Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་གིས་རྒྱ་རིགས་ལྷན་དུ་གླེང་མོལ་གནང་འཆར།

Posted on 2015-05-112015-05-11 By ཁ་བརྡ་ 17 Comments on སྲིད་སྐྱོང་མཆོག་གིས་རྒྱ་རིགས་ལྷན་དུ་གླེང་མོལ་གནང་འཆར།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 

སྲིད་སྐྱོང་མཆོག་གིས་ཨ་རིར་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་རྣམས་དང་ལྷན་གླེང་མོལ་གནང་རྒྱུ་ཡིན་པ།

མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་མར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྒྱ་རིགས་སློབ་མ་ཁག་གཅིག་དང་ཤེས་ལྡན་མི་སྣ་ཁག་གཅིག་བཅས་དང་ལྷན་གླེང་མོལ་གནང་རྒྱུ་ཡིན་འདུག་པ་དང་། གླེང་མོལ་གྱི་ལས་རིམ་གོ་སྒྲིག་གནང་མཁན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་མཁས་པ་སྐུ་ཞབས་ཡང་ཅིང་ལི་ Dr. Yang Jianli ཡིན་འདུག

ཁོང་ནི་ཐེངས་འདིར་སྲིད་སྐྱོང་མཆོག་གླེང་མོལ་ཐོག་གདན་ཞུ་གནང་མཁན་གཙོ་བོ་ཡིན་པ་མ་ཟད། རྒྱ་རིགས་ཀྱི་ལས་འཆར། Initiatives for China ཞེས་པའི་ཚོགས་པ་དེའི་ཚོགས་གཙོ་ཡང་ཡིན་འདུག ཚོགས་པ་དེས་རྒྱ་ནག་ནང་ཞི་བའི་ལམ་ནས་མང་གཙོའི་ལམ་ལུགས་འཛུགས་རྒྱུའི་ཆེད་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་མུས་ཡིན་འདུག ཐེངས་འདིར་སྐུ་ཞབས་ཡང་ཅིན་ལིས་སྲིད་སྐྱོང་མཆོག་གདན་ཞུ་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་རྒྱ་མི་རིགས་གཉིས་དབར་ཕན་ཚུན་ཡིད་ཆེས་དང་འཆམ་མཐུན་གོང་སྤེལ་གཏོང་ཆེད་ཡིན་འདུག

གསར་འགྱུར།

Post navigation

Previous Post: ཨ་མའི་དུས་ཆེན་བྱུང་སྟངས།
Next Post: ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

Comments (17) on “སྲིད་སྐྱོང་མཆོག་གིས་རྒྱ་རིགས་ལྷན་དུ་གླེང་མོལ་གནང་འཆར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-05-11 at 8:38 am

    ་་་་་་ ཚོགས་པ་དེས་རྒྱ་ནག་ནང་ཞི་བའི་ལམ་ནས་མང་གཙོའི་ལམ་ལུགས་འཛུགས་རྒྱུའི་ཆེད་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་མུས་ཡིན་འདུག ་་་་་་་་
    ང་རང་འདིའི་རིགས་ལ་དགའ་མོས་ཆེན་པོ་ཡོད་མཁན་ཅིག་ཡིན་ཡང་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-05-11 at 10:05 am

    བོད་རིགས་ཀྱི་དབུས་ལམ་དང་། རྒྱ་ནག་མང་གཙོ་གཉིས་མཉམ་རུབ་ཀྱིས་སྒྲུབ་དགོས་པར་མཐོང་།

  3. ནུབ་ཕྱོགས་གངས་ཕྲུག says:
    2015-05-11 at 12:34 pm

    སྲིད་སྐྱོང་མཆོག རྒྱ་ནག་དབུས་གཞུང་འབྲེལ་བ་གནང་ནས་བཀའ་མོལ་གནང་དགོས། འདི་ཚོ་ནི་དུས་ཚོད་འཕྲོ་ལྷག་རེད།

  4. ཁྱུང་སེ། says:
    2015-05-11 at 1:17 pm

    སྲིད་སྐྱོང་སྤྱང་པོ་འདུག་ཁོང་གི་ནང་མི་མཁར་ཁང་བཅས་ཨ་རིར་ཡོད་ཙང་དེར་ཡང་ཡང་འགྲོས་དུས་དཀྲི་ས་ཞིག་དགོས་པ་རེད། དེ་མིན་རྒྱ་རིགས་དེ་ཚོ་དང་མཉམ་དུ་བགྲོ་གླེང་གི་སྐད་ཆ་བཤད་ནས་ནུས་པ་གང་ཡང་ཡོད་པ་མ་རེད། དེ་ལས་བཟློག་སྟེ་རྒྱ་ནག་གིས་ཡུལ་གྱར་བོད་རིགས་ཚོས་རྒྱ་ནག་ཁ་བྲལ་བ་དང་མཉམ་དུ་རྒྱ་ནག་གི་སྲིད་གཞུང་མགོ་བཏིང་སློག་སེམས་ཀྱི་ཁྱི་སྤྱང་ལག་འབྲེལ་བྱེད་ཀྱི་འདུག་ཟེར་ནས་ཡང་ཁག་དཀྲི་ས་ཞིག་བཟོ་རོགས་མ་གཏོགས་ཕན་ཐོགས་སྣ་གཅིག་ཡོད་པ་མ་རེད།

  5. ཅོ་རི་ཉི་མ། says:
    2015-05-11 at 2:22 pm

    སྙིང་ཉེ་བའི་དྲ་གྲོགས་ལགས།

    རྒྱ་ནག་དམངས་གཙོ་ལ་སྒྱུར་དགོས་པ་ནི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་རང་དབང་དང་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ལྷག་པ་ཏུ་བོད་དོན་དང་འབྲེལ་བ་ཆེན་པོ་རེད། ཇི་སྲིད་རྒྱ་ནག་དམངས་གཙོ་ལ་བསྒྱུར་མ་ཐུབ་བར་དུ་བོད་མི་རིགས་ལ་རང་དབང་འཐོབ་པའི་རེ་བ་མེད།

    རྒྱ་ནག་དམངས་གཙོ་ལ་སྒྱུར་དགོས་དུས་ཁྱི་སྤྱང་ལག་འབྲེལ་མི་བྱེད་ཀ་མེད་རེད། བོད་དང་ཐད་ཝན། ཡུར་ཧོར་དང་ནང་སོག ཧོང་ཀོང་དང་མ་ཁོ། རྒྱ་ནག་སྐམ་ས་ཡི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཡོངས་རྫོགས་ཀྱིས་ཁྱི་རྒན་ཧན་ན་ཡི་རི་དྭགས་བརྒྱབ་པ་ལྟར་གུན་ཀྲན་ཏང་གི་ཁ་གཏད་དུ་དམངས་གཙོའི་རང་དབང་འཐབ་རྩོད་བྱེད་ན་དོན་འབྲས་ཡོང་ངེས་རེད་འདོད།

    རྒྱ་ནག་དམངས་གཙོ་ལ་འགྱུར་དགོས་པ་ནི་ལྡོག་ཐབས་མེད་པའི་ཆོས་ཉིད་ཤིག་རེད། སྒེར་གཅོད་པ་གུན་ཁྲན་ཏང་མགོ་གཏིང་མ་ལོག་བར་དུ་མི་དམངས་དུང་ཕྱུར་བཅུ་གསུམ་ལ་རང་དབང་རག་གི་མ་རེད། ངས་བསམ་ཚུལ་བྱས་ན་རྒྱ་ནག་གི་དམངས་གཙོའི་ཆེད་དུ་བོད་མི་རིགས་ལ་འགན་ཡོད་པ་དང་། འགན་ཁུར་ནས་དམངས་གཙོའི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་དགོས་ངེས་རེད་འདོད་ཀྱི་ཡོད། ལོ་མང་སྔོན་ནས་བསམ་ཚུལ་འདི་ཡོད།

    ཡིན་ཀྱང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་དང་གྲོས་མོལ་ལ་རེ་བ་བརྒྱབ་ནས་སེང་གེས་དམང་གཙོ་བརྩད་ཀྱི་མེད་ཅེས་གཏམ་བཤད་བྱས་མྱངས་ཡོད་བ། དེང་སང་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་དབུ་མའི་ལམ་ལ་རེ་བ་མེད་པར་ཇེ་གསལ་འགྲོ་དུས་ཚོགས་འདུས་འདི་འདྲ་ལ་ཕེབས་ཀྱི་འགོ་བཙུགས་ཀྱི་ཡོད་པར་ཡག་པོ་རེད། དམངས་གཙོའི་ཆེད་དུ་ཚོགས་འདུས་འདི་འདྲ་ལ་ཕེབས་ན་དགའ་པོ་ཡོང་བ། དགོས་ངེས་རེད་བསམས་ཀྱི་འདུག་་་་་ལགས།

  6. ཚེ་རིང་ says:
    2015-05-12 at 1:53 am

    ཀུ་ཅི་ཀུ་ཅི་་་་ཅོ་རི་ལགས་ཡང་དབུ་མའི་ལམ་ལ་རེ་བ་མེད་མདོག་དང་བཙན་འབྱོལ་སྒྲིག་འཛུགས་ཀྱི་འཇོན་མིན་འདུག་དོག་དོག་དེ་ཚེ་གཞི་མེད་ཧམ་བཤད་མིན་ན་གང་རེད་་་་་རྒྱབ་ཤ་དཀར་པོ་བཀླགས་ནས་དབུ་མའི་ལམ་ལ་རེ་བ་མེད་པ་གཟིགས་ན་ཁྱེད་རང་བློ་རྒྱ་ཆུང་དྲག་པ་དང་རྒྱ་གཞུང་གི་བླུ་འཁྲིད་འོག་ལ་ཚུད་པ་གསལ་པོ་རེད་་་་་་་རྒྱ་ནག་གཞུང་གི་དེ་ལྟར་བཤད་དགོས་དོན་ནི་དབུ་མའི་ལམ་ལ་ལྗིད་ཚད་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད་ལ་བོད་མི་མང་པོ་མགོ་རྨོངས་སུ་བཅུག་ཐབས་དང་ནང་ཁུལ་རང་བཙན་དང་དབུ་མ་ཞེས་བོད་མིའི་མཐུན་སྒྲིལ་སྡོག་རྩ་གཅིག་སྒྲིལ་དེ་གཏོར་གཤིག་གཏོང་རྒྱུའི་དམིགས་ཡུལ་ལས་ལམ་དབུ་མར་རེ་བ་མེད་པ་ཞིག་རྩ་བ་ནས་མ་རེད་་་བྱས་ཙང་ཁྱེད་རང་དེ་འདྲའི་བློ་རྒྱ་ཆུང་ཆུང་གནང་དགོས་དོན་ཡོད་པ་མ་རེད་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-05-12 at 2:51 am

    ཀུ་ཅི་ཀུ་ཅི་་་་་་
    མ་རེད།
    སྐུ་སྐྱིད། སྐུ་སྐྱིད།
    རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-05-12 at 2:52 am

    # 5 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    May 11th, 2015 at 2:22 PM
    སྙིང་ཉེ་བའི་དྲ་གྲོགས་ལགས།
    རྒྱ་ནག་དམངས་གཙོ་ལ་སྒྱུར་དགོས་པ་ནི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་རང་དབང་དང་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ལྷག་པ་ཏུ་བོད་དོན་དང་འབྲེལ་བ་ཆེན་པོ་རེད། ཇི་སྲིད་རྒྱ་ནག་དམངས་གཙོ་ལ་བསྒྱུར་མ་ཐུབ་བར་དུ་བོད་མི་རིགས་ལ་རང་དབང་འཐོབ་པའི་རེ་བ་མེད། ་་་་་་་་་་་་་་་

  9. ཚེ་རིང་ says:
    2015-05-12 at 4:59 am

    ཀ་རྡོར་ལགས་ཐུགས་རྗེ་ཆེ་

  10. ནད་མེད་ཚེ་རིང་། says:
    2015-05-12 at 1:26 pm

    སྲིད་སྐྱོང་མཆོག་ནི་ཨ་རི་ནང་ཚོགས་པ་ཆེ་ཆུང་ག་འདྲ་ཞིག་ནས་ཚོགས་འདུར་གདན་འདྲེན་ཞུ་སྐབས་ཚོགས་འདུ་གལ་ཆེ་ཆུང་ལ་མ་བལྟོས་པར་ཕེབས་རྐྱང་གནང་གི་རེད། རྒྱུན་མཚན་ནི་ཁྱུང་སེ་བཤད་པར་ཕལ་ཆེར་བདེན་ངེས་ཡིན། སྲིད་སྐྱོང་མཆོག་ནས་རྒྱ་ནག་འོག་སྡོད་རྒྱུ་ལས་བོད་མིར་དམངས་གཙོ་རྩོད་ཀྱི་མེད་པ་གསུང་ཚང་བ་རེད། རྒྱ་རིགས་ཡུལ་གྱར་བའི་ཚོགས་པ་འདི་ལྟ་བུ་མང་པོ་ཡོད་པས་བོད་དོན་ཐོག་དེ་ཙམ་ཕན་ཐོག་ཡོང་རེ་མ་མཐོང་། དེས་ན་སྲིད་སྐྱོང་མཆོག་ནས་རྒྱ་ནག་ནང་ནུས་པ་འདོན་ཐུབ་མཁན་གྱི་ཚོགས་པའམ་ཕྱི་རྒྱལ་ནང་སློབ་སྦྱོང་ཆེད་ཕེབས་པའི་རྒྱ་རིགས་སློབ་ཕྲུག་དང་མི་སྣ་མཉམ་ཐུག་འཕྲད་གང་མང་གནང་ནས་བོད་དོན་འགྲེལ་བརྗོད་གནང་ན་དགེ་ཕན་ཆེ་བར་མངོན། སྲིད་སྐྱོང་མཆོག་གི་བློ་ལ་མ་འབབ་པའི་ལས་བྱེད་རྣམས་གནས་སྤོ་དང་། རང་བློ་འབབ་པ་རྣམས་ལ་ཆེད་དམིགས་ས་མིག་མེད་སར་ས་མིག་བཟོས་ནས་བསྐོ་བཞག་བྱས། ཕྱི་རྒྱལ་དོན་ཁང་གི་ལས་བྱེད་སུ་ཡིན་རུང་ས་གནས་གཅིག་ཏུ་སྒྲིག་གསལ་ལས་ཡུན་ཚང་ན་གནས་སྤོ་འགྲོ་དགོས་སྟབས། ཐེ་ཝན་དོན་གཅོད་མཆོག་དུས་ཡུན་ཚང་ནས་རྡ་སར་གནས་སྤོས་བཏང་ནས་ཟླ་ཤས་ལས་བཅར་རྗེས་ཐེ་ཝན་དོན་ཁང་དུ་ཡང་བསྐྱར་གནས་སྤོ་བཏང་ཡོད། འོན་ཀྱང་ཨ་རི་དོན་ཁང་ནང་རྒྱ་ནག་དང་བོད་དོན་ཐོག་ཤེས་བྱོན་གཉིས་ལྡན་གྱི་ལས་བྱེད་རྒན་གྲས་ཀུན་དགའ་བཀྲིས་ལགས་ནས་དེ་ཁུལ་རྒྱ་རིགས་ལྷན་འབྲེལ་མཐུད་ལས་དོན་ཐད་སྤྱི་འཐུས་འགས་ཡིད་རང་བསྔགས་བརྗོད་ཞུས་སོང་། འོན་ཀྱང་སྲིད་སྐྱོང་མཆོག་ནས་ཁོང་ལ་ཐེ་ཝན་དོན་གཅོད་ལྟར་གནང་མེད་སྟབས་རང་བཞིན་གྱི་དོགས་པ་བྱུང་ཁར། སྲིད་སྐྱོང་མཆོག་ལ་སྤྲེ་ལས་འཁྲབ་མཁན་ཚོར་གསོལ་རས་ཐོབ་ཀྱི་ཡོད་ལུགས་གོ་ཐོས་བྱུང་བས་ཕྲན་བུ་བདེན་ངེས། གང་ལྟར་སྲིད་སྐྱོང་མཆོག་ནས་རྒྱ་གར་ཆབ་སྲིད་པ་ཚོས་ཕྱག་ལས་ཆེས་ཐ་ཞན་གྱི་གནས་སྟངས་ལ་མིག་བལྟ་བྱ་བཞིན་འདུག་པས་བཙན་བྱོལ་བོད་མི་ཚོར་སྔོན་མ་ལྟར་མིག་བཙུམ་ནས་ཡིད་ཆེས་བློ་འགེལ་གྱི་དུས་རྫོགས་ཟིན་འདུག་པས་ད་ཆ་ད་མུར་སྡོད་བཟོད་བྲལ་བས་སྤྱང་གྲུང་བགྱིས་ལགས།

  11. རྩམ་པ says:
    2015-05-13 at 6:44 am

    དྲ་འབུ་འདི་ཚོས་གཅིག་ཤེས་མདོག་གི་སྲིད་སྐྱོང་མཆོག་ནས་རྒྱ་ནག་འོག་སྡོད་རྒྱུ་ལས་མང་གཙོ་རྩོད་ཀྱི་མེད་བཤད་སོང་ཟེར་ནས་བཙན་བྱོལ་གཞུང་གིས་མང་གཙོ་རྩོད་ཀྱི་མེད་པའི་ནག་ཉེས་ཡོངས་རྫོགས་སྲིད་སྐྱོང་མགོ་ལ་གཡོག་ཐབས་བྱེད་ཀྱི་འདུག་མོད། འདི་ནི་སྲིད་སྐྱོང་མཆོག་གིས་དབུ་ལམ་སྲིད་ཇུས་འོག་གི་བོད་རིགས་ཡོངས་ལ་རང་སྐྱོངས་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་དོན་ཚན་བཅུ་གཅིག་ཅན་དེའི་མངོན་འདོད་གང་ཡིན་གསལ་བསྟོན་དང་ཁ་གསལ་བྱས་པའི་གཏམ་བཤད་ཅིག་ཡིན་པ་ལས་སྲིད་སྐྱོང་གིས་གསལ་བསྟོད་བྱས་པའི་སྲིད་ཇུས་ཅིག་མ་རེད།

  12. ལུང་རྟོགས། says:
    2015-05-14 at 12:24 am

    རང་ཉིད་མི་དགའ་ས་ལ་སྐྱོན་མེད་སྐྱོན་འདོག་བྱེད་རྒྱུ་ནི་དྲ་འབུའི་རང་གཤིས་རེད། འདི་ཚོས་མི་སྐད་བཤད་ཤེས་ཀྱི་མ་རེད་ལ། ཉན་མཁན་ཡང་མེད་པ་རེད།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 1:47 am

    སྲིད་སྐྱོང་རྒྱལ་འགྱུར་ཅིག
    ཏང་སྲིད་ཕམ་གྱུར་ཅིག
    རྒྱ་ནག་དར་གྱུར་ཅིག
    མོ་དྷི་ངར་གྱུར་ཅིག

  14. ཁྱུང་སེ། says:
    2015-05-14 at 2:03 am

    འགའ་ཞིག་གིས་དམོད་ངན་དམོད་བཅོལ་གྱི་བཟློག་པ་འཕེན་བཞིན་འདུག དེ་ཚོས་བསམ་ངན་གཞན་ལ་འཆང་ན། ངན་འབྲས་རང་ལ་འཁོར་བ་ལྟར་སླེབས་ཡོང། ང་དགུའི་སྐབས་སུ་མ་འོངས་ལུང་སྟོན་མཁན་དང་ཀུན་གཟིགས་དང་ཐམས་ཅད་མཁྱེན་པ་དང་སྣང་སྲིད་ཟིལ་གནོན་དང་་རབ་འབྱམས་པ་དང་དགེ་བཤེས་དང་ལྷ་རམ་དང་སློབ་དཔོན་དང་མཁན་པོ་དང་གོང་མ་དང་སྤྲུལ་སྐུ་དང་གདུང་སྲས་དང་ཞབས་དྲུང་ཞེས་པ་ལས་སོགས་འཇིག་རྟེན་གྱི་ཆེ་དགུ་དབང་འདུས་ཡིན་པར་ཁས་འཆེ་བ་ཀུན་གྱིས་རྒྱ་ནག་ལ་གཏོར་ཟོར་དང་དམག་ཟོར་ཙམ་པ་རྫོགས་རྫོགས་ཀྱི་བར་དུ་འཕེན་མོད་རྒྱ་ནག་རྒུད་རྒྱུའི་ཚབ་དུ་ང་དགུའི་རྗེས་ནས་བཟུང་རྒྱ་ནག་ནི་་དམག་དང་གོ་མཚོན་དཔལ་འབྱོར་ཚན་རིག་ལག་རྩལ་སོགས་གང་ཅིའི་ཐད་ནས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཅེས་པའི་གོ་འཕང་ཐོབ་སོང། ད་དུང་ཨ་ཁྲ་རྫོགས་རྫོགས་བརྒྱབ་རྒྱུ་ཡིན་ནམ། དེ་ལས་ཚན་རིག་སྦྱོང་སློབ་སྦྱོང་བགྱིས་བཟང་སྤྱོད་སློབ་དམག་སྦྱོང་བྱེད་ན་གཅིག་བྱེད་རྒྱུ་དང་ཐོབ་རྒྱུ་ཞིག་ཡོད་དྲོ། དེ་མིན་གང་གིས་ཀྱང་མི་ཕན། ཆེ་དགུ་ཡིན་ཟེར་མཁན་དེ་ཚོར་མགོན་སྐྱབས་ཞུས་ན་ཁོ་རང
    ཚོ་འབྲོས་ས་གབ་ས་མི་རྙེད་པའི་སྡུག་བསྔལ་ཡོད་དུས་གཞན་ཞིག་ལ་ཇི་ལྟར་སྐྱོབས་ཐུབ་བམ།

  15. ཤར་པ་ says:
    2015-05-14 at 3:34 am

    བོད་རེ་བས་ཕུང་རྒྱ་དོགས་པས་ཕུང་ཞེས་པའི་གཏམ་དཔེ་འདི་ཡི་རྒྱབ་ལྗོང་དང་ལོ་རྒྱུས་ཤེས་མཁས་ཡོད་ན་བློ་སྐྱེད་གནང་རོག།

  16. ནད་མེད་ཚེ་རིང་། says:
    2015-05-14 at 6:31 am

    དྲ་གྲོགས་ཚོ། ལུང་རྟོགས་ལགས་ལྟར་ན་ལེགས་ཆ་མ་གཏོགས་ནོར་འཁྲུལ་བཤད་མི་ཆོག་པ་ལྟ་བུ་བཤད་བཞིན་འདུག ཧཧཧཧཧ། ད་ལྟའི་ཐེ་ཝན་དོན་གཅོད་མཆོག་ལ་སྲིད་སྐྱོང་མཆོག་ནས་གནང་བ་ལྟར། ཨ་རི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་རྡ་སར་གནས་སྤོས་དང་རྗེས་སུ་ཨ་རི་དོན་ཁང་རང་དུ་གནས་སྤོ་མ་གནང་བར་གང་ཡིན་ནམ། དེ་དང་དེ་འདྲ་བ་སྲིད་སྐྱོང་མཆོག་ནས་མང་པོ་གནང་ཡོད་པ་སྤྱི་འཐུས་རྣམས་པ་དང་གངས་སྐྱིད་ལས་བྱེད་ཕལ་མོ་ཆེ་ནས་ཤེས་གསལ་རེད། ལུང་རྟོགས་ཁྱེད་ནས་ཀྱང་མ་ཤེས་པ་ག་ལ་ཡིན། ཁྱེད་ནི་སྲིད་སྐྱོང་མཆོག་ལ་ཞེན་ཁོག་ཆེ་སོང་ནས་ལོང་འོན་སོང་བ་རེད་སྙམ། གང་ལྟར་དངོས་ཡོད་གནས་ཚུལ་ལ་ནས་ཞིབ་རྕད་ཀྱིས་དྲང་བདེན་ལ་རྒྱབ་སྐྱོར་ཞུ་དགོས་པ་རེད་ལགས།

    བདེན་པ་རྒྱལ་གྱུར་ཅིག

  17. ལུང་རྟོགས། says:
    2015-05-16 at 3:40 am

    དྲ་འབུ་ཚོ། ཁྱོད་ཚོས་སྐྱོན་བརྗོད་མ་གཏོགས་ལེགས་ཆ་ཞིག་ག་དུས་བཤད་མྱོང་ཡོང་། ཁྱོད་ཚོའི་ངོ་ལ་རང་ཉིད་མ་གཏོགས་ཚང་མ་སྐྱོན་གྱི་ཕུང་པོ་ཡིན་པ། ཨ་རིའི་དོན་གཅོད་ལས་བྱེད་ཀུན་དགའ་བཀྲ་ཤིས་ལགས་རྡ་སར་གནས་སྤོར་བྱེད་ནས་ལོ་གཅིག་ཀྱང་སོང་ཡོད་མ་རེེད། སླར་ཡང་ཨ་རིར་ཇི་ལྟར་གནས་སྤོར་བྱོད་དགོས་པ་རེད། ལར་ནས་མི་ཚང་མ་དྲ་འབུ་ཁྱོད་ཚོ་ནང་བཞིན་ཨ་རི་མ་གཏོགས་བསམ་རྒྱུ་མེད་མཁན་དེ་འདྲ་མ་རེད་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme