Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་སེང་ལ་བསྟོད་པ་མཆོག་གྲུབ་མ་དང་དེའི་ཟློག་པ་བཞུགས་སོ།།

Posted on 2017-12-16 By ཁ་བརྡ་ 5 Comments on སྲིད་སྐྱོང་བློ་སེང་ལ་བསྟོད་པ་མཆོག་གྲུབ་མ་དང་དེའི་ཟློག་པ་བཞུགས་སོ།།

གྲུབ་ཆེན་ལས་ཀྱི་ཐལ་སྙིགས།

ཕྱག་རོགས་བཀའ་བློན་བདུན་དང་ཁམས་པའི་འཁོར། །
གཤམ་འོག་ལས་བྱེད་རྣམས་དང་སྤྱི་འཐུས་དང་། །
རང་དབང་ཅན་དང་ཟུར་སྐྱོང་སྡེ་ཚན་བཅས། །
ནག་སེམས་མཐུན་པའི་ཕྱོགས་གཏོགས་གར་གནས་པ། །

བཀུར་འོས་རྣམས་ལ་གུས་པས་ཕྱག་བྱས་ནས། །
པེ་ཅིང་མཁར་ནས་གསང་སྔགས་ཚིག་ཕྱུང་སྟེ། །
གང་གིས་བསྔགས་པ་ནང་མར་བཀའ་བསྩལ་པའི། །
དཔལ་ལྡན་བློ་སེང་རྗེ་ལ་བསྟོད་པར་བྱ། །
བླ་མ་ཧ་ཀྲའི་གཞིས་ཆགས་ཆུང་ཆུང་དུ། །
ལེགས་འཁྲུངས་བལ་ཕྲུག་ལྷན་དུ་འཚར་ལོངས་ཤིང་། །
བ་ཕྱུགས་བཙོང་ནས་གཞི་རིམ་སློབ་གྲྭར་བསྐྱོད། །
མཐོ་སློབ་འགྲིམས་སྐབས་རྒྱ་གར་ལྡི་ལི་རུ། །
བོད་སོག་ཨུ་ཡོན་བཅོ་ལྔ་ཚེ་རིང་གི །
ཡིག་ཆ་འཕྲོག་སྟེ་ཐེ་ཝན་ཕོགས་ཟན་རྣམས། །
ངོ་རྟགས་ཆོད་པས་རྒྱལ་གཅེས་དཔའ་བོ་ཞེས། །
སྙན་པའི་གྲགས་པ་རྒྱ་བལ་ཀུན་ཁྱབ་པ། །
བཙན་བྱོལ་ན་གཞོན་རྣམས་ཀྱི་དཔེ་གཅིག་པུ། །
སློབ་བཟང་སངས་རྒྱས་ཁྱོད་ལ་བདག་ཕྱག་འཚལ། །
ཆུ་སྒང་དྲུང་ཆེའི་མཛད་འགན་བཞེས་པའི་དུས། །
ཁམས་པའི་གསང་བ་བདེ་སྲུང་ལས་ཁུངས་ལ། །
ཕུལ་བས་ཧར་ཝ་ཌེ་ཡི་སློབ་ཡོན་དང་། །
མ་འོངས་མདུན་ལམ་ཕྱེས་ལ་བདག་ཕྱག་འཚལ། །
སྐུ་གཟུགས་འདྲོངས་ཤིང་ཞལ་ནི་ཤིན་ཏུ་མཛེས། །
ཕོ་ཉམས་དོད་ཅིང་སྨྲ་ལྕེ་བདེ་བ་ཅན། །
ཁྲིམས་ཀྱི་འབུམ་རམས་ལག་ཁྱེར་བཞེས་མཛད་པ། །
རྒྱ་དང་རྒྱ་མོ་མང་པོར་འགྲོགས་འདྲིས་ཟབ། །
རང་དོན་སྒྲུབ་པའི་ལས་ལ་ཐོགས་མེད་པས། །
ཉིན་ཞག་གཅིག་ལ་ཁང་པ་ཉོ་ཐུབ་པའི། །
རིག་སྔགས་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ། །
དབང་དང་ཐོབ་ཐང་གོ་ས་མཐུན་རྐྱེན་སོགས། །
སུ་དང་གང་ལ་དགོས་མཁོ་ནམ་བྱུང་སྐབས། །
ཁེ་ཕན་དྲན་ནས་ཁྱོད་ལ་སྐྱབས་འཆའ་ན། །
བདག་ལ་ཁེ་བཟང་རྟག་པར་གནང་དུ་གསོལ། །
ཚོགས་ཟུར་སྣང་ར་སྤེན་པ་ཚེ་རིང་དང་། །
སྐུ་ཚབ་འབའ་བ་སྐལ་བཟང་རྒྱལ་མཚན་དང་། །
དྲུང་ཟུར་མི་འགྱུར་རྡོ་རྗེ་ལ་སོགས་པ། །
ཁྱོད་ཞལ་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །
རང་སྣང་མཐོ་བའི་གཤམ་འོག་ལས་བྱེད་པས། །
བདག་ཅག་རྣམས་ལ་གུས་བརྩི་མེད་པ་དང་། །
དམའ་འབེབས་བྱེད་པའི་སྤྱོད་ངན་མགོ་མཁྲེགས་རྣམས། །
འཕོ་འགྱུར་གཏོང་ལ་སྲིད་སྐྱོང་ལག་མི་འདར། །
མདོར་ན་ཁམས་པའི་ཀྲུའུ་ཞི་བློ་སེང་རྗེ། །
སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི།།
ཚུལ་འདི་དགོངས་ལ་ཁམས་རིགས་ཀུན་དགའ་ཞིང་། །
དོལ་ཕྲུག་མ་ལུས་བསམ་དོན་འགྲུབ་པར་མཛོད། །
རྒྱ་འདྲེའི་གཙུག་ནས་བློ་སེང་མཆོག་གྲུབ་ཅེས། །
དགྲ་དང་ཁ་གཏད་རྒྱ་ཆེའི་མང་ཚོགས་ཀུན། །
ཁྲག་བཞིན་དཀྲུག་ལ་རྔམས་པའི་གཟི་བརྗིད་ཅན། །
བློ་སེང་རྗེ་ཁྱོད་ངན་མཐུ་རྒྱས་པར་མཛོད།།
ཨུ་ཐུག་དམངས་ཀྱི་དམོད་གཏེར་ལས་འཁྲུངས་ཤིང་། །
བོད་མིའི་སྒྲིག་འཛུགས་རྩིག་རྨང་གཏིང་བྲུས་ནས། །
བདེ་བླག་འཐོར་ཞིག་མྱུར་དུ་གཏོང་མཛད་པའི། །
ཀྲུའུ་ཞི་བློ་བཟང་སེང་གེ་བསྐྲད་གྱུར་ཅིག །

སྲིད་སྐྱོང་བློ་སེངའཁོར་ཚོགས་རྣམས། །
རྫུན་ཁྲམ་ཐོགས་པ་མི་མངའ་ཞིང་། །
སྲིད་དབང་སྒེར་གཅོད་མཐུ་བཙན་པས། །
རྒྱ་མིས་འཐབ་ཇུས་བཏིང་བ་བཞིན། །
ཁམས་རིགས་དོལ་ཚོགས་དར་བ་དང་། །
བོད་མིའི་སྒྲིག་འཛུགས་འཐོར་གྱུར་ཅིག །
སྐྱབས་བཅོལ་བོད་མི་ཐམས་ཅད་ཀྱི། །
ངོ་རྒོལ་ཁྲོམ་སྐོར་བཟློག་ཏུ་གསོལ། །
བྱ་སྤུའི་སྒྲིག་འཛུགས་ངན་པ་ཟློག །
ཁྲིམས་དང་སྒྲིག་གཞི་ངན་པ་ཟློག །
སྒེར་རྩོད་བསམ་སྦྱོར་ངན་པ་ཟློག །
ལྟས་ངན་གདན་ཐོབ་གྱ་གཅིག་ཟློག །
ཨ་སྒོར་ས་ཡ་གཅིག་ཕྱེད་ཟློག །
སྐྱག་རྫུན་སུམ་བརྒྱ་དྲུག་ཅུ་ཟློག །
གཡོ་འཕྲུལ་བཞི་བརྒྱ་རྩ་བཞི་ཟློག །
ཧམ་བཤད་སྟོང་ཕྲག་བརྒྱད་ཅུ་ཟློག །
ཚུལ་མིན་རང་ཤེད་རྣམ་བརྒྱད་ཟློག །
མཚན་གྱི་ཟ་རོགས་སྐལ་རྡོར་ཟློག །
ཉིན་གྱི་ཉལ་རོགས་ཟླ་སྒྲོན་ཟློག །
དངོས་ཚེ་གཤེད་དུ་བསྐོས་པ་ཟློག །
དམངས་ལ་མགོ་སྐོར་གཏོང་བ་ཟློག །
བླ་མར་དབུ་སྐོར་ཞུས་པ་ཟློག །
གཡུ་ཐོག་སྲོག་རླུང་འཕར་བ་ཟློག །
ཧེབ་དང་ཟ་རྔམ་ལངས་པ་བཟློག་ཏུ་གསོལ། །

ཞེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་ཟློག་པ་འདི་གྲུབ་ཆེན་ལས་ཀྱི་ཐལ་སྙིགས་པས་སྦྱར་བའོ། །

རྩོམ་རིག

Post navigation

Previous Post: སྲིད་སྐྱོང་དང་སྐུ་ཚབ་སྤེན་ཚེའི་དཀྱིལ་ལ་གནས་པའི་གཏམ་བཟང་།
Next Post: སྐད་གྲགས་ཆེ་བའི་རྡ་སའི་དམངས་གླུ།

Comments (5) on “སྲིད་སྐྱོང་བློ་སེང་ལ་བསྟོད་པ་མཆོག་གྲུབ་མ་དང་དེའི་ཟློག་པ་བཞུགས་སོ།།”

  1. ཀརྡོ་རབ་འབྱམས་པ་ says:
    2017-12-16 at 8:00 am

    ཁམས་པའི་དོལ་ཕྲུག་གདོན་འགེགས་ཟློག །
    ཨ་མདོའི་སྤེན་ཚེར་བྱུར་ངན་ཟློག །
    ཧརྺ་འབུམ་རམས་མི་ཁ་ཟློག །
    མིག་ཤེལ་ནག་པོའི་མི་ཁ་ཟློག །
    ་
    རང་ཁ་རང་གསོའི་རྐྱེན་ངན་ཟློག །
    ཆིག་སྒྲིལ་བྱུར་རྡོའི་ལྟས་ངན་ཟློག །
    གསར་གཏོད་འབྱུང་པོའི་ངན་ཁག་ཟློག །
    ངན་འབྲས་ལས་ངན་ཐམས་ཅད་ཟློག །

  2. བོད་ཁམས་སྡེ་ says:
    2017-12-16 at 10:55 am

    མ་གཞི་སྲིད་སྐྱོང་བློང་བཟང་སེང་གེ་ཐམས་ཅད་མཁྱེན་པའི་གང་ཟག་ཞིག་མིན་དུས་ནོར་འཁྲུལ་བརྟན་བརྟན་ཡོང་སྲིད་པ་ཞིག་རེད། ཡིན་ན་འང་ཉེ་སྔོན་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་བ་ཙམ་གྱིས་བོད་བསྟན་པ་ཆབ་སྲིད་ལ་ཧ་ཅང་གི་གྱོང་གུན་ཆེན་པོ་གཅིག་རེད་དུས་ནམ་ཡང་བསམས་ཀྱི་མེད། གོང་གི་ཡིག་གེ་འབྲི་བ་པོ་ཁྱེད་རང་ལ་ངོ་ཚ་རྒྱུ་ཞིག་མེད་ན་འང། ང་ཚོའི་བློ་གཟུར་བོ་གནས་མཁན་གྱི་སྤུན་ཟླ་ཚོས་ཡིག་ཉབས་འདི་འདྲ་མཐོང་དུས་ངོ་ཚ་ས་རེད། འཛམ་གླིང་འདིའི་སྒོང་གི་མི་རིགས་འདྲ་མིན་ས་ཡ་མང་པོས་༧གོང་ས་མཆོག་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམས་སྤྲུལ་དངོས་ཡིན་པ་ཡིད་ཆེས་བྱེད་མཁན་རྣམས་ཀྱི་མདུན་དུ་བླ་མ་ལ་དབུ་སྐོར་མ་གཏོང་ཟེར་དུས། འོ་ན་ཁོང་གིས་གང་ཡང་མཁྱེན་གྱི་མ་རེད་ཟེར་རྒྱུ་ཡིན་ནམ། ཁྱེད་ཀྱིས་སྲིད་སྐྱོང་ལ་བསྟོད་སྨོད་གང་བྱས་ན་འཁྱེད་པར་མེད་ཀྱང་། ༧གོང་ས་མཆོག་ལ་ཟུར་ཟའི་ཚིགས་བོད་སྤྱོད་བཏང་རྒྱུ་ཉུང་ཙམ་བྱས་ན་མི་བཟང་ངམ།།

  3. དགོན་པ་ཚང་ དར་རྒྱས་ says:
    2017-12-16 at 12:37 pm

    ང་ཚོ་ཁམ་པ་རེ་ཟུང་གིས་ཧམ་བཤད་ཁུང་མི་འཁྱོལ་བའི་སྐབས་སུ་ག་དུས་ཡིན་རུང་༧གོང་ས་མཆོ་གི་མཚན་བེད་སྤྱད་ནས་དྲང་པོར་འབྱོད་མཁན་ལ་འབུར་འཇོམ་གྱི་བྱ་ཐབས་བྱེད་ཀྱི་ཡོད་པ་ཁོང་ཚོའི་ཐབས་ཤེས་ཤིག་རེད།

  4. མྱི། says:
    2017-12-16 at 1:30 pm

    གཟུར་གནས་ཀྱི་དམངས་གླུ།

    སྤེན་ཚེའི་ཕྱོགས་གཏོགས་ཚང་མར།།
    ཕྲག་དོག་ནད་ཀྱིས་མནར་འདུག །
    ནད་དེ་མནར་བའི་མི་ལ།།
    བཟང་ངན་དབྱེ་འབྱེད་མི་ཤེས།།

    མི་གསོད་ལག་དམར་ཞིག་ལ།།
    བཟང་པོ་ཡིན་རབས་གླེང་སོང་།།
    ཉེས་ཅན་བཟང་དུ་རློམ་པ།།
    གླེན་པ་མིན་ན་གང་རེད།།

    སྤྲུལ་སྐུ་བསད་པའི་བདེན་དཔང་། །
    རྒྱ་གར་དམངས་ཁྲིམས་ནང་དུ།།
    ཁྱོ་ཤུག་འཕྲོག་རྐྱེན་གྲོངས་ན།།
    མི་བསད་ཉེས་པར་བགྲང་ཡོད།།

    བླ་མའི་ཐུགས་སེམས་དཀྲུགས་པས།།
    ལས་གནས་ཤོར་བ་ཡིན་པར།།
    རྒྱལ་ཁམས་ཀུན་གྲགས་ཡིན་ན།།
    ངན་ཁག་གཞན་ལ་མ་དཀྲི།།

    ཚིག་པ་ཐང་ལ་ཟ་ནས།།
    ལྕག་ཚན་རྟ་ལ་མ་གཞུ།།
    སྲིད་སྐྱོང་བློ་བཟང་སེང་གེར།།
    ཐུགས་ཁག་ལ་ནས་མེད་དོ།།

    ཆོལ་ཁའི་ཕྱོགས་རིས་ཅན་ལ།།
    ཞེན་པ་གཏིང་ནས་ལོག་སོང་།།
    མི་དེའི་ཁོག་པའི་ནང་དུ།།
    སྐྱག་པ་མ་གཏོགས་མི་འདུག།

    སྣ་ནས་དྲི་ངན་བྲོ་གིན།།
    ཁ་ནས་ངན་སྐྱུག་ལུད་གིན།།
    ཅོལ་ཆུང་ཅལ་འདྲོགས་ཅན་ཚོ།།
    ཁོང་ཚོའི་རྗེས་སུ་མ་འབྲངས།།

    ཨ་མདོར་དཔོན་ཞིག་དགོས་ན།།
    ཙོང་ཁའི་ལྷ་མོ་དོན་གྲུབ།།
    འཛམ་བུ་གླིང་གི་ནོར་བུ།།
    དཔོན་པོ་མིན་ན་གང་རེད།།

    མདོ་སྨད་རྗེ་བོ་དགོས་ན།།
    པཎ་ཆེན་བཅུ་པ་ཆེན་པོ།།
    འཛམ་གླིང་མི་ཡི་ཉི་མ།།
    རྗེ་བོ་མིན་ན་གང་རེད།།

    ད་དུང་གཞིས་བྱེས་གཉིས་སུ།།
    མཛངས་མི་མང་པོ་འདུག་པས།།
    སྤེན་ཚེ་ནག་རིལ་ཁོ་ལ།།
    བློ་ཡིད་འཕྲེང་དོན་མི་འདུག །

  5. བོད་ཁམས་སྡེ་ says:
    2017-12-16 at 2:15 pm

    དགོན་རྒྱས་ལགས། བཙན་བྱོལ་སྤྱི་ཚོགས་འདིའི་ནང་གི་མི་གྲགས་ཞན་བར་གསུམ་གྱིས་ད་བར་དུ་སྤྱི་དོན་ཁ་ལ་ཁྱེར་ནས་རང་དོན་ཆེད་དུ་ཁེ་སང་རེ་མཐོང་དུས་༧གོང་ས་མཆོག་གི་མཚན་བེད་སྤྱོད་མཁན་ཉུང་ཉུང་ག་ནས་ཡིན། ད་ནས་གཟུང་ཁོང་གི་མཚན་སྨོས་མཁན་ལའང་དབྱེར་བ་ཞིག་ཡོད་ཚེ་འབུར་འཇོམ་སུས་གཏོང་གི་ཡོད་གསལ་པོ་མ་རེད་དམ།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme