Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མ་གཏོགས་སྤྱི་འཐུས་ལ་འོས་ལྡུག་མི་ཆོག་ཟེར།

Posted on 2016-03-112016-03-11 By ཁ་བརྡ 14 Comments on སྲིད་སྐྱོང་མ་གཏོགས་སྤྱི་འཐུས་ལ་འོས་ལྡུག་མི་ཆོག་ཟེར།

unnamed—-ཨ་རིག་འགྱུར་མེད།

 
དེ་རིང་གསུམ་བཅུའི་དུས་དྲན་མཛད་སྒོའི་སྐབས་ནེའུ་ཡོག་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཡིག་ངག་དབང་ཡོན་ཏན་ལགས་ཀྱིས་བཀའ་སྤྱིའི་འོས་བསྡུ་དང་འབྲེལ་ནས་གསལ་བསྒྲགས་དང་ལམ་སྟོན་ཞིག་གནང་། དེའི་ནང་དུ་ “སྔོན་འགྲོའི་འོས་བསྡུའི་རྗེས་ནས་ཨ་རིར་འབྱོར་བ་དག་གིས་སྲིད་སྐྱོང་མ་གཏོགས་སྤྱི་འཐུས་ལ་འོས་ལྡུག་མི་ཆོག་” གསུངས་བྱུང་། ང་སྔོན་འགྲོའི་འོས་བསྡུའི་རྗེས་ནས་ཨ་རིར་འབྱོར་བའི་གྲས་ཡིན་ལ་དཔྱ་ཁྲལ་ལག་དེབ་ནང་སྔོན་འགྲོའི་འོས་བསྡུའི་སྐབས་ “ངྷ་ས་འོས་བསྡུ་ལས་ཁང་” གིས་མཚན་རྟགས་དང་ཐམ་ག་བརྒྱབ་ཡོད།

ང་ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་འདིར་འབྱོར་བ་ཡིན་མོད། འདིར་འབྱོར་མ་ཐག་ནས་འདི་ག་བྱང་ཨ་རིའི་སྤྱི་འཐུས་འོས་མིའི་སྐོར་ལ་རྒྱུས་ལོན་བྱས་པར་མ་ཟད། ཉེ་ལམ་ཕྱི་ ༢ ཚེས་ ༢༠ ཉིན་ནེའུ་ཡོག་ནས་བྱང་ཨ་རིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་དེར་ཆེད་དུ་སོང་ནས་ཉན་པའང་ཡིན། དེ་བཞིན་ངས་བརྟག་ཅིང་དཔྱད་དེ་ཐག་གཅོད་བྱུང་བའི་འོས་མིའི་སྐོར་ལ་ད་རེབ་ཙམ་མ་ཡིན་པར་སྔ་མོ་ནས་རྒྱུས་ལོན་བྱུང་ཡོད་ཅིང་། བསམ་བཤད་སྒྲུབ་ཕོད་ཅན་དང་བོད་སྤྱི་དང་བྱང་ཨ་རིའི་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཅན་ཡིན་བསམ་པའི་ཡིད་ཆེས་ཀྱང་བྱས་ཡོད།

དེ་ལྟར་རེད་དེ། སྟབས་མ་ལེགས་པ་ཞིག་ལ་ད་ང་དང་ང་ལྟ་བུའི་སྔོན་འགྲོའི་འོས་བསྡུའི་རྗེས་ནས་འབྱོར་བ་དག་གིས་འོས་ལྡུག་གི་ཆོག་གི་མ་རེད་ཟེར། ངས་རྒྱུས་ལོན་བྱས་པས་མ་འདང་བ་རེད་དམ། ང་ལྟ་བུ་དག་ལ་ཚུར་རྒྱུས་ལོན་བྱས་པའི་མ་འདང་བ་རེད། ཡང་ན་བཅའ་ཁྲིམས་ཀྱི་དོན་ཚན་གང་དག་ན་ང་ལྟ་བུ་ས་གནས་གཞན་དང་གཞན་ལ་སྤོར་བ་དག་གིས་སྤྱི་འཐུས་ཀྱི་འོས་བསྡུའི་ནང་ཐོབ་ཐང་ལེན་མི་ཆོག་ཅེས་གསལ་ཡོད་པ་རེད་དམ།

དེས་ན་ཕྱིར་རྒྱ་གར་ལ་སོང་ནས་འོས་ལྡུག་དགོས་པ་རེད་དམ། བརྒྱ་ལ་སྲིད་སྐྱོང་མ་གཏོགས་སྤྱི་འཐུས་ཀྱི་འོས་ཤོག་གལ་མི་ཆེ་ན་ཐང་མོད། ང་ལ་སྲིད་སྤྱི་གཉིས་ཀའི་འོས་ཤོག་གལ་ཆེ་ཞིང་། སྤྱིར་ན་འོས་བསྡུའི་ཐོབ་ཐང་གལ་ཆེ། ད་སྔ་ཡན་དང་ཡན་དུའང་ངྷ་ས་ནས་བཀའ་སྤྱི་དང་གཞིས་མགོ ས་འཐུས་སོགས་ཀྱི་འོས་བསྡུ་ལ་ཆད་མ་མྱོང་། མང་གཙོའི་སྤྱི་ཚོགས་ནང་དུ་མང་གཙོའི་ཐོབ་ཐང་མ་བླངས་ན་མང་ཚོགས་རང་གི་སྐྱོན་ཡིན་ལ། མང་གཙོའི་ཐོབ་ཐང་མ་སྤྲད་ན་གཞུང་གི་སྐྱོན་ཡིན།

མ་གཞི་སྤྱི་འཐུས་ཀྱི་འོས་བསྡུ་གླེང་ན་གྲྭ་པར་ཐོབ་ཐང་གཉིས་ཡོད་ལ་ང་ལྟ་བུ་དག་ལ་གཅིག་ཀྱང་མེད། དེར་གཞོན་ནུའི་ཚོགས་གཙོ་ཟུར་བ་སྒོ་དྲུག་སྐལ་བཟང་གིས་ “ད་ལྟ་བཙན་བྱོལ་བོད་མིའི་མང་གཙོའི་སྤྱི་ཚོགས་ནང་ཁ་ཤས་ལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འོས་གཉིས་ལྡུག་ཆོག་གི་ཡོད་ལ། ཁ་ཤས་ལ་གཅིག་མ་གཏོགས་མེད། གྲྭ་པ་ཡིན་མིན་ཙམ་མ་གཏོགས་ཆོས་བརྒྱུད་མེད་པ་ཞིག་མེད་པས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་བཟོ་དགོས་ཀྱི་འདུག” (ཉེ་ལམ་བགྲོ་གླེང་སྐབས་ཀྱི་གསུང་བཤད་དུམ་བུ་འདི་ཚིག་ཇི་བཞིན་ཡིན་མིན་མི་དྲན་ཡང་དོན་ཇི་བཞིན་ཡིན།) ཞེས་པ་འདིར་ཧ་ཅང་འཐད།

ད་དྲ་གྲོགས་ཚོས་གང་དགའ་ཅི་ལེགས་ཀྱི་ལམ་སྟོན་ཞིག་གནོངས་དང་། ང་ལ་སྤྱི་འཐུས་གདམ་མི་ཆོག་ལབ་ན་ག་རེ་ལབ་ཀི་ཡོད་རེད། ང་གཅིག་པུ་ཡིན་རྒྱུ་མ་རེད། ང་ཚོ་འོས་བསྡུའི་རྗེས་ནས་རྒྱ་བལ་འབྲུག་གསུམ་ནས་ཨ་རིར་འབྱོར་བ་དག ཚང་མར་ཐོབ་ཐང་མེད་ཟེར་གི་ཡོད་པ་རེད།

བསམ་ཚུལ།

Post navigation

Previous Post: ད་ཀློའུ་མིན་ན་ཅི་རེད།
Next Post: ཉེ་ལམ་ཚོགས་ཟིན་པའི་སྐབས་བཅུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཕྱི་མིག་བལྟ་བ།

Comments (14) on “སྲིད་སྐྱོང་མ་གཏོགས་སྤྱི་འཐུས་ལ་འོས་ལྡུག་མི་ཆོག་ཟེར།”

  1. མགོན་སྐྱབས། says:
    2016-03-11 at 1:50 am

    འོས་འཕེན་ཆོག་དང་མི་ཆོག་དབུས་འོས་བསྡུ་ལྷན་ཁང་གིས་སྒྲིག་གསལ་བཞིན་གཏན་འབེབས་དགོས་པ་ལས། ས་གནས་ཀྱི་དོན་ལས་ཁང་ལ་ཐག་བཅད་པའི་དབང་ཨེ་ཡོད་དམ། ངས་བསམ་ན། དབུས་འོས་བསྡུ་ཁང་ལ་ཐད་ཀར་བཀའ་རྒྱ་དེ་འདྲ་ཡོད་མེད་བཀའ་འདྲི་གནང་ན་ལེགས་སྙམ།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-11 at 2:06 am

    སྔོན་འགྲོ་ནི་རྡ་སར་ནས་བླུག་ཟིན། དེབ་སྐྱེལ་ནི་བྱས་ཟིན། དེ་ནས་ས་ཕྱོགས་གང་ན་ཡོད་ན་འོས་བླུག་ཆོག་པ་བཤད་མི་དགོས་པ་རེད་གདའ། ཁྱོད་ལ་དམིགས་བསལ་གྱིས་ཁྲིམས་དེ་འདྲ་གང་ཡིན་ནམ། ད་དེང་སང་ཁྲིམས་དེ་ཚོ་ཁ་ག་བར་བསྒྱུར་ཆོག་ཆོག་འདྲ་རེད་མི་འདུག་གམ།

  3. གཡུ་སྒང་དགེ་འདུན། says:
    2016-03-11 at 2:14 am

    ཁྱོད་སྔོན་འགྲོའི་འོས་བསྡུའི་རྗེས་ནས་ཨ་རིར་འབྱོར་བའི་གྲས་ཡིན་པ་ལ་དཔྱ་ཁྲལ་ལག་དེབ་ནང་སྔོན་འགྲོའི་འོས་བསྡུའི་སྐབས་ “ངྷ་ས་འོས་བསྡུ་ལས་ཁང་” གིས་མཚན་རྟགས་དང་ཐམ་ག་བརྒྱབ་ཡོད་ན། ཁྱེད་ཀྱི་དཔྱ་ཁྲལ་ལག་དེབ་ཀྱི་མཚན་རྟགས་དང་ཐམ་ཀ་རྒྱ་བལ་འབྲུག་གསུམ་དུ་བེད་སྤྱོད་པ་ལས་རྒྱལ་ཁབ་གཞན་ལ་མི་ཆོག་པ་ཡིན་རྒྱུ་རེད། རྒྱུ་མཚན་ནི། བྱང་ཨ་རི་དང་ཡོ་རོབ་ཀྱི་སྤྱི་འཐུས་ཞེས་ས་གནས་དེའི་བོད་པའི་འདེམས་པ་ལས་རྒྱ་གར་དུ་ཡོད་པའི་བོད་པ་རྣམས་ལ་འདེམས་པའི་ཐོབ་ཐང་མེད་པ་གསལ་པོ་རེད། ཡིན་ནའང་ཁྱེད་རང་གི་དཔྱ་ཁྲལ་ལག་དེབ་ས་གནས་དེའི་བོད་པའི་དཔྱ་ཁྲལ་ལག་དེབ་ག་འདྲ་ཞིག་ཡིན་པ་དེ་ག་རང་ཡིན་པ་ལ་(དཔྱ་ཁྲལ་ས་གནས་དེའི་སྤྲད་སྟངས་ལྟར་སྤྲད་ཡོད་པ། ས་གནས་དེའི་འོས་བསྡུ་ལས་ཁང་གི་མཚན་རྟགས་ཡོད་པ།)དེ་ལྟར་ལབ་པ་ཞིག་ཡིན་ན་ཁོས་བཤད་སྟངས་མ་འགྲིག་པ་རེད་སྙམ།

  4. ཇུང་ཏོག་ says:
    2016-03-11 at 4:57 am

    དང་པོ་དཔྱ་ཁྲལ་ཆ་ཚང་ཕུལ་ཡོད་པ་དགོས་། གཉིས་པ་འོས་བསྡུའི་དེབ་སྐྱེལ་ཡོད་པ་ཞིག་དགོས་། ཁྱེད་རང་གི་འོས་བསྡུའི་དེབ་སྐྱེལ་རྒྱ་གར་ནང་བྱས་ནས་འོས་འཕེན་ས་དེ་ཨ་ི་ཡིན་དུས་གནད་དོན་འདི་ཁྱེད་རང་ནས་རང་དོན་རང་གཅེས་གནང་ནས་ས་གནས་འོས་བསྡུ་ལས་ཁང་དང་དབུས་འོས་བསྡུ་ལས་ཁང་ལ་དུས་ཐོག་འབྲེལ་བ་བྱེད་དགོས་པ་རེད་དེ་ལ་གནད་གཅིག་ཡོད་ས་རེད་དོ་།

  5. ལྷ།བྱ་འཕུར་མ། says:
    2016-03-11 at 5:03 am

    དབུས་འོས་བསྡུ་ལས་ཁུངས་ཀྱིས་ཁྱེད་རང་ལ་དམིགས་བསལ་གྱིས་མདོ་སྨད་སྤྱི་འཐུས་ཀྱི་འོས་མིའི་འགེངས་ཤོག་གཅིག་ཨ་རིར་སྐུར་ཡོང་ན་ག་འདྲ་འདུག དེ་མིན་བྱང་ཨ་རིའི་སྤྱི་འཐུས་ལ་ཁྱེད་ཀྱིས་འོས་ཤོག་བླུགས་པའི་ཐོབ་ཐང་མེད། འོས་ཤོག་བླུགས་འདོད་ན་རྒྱ་གར་དུ་སོང་ཏེ་འོས་ཤོག་བླུགས་རོགས།

  6. ལྷ།བྱ་འཕུར་མ། says:
    2016-03-11 at 5:12 am

    སྔོན་འགྲོ་སྐབས་མདོ་སྨད་སྤྱི་འཐུས་ལ་འོས་ཤོག་བླུགས། དངོས་གཞི་སྐབས་བྱང་ཨ་རིའི་སྤྱི་འཐུས་ལ་བླུགས་ན་འགྲིག་གི་ཡོད་ཀྱི་མ་རེད། གནད་དོན་རྡོག་རྡོག་བཤད་ན་དབུས་འོས་བསྡུ་ལས་ཁུངས་ཀྱིས་རྒྱ་གར་ས་གནས་ཀྱི་མདོ་སྨད་སྤྱི་འཐུས་ཀྱི་འོས་མིའི་འགེངས་ཤོག་བྱང་ཨ་རིར་བཏང་མེད་པ་དེ་རེད།

  7. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-11 at 6:48 am

    ཧཧཧཧཧ་་་་་་ཆང་ས་དྲ་བདག་ལ་དཀའ་ངལ་མ་འདྲ་བ་ཅིག་འཕྲད་འདུག་གདའ་་་་་་ད་གང་དྲགས་་་་་ཡང་མིན་ན་ཤོ་ཟུར་ལ་རྔན་པ་ཨ་རིའི་ཅོ་ལེ་ཊི་གཅིག་སྐུར་ན་་་་་་་་

  8. འཇིགས་བྲལ། says:
    2016-03-11 at 6:48 am

    འོས་བསྡུའི་འགན་འཛིན་ཤོ་ཟུར་ལ་དྲིས། ཁོང་ཚོས་ཐག་གཅོད་ཅིག་ཡིན་ངེས་རེད།

  9. བེ་རེ་གདོང་ནག says:
    2016-03-11 at 10:44 am

    ཁྱོད་ཚོ་ངོ་མ་སྲིད་དོན་པ་དང་རྒྱལ་ཞེན་པ་ཟེར་བ་ཡིན་ས་རེད། འོས་ཤོག་གཅིག་དེ་དེ་འདྲ་འགངས་ཆེན་ལ་བརྩི་བཞིན་འདུག ད་ལོ་ངས་ནི་སྲིད་སྤྱི་གཉིས་ཀྱི་འོས་མི་བླུགས། གང་ཡིན་ཟེར་ན་མ་ཎེ་འདྲ་རེ་བཏོན་ཨི་ཐུབ་བལྟས་ན་་དགའ་ས་རེད།

  10. བཀྲ་ཡེ་ཚང་། says:
    2016-03-11 at 12:40 pm

    ཨ་རི་ལ་ཡོད་ན་་་་བྱང་ཨ་རིའི་སྤྱི་མཐུས་ལ་འོག་བླུགས་དགོས་པ་རེད། དེ་མིན་ཐོབ་ཐང་ཡོད་པ་མ་རེད།

  11. གངས་ཕྲུག། says:
    2016-03-11 at 12:49 pm

    སྨྱུག་ཐོག་པ་ཡིན་ཟེར་བ་འདི་ཚོས་ས་ག་པརསོང་ན་དེ་ན་རྙོག་གླེང་རེ་བཟོ་ཡོང་གི་རེད། དེ་ནི་སྐབས་འཚོལ་སྨྱུག་ཐོག་པ་དག་གི་བྱེད་བབ་རེད། ཁོ་ཡངསྐབས་འཚོལ་བ་ཞིག་རེད།

  12. བསྟན་པའི་དངོས་གྲུབ། says:
    2016-03-11 at 4:47 pm

    ང་ཡང་སྔོན་འགྲོ་འོས་བསྡུ་རྗེས་སུ་ཧྥ་རན་སི་ལ་འབྱོར་བ་ཡིན། འདི་ག་དོན་གཅོད་ནས་ས་འདིར་གཏན་སྡོད་གཏན་ཁེལ་ཡོད་ན་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་འཕེན་པའི་ཐོབ་ཐང་སྤྲད་རྒྱུ་འདུག
    འོས་བསྡུས་ལས་ཁང་གི་ཁྲིམས་ལུགས་གཅིག་ལས་གཉིས་ཡོད་རྒྱུ་མ་རེད།
    ཨ་རུ་དོན་གཅོད་ཁང་གི་ལས་བྱེད་དེ་ཚོའི་གང་དྲན་བྱེད་ན་ཐད་ཀར་དབུས་ལ་འབྲེལ་བ་གནང་ནས་བཀའ་འདྲི་བྱས་ན་གསལ་བོ་ཡོང་རྒྱུ་རེད་ལ།

  13. བོད་ཁམས་སྡེ་ says:
    2016-03-11 at 6:53 pm

    དཀའ་ངལ་འདི་དང་པོ་རང་ངོས་ནས་བཟོས་བཞག་པ་ཞིག་ལས། དབུས་འོས་བསྡུ་ལས་ཁུངས་དང་དོན་གཅོད་ངོས་ནས་དྲང་པོ་གནང་གི་མི་འདུག་གསུང་ན་འགྲིག་གི་ཨ་ཡོད་ གལ་སྲིད་ཁྱེད་ཚོའི་འོས་བསྡུ་འདི་དེ་འདྲའི་གལ་ཆེན་ཞིག་ལ་བརྩིས་ཀྱི་ཡོད་ན་ འོས་བསྡུ་ཚར་བའི་རྗེས་ལ་ཨ་རི་དང་ཡུ་རབ་ལ་སོང་ན་མི་འགྲིག་གམ་ མ་གཞི་མི་ཁྱེད་ཚོའི་གྲས་དེ་ང་ཚོའི་སྤྱི་ཚོགས་ཀྱི་ནང་ནས་ཅུང་ཙམ་ཐམ་སོས་ཟིན་པ་རེ་ཡིན་ཁུལ་བྱེད་ནས་མི་བྱེད་དགུ་བྱེད་རྒྱུ་ཡོད་མཁན་རེ་ཡིན་པ་སྔ་མོ་ནས་གོ་མྱོང།

  14. དམུ་ཐག་གི་བུ་རྒྱུད། says:
    2016-03-11 at 10:26 pm

    ཨ་རིག་གླེན་པའི་བུ་རྒྱུད་ཡིན་པ་འཁྲུལ་མེད་རེད། དེར་བརྟེན་ལས་སླ་བོ་བྱས་ནས་གོ་བརྡ་མི་འཕྲོད། ད་ལྟས་དབང་སྟབས་ལེགས་ཤིག་ལ་སྒུག་ན་མ་གཏོགས་པོ་ཏཱ་ལའི་སྒེའུ་ཁུང་ནས་མགོ་བོ་ཕྱིར་འདོན་མི་ཐུབ་ཐག་ཆོད་རེད། ཧ་ཧ་ཧ སྐུ་རྩེད་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme