Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

Posted on 2014-11-202014-11-20 By ཁ་བརྡ་ 33 Comments on སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 

སྲིད་སྐྱོང་མཆོག་ཨ་རི་དང་ཁེ་ན་ཌ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༡༩ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་ནས་ཁུལ་དེར་ཕྱི་ཚེས་༢༠ ཉིན་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་ནས། ཉིན་དེར་ཨ་རིའི་གྲོང་ཁྱེར་ནི་ཝག་(Newark) ཏུ་ཕེབས་ཐོན་གནང་ནས་ཕྱི་ཚེས་༢༡ ཉིན་ཕེབས་འབྱོར་གནང་ནས་ཉིན་དེར་ཁེ་ན་ཌའི་གྲོང་ཁྱེར་ཧ་ལི་ཕེག་སི་ Halifax ནང་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཟླ་༡༡ ཚེས་༢༡ ནས་༢༦ བར་ཁེ་ན་ཌའི་གྲོང་ཁྱེར་ཧ་ལི་ཕེག་སི་ Halifax རུ་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས།(Halifax International security forum) ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་དང་།

དེ་བཞིན་ཁེ་ན་ཌའི་གྲོང་ཁྱེར་མོན་ཌ་རེལ་(Montreal) དང་ཨོ་ཊ་ཝ་(Ottawa) བཅས་སུ་ཕེབས་ནས་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་དང་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། དེ་རྗེས་ཨ་རིར་ཕེབས་ནས་ཕྱི་ཟླ་༡༡ ཚེས་༢༧ ཉིན་གྲོང་ཁྱེར་ཝར་མོན་ཌ་ཁུལ་གྱི་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་དང་། ཝར་མོན་ཌ་གྲོང་སྡེའི་སྲིད་སྐྱོང་(Governor) མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

དེ་རྗེས་ཕྱི་ཟླ་༡༡ ཚེས་༢༨།༢༩ བཅས་ཉིན་གཉིས་རིང་སྲིད་སྐྱོང་མཆོག་སྐུ་སྒེར་གུང་གསེང་ཐོག་ཕེབས་རྒྱུ་དང་། སླར་ཡང་ཕྱི་ཟླ་༡༡ ཚེས་༣༠ ནས་ཕྱི་ཟླ་༡༢ ཚེས་༥ བར་ཨ་རིའི་གྲོང་ཁྱེར་ཝི་སི་ཀོན་སིན་(wisconcin) དང་ཤི་ཁ་ཁོ།(Chicago) ནིའུ་མེཀ་སི་ཁོ།(New Maxico) སན་ཏ་ཕེ།(Santa Fe) བྷོ་སི་ཊོན་བཅས་ནང་བོད་རིགས་ལ་གསུང་བཤད་དང་། གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་འདུག

ཕྱི་ཟླ་༡༢ ཚེས་༦།༧ ཉིན་བྷོ་སི་ཊོན་ནས་ཛུ་རིཀ་(Zuric) བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ནས་ཕྱི་ཚེས་༨ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག

གསར་འགྱུར།

Post navigation

Previous Post: དགེ་རྒན་ལགས། སེམས་ནང་གི་ཉི་མ།
Next Post: བོད་གཏན་དུ་བརྗེད་སོང་ངམ།

Comments (33) on “སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།”

  1. བདེན་པའི་ཕོ་ཉ་ says:
    2014-11-20 at 1:53 am

    སྲིད་སྐྱོང་མཆོག་གི་ལྟ་གྲུབ་གསུམ་ཡོད་པ་ནས་ལྟ་གྲུབ་གཅིག་གསར་གཏོད་ཞེས་པ་ནི་སྲིད་སྐྱོང་མཆོག་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་སྤྲོ་འཆམ་དུ་གང་མང་ཕེབས་རྒྱུ་དེ་རེད་འདུག་

  2. བསྟན་ཟླ། says:
    2014-11-20 at 3:02 am

    སྲིད་སྐྱོང་གི་སྤྲོ་འཆམ་གྱི་འགྲ་ོསོང་ཚང་མ་རང་བཙན་ལག་དེབ་ཀྱི་དངུལ་རེད་དམ་མ་རེད་།

  3. བདེན་པའི་ཕོ་ཉ་ says:
    2014-11-20 at 3:56 am

    རང་བཙན་ལག་དེབ་ལ་སོགས་པའི་གཞུང་དངུལ་རྣམས་རེད་སློབ་དཔོན་ཟམ་མདོང་མཆོག་གིས་བསིལ་ཚག་གནང་བ་རྣམས་གཏོར་ཤིག་བཏང་གི་ཡོད་པ་རེད་

  4. ཇས་ཏོག་ says:
    2014-11-20 at 7:20 am

    ང་ཚོ་ནི་ལུང་པ་མི་ལ་ཤོར་་བའི་སྐྱབས་བཅོལ་གྱི་སྒྲིག་འཛུགས་ཞིག་ཡིན་་ན
    ྱི་མགྲོན་ཤོག་འབྱོར་ཚད་ལ་དབུས་བོད་མིའི་
    སྒྲིག་འཛུགས་ཀྱི་དབུ་འཁྲིད་ཚོ་བཅར་དགོས་བྱུང་ན་དཔྱ་ཁྲལ་མ་དངུལ་ཕར་
    བཞག་བོདམི་བཙན་བྱོལ་བ་ཚོར་རོགས་་རམ་གནང་བའི་འཛིན་སྐ་ྱོང་གི་ལས་
    འཆར་ཡོངས་རྫོགས་བཏང་ཀྱང་ཁ་འདུམ་དཀའ་བས་སྲྲིད་སྐྱོང་མཆོག་གི་འགྲོ་
    སོང་མགྲོན་བདག་ནས་གནང་གི་ཡོད་ནའང་ྲོ་དོན་དངོས་ཐོག་བོད་ཀྱི་རྩ་དོན་ལ་
    ག་ཚོད་ཕན་འདུག་བལྟ་དགོས་པ་དེ་གལ་ཆེན་པོ་མིན་པ་ཡིན་ནམ་མ་གཞི་་
    བཀའ་ཤག་གི་གསར་གཏོད་གསུམ་ཟེར་བ་ནས་གཅིག་སྤྲོ་འཆམས་འདི་ཡིན་ས་
    འདུག་གོ་ཧ་ཧ་ང་ཚོའི་སྲིད་སྐྱོང་ཕྱིི་ལ་ཕེབས་རྒྒུ་མང་བས་ལས་བྱེེད་ཚོ་སྐྱིད་པོ་
    བྱུང་ན་འགྲིག་པ་རེད་

  5. ལྷ་སའི་བུ་ says:
    2014-11-20 at 10:49 am

    རྡ་སའི་ལས་ཁུངས་ཀྱི་རྐུབ་སྟེགས་སྟེང་བཞུགས་ན་ཕྱག་ལས་གནང་གི་ཡོད་པ་དང། ཕྱི་ཕྱོགས་ལ་ཕེབས་ན་གུང་སེང་ལ་ཕེབས་ཀྱི་ཡོད་པའི་བསམ་ཚུལ་དེ་ཁྲོན་པའི་ནང་གི་སྦལ་པའི་དཔེ་ལྟར་རེད། ང་ཚོའི་བདེན་དོན་འཐབ་རྩོད་ལ་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་དགོས་ངེས་དང། དེ་བཞིན་ང་ཚོར་རྒྱལ་ཁབ་མེད་ཙང་རྒྱལ་ཁབ་ཡོད་པ་ནང་བཞིན་གཞུང་གི་འགྲོ་སོང་མི་སེར་ནས་དཔྱ་ཁྲལ་བསྡུ་རྒྱུ་མེད་སྟབས་ཕྱི་ཕྱོགས་ནས་དཔལ་འབྱོར་་འཚོལ་སྒྲུབ་མི་བྱེད་ཐབས་མེད་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། བཙན་བྱོལ་ནང་ཡོད་པའི་བོད་མིའི་དང་བླང་དཔྱ་ཁྲལ་གྱིས་གཞུང་གྲོན་ཆ་ཤས་ཙམ་ལས་ལྡེང་ངེས་མེད་པ་ངས་ཞུ་གལ་མ་མཆིས། ཤེས་འཇོན་ཡོད་ན་ཕན་ཚུན་འབྲེལ་གཏུགས་བྱེད་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་རེད་བསམ་གྱི་ཡོད།

  6. ལུང་རྟོགས། says:
    2014-11-20 at 11:24 am

    ལྷ་སའི་བུ་ལགས། གོང་གི་མི་དེ་ཚོ་ནི་ཤར་ཁུག་གི་རྒྱུག་ཁྱི་དེ་ཚོ་རེད། ཁོ་ཚོས་ཆབ་སྲིད་ཀྱི་འགྲོ་སྟངས་ཅང་ཤེས་ལེ་མ་རེད། ཁོང་ཚོས་ཤེས་པ་ནི་མཐོ་རྒྱལ་པོ་ནས་དམའ་སྤྲང་པོའི་བར་ལ་ཁ་གཏོང་རྒྱུ་ཙམ་རེད།

  7. བདེན་པའི་ཕོ་ཉ་ says:
    2014-11-20 at 12:48 pm

    ཤར་ཁུག་གི་རྒྱུག་ཁྱི་བྱེད་དགོས་པའི་འུ་ཐུག་ཐབ་ཟད་དེ་འདྲ་གང་ཡང་མིན་ལ་ཆབ་སྲིད་གི་གོ་རྟོག་གང་ཙམ་ཡོད་པའི་མི་ཞིག་ཡིན་དྲ་འབུ་ཁྱོད་ནང་བཞིན་མིན་ཧ་གོ་སོང་བས་།

  8. རྒོད་པོ། says:
    2014-11-20 at 1:52 pm

    དང་པོ་སྲིད་སྐྱོང་མཆོག་ལ་རེ་བ་ཞིག་རྒྱབས། འོས་གཅིག་པོ་ཡང་ཁོང་ལ་བླུགས། གང་ཐུབ་ཁོང་ལ་རྒྱབ་སྐྱོར་བྱེས། དེ་ལྟར་བྱེས་ནས་ལོ་གསུམ་དང་ཕྱེད་ག་ཕྱིན། ད་ལྟ་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་སྟེང་ལ་ཞིབ་འཇུགས་བྱེས། ཁ་བཤད་དོན་ལ་གནས་འདུག་དང་མི་འདུག་ལྟོས། མཚམས་རེ་ཁོངས་ཁྲོ་ལངས། གཟའ་ཟླའི་སྒང་ལ་ཁོངས་ཁྲོ་ལངས། ད་ང་ཚོ་ལ་ག་རེ་འདུག་བསམ། ཆབ་སྲིད་གྱི་སྣེ་མོ་རྣམས་ཀྱི་གང་བྱེད་གྱིན་འདུག་བསམ། གཅིག་ལྟོས་དང་ཨ་རི་དོན་གཅོད་དང་ཨི་རི་སུ་དོན་གཅོད་གཉིས་ཀྱི་ལས་ཀ་འཇོན་གྱི་རེད་དང་མ་རེད། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་པ་ཡིན། དེ་རུ་མི་མང་པོའི་ས་གནས་དོན་གཅོད་གྱི་གང་ཡང་འཇོན་གྱི་མི་འདུག་ཟེར་ནས་སྐད་ཅོར་རྒྱབ། ད་གང་བྱེད། དངོས་ནས་སེམས་ཁྲེལ་ཞེ་དྲག་འདུག།

  9. རང་བྱུང་རིག་པའི་རྡོ་རྗེ says:
    2014-11-20 at 4:55 pm

    ངས་གོ་ཐོས་ལྟར་ན། བོད་གཞུང་གི་འགྲོ་གྲོན་ཕལ་ཆེར་རང་བཙན་ལག་དེབ་ཀྱི་དངུལ་ལ་བརྟེན་ནས་ཡོད་སྐད་ཐོས། སྲིད་སྐྱོང་གིས་ཕྱི་རྒྱལ་ཕྱོགས་སུ་བསྐྱོད་དེ་སྦྱིན་བདག་འཚལ་མ་ཐུབ་ཚེ་འགྲོ་སོང་ཚང་མ་བོད་གཞུང་ནས་གཏོང་དགོས་ཐུག་ན་ཧ་ཅང་གི་སེམས་ཕམ་པའི་གནས་རེད། །དེའི་ཁར་མགྲོན་ཁང་གང་བཟང་དང་གནམ་གྲུའི་སྡོད་ས་ལེགས་ཤོས་ཏེ་ལོངས་སུ་སྤྱད་ན་ཤིན་ཏུ་མི་འོས་པ་ཞིག་རེད་སྙམ། །

  10. སྤོབས་པ་མཐའ་ཡས། says:
    2014-11-20 at 9:32 pm

    ང་ཚོས་དཔྱ་ཁྲལ་ཕུལ་བ་དེ་སྲིད་སྐྱོང་གི་ཕྱོགས་ཕེབས་སོགས་ཀྱི་འགྲོ་གྲོན་གཏང་སྤྱད་ལ་ཕུལ་གི་ཡོད་པ་རེད། སྲིད་སྐྱོང་གིས་རྡ་སའི་རྐུབ་སྟེགས་སྲུང་ཞིང་མ་ཎི་འདྲ་བགྲང་ནས་བཞུགས་པ་ལས་ཕྱོགས་ཕེབས་ག་ཚོད་མང་མང་གནང་ན་ལེགས། ཕྱོགས་ཕེབས་གནང་དུས་ཀྱང་སྲིད་དོན་དང་ཕྱི་འབྲེལ་གྱི་ཆ་ནས་རང་བཙན་ཡོད་མཁན་གྱི་དབུ་ཁྲིད་ལྟ་བུའི་རྒྱས་སྤྲོས་མེད་ན་ཡང་དཔལ་འབྱོར་གྱི་ནས་རྒྱ་ནག་གི་དཔོན་རིགས་ཕྱོགས་ཕེབས་པ་དག་ཀྱང་ཟིལ་གྱིས་གནོན་ཐུབ་པ་ལྟ་བུའི་རྒྱས་སྤྲོས་བྱེད་ཐུབ་དགོས།

  11. སྤོབས་པ་མཐའ་ཡས། says:
    2014-11-20 at 9:41 pm

    སྲིད་སྐྱོང་གིས་མགྲོན་ཁང་ཟས་ཁང་གང་སྡུག་ལ་རོལ་ནས་སོང་བོད་སྤྱི་དོན་ལ་ཕན་ལས་གནོད་ཆེ་བར་ངེས། སྲིད་སྐྱོང་འདོད་ཡོན་སྤངས་པའི་གྲྭ་བཙུན་ནི་མ་རེད། རྒྱས་སྤྲོས་ག་ཚོད་གནང་ཐུབ་པའི་སྙིང་སྟོབས་ཡོད་ན་དེ་ཙམ་གྱིས་ལེགས། ལྷག་པར་ཡང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་སུ་ཁ་སྟབས་སྐྱོ་བོ་གཏན་ནས་གནང་མི་ཉན། མི་གཅིག་གི་འགྲོ་སོང་དེ་ས་ཡ་དྲུག་གིས་གཏོང་ཐུབ་དགོས་རྒྱུ་རེད། སྤྱིར་ན་འགྲོ་གྲོན་ག་ཚོད་སྐྱོ་སྐྱོ་བྱས་ན་དེ་ཙམ་གྱིས་ཁ་རྗེ་དབང་ཐང་དམའ་ཡོང་གི་རེད། རྒྱ་ནག་གི་སྔོན་དུ་ཡིན་ན་ཡང་སྲིད་སྐྱོང་གིས་རྒྱས་སྤྲོས་གང་འོས་གནང་ན་ལེགས་སྙམ། སྤྱིར་ན་རྒྱ་མི་ཟེར་བ་འདི་མིག་ཕྲ་བོ་དང་། ཟ་རྒྱུ་ལ་ཧ་ཅང་དང་དོད་ཆེན་པོ་ཡིན་པས་ང་ཚོའི་སྲིད་འཛིན་མཆོག་གིས་དཔེ་མི་སྲིད་པའི་གསོལ་སྟོན་རྒྱ་ཆེན་པོ་ལ་རོལ་དགོས། དེ་ལྟར་བྱས་ན་ཁོང་ཚོའི་དཔའ་ཞུམ་གི་རེད།

  12. ཇས་ཏོག་ says:
    2014-11-20 at 9:41 pm

    བོད་ཀྱི་རྩ་དོན་བོད་མིའི་སྒྲུབ་དགོོས་པ་ལས་ཕྱི་ལ་སློང་རྒྱབ་ནས་་བོད་ཀྱི་མངའ་དབང་གནས་མི་ཐུབ་་བཀའ་ཤག་གི་གསར་གཏོད་གསུམ་ནས་གཅིག་རང་ཁ་
    རང་གསོ་ཟེར་བ་དེ་ཕྱི་ལ་དཔལ་འབྱོར་སློང་་ཡ་དེ་ཡིན་པ་དྲ་འབུ་ཁྱོད་ཚོས་
    ངོས་གནང་གི་ཡོད་་ན་ལས་་ངས་ནི་ནམ་ཡང་ངོས་འཛིན་ཞུ་ཐུབ་་མ་སོང་ཧ་ཧ་
    དོན་མེད་བརྩོད་པ་རྒྱབ་ལས་དྲ་འབུ་ཁྱེད་རྣམས་ཐོབ་པ་བགྱིས་སྐུ་ཚེ་རིང་།

  13. རང་བྱུང་རིག་པའི་རྡོ་རྗེ says:
    2014-11-20 at 10:17 pm

    སྤོབས་པ་ཤེས་རྒྱ་ཞིག་མི་འདུག ཁྱོད་ཀྱིས་བསམ་བློ་གཏོང་སྟངས་ཏེ་མི་གཞན་ཐམས་ཅད་ཅི་ཡང་མི་ཤེས་པའི་ལྐུགས་པ་ལྟ་བུ་རེད། སྲིད་སྐྱོང་གི་རྫིག་པོ་གང་འདྲ་ཞིག་བྱས་ཀྱང་སྟོབས་འབྱོར་མེད་པ་ཀུན་གྱིས་མཁྱེན་གསལ་རེད། གང་རྫིག་བྱེད་ན་སྦྱིན་བདག་ཐམས་ཅད་བརླག་འགྲོ་བའི་ཉེན་ཁ་ཡོད་པ་རེད། སྔར་ངའི་སྦྱིན་བདག་ངེད་ཀྱི་རྩར་བསླེབས་དུས་ང་ལ་པར་ཆས་རྫིག་པོ་སོགས་ཆ་རྐྱེན་ལེགས་པོ་འདུག་ཟེར་ནས་སྦྱིན་བདག་མཚམས་བཅད་སོང་། དེ་དང་དེ་ལྟ་བུ་འོང་སྲིད་པ་རེད།།

  14. སྤོབས་པ་མཐའ་ཡས། says:
    2014-11-20 at 10:46 pm

    རང་བྱུང་རིག་རྡོར་ལགས། སྐྱིད་པོ་གཏོང་ཐུབ་དང་མི་ཐུབ་ཟེར་བ་དེ་མི་རང་རང་གི་ཁ་རྗེ་དབང་ཐང་ལ་རག་ལས་པ་ཞིག་རེད་མ་གཏོགས་དངུལ་ཁུག་ཡང་ལྗིད་པ་རག་ལས་པ་ཞིག་མ་རེད། ཁྱེད་རང་གིས་ཀྱང་སྐྱིད་པོ་ཐོངས། དངུལ་ཁུག་ལྗི་ནས་ཅི་ཡན་ཕན་གྱི་མ་རེད། དེ་ལས་སྐྱིད་པོ་གཏོང་ཐུབ་དགོས་པ་རེད། དེ་ནི་རྒྱལ་ཁབ་ཤིག་གི་དབུ་ཁྲིད་ཡིན་ན་འདྲ། སྤྲང་པོ་ཞིག་ཡིན་རུང་འདྲ། སྐྱིད་པོ་ཟེར་བ་དེ་སུ་ཡིན་ཡང་གཏོང་དགོས་པ་ཞིག་རེད། དབུ་ཁྲིད་སྣང་བ་སྐྱིད་པོ་ཞིག་ཡོད་ན་མི་མང་ཡང་སྣང་བ་སྐྱིད་པོ་དང་སྐྱིད་པོ་གཏོང་ཤེས་མཁན་ཞིག་ཆགས་ཡོང་གི་རེད་བསམ་གི།

  15. སྤོབས་པ་མཐའ་ཡས། says:
    2014-11-20 at 10:51 pm

    སྔོན་མ་ཟམ་གདོང་གཞུང་གིས་ཐུགས་སྤྲོའི་སྐབས་སུ་ལས་བྱེད་རྒས་ཡོལ་ཚོར་སྐལ་བ་བཅད་པ་རེད་ཟེར་ནས་གཏམ་ངན་གླིང་ལ་གྲགས་སོང་། བདེན་མིན་ནི་མི་ཤེས། དེ་འདྲ་བྱས་ན་བསོད་ནམས་ཟེར་བ་དེ་རང་ཤུགས་ཀྱིས་རྫོགས་འགྲོ་གི་རེད། ད་ལྟའི་སྲིད་སྐྱོང་འདི་དང་དེའི་ཉེ་འཁོར་ན་ཡོད་པ་ཚོས་སྐྱིད་པོ་གཏོང་སྟངས་ཤེས་དགོས་ཀྱི་འདུག

  16. བདེན་པའི་ཕོ་ཉ་ says:
    2014-11-20 at 11:21 pm

    སྤོབ་མཐའ་རྙིང་རྗེ་ཁྱོད་ཟ་རྒྱུར་དགའ་བའི་མིཞིག་ཡིན་པ་འདྲ་ང་ཚོས་སྲིད་སྐྱོང་འོས་འདེམས་བྱེད་ཡས་ཀྱི་དམིགས་ཡུལ་བོད་རྒྱ་འབྲེལ་མོལ་གི་ཐོག་ནས་བོད་ཀྱི་བདེན་པའི་རྩ་དོན་སྒྲུབ་ཐུབ་པའི་རེ་བ་ཆེན་པོས་འོས་འཕེན་པ་ཡིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སློང་མོ་རྒྱབ་ནས་རྒྱས་སྤྲོད་བཏང་རྒྱུའི་ཆེད་དུམིན་ཧ་གོ་སོང་བས་དྲ་འབུ་

  17. ལུང་རྟོགས། says:
    2014-11-20 at 11:28 pm

    སྲིད་སྐྱོང་ཕྱི་རྒྱལ་ལ་གང་གི་ཆེད་དུ་ཕེབས་ཀྱི་ཡོད་པ་དྲ་འབུ་ཁྱོད་ཚོས་ཨེ་ཤེས། དེ་གསལ་གསལ་ཐིང་ཐིང་ཞིག་ཤེས་སོང་ན་གཞི་ནས་བཟང་བཤད་ངན་བཤད་རེ་བྱེད་ཆོག་གི་རེད། དེ་མིན་གནད་དོན་ཅི་ཡང་མི་ཤེས་པར་སློང་མོ་རྒྱག་དུ་སོང་བ་རེད་སྐྱིད་པོ་གཏོང་དུ་སོང་བ་རེད་སོགས་གཞི་རྩ་མེད་ཚོད་དཔག་དང་སྐྱོན་བརྗོད་བྱེད་པ་ནི་རང་ཉིད་ལ་མི་གཞི་དང་བཟང་སྤྱོད་འགན་ཁུར་མེད་པའི་རྟགས་ལས་ཅི་ཡང་མིན།

  18. བདེན་པའི་ཕོ་ཉ་ says:
    2014-11-21 at 12:03 am

    ཕྱི་རྒྱལ་ཁག་ལ་གང་གི་ཆེད་དུ་ཕེབས་གི་ཡོད་མེད་གསལ་པོ་ཧ་གོ་གི་ཡོདཕྱི་རྒྱལ་ལ་་ཕྱིན་ནས་མི་སྒེར་རེ་བཟུང་དང་ཚོགས་པ་རེ་བཟུང་གི་བོད་ལ་རྒྱབ་བསྐྱོར་ཡོད་པའི་སྐད་ཆ་བཤད་པར་ཧ་ལས་རྒྱུ་གང་ཡོོོད་མ་རེད་ད་

  19. རྒྱ་གར་རྨ་བྱ། says:
    2014-11-21 at 3:06 am

    སྲིད་སྐྱོང་མཆོག་ནས་ཕྱི་རྒྱལ་ཁག་ཏུ་ཕྱོགས་བསྐྱོད་ཀྱིས་གནད་ཡོད་ཆབ་སྲིད་མི་སྣེ་མཇལ་འཕྲད་ཀྱིས་བོད་ནང་གི་དཀའ་སྡུག་བསལ་ཐབས་དང་།

    ཆབ་སྲིད་ལ་དོ་འཁུར་མེད་མཁན་དག་དང་མཇལ་ནས་དཔལ་འབྱོར་རོགས་དངུལ་ཐབས་ལམ་གནང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་དཀའ་ཚེགས་ལྟེ་བ་གཉིས་དེ་ཡིན་པས། དེ་གཉིས་བསྒྲུབས་དང་སྒྲུབ་ཀྱིན་ཡིན་ཚོད་རེད། དཔལ་འབྱོར་ཡོད་ན་ཐམས་ཅད་ཡོད་ཚོད་དང་། མེད་ན་ཐམས་ཅད་ཤོར་འགྲོ་བ་ང་ཚོས་གསལ་གསལ་ཤེས་ཤེས་རེད།

    དེས་ན། ང་ཚོས་རང་གི་འགོ་འཁྲིད་ཕྱོགས་ཕེབས་སོགས་ཀྱི་ལམ་རིམ་ལ་འདང་བརྒྱབས་ནས། བདེན་དོན་གྱི་བཀའ་མོལ་གནང་དགོས་པ་ལས། བརྒྱུད་ལམ་ཆེ་ཁག་ཏུ་བདེན་ཆ་གང་ཡང་མེད་པའི་འཆལ་གཏམ་ནང་དཀྲུགས་ཁྱབ་སྤེལ་གནང་ན་གྱོང་གུད་འུ་ཚང་ལས་མེད་པས་ཡིད་གཟབ་བྱོས་ཟེར་བ་ཡིན།

    སྒེར་ནད་འདྲ་ཡོད་ན་སྲིད་སྐྱོང་མཆོག་གི་གློག་འཕྲིན་བརྒྱུད་འབྲེལ་ལམ་བྱ་ན་འཐུས་པ་རེད་སེམས་ཀྱི་འདུག

  20. ལུང་རྟོགས། says:
    2014-11-21 at 3:56 am

    རྒྱ་གར་རྨ་བྱས་བདེན་པ་གསུང་སོང་། སྐད་ཆ་བཤད་ན་བདེན་པ་བཤད་དགོས་པ་ལས་འཁྱོག་བཤད་བྱས་ནས་སུ་ལའང་ཕེན་ཐོག་མེད། གཞི་མེད་སྐྱོན་བརྗོད་ལ་དགའ་བའི་དྲ་འབུ་ཚོས་སྲིད་སྐྱོང་སུའི་སྲིད་སྐྱོང་ཡིན་པ་དང་། རང་ཉིད་སུའི་ཆབ་འབང་ཡིན་པ་ཤེས་དགོས་པ་རེད། རང་རྐང་ལ་རང་ཉིད་ཀྱིས་ཐག་པ་བཏག་ནས་མར་འཐེན་སྡད་ན་དགོས་པ་ཅང་མེད་པ་རེད།

  21. བདེན་པའི་ཕོ་ཉ་ says:
    2014-11-21 at 4:36 am

    མངགཙོའི་གཞུང་ཞིག་ཡིན་ན་སྨྲྲྲྲྲ་སྤྱོྱོྱོྱོད་ཀྱི་རང་དབང་ཡོད་དངོས་ཡོད་གནས་ཚུལ་བཤད་པ་ཡིན་སྒེར་ནད་མེད་གལ་སྲིད་སྒེར་ནད་ཡོད་ན་སྲིད་སྐྱོང་དངོས་སུ་ཐུགས་ནས་སྐད་ཆ་བཤད་ཆོག་གི་རེད་སྲིད་སྐྱོང་ནི་བཙན་བྱོལ་བ་བོད་མི་ཉུང་ཤད་ཞིག་ག་ི་སྲིད་སྐྱོང་རེད་དེའི་ནང་ནས་ཀྱང་རྒྱ་ཆ་50%ལྷག་གི་སྲིད་སྐྱོང་རེད་

  22. རྒོད་པོ། says:
    2014-11-21 at 8:20 am

    རྒྱ་གར་རྨ་བྱའི་ཅང་བཤད་ཤེས་མ་བྱུང། སྲིད་སྐྱོང་གི་བྱེས་ནོར་ཐད་ལ་སྐྱོན་བརྗོད་བྱེད་དགོས་པ་གལ་ཆེན་པོ་རེད། མི་སུ་ཅིག་ལ་མི་ཡིའི་ཁ་བཀག་ཡ་ལ་ཐོབ་ཐང་ཡོད་མ་རེད། སྨ་བརྗོད་རང་དབང་རེད། བདེན་པ་ཡིན་མིན་རང་ཉིད་ཀྱི་རིགས་པ་བཏང་ནས་གསལ་སྟོན་བྱེད་དགོས་པ་རེད། དེ་མིན་འདི་འགྲིགས་འདུག་དང་འདི་འགྲིགས་འདུག་ཟེར་ཡ་ཐོབ་ཐང་སུ་ཅིག་ལ་ཡོད་མ་རེད།

  23. ལུང་རྟོགས། says:
    2014-11-21 at 10:23 am

    དམངས་གཙོ་ཞེས་པ་དེ་གང་དྲན་དྲན་མ་རེད། དམངས་གཙོ་ལ་ཐོབ་ཐང་ལས་འགན་ཁུར་གཙོ་ཆེ་བ་རེད། འགན་མི་ཁུར་བའི་སྤྱི་ཚོགས་ནང་ལ་དམངས་གཙོ་ཡོད་པ་ལས་མེད་པ་ཡག་གི་རེད། ཤེས་ཡོན་མེད་པའི་སྤྱི་ཚོགས་ནང་ལ་དམངས་གཙོ་མི་འཕྲོད་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པ་རེད། དེ་ཅིག་ཡིན། གཉིས་ནས་བཙན་བྱོལ་གཞུང་འདི་བོད་སྤྱི་པའི་གཞུང་ཡིན་ན་སྲིད་སྐྱོང་ཡང་བོད་སྤྱི་པའི་སྲིད་སྐྱོང་རེད། སྲིད་སྐྱོང་བོད་མི་ཉུང་ཤས་ཀྱི་སྲིད་སྐྱོང་ཡིན་ན་བཙན་བྱོལ་གཞུང་འདི་ཡང་བོད་མི་ཉུང་ཤས་ཀྱི་གཞུང་ཆག་འགྲོ་བ་རེད། མཚམས་འདི་ནས་དྲི་བ་ཞིག་ཡོད། འོ་ན་བོད་མི་ལྷག་མ་དེ་དག་གི་གཞུང་དང་དབུ་ཁྲིད་སུ་རེད་དམ། རྒྱ་དམར་གཞུང་དང་ཞི་ཅིན་ཕིན་ནི་ཡིན་དོག་མེད། ཧཧཧ

  24. བདེན་པའི་ཕོ་ཉ་ says:
    2014-11-21 at 12:14 pm

    མང་བགཙོ་ཡང་ཤེས་རྟོག་ཡོད་ལ་སྤྱི་ཚོགས་ནང་འགན་འཁུར་ཐུབ་མཁན་གི་མི་ཞིག་ཡིན་ཁྱོད་ཀྱི་དྲི་བར་ལན་བོད་ནང་ཡོད་པའི་གཞིས་ལུས་བོད་མི་རྣམས་ནི་བོད་ཀྱི་བདེནམཐའ་མ་སེལ་བར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཞི་ཅི་ཕིང་གི་འོག་གནས་རྒྱུ་ནི་དངོས་ཡོད་གནས་འཚུལ་རེད་

  25. ནུབ་ཕྱོགས་གངས་ཕྲུག says:
    2014-11-21 at 2:03 pm

    བོད་པའི་རྩ་དོན་དེ་ནུབ་ཕྱོགས་་ལ་འགྲོ་ནས་བསལ་ཐབས་ཡོད་མ་རེད། དེ་བས་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུར་འབད་བརྩོན་བྱེད་དགོས།

  26. རྟ་བདུན་དབང་བོ says:
    2014-11-21 at 3:27 pm

    སྲིད་སྐྱོང་ལགས་ནུབ་ཕྱོགས་ཡུལ་གྲུ་སོགས་ལ་བྱོན་ནས་དཔལ་འབྱོར་གྱི་མཁོ་སྒྲུབ་བྱེད་ན་མ་གཏོགས་བོད་ཀྱི་རྩ་དོན་ལ་གནོད་མ་སྐྱེལ་ཡང་ཕན་ཐོགས་ཐུབ་ཀྱི་མ་རེད་སྙམ། གང་ཡིན་ཞེ་ན་ནུབ་ཕྱོགས་རྒྱལ་ཁབ་ཚོར་བོད་ལ་ཕན་པའི་ནུས་པ་ཡོད་པ་མ་རེད། དེའི་ཕྱིར་ཆབ་སྲིད་ཀྱི་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོར་སྐྱབས་མ་བཅོལ་ན་ལེགས།།

  27. ནད་མེད་ཚེ་རིང་། says:
    2014-11-21 at 3:28 pm

    དྲ་གྲོགས་རྣམ་པར་ཞུ་རྒྱུ། སྲིད་སྐྱོང་མཆོག་ཕྱི་རྒྱལ་དུ་ཕྱོགས་ཕེབས་ཐད་ཆབ་སྲིད་དང་དཔལ་འབྱོར་བསྡུ་རུབ་བཅས་ཀྱི་ཁེ་ཕན་ཡོད་པ་བརྗོད་མཁན་རིགས་ཤིག་དང་། དེ་བཞིན་ལྡོག་ཕྱོགས་བཤད་མཁན་ཡང་འདུག
    གང་ལྟར་རང་ཉིད་ནས་བལྟ་ཞིབ་བྱ་སྐབས་གནད་དོན་གལ་ཆེ་ཁག་འགའ་ཞུ་འདོད་བྱུང་།
    ༡༽ སྲིད་སྐྱོང་མཆོག་ནས་ཟ་ཁང་རྫིགས་པོ་སྐར་མ་ལྔ་ཅན་ནང་སྡོད་པ་དང་མོ་ཀྲ་རྫིགས་པོ་ནང་ཕེབས་པ་བཞིན་པ་ནི་འོས་འཚམས་མ་མཐོང་། རྒྱུ་མཚན་ནི་ཕྱོགས་བསྐྱོད་འགྲོ་གྲོན་ཐ་དག་བཙན་བྱོལ་བོད་མིའི་དཔྱ་ཁྲལ་བསྡུ་འབབ་དང་ལྷག་པར་དུ་༧གོང་ས་མཆོག་གི་ཡིག་ཚང་ནས་གནང་བའི་མ་དངུལ་ནང་གཏོང་གི་ཡོད། ང་རང་ཚོའི་གནས་སྟངས་ལ་དཔག་ནས་སྤམ་པོ་བྱེད་ནང་ཕྱི་མིའི་མཐོང་སྣང་ལ་ལེགས་པ་དང་རོགས་རམ་གནང་མཁན་ནས་ཀྱང་མུ་མཐུད་ནས་དཔལ་འབྱོར་རྒྱབ་སྐྱོར་གནང་ངེས་ཡིན།

    ༢༽ ཚོགས་འདུ་དང་ཚོགས་པ་གལ་ཆེ་ཆུང་ལ་མ་གཟིགས་པར་མགྲོན་འབོད་འབྱོར་ཚེ་ཕེབས་ཀྱང་གནང་ན་དྲིལ་བསྒྲགས་ལ་ཕན་ལ་མ་གཏོགས་རྩ་དོན་ལ་དེ་ཙམ་ཕན་ཐོག་མ་མཐོང་། དེས་ན་སྲིང་སྐྱོང་མཆོག་གུང་སེང་རང་ཡིན་ནོ།

    ༣༽ མང་ཚོགས་ནས་ཆབ་སྲིད་ཐོག་དོ་སྣང་ཀྱིས་གནད་དོན་འདྲ་མིན་ཐོག་བགྲོ་གླེང་ཤུགས་ཆེ་གནང་བ་ནི་བསམ་བློའི་གནས་ཚད་ཡར་རྒྱས་འགྲོ་བཞིན་པས་བཟང་ཕྱོགས་ཀྱི་རྣམ་པ་ལས། སྤྱི་ཚོགས་ནས་དེ་ཙམ་གནོད་མི་སྲིད། འོན་ཀྱང་མང་ཚོགས་ནས་རང་ཀྱི་འགོ་ཁྲིད་ཚོས་ཕྱག་ལས་གནང་ཕྱོགས་ལ་དོ་སྣང་མ་གནང་ནས། ཁ་དཔེ་ལྟར་སྡེ་བ་གཞུང་གི་བྱུས་གཏོགས་སྡེ་སྲིད་མགོ་ལེབ་བྱེད་ཀྱི་རེད་ཟེར་ནས་བཞག་པས་མཇུག་འབྲས་གང་བྱུང་ཚང་མས་མཁྱེན་གསལ་ལྟར། རང་ཡུལ་བསྐྱལ་བ་རེད་དོ། དེས་ནས་སྲིད་སྐྱོང་མཆོག་ཙམ་མ་ཡིན་པར་ང་རང་ཚོའི་འགོ་ཁྲིད་རྣམ་པའི་ཕྱག་ལས་གནང་ཕྱོགས་འགྲིག་མིན་ཐད་འགན་འཁུར་ཐོག་ནས་འཛེམས་མེད་ཐེར་འདོན་གནང་གལ་ཆེ།

    ༤༽ སྲིད་སྐྱོང་མཆོག་ལ་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་བྱེད་པ་དེ་བོད་མིའི་ཆིག་བསྒྲིལ་ལ་གནོད་ལུགས་བརྗོད་མཁན་ནི་ཁོང་ལ་ཞེན་ཁོགས་རྒྱབ་ལངས་བྱེད་པ་ལས་དོན་ངོ་མར་སྤྱི་དོན་ཕུངས་ལ་སྦྱར་གྱི་ཡོད།

    ༥༽ སྲིད་སྐྱོང་མཆོག་ནས་ཕྱག་ལས་ཡག་པོ་གནང་བའང་ཡོད་པས་མངགས་བརྗོད་ཞུ་དགོས་པ་ཡིན།

    ༦༽ ང་ཚོས་འཐབ་རྩོད་ནི་ཡུན་རིང་འགོར་རྒྱུ་ཡིན་སྟབས་སྒྲིག་འཛུགས་སྲ་བརྟན་དགོས་པ་ཡིན། དེ་ཡོང་བར་བྱེད་པ་ལ་སྲི་ཞུ་ལས་བྱེད་ལྷག་བསམ་དང་འཇོན་ཐང་ཅན་བདག་པོ་རྒྱབ་དགོས་པ་ཡིན། ད་ལྟའི་བཀའ་ཤག་ནས་སྲིད་ཞུ་ལས་བྱེད་རྒན་པར་ཆེ་མཐོང་དེ་ཙམ་གནང་བཟོ་མེད་པའི་གནས་ཚུལ་མང་པོ་གོ་རྒྱུ་འདུག

    ༧༽ ལས་བྱེད་རྒན་པ་ཚོ་ནི་ཁང་པའི་ཀ་བ་ལྟ་བུ་ཡིན་པས་དེ་ལུགས་བདག་ཉར་བྱ་དགོས་པ་གལ་ཆེ། ཉེ་ཆར་ལས་བྱེད་རྒན་གྲས་མི་ཉུང་བ་ལོ་དུས་མ་ཚང་བར་རྒས་ཡོལ་སྔ་བསྣུར་ཞུས་པ་དང་རྩ་དགོངས་ཞུས་འདུག་པས་རྒྱུ་མཚན་ཇི་ཡིན་ཐུགས་ཞིབ་ཞིག་གནང་ན་ཕན་ཐོག་ཡོང་ངེས།

    ༨༽ མཐའ་དོན་དུ། སྲིད་སྐྱོང་མཆོག་ནས་མི་མང་གི་རེ་བ་གནང་བ་ལྟར་ཕྱག་ལས་གྲུབ་འབྲས་བཟང་པོ་ཐོབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

  28. ལུང་རྟོགས། says:
    2014-11-21 at 11:45 pm

    འོ་ཡ། ངས་ནི་བོད་མི་ས་ཡ་དྲུག་གི་གཞུང་ཅིག་ཡོད་པ་ནི་བོད་བཙན་བྱོལ་གཞུང་དང་དབུ་ཁྲིད་ཅིག་ཡོད་པ་ནི་སྲིད་སྐྱོང་མཆོག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཚོས་བོད་ནང་གི་བོད་མི་ཚོའི་གཞུང་རྒྱ་ནག་གཞུང་དང་དབུ་ཁྲིད་ཞི་ཅིན་ཕིན་ལ་ངོས་འཛིན་བྱེད་ཀྱི་ཡོད་དུས་སྲིད་སྐྱོང་ལ་རྩི་སྐུར་མི་བྱེད་པའི་རྒྱུ་མཚན་ཡང་གསལ་པོ་ཆགས་སོང་། ནུབ་ཕྱོགས་ལ་འགྲོ་ནས་བོད་དོན་སྒྲུབ་རྒྱུ་མེད་ན་བོད་པ་ཚོ་ནུབ་ཕྱོགས་ལ་ཚང་ཁ་ཤིག་ཤིག་འགྲོ་དོན་ཅི་ཡིན་ནམ། བོད་པ་ཚོའི་སྒྲུབ་བྱ་གཙོ་བོ་དེ་བོད་དོན་མ་ཡིན་ནམ།

  29. སྤོབས་པ་མཐའ་ཡས། says:
    2014-11-21 at 11:59 pm

    དེ་རེད། ལུང་རྟོགས་མཆོག་གིས་གསུངས་པ་དེ་ག་ནང་བཞིན་རེད། དམངས་གཙོ་ཟེར་བ་དེ་མི་མང་གིས་འགན་ཁུར་ནས་རང་གི་སྲིད་གཞུང་འཛིན་སྐྱོང་བྱེད་པ་དེ་ལ་ཟེར་བ་རེད། དེའི་ནང་དུ་རང་གི་དབུ་ཁྲིད་ལ་གུས་བཀུར་དང་། སྲུང་སྐྱོབ། བརྩི་འཇོག་བྱ་རྒྱུ་དེ་ལས་འགན་གཙོ་བོ་ཞིག་རེད། ནམ་ཡིན་ཡང་དབུ་ཁྲིད་ལ་སྐྱོན་རྗོད་ཙམ་ལས་མེད་མཁན་འདི་རིགས་དམངས་གཙོ་མ་རེད་དམངས་བཤིག་གིས། མི་མང་ངན་པས་རང་གཞུང་བཤིག་གི་ཡོད་པ་རེད།
    བོད་དོན་སྒྲུབ་སྟངས་ཟེར་བ་དེ་གོ་སྐབས་གར་ཡོད་བལྟས་ནས་བསྒྲུབ་རྒྱུ་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་ལ་འབྲེལ་བ་མ་བྱེད་ཟེར་ན་ཅི་ཟེར་གི་ཡོད། རྒྱ་ནག་ལ་བསྟུན་ནས་ཅིག་འགྲུབ་རྒྱུ་ཡོད་ན་དང་པོ་གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་ཅིག་འགྲུབ་ཡོད་རྒྱུ་རེད་མོད་དེས་མ་འགྲིགས་ནས་ལས་མཐའ་འདི་ཡོང་བ་རེད།
    ངས་ཁར་སང་ཞུས་ཡོད། སྲིད་སྐྱོང་མཆོག་གར་ཕེབས་གར་བཞུགས་ལ་ཕྱག་གྲོན་འབེལ་འབེལ་ལྷུག་ལྷུག་གཏོང་ཐུབ་དགོས། སྲིད་དོན་གྱི་ཆ་ནས་ང་ཚོས་རྒྱས་སྤྲོས་མ་ནུས་ན་ཡང་དཔལ་འབྱོར་གྱི་ཆ་ནས་གཉའ་ཞུམ་དགོས་དོན་མི་འདུག མི་ས་ཡ་དྲུག་གིས་མི་གཅིག་ལ་འགྲོ་སོང་གཏོང་མི་ནུས་པ་ག་ལ་སྲིད།

  30. བདེན་པའི་ཕོ་ཉ་ says:
    2014-11-22 at 2:42 am

    ཧ་ཧ་ཧ་ད་གད་མོ་ཆོར་བའི་སྐད་ཆ་མང་པོ་བཤད་གི་འདུགས་བོད་པ་ཚོ་ཚང་ག་ཤིག་ཤིག་ཕྱི་རྒྱལ་ལ་འགྲོ་བ་དེ་བོད་ཀྱི་བདེན་དོན་ཆེད་དུ་མ་ཡིན་པར་སོ་སོའི་ལྟོ་གྲོས་པ་གང་གི་ཆེད་དུ་རེད་ང་ཚོ་ནི་བཙན་བྱོལ་བ་ཡིན་པའི་ཆ་ནས་སྲིད་སྐྱོང་མཆོག་ཀྱང་བཙན་བྱོལ་བའི་གནས་བབ་ཟུང་དགོས་པ་མ་ཏོག་རྒྱལ་སྤྲོད་ཆེད་ན་ཕྱི་མི་ལ་ངོ་ཡང་གནོང་ངོ་

  31. ལུང་རྟོགས། says:
    2014-11-22 at 3:59 am

    འོ་ངས་ཀྱང་དེ་བསམ་སོང་། བོད་པ་ཚོས་ལྟོ་གྲོད་པ་གང་གི་ཆེད་དུ་བོད་དོན་བློས་གཏོང་ཐུབ་ཀྱི་ཡོད་པའི་རང་ཉིད་ཀྱི་བྱ་སྤྱོད་དེ་ཤེས་པར་གྱིས་ལ་བོད་དོན་གྱི་ཆེད་དུ་དཀའ་ལས་རྒྱག་མཁན་སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་བྱེད་རྒྱུ་ཞོགས་ཟེར་བ་ཡིན། ད་ཧ་གོ་ཨེ་སོང་།ཧཧཧ

  32. ལུང་རྟོགས། says:
    2014-11-22 at 4:09 am

    ཧཧཧ ད་དངོས་གནས་གད་མོ་ཤོར་དགོས་པ་མ་ཚད་ཞེ་ཁྲེལ་་དགོས་པའི་གཏམ་དེ་ཚོ་ཐོན་ཡོང་གི་འདུག་ག འོ་་་ངས་ཀྱང་དེ་ཟེར་བ་ཡིན། བོད་པ་ཚོས་ལྟོ་གྲོད་པ་གང་གི་ཆེད་དུ་བོད་དོན་བློས་གཏོང་ཐུབ་ཀྱི་ཡོད་པའི་རང་ཉིད་ཀྱི་བྱ་སྤྱོད་དེ་ཤེས་པར་གྱིས་ལ་བོད་དོན་གྱི་ཆེད་དུ་དཀའ་ལས་རྒྱག་མཁན་སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་བྱེད་རྒྱུ་ཞོགས་ཟེར་བ་ཡིན། ད་ཧ་གོ་ཨེ་སོང་།

  33. སྒྲོལ་མ་མེ་ཏོག says:
    2014-11-24 at 6:35 am

    མ་གཞི་ནས་བོད་ས་བཙན་འཕྲོགས་བྱེད་མཁན་ཨ་རི་མ་རེད། རྒྱ་ནག་རེད། དེར་བརྟེན་བོད་དོན་རྩོད་སའི་ཁ་ཕྱོགས་ནོར་ན་འགྲིག་གི་མི་འདུག
    དེར་བརྟེན་བོད་དོན་བདེན་མཐའི་ཆེད་ཕྱི་རྒྱལ་དུ་ཕེབས་པ་རེད་ཟེར་ན་ང་ནི་ཡིད་ཆེས་ཀྱི་མི་འདུག
    མདོར་བསྡུས་ནས་བཤད་ན། བོད་རྒྱ་ཞི་མོལ་ཕར་ཞོག གྲོས་མོལ་གྱི་སྐུ་ཚབ་གཅིག་ཀྱང་བསྐོ་བཞག་མ་ཐུབ་པར་ལོ་ལྔ་རྫོགས་འགྲོ་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme