Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་དང་རྒྱ་གར་གཞུང་མང་། དེ་བཞིན་བྷི་ཧཱར་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ།

Posted on 2017-01-072017-01-07 By ཁ་བརྡ་ 8 Comments on སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་དང་རྒྱ་གར་གཞུང་མང་། དེ་བཞིན་བྷི་ཧཱར་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ།

འཇམ་དཔལ་གྱིས་བརྒྱུད་གཏོང་བྱས།

 
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དུས་འཁོར་དབང་ཆེན་དུ་བཅར་བའི་ཆོས་ཞུ་བ་ཡོངས་ལ་ཕྱི་ལོ་གསར་པའི་འཚམས་འདྲི་ཞུས་པ་དང་སྦྲགས་གསུང་དོན། དེ་རིང་ང་ཚོ་འདིར་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་དུས་འཁོར་དབང་ཆེན་ཐེངས་ ༣༤ ཐོག་བཅར་རྒྱུའི་བསྐལ་བཟང་གི་གོ་སྐབས་ཤིག་ཐོབ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ནི་ཧ་ལས་པའི་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཆོས་ཞུ་བ་ཚོར་འགྲུལ་བཞུད་སྐབས་དང་ཉེ་ལམ་རྒྱ་གར་གཞུང་གི་དངུལ་ལོར་བརྗེ་སྒྱུར་གྱི་ཁྲིམས་སྒྲིག་གསར་པ་གཏན་འབེབས་གནང་བར་བརྟེན་དཀའ་ངལ་ཏན་ཏན་འཕྲད་ཡོད་ཀྱང་ཚང་མ་འདིར་བདེ་འབྱོར་བྱུང་ཐུབ་པ་དེར་ཧ་ཅང་དགའ་པོ་བྱུང་།

unnamed-1-1བོད་མིའི་སྒྲིག་འཛུགས་ངོས་ནས་དུས་དབང་གོ་སྒྲིག་ཆེད་ཆུ་དང་གློག འཕྲོད་བསྟེན། དབུ་གུར་སོགས་གང་ཅིའི་ཐད་ནས་མཐུན་འགྱུར་གང་ཐུབ་ཞུས་ཡོད། ཐེངས་འདིའི་དུས་འཁོར་དབང་ཆེན་ནི་ནམ་རྒྱུན་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ངོས་ནས་གཏོང་ཕོད་ཆེན་པོའི་ཐོག་ཉམ་ཐག་ཁོངས་དང་རྒས་གསོ་ཁང་དུ་ཡོད་པའི་རྒན་རྒོན་དུས་དབང་ཞུ་རུ་བཅར་འདོད་ཡོད་པ་རྣམས་ལ་དུས་དབང་ཞུ་རྒྱུའི་མཐུན་འགྱུར་སྦྱར་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་གང་ཅིའི་ཐད་མཐུན་འགྱུར་སྦྱར་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། ང་ཚོའི་ངོས་ནས་ནུས་པས་མ་འདང་བ་དང་མ་ལྕོགས་པ་བྱུང་ཡོད་ཚེ་བཀའ་ཤག་གི་ཚབ་ཞུས་ཏེ་དགོངས་སེལ་ཞུ་རྒྱུ་ཡིན།

ད་རེས་ཕྱོགས་གང་ཅིའི་གྲ་སྒྲིག་སོགས་ཀྱི་ཐོག་ཡག་པོ་འགྲོ་བཞིན་ཡོད་པའི་རྣམ་པ་འདུག་པ་མ་ཟད། གནམ་གཤིས་ཀྱང་ཧ་ཅང་ཡག་པོ་སྟོན་བཞིན་འདུག དེ་དག་ཚང་མ་༸གོང་ས་མཆོག་གི་༸སྐུའི་དབང་ཐང་དང་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

ཐེངས་འདིའི་དུས་དབང་ཐོག་རྒྱལ་ཁབ་ཁག་ ༩༠ ནས་ཆོས་ཞུ་བ་འབུམ་གཉིས་མ་ཟིན་ཙམ་འབྱོར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད། ད་ལྟའི་ཆར་གསུང་ཆོས་ར་བ་ཨ་མའི་ནང་ཆོས་ཞུ་བས་ཁེངས་ཡོད་སྟབས། ཟུར་དུ་གསུང་ར་ཆུང་བ་གཉིས་བཙུགས་ཡོད་པ་དེ་གཉིས་ཀྱང་ཆ་ཚང་ཁེངས་ཏེ། ཆོས་རའི་ཕྱིར་ཡོད་པའི་རྒྱ་ལམ་གཡས་གཡོན་དུ་ཆོས་ཞུ་མཁན་ཡང་མང་དག་མཐོང་རྒྱུ་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བརྒྱུད་ས་གནས་འགོ་འཛིན་རྣམ་པས་འགན་ཁུར་འོག གཞིས་ཆགས་ཁག་བཅོ་ལྔའི་ནང་བརྙན་འཕྲིན་བརྒྱུད་དུས་འཁོར་དབང་ཆེན་ཞུ་ཐུབ་བཞིན་ཡོད། གཞིས་ཆགས་ཁག་ནས་རྡོ་རྗེ་གདན་དུ་ཕེབས་མ་ཐུབ་ཀྱང་བརྙན་འཕྲིན་བརྒྱུད་ནས་དུས་འཁོར་དབང་ཆེན་ཞུ་ཐུབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་དུས་འཁོར་དབང་ཆེན་ཐད་ཀར་རྒྱང་སྲིང་ཞུས་པ་དེ་གཟིགས་མཁན་མི་འབུམ་གཅིག་དང་ཕྱེད་ཀ་བརྒལ་བཞིན་འདུག དེར་བརྟེན་བོད་མི་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཚོ་ས་ཕྱོགས་གང་དུ་བཞུགས་ཡོད་ཀྱང་དུས་འཁོར་དབང་ཆེན་ཞུ་འདོད་ཡོད་ན་ཞུ་ཐུབ་པའི་བཟོ་ལྟ་བུ་འདུག

unnameddཐེངས་འདིའི་དུས་འཁོར་དབང་ཆེན་ཐོག་བོད་ནས་ཆོས་ཞུ་བ་དེ་ཙམ་ཕེབས་ཐུབ་མེད་ཀྱང་། ཉེ་ཆར་༸གོང་ས་མཆོག་གིས། བོད་ནང་གི་བོད་མི་ཚོས་སྨོན་ལམ་བརྒྱབ་ཚེ་དུས་འཁོར་དབང་ཆེན་གྱི་བྱིན་རླབས་ཐོབ་ཐུབ་ཀྱི་ཡོད་ཅེས་བཀའ་སློབ་བཀའ་དྲིན་སྩལ་ཡོད། འདི་ནི་ཧ་ཅང་བསྐལ་བ་བཟང་པོ་རེད། དེར་བརྟེན་བོད་ནང་གི་བོད་མི་ཚོར་ཡང་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ངོས་ནས་དུས་དབང་གོ་སྒྲིག་ཞུ་དགོས་དོན་ནི་འཛམ་གླིང་སྤྱི་ཡོངས་ནང་ཞི་བདེ་ཡོང་ཆེད་དང་། གཙོ་ཆེ་བོད་བསྟན་པ་ཆབ་སྲིད་ཀྱི་སྤྱི་པའི་བསོད་ནམས་གསོག་ཆེད་ཡིན། དེར་བརྟེན་སྤྱི་པའི་བསོད་ནམས་གོང་འཕེལ་ཡོང་ཐབས་སུ་ང་ཚོ་ཚང་མས་ཐུགས་སྨོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

༸གོང་ས་མཆོག་གིས། ངོས་ལ་ལག་རྟགས་ཡག་ཤོས་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན། ཞེས་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་སྩལ་བ་དེ་དག་དངོས་སུ་ལག་བསྟར་ཐུབ་ཚེ་ཁོང་ལ་གསོལ་རས་ཡག་ཤོས་དེ་ཡིན་ཞེས་བཀའ་སློབ་ཕེབས་བཞིན་ཡོད་སྟབས། ང་ཚོས་དུས་རྟག་ཏུ་ཁོང་གི་བཀའ་དགོངས་གཞིར་བཟུང་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་མང་ཚོགས་ནས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་རྒྱུར་ཐུགས་སྨོན་གནང་རོགས་ཞེས་བཀའ་ཤག་ནས་འབོད་སྐུལ་ཞུ་རྒྱུ་ཡིན།

༸གོང་ས་མཆོག་སྐུ་ཁམས་དྭངས་གསལ་ཡིན་པ་ཚང་མས་གཟིགས་ཐུབ། ཉེ་ཆར་རྡ་སར་པདྨ་བཀོད་པ་དང་འཕན་པོས་བརྟན་བཞུགས་སྐབས་མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་བསྐལ་བཟང་གི་ཞལ་བཞེས་ཐོབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།
དེང་སྐབས་རྒྱལ་ཁབ་ཁག་སོ་སོའི་ནང་དབུ་ཁྲིད་དང་རྒྱལ་པོ་སོགས་དགའ་མོས་ཆེ་ཤོས་སུ་ཡིན་མིན་གྱི་བསམ་ཤོག་བསྡུ་ལེན་བྱེད་སྲོལ་ཡོད་སྟབས། མང་ཚོགས་རྣམས་ཀྱིས་རང་གི་སྲིད་འཛིན་དང་རྒྱལ་པོ་ལས་༸གོང་ས་མཆོག་ལ་དགའ་མོས་ཆེ་བ་ཞུ་བཞིན་ཡོད་པ་ཡོངས་གྲགས་ཡིན། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ས་ཡ་དྲུག་ཙམ་མ་ཟད་འཛམ་གླིང་གི་མི་མང་ས་ཡ་མང་པོས་དགའ་མོས་ཧ་ཅང་ཞུ་ཡུལ་ཞིག་ཏུ་གྱུར་ཡོད། དེ་ནི་ང་ཚོ་བོད་མི་ཚོར་མཚོན་ན་ཧ་ཅང་བསྐལ་པ་བཟང་པོ་རེད། ཅེས་དང་།

ཡང་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་བྷི་ཧཱར་མངའ་སྡེ་གཞུང་ལ་དུས་དབང་སྐབས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན། རྒྱ་གར་གཞུང་མང་གཉིས་ཀྱི་དུས་རྒྱུན་དུ་མཐུན་འགྱུར་གནང་བར་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་ཆེད་མངགས་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ནས་གོ་སྒྲིག་ལས་དོན་གང་འདྲ་འགྲོ་མིན་ཐད་གཟིགས་ཞིབ་གནང་ཡོད། དེ་བཞིན་གྷ་ཡ་རྫོང་དཔོན་སོགས་ཀྱིས་༸རྒྱལ་བའི་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་མཐུན་འགྱུར་ཧ་ཅང་ཡག་པོ་གནང་འདུག་པས་ཁོང་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་དུས་འཁོར་དབང་ཆེན་གྱི་ཡོན་བདག་རྣམ་པས་སྦྱིན་བདག་བྱེད་རྒྱུ་བྱུང་བ་ནི་ཧ་ཅང་བསྐལ་པ་བཟང་པོ་ཞིག་རེད། དེ་བཞིན་དུས་འཁོར་དབང་ཆེན་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་། དང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཚོས་དམིགས་བསལ་འགན་ཁུར་བླངས་ནས་སྐུ་ལས་སྐྱོན་བཞིན་པར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

མཐར་སྲིད་སྐྱོང་མཆོག་གིས་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པར་བརྟེན་མི་མང་ཚོས་སྤྱང་གྲུང་དང་འགན་ཁུར་བཞེས་པའི་ཐོག་མེ་སྐྱོན་སོགས་མི་ཡོང་བར་ཡིད་གཟབ་དགོས་པའི་འབོད་སྐུལ་ཡང་ཞུས་སོང་བ་བཅས།།

གསུང་བཤད།

Post navigation

Previous Post: རྗེ་མི་ལའི་ཤྭ་གྲོལ་ཁྱི་གྲོལ་གྱི་སྒྲུབ་གནས་གཉི་ཤང་འགུར་རྟ་མཇལ་བ།
Next Post: སྤྲིན་ནག་ཀློང་གི་ཟླ་བ། (སྒྲུང་ཐུང་།)

Comments (8) on “སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་དང་རྒྱ་གར་གཞུང་མང་། དེ་བཞིན་བྷི་ཧཱར་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ།”

  1. རིན་ཆེན says:
    2017-01-07 at 2:56 pm

    ཐུགས་རྗེ་ཆེ་སྲིད་སྐྱོང་ལགས།དེང་སང་སྐུ་ཉིད་བསམ་བློའི་འཚར་ལོང་འབྱུང་བཞིན་ཡོད་པའི་ཚོར་སྣང་བྱུང་།

  2. ཨ་འབར་འཇིགས་དབང། says:
    2017-01-07 at 3:08 pm

    ༅༅། སྲིད་སྐྱོང་གཙོས་རང་གཞུང་གི་བཀའ་བློན་རྣམ་པ་། ལྷག་པར་དུ་དངས་བླངས་པ་སྤྱི་ཚོགས་ཞབས་
    ཞུ་བ་ཚང་མར་དུས་དབང་ཐེངས་་༣༤ གནང་སྐབས་དཔེ་མི་སྲིད་པའི་གོ་སྒྲིག་ཡག་པོ་གནང་འདུག་པ་
    བཀའ་དྲིན་ཆེ། ཐུགས་རྗེ་ཆེ། མཐའ་དོན་དུ་ཞི་བདེའི་དེད་དཔོན་ཆེན་པོ་རྒྱལ་བ་རིན་པོ་ཆེ་སྐུ་
    ཁམས་བདེ་ཞིང་ཐུགས་ཀྱི་བཞེད་དོན་རྣམས་ལྷུན་གྱི་གྲུབ་པའི་སྙིང་དུ་དབུས་ནས་མཆོག་གསུལ་ལ་
    བཅོས་མིན་གསོལ་འདེབས་ཞུ།
    ༅༅། བྱམས་བརྩེའི་བདག་ཉིད་ཡིད་བཞིན་ནོར་བུ་མཆོག།
    གནས་ཀྱི་མཆོག་འགྱུར་རྡོ་རྗེ་གདན་མཆོག་ལ།
    རྒྱལ་ཁབ་དགུ་བཅུ་ཙམ་གྱི་མི་རིགས་ལ།
    དུས་དབང་སོ་བཞི་བརྩལ་པ་བཀའ་དྲིན་ཆེ།
    ང་ཡང་དེའི་ཁོངས་ཚུད་པའི་༧སྐྱབས་འཇུག་།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2017-01-07 at 10:18 pm

    ༧གོང་ས་སྐྱབས་མགོན་རིན་པོ་ཆེ་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་ཞུ་བར་ལ་དྭགས་སོགས་རྒྱ་གར་ཁྲིམས་ཚུད་མི་རིགས་དང་། བོད་རིགས་སོགས་ཛམ་གླིང་རྒྱལ་ཁབ་ཚང་མ་ནས་བཀའ་དབང་བྱིན་རླབས་ཞུ་བར་འཛོམས་པ་ལ་བདག་སོགས་མཇལ་མ་ཐུབ་པ་སོགས་ཀྱིས་དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་པ་ལ་རྗེས་སུ་ཡི་རང་ཞུའོ།
    ལྷག་པར་དུ། བདག་གི་སྲིང་མོ་དགུང་ལོ་དགུ་ཅུ་ལྷག་ཟིན་པ་རང་གི་བུ་མོ་དང་བུ་སོགས་བཅས་པ་༧སྐྱབས་མགོན་ཆེན་པོའི་ཞབས་ནས་དཔལ་དུས་འཁོར་ལོའི་བྱིན་རླབས་ཞུ་བར་མཇལ་པ་ལ་རྡོ་རྗེ་གདན་དུ་གནས་སྡོད་རྒྱ་གར་པ་མི་ཚང་ཞིག་གིས་སྡོད་གནས་སྤྲོད་པར་དགའ་བ་སྐྱེས་སོ།

  4. ནུབ་ཕྱོགས་གངས་ཕྲུག says:
    2017-01-07 at 11:51 pm

    ད་ནས་སྲིད་སྐྱོང་གིས་དགོངས་སེལ་ཞུ་རྒྱུ་ཤེས་འདུག དགའ་བོ་བྱུང་། ཉེས་པ་ལ་ཉེས་པ་མཐོང་ངམ། མཐོང་ལགས། ཞེས་ལན་གནང་ན་ཡག་པོ་རེད།

  5. ཀརྡོ་རབ་འབྱམས་པ་ says:
    2017-01-08 at 2:54 am

    ་་་་་་་ ཡང་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་བྷི་ཧཱར་མངའ་སྡེ་གཞུང་ལ་དུས་དབང་སྐབས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་་་་་་་་

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2017-01-08 at 6:19 pm

    ང་ཚོའི་ངོས་ནས་ནུས་པས་མ་འདང་བ་དང་མ་ལྕོགས་པ་བྱུང་ཡོད་ཚེ།
    ་
    བི་ཧཱ་ར། མངའ་སྡེ་དེར་སྔར་དགོན་པ་མང་པོ་ཆགས་པའི་ཤུལ་ལུས་པས། བི་ཧཱ་ར་མངའ་སྡེ་ཞེས་མིང་ཐོགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་སྩོལ་བའི་དབང་དང་། དབང་གི་བྱིན་རླབས་ཆོས་ཞུ་མཁན་སྐལ་ལྡན་གྱི་མི་མང་པོ་འཛོམས་པར་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ནུས་པས་ལྡངས་པར་རྗེས་སུ་ཡི་རང་ཞུ་འོས་སུ་མཆིས་སོ།
    ་
    འདང་བ་ཞེས་པར་ལ་མགོ་དགོས་ཏེ།
    ་
    དེ་སྙེད་གོ་བས་ག་ལ་ལང་།
    ་
    འདིར་ཟུར་ཆག་ལང་ཞེས་བྲིས། ཟུར་མ་ཆག་ན། ལྡང་ཞེས་པ་འོང་དགོས།
    ཞེས་དང་། བྱ་ཚིག་འདས་པ་གང་ཡིན་གྱི་མཐར། པ་ཡིག་འབྲི་བ་བོད་ཀྱིས་མཁས་པས་བྲིས་པའི་དཔེ་ཆ་དག་དང་མཐུན་པར་མ་ཟད་ཆོས་སྐད་ཀྱི་སྒོ་ནས་བོད་རིགས་མི་མངས་གཅིག་ཏུ་སྒྲིལ་བའི་རྒྱུར་འགྱུར་བས། འདི་ཉིད་འབྲི་བ་པོ་དག་གིས་ཐུགས་ལ་འཇོག་པར་ཞུའོ།
    ་
    མ་དག་པ་གང་ཡིན་ལ་ཞུས་དག་མཛད་དགོས།

  7. ཀརྡོ་རབ་འབྱམས་པ་ says:
    2017-01-09 at 9:37 am

    བི་ཧཱ་ར། ནི། ནང་པའི་དགོན་པའམ། ནང་པའི་ལྷ་ཁང་ལ་ཟེར། སངས་རྒྱས་མ་བྱོན་གོང་ལ། ཡུལ་མ་ག་དྷ་ཟེར་བ་ལ་ཕྱིས་སུ་ནང་བསྟན་དར་ནས་བི ཧྰར་ཞེས་མིང་ཆགས་པས། བྷི་ཧཱར་ཞེས་འབྲི་སྟངས་འདི་ཡང་ནོར་བ་རེད།

  8. ཀརྡོ་རབ་འབྱམས་པ་ says:
    2017-01-09 at 10:16 am

    བི་ཧཱ་ར།
    Bihar (Hindi: बिहार, Urdu: بہار, pronounced [bɪˈɦaːr] ( listen)) is a state in eastern India.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme