Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་གིས་གངས་སྐྱིད་དུ་གསུང་བཤད་གནང་བ།

Posted on 2016-08-092016-08-09 By ཁ་བརྡ་ 25 Comments on སྲིད་སྐྱོང་མཆོག་གིས་གངས་སྐྱིད་དུ་གསུང་བཤད་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 

དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་༡༥ པའི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་དང་ལས་བྱེད་བླང་དོར་སྐོར་གསུང་བཤད་གཟབ་རྒྱས་གནང་བ།

༄༅། །ཕྱི་ལོ་༢༠༡༦ ཟླ་༨ ཚེས་༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་རྣམས་ལ་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་བོད་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་ལས་དོན་བྱེད་ཕྱོགས་སྐོར་སོགས་གསུང་བཤད་གཟབ་རྒྱས་གནང་འདུག དེ་ཡང་སྐབས་དེར་ཐོག་མར་བཀའ་དྲུང་སྟོབས་རྒྱལ་ལགས་ནས་ངོ་སྤྲོད་གནང་བསྟུན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
indddddddexདེ་རིང་ངས་བཀའ་ཤག་སྐབས་ ༡༥ བྱས་ནས་ལས་བྱེད་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ཐོག་མར་ང་ཚོས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ལ་མཚོན་ན་ང་ཚོས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་མངོན་འདོད་གང་ཡིན་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཞིས་ལུས་བོད་མིའི་མངོན་འདོད་གང་ཡིན་བརྗོད་ན། བོད་མིའི་ངོ་བོ་མི་ཉམས་གོང་འཕེལ་གཏང་རྒྱུ་རེད། མི་རིགས་ངོ་བོ་བརླག་པ་ཡིན་ན་བོད་དང་བོད་མི་ལའང་ཧ་ཅང་ཉན་ཁ་ཆེན་པོ་ཆགས་ཡོད། དེར་བརྟེན་བོད་མི་རིགས་ཀྱི་ངོ་བོ་མི་ཉམས་རྒྱུན་འཛིན་ཐོག་ང་ཚོས་རྩོད་རྒྱུ་དེ་བོད་མི་རྣམས་ཀྱི་ཆེས་མཐོང་རྩོད་བཞིན་ཡོད།
བོད་མིའི་ངོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཡིན། སྐད་འདི་སྲོག་རྩ་དང་རིག་གཞུང་འདི་ཕྱིའི་རྣམ་པ་ཡིན། སྐད་ཟེར་བ་དེ་སྒྲ་དེ་རེད། འདི་རྣམས་ང་ཚོའི་གཞི་རྟེན་ཡིན། ཐབས་ལམ་དེར་ད་ལྟའི་བཀའ་ཤག་གི་ལྔ་དང་ལྔ་བཅུ། ཞེས་པ་འདི་ཡིན། ལྔ་ཟེར་སྐབས་བཀའ་ཤག་འདིའི་ལས་ཡུན་ལོ་ལྔ་རེད། སྲིད་སྐྱོང་གི་ལས་ཡུན་ལོ་ལྔ་རེད། ལོ་ལྔའི་ནང་དམིགས་ཡུལ་གཙོ་ཆེ་ཤོས་ནི་དུས་རྟག་ཏུ་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་རེད། དེ་ལྟར་ཡོང་བར་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། དེ་དང་ལྷན་དུ་ལོ་ངོ་ལྔ་བཅུ་བར་བཙན་བྱོལ་དུ་ལྷག་པ་ཡིན་ནའང་འཆར་གཞི་བང་སྒྲིག་ནས་འགྲོ་དགོས་པ་ཆགས་ཡོད།

གང་ཡིན་བརྗོད་ན་བོད་མིའི་སྒྲིག་འཛུགས་ལོ་ ༥༠ འཚོ་ཐུབ་པ་ཡིན་ན། དེ་ཙམ་མ་ཟད། དུས་སྐབས་དེའི་རིང་ང་ཚོའི་ནུས་པ་འདི་འཕེལ་ཐུབ་པ་ཡིན་ན་རྒྱ་ནག་ནང་འགྱུར་བ་ངེས་པར་དུ་འགྲོ་རྒྱུ་རེད། དེ་ལྟར་བྱུང་ཚེ་བོད་མི་ཚོར་གཞི་རྩའི་རང་དབང་ཐོབ་ངེས། དེར་བརྟེན་ལོ་ལྔའི་ཐབས་བྱུས་འདི་དབུ་མའི་ལམ་གཞིར་བཞག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱ་རྒྱུ་འདི་རེད། ལོ་ལྔའི་ནང་དེ་ལྟར་ཐོབ་ཐུབ་པ་ཡིན་ན། ང་ཚོར་རྒྱལ་ཁ་ཐོབ་པ་རེད། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་རེད། ལོ་ལྔ་དང་ལྔ་བཅུ་གཉིས་ཀར་ང་ཚོར་རྒྱལ་ཁ་ཐོབ་པའི་རེ་བ་ཡོད། བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་དང་བཅུའི་ནང་སྦོ་ལུག་པ་ཡིན་ན་རྒྱ་ནག་གཞུང་གིས་ཡ་ལན་བྱེད་རྒྱུ་མ་རེད།

DSC_0022འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་བཅུ་བར་གནས་ས་རེད་བསམས་པ་བྱུང་ན། བོད་རྒྱ་ཞི་མོལ་ཡོང་དགོས་འདུག བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ་འདུག ཅེས་ཡ་ལན་བྱེད་ཀྱི་རེད། དེར་བརྟེན་བཀའ་ཤག་འདིས་འབད་བརྩོན་བྱེད་རྒྱུ་ནི་ལྔ་དང་ལྔ་བཅུ་གཉིས་ཀར་འབད་བརྩོན་གང་ཡོད་བྱེད་རྒྱུ་ཡིན། བོད་རྒྱ་ཞི་མོལ་ཡོང་བར་ང་ཚོས་གང་བྱེད་དགོས།
བོད་མིའི་སྒྲིག་འཛུགས་འདི་གནས་དགོས་ན་ང་ཚོས་གང་བྱེད་དགོས་ཞེས་ན། ཆ་རྐྱེན་ལྔ་ཡོད། ༡།རྒྱལ་སྤྱི། ༢།རྒྱ་ནག ༣།རྒྱ་གར། ༤།བོད། ༥།བོད་མིའི་སྒྲིག་འཛུགས་བཅས་ཡིན། ཞེས་སོགས་གསུང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དང་འབྱུང་འགྱུར་བྱེད་ཕྱོགས་ཇི་འདྲ་ཡིན་པ་དེའི་ཐོག་གསུང་དོན། ད་བར་༸གོང་ས་མཆོག་གིས་སྐུ་ངལ་ཧ་ཅང་མཛད་ཡོད། ད་ཆ་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༡ ཕེབས་བཞིན་ཡོད། དུས་སྐབས་འདིར་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ཧྲ་ཏག་ཏག་ཡོད་སྐོར་ཉིན་ལྟར་ཁ་ཞེ་གཉིས་མེད་ཀྱིས་སྙན་གསང་ཞུ་ཐུབ་པ་བྱུང་ན་ཐུགས་ཧ་ཅང་དགྱེས་ཚོར་ཡོང་རྒྱུ་གོར་མ་ཆག ང་རང་གཞི་རྩའི་ཆ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལ་ཧ་ལས་པའི་གུས་ཞབས་ཞུ་མཁན་གྲས་ཤིག་ཡིན།

DSC_0023དེ་རིང་སྔ་དྲོ་ཨ་རིའི་རོགས་ཚོགས་ USAID གྱི་ཆེད་གཉེར་དོན་གཅོད་སྐུ་ཞབས་ཇོ་ན་ཐན་མཆོག་འདིར་ཕེབས་སྐབས་སུའང་ངས་ཁོང་ལ་སྲི་ཞུ་བ་ཚོས་རང་གི་མི་ཚེ་བློས་གཏོང་གནང་ནས་འདིར་ཞབས་ཞུ་སྒྲུབ་བཞིན་ཡོད་སྐོར་ཞུས་པ་ཡིན། ང་རང་ཐོག་མར་བཀའ་ཤག་སྐབས་ ༡༤ སྲིད་སྐྱོང་གི་འགན་ཁུར་ཞུས་ནས་སྲི་ཞུ་བ་རྣམས་དང་ལྷན་ཚོགས་སྐབས་དེར་ལས་བྱེད་གསོལ་ཕོགས་ཀྱིས་གཙོས་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པའི་སྐོར་བསམ་ཚུལ་ཤུགས་ཆེ་གསུངས་བྱུང་། འོན་ཀྱང་དོན་དངོས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་མུ་མཐུད་ནས་ཡར་རྒྱས་གཏོང་དགོས་པ་ཡོད་སྟབས་དེའི་ཐོག་ང་ཚོས་དཀའ་ལས་གང་ཙམ་རྒྱབ་དགོས་བྱུང་། དེར་བརྟེན་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་འབྱུང་འགྱུར་ལོ་ལྔའི་ནང་ཛ་དྲག་གི་དཀའ་ངལ་འཕྲད་རྒྱུ་མ་རེད། ཅེས་ངས་ཁ་ཚོན་བཅད་ནས་ཧ་ལམ་ཞུ་ཆོག ཅེས་གསུངས་པ་དང་སྦྲགས། ཉེ་ལམ་བཀའ་ཤག་ནས་ལས་བྱེད་གསོལ་ཕོགས་དང་ཡུལ་ཐང་གུན་གསབ་ཕྲན་བུ་སྤར་བ་མ་ཟད། ལས་ཤག་གསར་རྒྱག་གི་ལས་གཞི་མུ་མཐུད་འགྲོ་བཞིན་ཡོད་སྐོར་གསུངས།

དེ་རྗེས་སྲི་ཞུ་བ་ཡོངས་ལ་བླང་དོར་ལམ་སྟོན་གནང་དོན། ལས་བྱེད་སྤྱི་ཡོངས་ལ་མཚོན་ན་ཧ་ལས་པའི་སེམས་ཤུགས་དང་ཧུར་བརྩོན་ཧ་ཅང་ཐོག་ནས་ཞབས་ཞུ་སྒྲུབ་བཞིན་ཡོད། འོན་ཀྱང་རེ་བཟུང་གིས་བསམ་བློ་ཁ་གསལ་དེ་ཙམ་མེད་པར་བརྟེན་ཁ་གསལ་པོ་ཞིག་བཟོ་དགོས་པའི་དུས་ལ་བབ་ཡོད། ལས་བྱེད་གནང་མཁན་ཡིན་ན་ཧུར་ཐག་གནང་དགོས། དེ་མིན་ཚོང་རྒྱག་རྒྱུའི་བསམ་བློ་ཡོད་ན་ཚོང་ལ་ཕེབས་ན་དགའ་རྒྱུ་རེད། ཚོང་ཁེ་ལ་བརྟེན་འཚོ་བ་སོགས་གང་ཅིར་ཡར་རྒྱས་འགྲོ་རྒྱུ་རེད། གཞན་ཡང་ཆབ་སྲིད་པ་གནང་དགོས་འདུག་བསམ་མཁན་ཡོད་ཚེ་འོས་བསྡུའི་སྐབས་མཉམ་ཞུགས་གནང་དགོས། དེ་བཞིན་ཕྱི་རྒྱལ་ལ་ཕེབས་དགོས་བསམ་མཁན་ཡོད་ན་ཕེབས་ན་དགའ་རྒྱུ་རེད། དེ་མིན་བློ་རྩེ་གཉིས་བྱས་ནས་བཞུགས་ན་སྤྱི་སྒེར་གཉིས་ཀར་ཕན་རྒྱུ་མེད། འདི་ངས་ཉུང་ཤས་ཤིག་ལ་ཞུ་གི་ཡོད། གཞན་ལས་བྱེད་མང་བ་རྣམས་ཡག་ཐག་ཆོད་རེད། བསམ་བློ་ཁ་གསལ་མེད་ན་ཆོད་སེམས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ཐོག་མ་རང་ནས་ལས་བྱེད་ཡང་དག་པ་ཞིག་གནང་དགོས་བསམས་པའི་ཀུན་སློང་དེ་མེད་ན་ཆོད་སེམས་བརྟན་པོའི་ཐོག་ནས་ལས་ཀ་བྱེད་ཐུབ་རྒྱུ་ཁག་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།

གསུང་བཤད།

Post navigation

Previous Post: ཤེས་བྱའི་ཆུ་གཏེར་ ༢༽ ཕྱོཌ་ལྡན་མདའ་རྟཌ་དང་འཕེན་གཟུགས།
Next Post: ས་མཐའི་ཤོག་ཐུར་འགའ།

Comments (25) on “སྲིད་སྐྱོང་མཆོག་གིས་གངས་སྐྱིད་དུ་གསུང་བཤད་གནང་བ།”

  1. མྱྀ་ནག says:
    2016-08-09 at 5:02 am

    གཞིས་ལུས་བོད་མིའི་མངོན་འདོད་བོད་མི་རིགས་ངོ་བོ་སྟེ་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་དེ་རེད་ཟེར། དེ་ན་བོད་མིའི་སྒྲིག་འཛུགས་ཀྱི་མངོན་འདོད་ཅི་རེད། སྲིད་སྐྱོང་བློ་སེང་གི་མངོན་ཅི་ཡིན། དངོས་གནས་བྱས་ན་སྲིད་སྐྱོང་བློ་སེང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཀུན་སློང་ཡོད་མེད་ས་རིས་ཐང་གསལ་རེད། མིག་ལྡན་ཚང་མའི་ཤེས་ཀྱི་རེད། ལོང་བ་རྣམས་ཀྱིས་མཐོང་མེད་ཀྱང་སྲིད།

  2. ལ་སྟོད་དབང་འདུ། says:
    2016-08-09 at 5:05 am

    སྲིད་སྐྱོང་གིས་རང་གི་རྩ་བའི་བླ་མ་དང་། འདི་ཕྱིའི་སྐྱབས་གནས་༧གོང་ས་མཆོག་ལ་ནམ་ཡང་རྒྱབ་གཏོདམི་སྲིད། ཁ་ཤས་ཀྱི་རང་བཙན་ཁ་ལ་འཁྱེར་ནས། རང་གིས་ཁེ་ཕན་ཆེད་བོད་མི་རིགས་མགོ་བསྐོརབཞིན་ཡོད། ཁ་ཤས་ཀྱིས་རང་གི་ལྟོ་རྒྱབ་ཆེད་རྒྱ་མི་རྒྱུགས་ཁྱི་བྱས་ཏེ་ཆོལ་ཞེན་ཁ་ལ་འཁྱེར་ནས། བོད་མིའི་སྐྱབས་མགོན་ལའང་ཁ་གཏོང་གི་ཡོད། དེང་གི་བརྡ་འཕྲིན་གྱི་དུས་འདིར་བོད་མི་ཚང་མས་རང་ཚུགས་རང་གིས་འཛིན་ན་མ་གཏོགས་མ་གཡོ་ཅན་ཚོའི་མགོ་བསྐོར་འོག་ཚུད་ཉེན་ཡོད།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-09 at 5:24 am

    ད་མང་པོ་མ་བཤད་ན་ཡག་ལེ་རེད་བཙན་བྱོལ་
    བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ཐུབ་
    མཁན་གྱི་སྒྲིག་འཛུགས་ཞིག་ང་ཚོར་དགོས་
    པ་རེད་དེ་མིན་མཐོ་ཙམ་དམའ་ཙན་བཤད་ནས་ཞི་བའི་མི་མང་མགོ་མ་བསྐོར་ན་ལག་ལེ་རེ་བོད་མི་མང་རང་ས་མ་ཐུབ་མི་ཡུལ་དུ་གྱར་མི་ཡུལ་ནས་
    ནུབ་ཕྱོགས་སུ་བོད་མི་རིགས་སྲན་མ་གཏོར་བ་
    ནང་བཞིན་གཏོར་ནས་ད་མི་མང་མགོ་བསྐོར་གཏོང་རྒྱུའི་སྐད་ཆ་བཤད་ནས་ཕན་ལེ་མ་རེད་མི་མང་སྤྱང་པོ་ཆགས་ཚར་ལེ་རེད་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབས་དགོས་ན་བོད་མི་རིགས་ལ་སྲུང་སྐྱོབས་དགོས་པ་རེད་རིག་གཞུང་སྲུང་སྐྱོབས་ཀྱི་ལས་གཞི་ལས་མི་རིགས་སྲུང་སྐྱོབས་ཀྱི་ལས་གཞི་དེ་སྔོན་འཐོན་བྱ་དགོས་པ་དེ་གལ་ཆེན་དོན་
    ཆེན་ཡིན་པའི་ངོ་སྤྲོད་བྱ་འདོད་བྱུང་།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-08-09 at 6:19 am

    ནུབ་ཕྱོགས་སུ་བོད་མི་རྣམས་སྲན་ཕུང་གཏོར་བ་ནང་བཞིན་བྱས་ཟིན་པ་དེར་ནོར་འཁྲུལ་ཡོད་ན་བཙན་བྱོལ་གཞུང་གིས་ཨ་རིར་བོད་མི་ཆིག་སྟོང་ཐམ་པ་གཏོང་མཁན་དེའི་ཐོག་མགོ་ཇུས་བཏོན་མཁན་་བྱས་གཏེ་སུ་ཡིན་ན་དེར་ཤོད་ཅིག་་་་་་་་་་གནད་ཡོད་མི་འགས་ད་དུང་བྱས་རྗེས་ཡིན་ཟེར་བ་མ་གཏོགས་ནག་ཉེས་ཅིག་དང་མེད་ཟེར་དང་ཟེར་བཞིན་འདུག་གདའ་་་་་་་བློ་སེང་ལ་ཁག་ཡོད་མ་རེད་་་་་་འདས་ཟིན་པའི་ནང་ལ་ལྟོས་དང་ཁོ་ཡང་བྱང་ཆུབ་སེམས་པ་མ་རེད་དོ།།

  5. ནུབ་ཕྱོགས་གངས་ཕྲུག says:
    2016-08-09 at 11:51 am

    སྲིད་སྐྱོང་དེས་ཡང་རྫུན་བཤད་ཀྱི་འདུག སྔོན་མ་༢༠༡༡ ལོའི་ཕྱི་ཟླ་དང་པོའི་ནང་ལ་ནིའུ་ཡོག་ཏུ་སྐད་ཡིག་གལ་ཆེན་པོ་མིན་པ་གསལ་པོ་གསུངས་སོང་། ངའི་ནི། སྲིད་སྐྱོང་ལ་ཡིད་ཆེས་མེད། རེ་བ་མེད། རྒྱབ་བསྐྱོར་མེད། གུས་བཀུར་ཡང་མེད་དོ།

  6. དྲང་སྲོང says:
    2016-08-09 at 1:23 pm

    ངན་ཁག་ཚང་མ་སྲིད་སྐྱོང་མཆོག་ལ་མ་གཡོག་བཙན་བྱོལ་སྤྱི་ཚོགས་ནང་ལ་བོད་ཀྱི་སྐད་ཡིག་ལ་ལྟ་སྟངས་ག་ཚོད་ཡོད་མེད་ཧ་གོ་དོན་གསལ་རེད་དོ།

  7. བྱང་ཆུབ་ལོ་མ། says:
    2016-08-09 at 2:23 pm

    སྲིད་སྐྱོང་གིས་སྐབས་སྔ་མར་ལོ་ལྔའི་རིང་ལས་དོན་འཐུས་ཤོར་བཏང་བ་ནང་བཞིན། ད་རེས་ཀྱི་ལོ་ལྔ་འདི་འཐུས་ཤོར་མ་བཏང་ཙམ་བྱུང་ནས་སྔ་མའི་གནས་སྟངས་ལས་མར་མ་ཟགས་ན་ལྷ་རྒྱལ་ཡིན། གཞན་གྱི་རེ་བ་གང་ཡང་མེད།

  8. སྤྱང་ཤོག says:
    2016-08-09 at 4:54 pm

    མི་ལོ་ལྔ་བཅུ་རིང་བོད་སྐྱབས་བཅོལ་གཞུང་གི་མ་འཇོན་པ་ཞིག་སྲིད་སྐྱོང་གཅིག་གི་ལས་དུས་ལ་འཇོན་དགོས་ཟེར་མཁན་ཚོ་འདི་འདྲ་དབང་བཙན་པ་ལ།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-09 at 8:26 pm

    ལྷག་བསམ་གོ་ལའི་མེ་རྩེ་རབས་ཏུ་ཕྱུར་།
    ལྷག་བསམ་ཅན་གྱི་རང་མིང་གསལ་པོར་བཀོད་།
    ལྷག་བསམ་རྫུན་གྱི་རང་མིང་རྒྱབ་ཏུ་བསྐུངས་།
    ལྷག་བསམ་གདུང་ཟླར་ནག་ནོག་མ་ཕོག་ཤོག་།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-09 at 8:31 pm

    འཇིག་རྟེན་མི་གི་ཕྱོགས་ལྷུངས་ཆུ་གཉེར་བརྡོལ་།
    འཇིག་རྟེན་མི་གི་འགོ་འདྲེན་རླུང་ལས་མགྱོགས་།
    འཇིག་རྟེན་མི་གི་བསམ་བློ་རྒྱ་མཚོའི་གཏིང་།
    འཇིག་རྟེན་མི་གི་ཚོད་དཔག་ཉིན་སྐར་ཙམ་།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-09 at 8:35 pm

    ཕྱོགས་ལྷུང་དུག་གི་སྒོམ་བཤིས་གླིང་འདིར་ཁྱབས་།
    ཕྱོགས་ལྷུ་ངན་པའི་ས་བོན་སྤྱི་ཚོགས་རུལ་།
    ཕྱོགས་ལྷུང་དྲི་ངན་རྒྱང་དུ་དོར་བ་ལ་།
    ཕྱོགས་ལྷུང་ཟེར་བའི་ཐ་སྙད་མེད་ན་དགའ་།

  12. བཀྲ་ཡེ་ཚང་། says:
    2016-08-09 at 8:39 pm

    མང་པོ་མང་པོ་བཤད་མ་དགོས་པར་གྱིས། ང་ཚོ་སྣོད་དང་ལག་པ་ཆ་ཡོད་རེད་མོད། བཙན་བྱོལ་གཞུང་འདི་ཡར་རྒྱས་གཏོང་གིན་ཡིན་ཟེར་ན་མི་ཤེས་མོད་་་མ་ཉམ་པར་བྱེད་བསྡད་ན་ཧ་ལས་བ་རེད།

  13. ཨ་འབར་འཇིགས་དབང། says:
    2016-08-09 at 10:43 pm

    ༅༅། སྲིད་སྐྱོང་མཆོག་ནས་གསུང་བཤད་ཡག་པོ་གནང་འདུག་
    ད་འདི་ལས་ལྷག་པ་གསུང་རྒྱུ་ཅི་ཡོད་།
    རྒྱ་དམར་པོས་བཙན་བྱོལ་བོད་མི་ཚོར་ཁ་བྲལ་བ་རེད་ཤ་སྟག་བཤད། བོད་ནང་ལ་དྲག་
    གནོན་འདོད་པ་གང་ཤར་བྱས། བོད་མི་ཚོ་ནས་རྒྱ་དམར་པོའི་བྱེད་སྟངས་ལ་སྐྱོན་འཛུགས་
    ཤ་སྟག་བཤད།
    རྒྱལ་སྤྱིའི་ཐོག་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོད་ཤ་སྟག་བཤད་དེ་
    རྒྱ་ནག་ལ་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་རྒྱ་ནག་གི་མ་གོ་མདོག་མདོག་ཤ་སྟག་བྱས་
    ནས་བསྡད་། ད་་་སྐྱོ་སོང་། སྡུག་སོང། ངལ་སོང་།

    ཅི་བྱེད་གང་བྱེད་གང་དུ་འགྲོ་ན་དགའ། གང་ཟ་གང་བཏུང་གང་ཞིག་བྱེད་ན་དྲག།
    ཅི་ཤེས་གང་ཤེས་སུ་ལ་བཤད་ན་དྲག། སུ་ཞིག་སུ་ཡི་དངོས་ཕན་བྱེད་དམ་སྙམ།

  14. ཨ་དཀར་པོ། says:
    2016-08-09 at 11:46 pm

    ལེགས་ལེགས

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-10 at 3:20 am

    ངོ་སྲུང་ཚིག་གི་སྤྱི་ཚོགས་རུལ་དུ་བཅུག་།
    དྲང་གཏམ་ཚིག་ལ་ཕྱོགས་གཏོགས་སྙིང་རླུངལངས་།
    གཏམ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
    ཚད་བཀག་བྱེད་པ་འགོ་འདྲེན་ཕྱོགས་གཏོགས་འགན་།

  16. ནུབ་ཕྱོགས་གངས་ཕྲུག says:
    2016-08-10 at 10:56 am

    ལོ་ལྔ་བཅུ་ནང་ལ་བྱེད་མ་ཐུབ་པའི་ཕྱག་ལས་དེ། སྲིད་སྐྱོང་ལ་བྱེད་དགོས་རེད་ཅེས་བཙན་གཏམ་བཤད་མཁན་སུ་ཡང་མེད། ཡིན་ནའང་ལོ་ལྔ་བཅུའི་ནང་ལ་བྱུང་མ་མྱོང་བའི་འུར་གཏམ་དང་། རྫིག་གཏམ། གཡོ་གཏམ་་མ་བཤད་ན་བོད་མི་ཚང་མའི་དགའ་གི་རེད་ཅེས་ཞུ་གི་ཡོད། ལར་ནས་ད་ལྟའི་་སྲིད་སྐྱོང་གི་ཕྱག་ལས་འདྲ་བོ་དེ། ཨ་སྡུག་ང་འདྲ་བོ་སྲིད་སྐྱོང་ལ་བཞག་ན་ལས་ཀ་དེ་དང་མཉམ་པ་བྱེད་ཐུབ་ས་རེད། རྒྱུ་མཚན་གང་ལ་ཞེ་ན། ༧རྒྱལ་བ་རིན་པོ་ཆེ་གཙོས་བྱས་མི་རབས་རྒན་པ་རྣམས་ཀྱིས་ལོ་ངོ་ལྔ་བཅུའི་རིང་ལ་རྨང་གཞི་་བརྟན་པོ་ཚུགས་ཚར་བ་རེད། དེ་འདྲ་སོང་ཙང་སྲིད་སྐྱོང་གློ་བུར་དུ་སླེབས་པ་མ་གཏོགས། དེ་འོག་གོ་ལས་བྱེད། ལྷན་ཁང་ཁག་གི་བཀའ་བློན་དང་། དྲུང་ཆེ། དོན་གཅོད་ཁག དྲུང་གཞོན། ཟུང་དྲུང་། དབྱིན་དྲུང་། བོད་དྲུང་། དྲུང་ཡིག ལས་བྱེད་དཀྱུས་མ། ཐ་ན་གད་པ་མན་ཆད་ལས་བྱེད་ཚང་མ་རང་འགྲིགས་ལ་ཡོད་རེད། དེ་འདྲ་སོང་ངས་ཀྱང་སྲིད་སྐྱོང་འཇོན་ས་རེད།

  17. ནོར་བུ says:
    2016-08-10 at 4:23 pm

    འདྲ་པར་དཀྱིལ་མ་དེ་མིག་གི་ལྟོས་ཨ
    ལས་བྱེད་བ་་་ཕལ་ཆེར་རྒན་གོག་ཡིན་པ ཀླད་པ་ཆུ་འདྲ
    སེམས་པ་རྡོ་དང སྤྱོད་པ་རྒྱ་དམར་ལས་ཐབས་སྡུག
    མི་སུའི་བཤད་ཀྱང་ཉོན་གི་མ་རེད །
    ལོ་རྒན་༦༦ ཅན ལས་བྱེད་ནས་ཞུགས་མི་མཆོག་པའི
    གསལ་བརྡ་ཕྱི་གསལ་ནང་གསལ་ཞིག་སྟོན་ན་དགེ་མཚན་ཆེའོ །།
    དམངས་གཙོ་སྒྲིག་གཞི་མེད་པ་ཅི་ས་སྟིང་གང་ལ་འདུག
    གསུང་མཁན་ཡོད་ནམ ་་་

  18. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-10 at 11:20 pm

    བསྟོད་སྨད་ཚིག་གི་སྤྱི་ཚོགས་ཡར་རྒྱས་དཀའ་།
    དྲང་གཏམ་ཚིག་གི་སློབ་གསོའི་གོ་སྐབས་སྦྱིན་།
    མང་གཙོའི་རང་དབང་ཁྲིམས་ཀྱི་འོག་ཏུ་སྲུང་།
    དམངས་གཙོའི་རང་དབང་བྲལ་རིམ་འོག་ཏུ་སྲུང་།

  19. ཅང་ཤེས་རྟ་མཆོག says:
    2016-08-12 at 12:16 am

    བློ་སེང་ལ་རེ་བ་དང་ཡིད་ཆེས་སྤུ་ཙམ་ཡང་མེད།

  20. ཚ་བའི་མེ་ལྕེ། says:
    2016-08-12 at 11:28 am

    ག་རེ་བཤད་ན་མ་བཤད་ན་སྲིད་སྐྱོང་བློ་སེང་བཞིན་བོད་ལ་དབུ་ཁྲིད་ཅིག་དེ་སྔོན་ཡོང་མྱོང་མེད། འགའ་ཤས་ཀྱིས་ཐབས་ཟད་འུ་ཐུག་ངང་སྲིད་སྟེགས་གཞན་ལ་སྟེར་བ་རེད། འགའ་ཤས་ནས་ལོ་རྒས་ནས་སྟེར་བ་རེད། འགའ་རེ་ནས་ཚེ་གང་པོར་སྲིད་དབང་སྒེར་འཛིན་བྱས་པས་རྒྱལ་སྤྱིའི་སྔུན་ལ་ངོ་ཚ་ནས་དེ་ལྟར་མ་བྱེད་ཐབས་མེད་བྱུང་བ་རེད། གང་ལྟར་བུ་བློ་སེང་ལས་ལྷག་པ་སུ་ཡང་མེད། གངས་རིའི་སེང་གེ་ནམ་ཡང་རྒྱལ་གྱུར་ཅིག ང་ཚོ་ནམ་ཡང་ཁྱེད་ཕྱོགས་སུ་འགྲེངས་ཡོད་པས་ལྟས་ངན་འུག་པ་སེར་པོ་དང་། སྲིན་བྱ་ཐན་ལྟས་འདྲ་བ་དེ་དག་ནི་རྐང་འོག་འབུ་ཡིན་པས་ནམ་ཡང་ལན་འདེབས་བྱ་མི་དགོས།

  21. ཀརྡོ་གཉེར་ཕྱག་པ་ says:
    2016-08-12 at 1:09 pm

    ་་་་་་་་ དེར་བརྟེན་བོད་མི་རིགས་ཀྱི་ངོ་བོ་མི་ཉམས་རྒྱུན་འཛིན་ཐོག་ང་ཚོས་རྩོད་རྒྱུ་དེ་བོད་མི་རྣམས་ཀྱི་ཆེས་མཐོང་རྩོད་བཞིན་ཡོད། ་་་་་་་་

  22. ཨ་རོགས་ཁམས་ཕྲུག says:
    2016-08-12 at 1:37 pm

    སྲིད་སྐྱོང་འདིས་འོས་འགན་དང་མཐུན་པའི་གཏམ་བཤད་རེ་སྤེལ་དུས་སྤེན་ཚེའི་ཕྱོགས་གཏོགས་ཚོའི་ན་ཚ་དེ་ཆེ་རུ་འགྲོ་བཞིན་པའི་ཚོར་སྣང་བྱུང་། ཨ་ཁ་ཁ། བློ་སེང་མཐོང་འདོད་དང་། གཏམ་བཤད་ཉན་འདོད་མེད་ཀྱང་། ཨ་མའི་བུས་གཟི་བརྗིད་ངོམ་དུས་མི་ངན་འགས་སྐད་ངན་ཤོར་བ་རང་བཞིན་རེད།

  23. ཨ་དཀར་པོ་ says:
    2016-08-14 at 1:02 am

    ལེགས་ལེགས།

  24. མེ་ཏོག་བཀྲ says:
    2016-08-14 at 2:04 am

    བོད་མིའི་བསོད་སྐལ་དུ་བབ་པའི་སྲིད་སྐྱོང་ནས་བཀའ་མོལ་གནང་བ་ལེགས་ཀྱང་། བོད་མི་མང་པོ་ཞིག་གིས་ད་དུང་ཡང་ཁོང་ལ་ཡིད་ཆེས་དང་རེ་བ་གནང་གི་མེད་པ་མཐོང་ཐུབ། དེར་བརྟེན་ཁོང་གི་བཀའ་མོལ་བཞིན། ས་ལ་འབབ་རྒྱུ་ཡོད་པའི་ཕྱག་ལས་གྲུབ་འབྲས་ལྡན་པ་ཞིག་གནང་ཚེ། རང་ཉིད་ཀྱིས་ཀྱང་༸གོང་ས་མཆོག་གི་བཀའ་བཞིན་ཕྱག་ལས་གྲུབ་པ་ཡིན་སྙམ་པ་དང་། བོད་མི་རྣམས་ནས་ཀྱང་གུས་བཀུར་འཐོབ་རྒྱུའི་རྒྱུར་འགྲོ་ངེས། དེ་ལྟར་བྱུང་ཚེ་བོད་མི་རྩམ་གཟན་ཡོད་དོ་ཅོག་གི་ཡིད་ཆེས་དང་གུས་བཀུར་འབྱུང་སྲིད། དེ་མིན་ལོ་རྒྱུས་ཀྱིས་འཕྱུགས་པ་མི་སྲིད་དོ།།

  25. ནུབ་ཕྱོགས་གངས་ཕྲུག says:
    2016-08-15 at 2:01 am

    སྤེན་ཚེ་ལ་དགའ་ནས་ཤི་དགོས་ལེ་མིན། བློ་སེང་ལ་སྡུག་ནས་ཤི་དགོས་ལེ་ཡང་མིན། གང་ལྟར་གསེར་ས་འོག་ལ་ཡོད་ན་འོད་ནམ་མཁའ། ཟེར་བའི་དཔེ་ལྟར་བློ་སེང་ལ་འོད་ཐོན་རྒྱུའི་ནུས་པ་མིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme