Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འབུམ་རིམ་པ་བློ་བཟང་སེང་གེ་མཆོག

Posted on 2011-08-08 By ཁ་བརྡ་ 13 Comments on སྲིད་སྐྱོང་འབུམ་རིམ་པ་བློ་བཟང་སེང་གེ་མཆོག

སེར་ཤུལ་རིན་ཆེན་དོན་གྲུབ།

ཆེས་མཆོག་ཏུ་བཀུར་བར་འོས་པའི་སྲིད་སྐྱོང་འབུམ་རིམ་པ་བློ་བཟང་སེང་གེ་ལགས།
སྐུ་ཉིད་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་ལས་ཁུར་དམ་འབུལ་གྱི་གཟི་བརྗིད་ལྡན་པའི་ཉིན་མོ་འདིར་གུས་པ་ཆབ་འབངས་དཀྱུས་མ་ཞིག་གི་ངོས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། ང་ནི་ཁྱེད་དང་ཁྱེད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བོད་འབངས་དཀྱུས་མ་ཞིག་ཡིན་པར་མ་ཟད་མང་གཙོའི་རིང་ལུགས་དང་ཞི་བདེའི་རྒྱལ་ཁམས་ལ་དུང་བའི་སྐྱེ་བོ་བྱེ་བྲག་པ་ཞིག་ཀྱང་ཡིན། ཁྱེད་ཀྱི་བཀའ་ཁྲིའི་འོས་འགྲན་གྱི་ལས་རིམ་ཁྲོད་དུ་གུས་པ་དང་གུས་པའི་ལངས་ཕྱོགས་གཅིག་པའི་གྲོགས་པ་སྐོར་ཞིག་གིས་ཁྱེད་ཀྱི་འདྲ་པར་དང་བྱས་རྗེས་བཀོད་པའི་ཤོག་བྱང་སྦྱར་འགྲེམས་ཀྱི་ལས་གཞི་བརྩམས་ཏེ་འོས་འགྲན་གྱི་ལས་རིམ་ཁྲོད་ནས་ཁྱེད་ལ་རྒྱལ་ཁ་ཐོབ་པའི་རེ་སྒུག་བྱས་པ་ཡིན། ད་དུང་(ངའི་སེམས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ)ཞེས་པའི་ཆེད་རྩོམ་ཞིག་ཀྱང་སྤེལ་བ་ཡིན། འདི་དག་ཐམས་ཅད་ཀྱི་དགོས་དམིགས་ནི་བོད་བསྟན་པ་དང་ཆབ་སྲིད་ཉག་ཕྲ་བའི་སྐབས་འདིར་གསར་གཏོད་རང་བཞིན་དང་ཁྲིམས་ལུགས་ཐབས་ཚུལ་གྱིས་བོད་གངས་ཅན་པ་འཇིགས་འཕྲང་འདི་ལས་སྒྲོལ་ཐབས་ཀྱི་རེ་བ་ཁོ་ན་ཡིན། ཁྱེད་ཀྱིས་བོད་གཞིས་བྱེས་མཉམ་འཛོམས་དང་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་ཐུབ་པའི་གདེང་སྤོབས་དང་སྙིང་སྟོབས་དེས་ང་ཚོར་མུ་མཐུད་མདུན་དུ་བསྐྱོད་དགོས་པའི་དྲན་སྐུལ་དང་སྤོབས་པ་བྱིན་བྱུང་། ཆོལ་ཁ་ཕྱོགས་རེ་བར་ཞེན་པའི་མཁྲེགས་འཛིན་དང་། དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་ལུས་པའི་སྲོལ་རྒྱུན་བསམ་བློ། རྒྱལ་སྤྱིའི་གནས་བབ་ཀྱི་ཤེས་ཚད་ཞར་བའི་མུན་ནག་མདུན་འགྲོས་ཀྱི་གོམ་སྟབས་བྲལ་བ་བཅས་ཀྱིས་གཞོན་སྐྱེས་ཚོའི་བློ་ཡིད་ཁྱེད་ཀྱི་ཕྱོགས་སུ་ཤོར་ཞིང་གར་འགྲོ་མ་ངེས་པའི་གངས་ཅན་པའི་འཐབ་རྩོད་ཀྱི་མཇུག་མཐུད་པ་ཁྱེད་ཉིད་ཁོ་ནར་འོས་པའི་གནས་ལུགས་རྙེད། ཆབ་སྲིད་དྲིལ་བསྒྲགས་ཀྱི་སྐབས་དང་དུས་དག་ཏུ་མི་སེམས་འགུགས་པའི་ཁ་དབྱངས་སྙན་མོའི་ཕྱོགས་སུ་གཞོལ་བའི་ཚོར་སྣང་རེ་སྐབས་འགར་བྱུང་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་བློ་གཏད་ཀྱི་བྱ་སྤྱོད་དང་། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་སྲོལ་ཕ་དམ་པའི་ཁ་ཆེམས་གཙིགས་སུ་འཛིན་པའི་ལོ་རྒྱུས། རྒྱལ་སྤྱིའི་ཆེ་མཐོང་ཐོབ་པའི་འབུམ་རིམ་པའི་ཕྱག་འཁྱེར། ཆེས་མཐོའི་ཁྲིམས་རྩོད་པའི་ཕྱག་ཁྱེར་འོག་གི་ཊོ་ལ་གསོག་སྒྲུབ་ཀྱི་ལས་གཞི་དོར་ཏེ་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བར་ཕེབས་པའི་ཁྱད་འཕགས་ཡོན་ཏན་གྱི་མཛེས་པ་དག་གིས་ཁྱེད་ཉིད་མངོན་པར་བསྟོད་ཅིང་ཁྱེད་ཉིད་གོང་དུ་བཏེགས། དེ་ནི་ཁྱེད་ལ་གུས་ཤིང་བཀུར་བའི་བསམ་བློ་རྙེད་པའི་སྔོན་སོང་གི་བྱུང་བ་ཙམ་ཡིན། ད་ནི་ཁྱེད་ཀྱི་གསུང་བའི་དམ་བཅའ་དང་དགེ་མཚན་ལ་བལྟས་ནས་སྡོད་པའི་དུས་མ་ཡིན་པར་དངོས་སུ་ཕྱག་སྟར་གནང་བའི་དུས་ཡིན་པས་ང་དང་ང་འདྲ་བའི་ཁྱེད་ལ་ཡིད་སྨོན་དང་རྒྱབ་སྐྱོར་བྱེད་མཁན་གྱི་བོད་ཕྱི་ནང་གི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་མི་རིགས་འདྲ་མིན་ཁག ཁྱེད་ལ་སྐྱོན་བརྗོད་དང་ཉམས་མྱོང་མེད་པའི་བསམ་ཚུལ་འཛིན་མཁན་ཡོངས་ཀྱིས་ཁྱེད་ལ་རེ་བ་དང་མཐོང་ཆུང་གང་ཞིག་གིས་བལྟས་ཡོད། ཁྱེད་ཀྱིས་བརྗེད་མི་ཉན་པ་ཞིག་ལ་ཁྱེད་ཉིད་བཞུགས་པའི་སྲིད་སྟེགས་དེ་བོད་མི་ས་ཡ་དྲུག་གིས་རེ་བའི་ཁ་བཏག་སྤུངས་པའི་མཆོད་སྟེགས་ཡིན་ཞིང་བོད་མི་རིགས་ཀྱི་འཆི་གསོན་ཐག་གཅོད་ཀྱི་གཡུལ་ས་ཞིག་ཀྱང་ཡིན་སྲིད། ད་དུང་བཙན་དབང་འོག་གི་གདོང་དམར་པའི་ཕོ་རྒོད་ཚོས་ཁྱེད་ལ་རེ་བའི་བློ་གཏད་ཅོལ་ཡོད་ལ། རྒྱལ་ཕྱི་ནང་གི་བོད་མི་ཡོད་དོ་ཅོག་གིས་ཁྱེད་ཀྱི་སྐུ་ཡོན་དང་། སྙིང་སྟོབས། ལྷག་བསམ་བཅས་ཀྱིས་བོད་མི་རིགས་ཀྱི་རེ་བའི་འོད་སྟོང་འཕྲོ་བའི་ངང་སྒུག་བྱས་ཡོད། ད་ནི་ཁྱེད་ཀྱིས་སྙིང་སྟོབས་དང་། དམ་བཅའ་བརྟན་པོས་ཞུམ་པ་མེད་པར་མདུན་དུ་བགྲོད་པའི་དུས་ལ་བབས་ཟིན། ཁྱེད་ཀྱི་གཡས་གཡོན་ན་ཕྱོགས་ལྷུང་གིས་བཟི་བའི་ཆབ་སྲིད་པ་ཤོག་ཁག་ཅིག་ཡོད་སྲིད། ཆོལ་ཁའི་དམག་འཐབ་ལ་བྱང་བའི་འགོ་མཁྲེགས་ཚོ་སྐོར་ཞིག་ཡོད་སྲིད། སྒེར་འཛིན་འདུ་ཤེས་ཀྱི་བྲན་གཡོག་ཏུ་གྱུར་བའི་སྲིད་དོན་པའང་ཡོད་སྲིད། འོན་ཀྱང་ཁྱེད་རང་དཔའ་ཞུམ་མི་རུང་། བདེན་པ་དང་། གནས་ལུགས། རྒྱུ་འབྲས་བཅས་ཀྱིས་ཁྱེད་ལ་ནམ་ཡང་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་ངེས། ། བོད་རྒྱལ་ལོ།། བདེན་པ་རྒྱལ་ལོ།། གནས་ལུགས་རྒྱལ་ལོ།།
2011/8/8

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: ཁྲིམས་ལུགས་མཁསཔའི་བཀའ་ཁྲི་ལ༎ཁྲིམས་འགལ་བོད་མིས་དགའ་བསུ་ཞུ༎

Comments (13) on “སྲིད་སྐྱོང་འབུམ་རིམ་པ་བློ་བཟང་སེང་གེ་མཆོག”

  1. yum says:
    2011-08-08 at 11:38 pm

    དེ་རིང་རྡ་སར་བོད་མི་དམངས་སྐུག་པས་ལྷ་མཐོང་འདུག།

  2. འབྲོང་བུ་སོག་ཚ། says:
    2011-08-08 at 11:55 pm

    ལྐུག་པ་དེ་ལ་ལྐུག་མ་གཏོགས་ས་ལྐུག་རྒྱབ་ན་ནོར་བ་རེད།

  3. སྐྱུ་རྩི་ནས། says:
    2011-08-09 at 3:19 am

    དེ་རིང་བཀའ་ཁྲིའི་མཛད་འགོ་དེ་དགའ་སྐྱོ་གཉིས་ལྡན་གྱི་འཚོ་བ་ཞིག་དང་། གཟི་བརྗིད་ལྡན་པ་ཞིག་བྱུང་སོང་། དགའ་དགོས་པ་ནི་མི་རབས་གསར་པས་སྤྱི་དོན་བདག་གིར་བཞེས་པ་དང་། སྐྱོ་དགོས་པ་ནི་ད་ཆ་༧གོང་ས་མཆོག་དགུང་ན་མཐོ་བོར་ཕེབས་ཤིང་། ཁོང་གིས་མི་རབས་གསར་པར་ཐུགས་བློས་འཇིངས་འགེལ་གནང་བ་དེ་མི་རབས་གསར་པས་སྒྲུབ་ཐུབ་མིན་དེ་ཡིན། དེ་མིན་མི་རབས་གསར་པའི་བཀའ་ཁྲི་མཆོག་གིས་བོད་ཡིག་གི་ལེགས་སྦྱར་དེ་ཀློག་སྐབས་ཚིག་གཅོད་མཚམས་མང་པོ་ཞིག་དབྱིན་ཇིས་བོད་ཡིག་ཀློག་པ་འདྲ་བོ་ཞིག་བྱུང་སོང་བར་མ་འོངས་པར་རང་མི་རིགས་ཀྱི་རིག་གཞུང་མང་ཙམ་སྦྱོང་གནང་ཡོང་བ་ཞུ། བོད་ཡིག་བོད་པས་མ་སྦྱོང་ན་སུ་སྦྱོང་ཞེས་པའི་ཀུན་གཟིགས་པཎ་ཆེན་བཅུ་པའི་བཀའ་སློབ་དེ་བློ་བུར་དྲན་ནས་ཞུས་པ་ཡིན། བཀའ་ཁྲི་མཆོག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

  4. yum says:
    2011-08-09 at 6:49 am

    སྐུག་ནི་ལྐུག་གི་མང་ཚིག་རེད། མི་རབས་གསར་པའི་བཀའ་ཁྲི་མཆོག་གི་བོད་ཡིག་ཡིན།

  5. ཟླ་བ་ཆོས་འཛོམས། says:
    2011-08-09 at 7:54 am

    ༧གོང་ས་མཆོག་གིས་བློས་འགེལ་གནང་ས་དེ་ནོར་མེད་པའི་སྨོན་ལམ་འདེབས་ལ། ང་ལ་སེམས་ཁྲལ་ཞིག་རང་བཞིན་གྱིས་ཡོང་གི་འདུག ད་ག་འདྲ་བྱེད་ཡོང་སྙམ་པ་དེ་རེད། ཡག་པོ་ཞིག་ཡོག་བར་ཤོག

  6. yum says:
    2011-08-09 at 9:17 am

    སྲིད་སྐྱོང་དང་སྲིད་སྦྱོང་ནོར་མེད་པའི་སྨོན་ལམ་འདེབས།

  7. ལུང་རྟོགས། says:
    2011-08-10 at 5:51 am

    ༸གོང་ས་མཆོག་ནོར་ཡོད་རྒྱུ་མ་རེད་ལ། བོད་མི་མང་ཡང་ནོར་ཡོད་རྒྱུ་མ་རེད། ནོར་ངོ་མ་ནི་བོད་མི་མང་ལྐུག་པར་བསམ་མཁན་དེ་ཚོ་ནོར་བ་རེད་ལ། ལྟ་བ་འཁྲེག་འཛིན་པ་དེ་ཚོ་ནོར་བ་རེད།

  8. བདེན་པའི་བརྒྱབ་ལང་། says:
    2011-08-11 at 11:38 am

    རིན་ཆེན་དོན་གྲུབ་ལགས།
    ཁྱེད་ཀྱང་སྐབས་འཚོལ་བ་ཞིག་རེད་འདུག་རྒྱུ་མཚན་ནི་ཁྱེད་ཀྱི་རྩོམ་འདིར་གཟིགས་དང་། ༼ ཁྱེ་ད་ཀྱི་
    གཡས་གཡོན་ན་ཕྱོགས་ལྷུང་གིས་བཟི་བའི་ཆབ་སྲིད་པ་ཤོག་ཁག་ཅིག་ཡོད་སྲིད། ༽ ཡི་གེ་འདི་འདྲ་བོ་རྗེས་
    སུ་མ་བྲིས་ན་ཕན་ཐོག་ཆེ་བ་ཡོང་ངེས་ཡིན་མ་ཞི་ཁག་མི་འདུག ཟམ་གདོང་བླ་མས་ཀྱང་གཞན་ཁོག་གི་སྐད་
    ཆ་འདི་འདྲ་བཤད་འདུག་སློབ་སྦྱོང་མེད་པ་ནས་ཡོད་པར་རྩིས་སྤྲོད་ཐུབ་སོང་ཟེར་སྟང་ལ་བལྟ་དུས། ད་བར་གྱི་གཞུང་ཞབས་ཚང་མར་སློབ་སྦྱོང་མེད་པ་དང་ཟ་འདྲེ་ཤ་སྟག་ཏུ་རྩིས་འདུག་གོ མ་ཟད་ཟམ་གདོང་
    བླ་མ་ཕྱི་ཚུལ་གྱི་རྒན་ཡོལ་ལས་དོན་གྱི་འབུམ་རམ་པའི་ཉིན་མོའི་མི་དང་ཚན་མོའི་འདྲེ་ཡིན་པ་གསལ་པོ་
    རེད་འདུག་གོ།།

  9. པད་ཀོད་ says:
    2011-08-11 at 11:42 am

    བཀྲིས་བདེ་ལེགས་ཡོད་དོ།

  10. འབྲོང་བུ་སོག་ཚ། says:
    2011-08-11 at 1:11 pm

    ལྐུག་ལ་མང་ཚིག་ཟེར་བ་ནོར་ན་ཡང་། །ཧམ་པས་མི་རབས་གསར་པའི་བོད་ཡིག་དང་། མ་འཇོན་བཀའ་ཁྲིའི་སྟེང་འགེལ་བ་དེས། །རང་མཚང་འབྱིན་པས་བོད་མི་ཐག་ཆགས་ཅིག།

  11. འབྲོང་བུ་སོག་ཚ། says:
    2011-08-11 at 1:12 pm

    ལྐུག་ལ་མང་ཚིག་ཟེར་བ་ནོར་ན་ཡང་། །ཧམ་པས་མི་རབས་གསར་པའི་བོད་ཡིག་དང་། མ་འཇོན་བཀའ་ཁྲིའི་སྟེང་འགེལ་བ་དེས། །རང་མཚང་འབྱིན་པས་བོད་མི་ཐག་ཆགས་ཤིག།

  12. འབྲོང་བུ་སོག་ཚ། says:
    2011-08-11 at 1:27 pm

    མ་འཇོན་བཀའ་ཁྲིའི་སྟེང་དུ་འགེལ་བ་དེས། ཞེས་བསྒྱུར་རོགས།

  13. ལྟས་ངན། says:
    2011-08-11 at 5:18 pm

    འབུམ་རིམ་པ་མ་རེད། འབུམ་རམས་པ་རེད།
    དྲ་སྐྱག་ཚོས་སྐྱབ་ལབ་རྒྱོབས། སོ་སོའི་མིག་ནང་ཐལ་མ་བླུགས། དེ་ནས་སྐྱིད་པོ་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme