Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་ལ་དྲི་བ་དང་རེ་སྐུལ།

Posted on 2012-12-022012-12-02 By ཁ་བརྡ་ 12 Comments on སྲིད་སྐྱོང་མཆོག་ལ་དྲི་བ་དང་རེ་སྐུལ།

རྨེའུ་དཀོན་རྒྱམ།

༄། བཀུར་འོས་སྲིད་སྐྱོང་མཆོག

གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་ངོས་ནས། སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་དང་བོད་ཐོག་ཏུ་འཛིན་གྱིན་པའི་གཏིང་ནག་སྲིད་བྱུས་རྩུབ་པོ་ལ། ཞི་རྒོལ་གྱི་སྙིང་སྟོབས་དང་ཆོད་སེམས་ཆེན་པོ་དེ་བོད་མདོ་དབུས་ཁམས་གསུམ་ན། ཇེ་འབར་དུ་འགྲོ་བཞིན་པའི་དུས་འདིར། སྐྱབས་བཅོལ་བོད་མི་རྣམས་ཚོས་འཐབ་རྩོད་བྱེད་སྟངས་ཀྱི་ནུས་ཤུགས་གཅིག་ཏུ་ཇི་ལྟར་སྤུངས་རྒྱུ་ཡིན་ནམ།

འཐབ་རྩོད་ཀྱི་གྲུབ་འབྲས་དང་ཁ་ཕྱོགས་མི་རྩོད་ཅིང་། ལྟ་བ་དང་ལངས་ཕྱོགས་གཙིགས་ཆེན་འཛིན་གྱིན་པའི་སྐྱབས་བཅོལ་བོད་མིའི་ཚོགས་པ་ཁག་དང་མཉམ་འབྲེལ་ཇི་ལྟར་བྱེད་རྒྱུ་ཡིན་ནམ། ལྷག་པར་དུ། རང་དབང་དང་མང་གཙོའི་རྨི་ལམ་གྱི་དབྱིངས་སུ་མི་ཐིམ་པར་གཞུང་མང་མཉམ་རུབ་ཀྱིས། བོད་རྒྱའི་དཀའ་རྙོག་འདི་སེལ་ཐབས་སུ་ལམ་ཁ་གང་ཞིག་བཟུང་ཡོད་དམ། འགན་ལེན་གང་འདྲ་བྱེད་རྩིས་ཡོད།

བོད་ཀྱི་འཐབ་རྩོད་འདི། རང་དབང་དང་ཐོབ་ཐང་ལ་འཁྱུད་པའི་མི་རིགས་ཤིག་གི་འཐབ་རྩོད་རེད་དམ། ཡང་ན། ཆོས་ལུགས་ཤིག་གི་རིན་ཐང་དང་དེ་བརྟེན་སའི་སྐད་ཡིག་གི་བདག་དབང་རྩོད་ཀྱིན་ཡོད། མ་གཞི་ནས། བོད་མི་རིགས་ལ་སྲིད་སྐྱོང་ལམ་ལུགས་ཤིག་ཡོད་དམ།

དེང་དུས་སུ། བདེན་པ་དང་ལོ་རྒྱུས་ལ་རྒྱལ་ཁ་ཐོབ་སའི་ཁོར་ཡུག་ཡོད་མེད་གསལ་བཤད་ཅིག་གནང་རོགས་ཞུ། གང་ལགས་ཞེ་ན། བོད་ཀྱི་བདེན་པའི་ཆེད་དུ་བོད་མིས་སྐུ་ལུས་མེར་སྲེག་བཏང་བ་ནི་བདེན་པའི་རྒྱབ་དཔུང་བཙན་པོ་དེ་ཡིན། མ་ཟད། མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་བལྟས་རུང་། བདེན་དོན་གྱི་ཆེད་དུ་འདི་ལྟར་བློས་བཏང་བ་ནི། གསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བསྐྲུན་པ་དེ་རེད། འོན་ཀྱང་བདེན་པ་ལ་ད་དུང་རྒྱལ་ཁ་མི་འདུག་པའི་རྒྱུ་མཚན་ཅི།

ཡང་མིན་ན། བོད་མི་རིགས་ཀྱི་འཐབ་རྩོད་བྱེད་སྟངས་ཀྱིས་མ་འགྲིག་པར་རེད་དམ། འཐབ་རྩོད་བྱེད་ཡུལ་ལ་སྟོབས་ཤུགས་ཆེ་དྲགས་པས་རེད། དང་པོ་ཡིན་ན། རང་ངོས་ནས་མ་འཐུས་པ་ཡིན་པས་གྲ་སྒྲིག་སོགས་བསྐྱར་དུ་བྱས་ནས་གོ་སྐབས་ཡོད་རེད་དེ། གཉིས་པ་ཡིན་ན། ག་འདྲ་ཞིག་བྱེད་རྩིས་ཡོད་དམ།

རེ་འདུན།

༡༽ བོད་མི་རིགས་ཀྱི་སྟོབས་ཤུགས་དང་འཚམ་པའི་སྲིད་བྱུས་གསར་བ་ཞིག་འདོན་རོགས་ཞུ།

༢༽ རྒྱ་ནག་གི་རིག་གནས་དང་རྒྱ་གཞུང་གི་སྲིད་བྱུས་ལ་གཞིགས་ནས་ཐབས་བྱུས་གསར་བའི་ཁ་ཕྱོགས་ཤིག་འཛིན་རོགས་ཞུ།

༣༽ རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པའི་ཞལ་ཆེམས་དང་རེ་འདུན་སོགས་འཕྲོ་བརླག་ཏུ་མ་ཕྱིན་པར་གནང་རོགས་ཞུ།

༤༽ བོད་རྒྱའི་འཐབ་རྩོད་ཀྱི་ཁ་ཕྱོགས་གང་ཞིག་འགྱུར་ཡོད་མེད་དེ་དོན་དངོས་ཀྱི་རྒྱབ་ལྗོངས་ཡོད་པའི་གསལ་བཤད་ཅིག་གནང་རོགས་ཞུ།

༥༽ བོད་ནང་གི་ཛ་དྲག་གི་གནས་ཚུལ་བསྡུ་ལེན་དང་ཁྱབ་སྤེལ་བྱེད་སའི་ལྟེ་གནས་ཤིག་གཞུང་འབྲེལ་གྱིས་འཛུགས་རོགས་ཞུ།

༦༽ གཞིས་བཞུགས་བོད་རྒྱ་ཆེའི་མང་གི་ཞི་བའི་འཐབ་རྩོད་བྱེད་ཕྱོགས་ལ་ཞིབ་འཇུག་ལྟེ་གནས་ཤིག་བསྐྲུན་རོགས་ཞུ།

གོང་ཞུས་དྲི་བ་དང་རེ་འདུན་ཁ་ཤས་ཀྱི་རྒྱབ་ལྗོངས་རྣམས་མཁྱེན་རྟོགས་སླ་བས་གསལ་བཤད་སོགས་ཀྱིས་རྒྱས་འགེབས་མ་བྱས་པ་ཡིན་ལགས།

སྣ་ཚོགས།

Post navigation

Previous Post: མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ
Next Post: རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་གྱི་མེར་སྲེག་གི་སྐུ་པར་ཁག་ཅིག་འབྱོར་བ།

Comments (12) on “སྲིད་སྐྱོང་མཆོག་ལ་དྲི་བ་དང་རེ་སྐུལ།”

  1. ཇ་མ་ says:
    2012-12-02 at 11:12 pm

    དཀོན་རྒྱམ་ལགས་བྲེལ་བ་མ་གནང་། མེ་འདི་བོད་མི་མང་གི་སེམས་ཤུགས་ནས་འབར་བའི་མེ་རེད། དེ་སྲིད་སྐྱོང་མཆོག་ནས་མྱུར་ཏུ་ཆུ་ཁྱེར་སོང་ནས་གསོད་ཐུབ་པའི་མེ་ཞིག་མ་ཡིན་ནོ།།

  2. རྡོ་རྗེ། says:
    2012-12-02 at 11:46 pm

    སེམས་ཤུགས་ཡོད་ས་རེད་མ་གཏོགས། སྤྱིར་བཏང་ཡིག་ཐོག་ནས་བརྡ་གསལ་བོ་ཞིག་སྤྲོད་ཐུབ་ཀྱི་མེད་པའི་དཀའ་ངལ་འདུག

    དཔེར་ན།

    ༡ བོད་མི་རིགས་ཀྱི་སྟོབས་ཤུགས་དང་འཚམས་པའི་སྲིད་བྱུས་ཤིག་འཛིན་རོགས་ཟེར་ན། མི་ཚང་མ་གད་མོ་དགོད་སྤྱད་ཆགས་འགྲོ་ཡི་རེད། སྲིད་བྱུས་ཟེར་བ་འདི་ག་རེའི་སྲིད་བྱུས་ཡིན། གཞུང་གི་ལངས་ཕྱོགས་ཡིན་ནམ། རང་སྲེག་ཐད་ལས་འགུལ་སྤེལ་ཕྱོགས་ཀྱི་སྲིད་བྱུས་གསར་པ་འདོན་དགོས་ཚུལ་བཤད་ཀྱི་ཡོད་དམ།

    དེ་བཞིན་ད་བར་བཏོན་པའི་སྲིད་བྱུས་ཡོངས་རྫོགས་བོད་མི་རིགས་ཀྱི་སྟོབས་ཤུགས་དང་མ་འཚམས་པ་གཅིག་ཀྱང་ཡོད་པ་མ་རེད། ཡོད་ན་འདི་འདུག དེ་བསྒྱུར་བཅོས་གཏོང་རོགས་ཞེས་ལབ་དགོས་ཀྱི་རེད།

    ༢ རྒྱ་ནག་གི་རིག་གནས་དང་རྒྱ་གཞུང་གི་སྲིད་བྱུས་ལ་གཞིགས་ནས་ཐབས་བྱུས་གསར་བའི་ཁ་ཕྱོགས་ཤིག་འཛིན་རོགས་ཞུ། ཟེར། འདིའི་དོན་དག་ག་རེ་རེད་དམ། ཐབས་བྱུས་གསར་པའི་ཁ་ཕྱོགས་ཟེར་ན་བརྡ་སྤྲོད་རང་སྟེང་ན་ནོར་བསྡད་ཡོད་པ་དེ་ཙམ་མི་སྐྱོན་མོད། རྒྱ་ནག་གི་རིག་གནས་ཟེར་དུས་རྒྱ་ཆེན་པོ་ཞེ་དྲག་རེད། རྒྱ་གཞུང་གི་སྲིད་བྱུས་ལབ་ན་དེའང་རྣམ་གྲངས་མང་པོ་རེད། དེ་ལ་བསྟུན་ནས་ཐབས་ཇུས་གསར་པ་ཞིག་ག་རེ་བྱས་ནས་འཛིན་དགོས་ཆགས་པ་རེད་དམ། ཡང་སྙིང་ག་རེ་ལབ་ཀྱི་ཡོད་པ་རེད་དམ།

    སྲིད་སྐྱོང་མཚན་བེད་སྤྱོད་གཏོང་ན་དྲི་བ་དང་འབོད་སྐུལ་ཡང་ཚད་ལྡན་ཡོད་ན་ཡག་གི་རེད།

  3. གནམ says:
    2012-12-03 at 12:11 am

    ངས་འདི་འདྲ་དང་དེ་འདྲ་ཞིག་བྱས་ན་དང་བཤད་ན་འདོད་པ་འདི་ཡིན་ཞེས། སྲིད་སྐྱོང་ལ་བློ་སྐྱེད་དང་མི་མང་ལ་སེམས་ཤུགས་རེ་སྤེལ་ན་ཡག་པ་ལས། དོན་མེད་དྲི་རྡོག་འགས་ཅང་ཡོང་རྒྱུ་མི་འདུག་གོ། མ་གཞི་དྲི་བ་འདི་ཚོའི་དྲིས་ལན་སོ་སོས་སོ་སོར་རྒྱབ་ན་འགྲིག་གི་ཡོད་པ་དང་ལམ་ཁ་སོ་སོས་གཞན་ལ་བསྟན་ན་འགྲི་གི་ཡོད་པ་རེད།
    མེ་མདའ་ཁྱེར་ནས་འགྲོ་འི་ཡིན་ཟེར་ན་འགྲོ་རྐྱང་བྱོས།
    མེ་ལ་སྒྲོན་ནས་བདེན་པ་འཚོལ་ན་ཡང་འཚོལ་རྐྱང་བྱོས།
    མ་ནི་དོན་ནས་ཤི་བོའི་རྣམ་ཤེས་འདྲེན་གི་ཡིན་ཟེར་ན་འདྲེན་རྐྱང་བྱོས།
    གཙོ་བོ་མདའ་ཁ་མདོང་ཁ་ནང་ལ་མི་སྐོར་བར་རྒྱུག་ཤིག།
    འདྲེ་ཁ་སྡུག་ཁ་ཅན་གྱི་འདྲེ་མྱི་ཁ་ཤོས་ཤིག། རྡ་ས་ན་ཕོ་བ་བརྒྱགས་ཡ་མང་དྲགས་འདུག།

  4. བྲག་རྡོ། says:
    2012-12-03 at 12:50 am

    ༡༽ ལྷག་པར་དུ། རང་དབང་དང་མང་གཙོའི་རྨི་ལམ་གྱི་དབྱིངས་སུ་མི་ཐིམ་པར་གཞུང་མང་མཉམ་རུབ་ཀྱིས། བོད་རྒྱའི་དཀའ་རྙོག་འདི་སེལ་ཐབས་སུ་ལམ་ཁ་གང་ཞིག་བཟུང་ཡོད་དམ། འགན་ལེན་གང་འདྲ་བྱེད་རྩིས་ཡོད། ༢༽ བོད་རྒྱའི་འཐབ་རྩོད་ཀྱི་ཁ་ཕྱོགས་གང་ཞིག་འགྱུར་ཡོད་མེད་དེ་དོན་དངོས་ཀྱི་རྒྱབ་ལྗོངས་ཡོད་པའི་གསལ་བཤད་ཅིག་གནང་རོགས་ཞུ། འདི་གཉིས་ཀྱིས་ཡང་སྙིང་ག་རེ་ཟེར་གྱི་ཡོད་པ་རེད། རེ་བསྐུལ་དང་དྲི་བ་ག་རེ་ཡིན་རུང་གོ་སླ་བོ་ཞིག་དང་གནད་དུ་སོང་བ་ཞིག་དགོས་པ་ཧ་ཅང་གལ་ཆེན་རེད། སྲིད་སྐྱོང་མཆོག་གི་མཚན་ཐོག་ལ་འདི་འདྲ་ཞིག་ཕུལ་ན་གང་ཞིག་ཏུ་ཆགས་འགྲོ་བ་བཤད་ཁག་སེ་རེད།

  5. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-12-03 at 2:48 am

    ཐབས་ལམ་གསར་པ་ཞིག་དངོས་གནས་ཁག་པོ་རེད་ཤག་རྒྱུད་ལམ་ཁག་མང་པོ་ཞིག་ལ་ཁྱབ་བསྒྲགས་བྱས་པ་གཞུང་ནས་གང་ཐུབ་ཐུབ་གནང་ཡོད་པ་ཤེས་གསལ་རེད་་་

  6. ཅང་མེད་སྣང་སྐྱིད་ says:
    2012-12-03 at 3:18 am

    རེད་རེད་དྲ་གྲོགས་ཚང་མ་ཐུགས་ཁག་མེད་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་དུས་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་སེམས་འཚབ་ལངས་པ་ཡིན་ཤག་རེད། ཡིན་ཡང་མི་ལ་སེམས་དགོས། རྟ་ལ་བང་དགོས་ཞེས་འུ་ཅག་གི་མེས་པོ་གོང་མ་ཚོའི་གདམས་ངག་ཟབ་མོ་ཐུགས་ལ་ཉར་ཏེ་བློ་རྒྱ་རུ་བསྐྱེད་ནས་འགོག་དག་ས་དང་གནད་ཆེ་ས་ནས་གངས་ཕྲུག་གི་རང་མདངས་མ་ཉམས་པའི་ངང་ལས་གངས་ཅན་པའི་བདེན་མཐའ་མྱུར་ཏུ་སེལ་སླད་ཐོག་མཐའ་བར་གསུམ་སྔ་ཕྱི་འགྱང་གསུམ་དུ་བསམ་གཞིགས་ནན་ཏན་བྱས་མཐར་དོན་ལ་ཁེལ་བའི་བགྲོ་གླེང་ལྷུག་པོར་ཡོང་བའི་རེ་བ་སྙིང་ནས་ཞུ།

  7. མངའ་རིས་ཕྲིན་ལས། says:
    2012-12-03 at 8:08 am

    གོང་དུ་དྲ་གྲོགས་གསེར་རྟ་བསོད་ནམས་དང་། ཅང་མེད་སོགས་ཀྱི་གསུང་པ་ལྟར་ད་ལྟའི་སྲིད་སྐྱོང་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་མིས་སྒྲིག་འཛུག་ངོས་ནས་ཕྱག་ལས་གནང་རྒྱུ་ཡོད་ཚོད་ཉིན་མཚན་མེད་པར་གནང་བཞིན་པ་རེད། དེ་བྱས་ནས་བཀའ་ཤགས་གསར་པའི་གཡོ་འགུལ་བྱེད་སྟངས་ལ་གཞིག་ནས་བོད་ནང་གི་བོད་མི་ཚོས་སེམས་ལ་རེ་བའི་ཚ་རླབས་ཕྱུར་བཞིན་པར་ད་ལྟའི་ལས་འགུལ་འདི་བྱུང་བ་རེད། ད་དུང་གཞིས་བྱེས་བོད་མི་ཡོངས་ནས་བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་དེ། རྒྱལ་སྤྱིའི་བོད་མིས་སྡེབ་ལངས་ཀྱི་དུས་ཚོད་ལ་བསྒུག་བཞིན་ཡོད། འོན་ཀྱང་གནས་ཡུལ་གཞུང་དང་། རྒྱལ་བའི་དགོངས་པ། བགྲེས་སོང་དག་གིས་གནོན་ཤུགས། ཚོགས་སྒེར་མང་པོས་ལང་ཕྱོགས་དང་དགོངས་ཚུལ་མང་བས་ལམ་སེང་བཀའ་སྤྱི་གཉིས་ནས་བཀའ་གནང་ཆོག་ཆོག་དང་། མི་མང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ལས་འགུལ་སྤེལ་ཆོག་ཆོག་ཡེ་ནས་མེད་པ་མཁྱེན་དགོས།

  8. ཨུ༌རྒྱན༌རིག༌འཛིན། says:
    2012-12-03 at 9:46 am

    ངས་བསམ་ཚུལ་ཞིག་ཞུས་ན་དེ་སྔོན་་་་རྒྱལ་བ་རིན་པོ་ཆེ་ ཟམ་གདོང་བླ་མ་ བློ་བཟང་སེང་གེ་
    སོགས་ནས་ཐབས་གང་གྲགས་གནང་སོང་འོངས་ཀྱང་ནུས་པ་དེ་ཙམ་ཐོན་ཀྱི་མི་འདུག། ད་ང་ཚོས་
    ཡུ་གུར་མི་རིག་དང་ སོག་པོ་ བོད་གསུམ་མཉམ་སྒྲིལ་ཐོག་རྒྱ་ནག་ལ་ངོ་རྒོལ་དྲག་པོ་བྱ་
    དགོས་འདུག། ང་ཚོས་གསང་བའི་ལས་གཞིས་ཐོག་བོད་ ཡུ་གུར་སོག་པོ་གསུམ་མཉམ་སྒྲིལ་
    ལས་གཞི་ལ་ཤུགས་སྣོན་རྒྱག་ནས་དྲག་འགུལ་བྱ་དགོས། ངས་བསམ་ན་ཐབས་ལམ་ཡག་ཤོས་དེ་རེད་
    བསམ། འོངས་ཀྱང་ཆོས་ལུགས་པ་ཁ་ཤས་ཞིག་གི་མེད་ན་ཡོད་མདོག་གི་བྱམས་སྙིང་ཁ་ནས་ཁྱེར་
    ཏེ་ཆུ་དཀྲུག་མར་དོན་གྱི་རེ་བ་བྱེད་སྲིད།

  9. བཀྲིས། says:
    2012-12-03 at 8:53 pm

    བོད་པ་ང་ཚོ། ཁྱད་མཚར། དཀའ་ངལ་ཏོག་ཙམ་འཕྲད་པ་དང་ལམ་གསེང་གདུང་རྩེ་ནང་ལ་གཏད་ནས་ཤོར་ཡོང་གི་འདུག། རྒྱལ་བ་དགེ་འདུན་རྒྱ་མཚོས། འདྲེ་ཤར་སྒོར་གནས་པ་ལ་ཀླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་ཟེར་བ་ཅིས་མི་བདེན།

  10. ཨུ༌རྒྱན༌རིག༌འཛིན། says:
    2012-12-03 at 10:26 pm

    ཕྱི་དགྲ་ཨ་སྔོན་ཐིགས་པ་ལས་ནང་དགྲ་ཁོང་རྒན་ཐིགས་པ་སྡུག་ཟེར་བ་གོ་མ་མྱོང་བས།
    དང་པོ་ནང་ནས་ལེགས་བཅོས་བཏང་དགོས་རེད།

  11. མདའི་བུ་ says:
    2012-12-04 at 5:11 am

    བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་དང་རེ་སྐུལ་གནང་བར་རྣམས་ངོ་མ་བཟང་གི ཁྱེད་ཀྱི་རྣམ་དཔྱོད་དང་འགན་འཁུར་ལ་སེམས་པ་འདི་ཕྱོགས་ཡོད།
    ཤུགས་རྒྱག་རོགས་བུ་རྒོད་པོ།

  12. རྔ་བ་གཉན་རྒོད་་་ says:
    2012-12-05 at 7:21 pm

    བློ་སེང་ལ་དྲི་བ་གནང་བ་དེ་ཡག་པོ་འདུས་་་་ཚིག་སྤྱོར་སྤེལ་ཚུལ་ལ་སྤྱོན་ཆ་རེ་ཡོད་ན་ཡང་་་་སེམས་ཤུགས་དང་ལ་རྒྱའི་སྐད་ཆ་ལ་རྒྱབ་སྐྱོར་ཡོད་་་་རྨེའུ་དཀོན་ལགས་བཀའ་དྲིན་ཞུ་་་་་་་དེ་ནས་བཀྲ་ཤིས་ཟེར་བ་ལགས་བོད་པ་གཅིག་པོ་དེ་འདྲ་རེད་པེ་་་་ཕན་ཚུན་ལ་མིག་གིས་གཟིགས་རོགས་་་དཀའ་ངལ་གང་ནས་འཕྲད་ཀི་ཡོད་ན་དེ་ལ་ལྟ་བ་ཆོས་ཉིད་མ་རེད་དམ་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme