དུས་འཁོར་དབང་བསྐུར་བ་མཚམས་འཇོགས་བྱས་ནས་ལྷོད་ལྷོད་དུ་ལྷོ་ཕྱོགས་ལ་ལམ་རིམ་ཁྲིད་དགོས་བསམ་ཡོད་ཅེས་གསལ་བཤད་གནང་བཞིན་དུ་དོལ་ཚོགས་དང་སྤེན་ཚོགས་ཀྱིས་དགོངས་པ་ལོག་འགྲེལ་དང་ནང་ཁུར་གོ་སྐབས་བཟུང་ནས་ཁྲག་བཞིན་དཀྲུག་པའི་དད་པ་ལོག་སྤྱོད་པ་སྤེན་ཚེ་རེད།
    ༧གོང་ས་མཆོག་གིས་ལྷག་གིས་༧གོང་ས་མཆོག་གི་ཐུགས་དགོངས་མཁན་དང་ཞེ་སྡང་ཅན་དུ་མཐོང་མཁན་སྤེན་ཚེ་རེད།
    ཡིད་མ་ཆེས་ན་འདིར་གཟིགས
    https://m.youtube.com/watch?v=WzMe5O9Pge0

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme