Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་བཟང་སེང་གེ་ལ་ཧྥ་རན་སི་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན།

Posted on 2018-01-262018-01-26 By ཁ་བརྡ 13 Comments on སྲིད་སྐྱོང་བློ་བཟང་སེང་གེ་ལ་ཧྥ་རན་སི་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན།

འདི་ག་ཧྥ་རན་སི་ནས་བདེན་པའི་རྒྱབ་ལངས་པ་ཐུན་མོང་ནས་ཕུལ།

 

༄༅།།བོད་ཕྱི་ནང་གི་རྒྱ་ཆེའི་སེར་སྐྱ་མང་ཚོགས་རྣམ་པར་ཞུ་རྒྱུ།

ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེས་འགོ་ཁྲིད་པའི་བཀའ་ཤག་གི་གནང་སྟངས་ཡག་པོ་མ་བྱུང་བར་བརྟེན། བཞུགས་སྒར་རྡ་རམ་ས་ལ་དང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན། ནེའུ་ཡོག ཁེ་ན་ཊ། སུད་སི། སྦེལ་ལྗམ། བཅས་སུ་རིས་སུ་མ་ཆད་པའི་ཆོལ་གསུམ་བོད་རིགས་མང་ཚོགས་ངོ་རྒོལ་བ་བརྒྱ་ཕྲག་མང་པོས་ལག་ཏུ་འཕྲད་དར་ཁྱེར་ནས་སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་བྱས་ཡོད་པ་རེད། དེ་བཞིན་ད་རེས་འདི་ག་ཧྥ་རན་སི་ནས་ཡང་དེ་མཚུངས་ཀྱི་ངོ་རྒོལ་རྣམ་འགྱུར་བསྟན་པ་ཡིན། མང་ཚོགས་བློ་གཟི་བོར་གནས་མཁན་ཚོར་འགྲེལ་བཤད་མ་བྱས་ཀྱང་མཁྱེན་གསལ་རེད། འོན་ཀྱང་སྤྱི་ཚོགས་དཀྲུགས་མཁན་དང་། ཆོལ་ཞེན་ཅན་ཚོས་བོད་མིའི་སྒྲིག་འཛུགས་ཁ་ལ་ཁྱེར་ནས། ཞི་བའི་ངོ་རྒོལ་བ་ལ་སྡིགས་སྨོད་སྣ་ཚོགས་ཀྱིས་ཉེས་མེད་ཉེས་འདོགས་བྱེད་བཞིན་པ་རེད། ཡང་གནས་ཚུལ་མ་ཤེས་མཁན་རིགས་གཅིག་གིས་བློ་ཕམས་ཡང་བྱེད་སྲིད་པ་རེད། དེས་འདི་འདྲའི་ལས་འགུལ་སྤེལ་དགོས་དོན་ཚིག་ཉུང་ལ་དོན་འདུས་པ་ཞིག་འདིར་ཞུ་འདོད་བྱུང་།

༡༽ སྲིད་སྐྱོང་བློ་བཟང་སེངྒེས་དེ་སྔོན་གྱི་འོས་བསྡུའི་སྐབས་ཀྱི་ཞེ་འཁོན་གྱིས། ༸གོང་ས་མཆོག་གི་མཚན་གནས་ཡོད་པའི་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་བཙན་གྱིས་ལས་མཚམས་བཞག་པ་དེ་རེད།

༢༽ དོན་གཅོད་ལས་མཚམས་བཞག་པ་དེ་ཡང་ཕྱི་གསལ་ནང་གསལ་མེད་པར་དབང་ཆ་སྒེར་གཅོད་ཀྱིས་གང་ཟག་སྒེར་པ་ནག་པོ་བཟོ་ཐབས་ཀྱིས་སྐད་ཆ་ཁྲོམ་བསྒྲགས་བྱས་པ།

༣༽ ཨ་རིའི་དོན་གཅོད་ཀྱི་ཁང་པ་ཉོས་པར་བོད་ཀྱི་ཐེབས་རྩ་ཁང་གིས་བུ་ལོན་ཡིན་པ་ཡིག་ཐོག་ན་གསལ་ཡང་། བཀའ་ཤག་གིས་རོགས་དངུལ་ཡིན་ཚུལ་བརྗོད་བཞིན་ཕྱི་གསལ་ནང་གསལ་མེད་པ།

༤༽ ཆེས་ཡ་མཚན་པ་ནི་དོན་གཅོད་གསར་རྙིང་བརྗེས་ཚར་ཡང་དོན་གཅོད་ལས་ཐོག་པ་སྤེན་པ་ཚེ་རིང་མཆོག་ལ་དངུལ་གྱི་རྩིས་ཁྲའི་སྐོར་ནས་གསལ་ཁ་མ་བརྗོད་པར། སྲིད་སྐྱོང་གི་གྲོགས་པོ་སྐལ་རྡོར་ཟེར་པ་ཁོ་ལ་དངུལ་གྱི་རྩིས་ཕྲའི་ལས་ཀ་སྤྲད་པ་དེ་རེད། གནས་ཚུལ་འདི་ནི་ཁྲིམས་དང་བཟང་སྤྱོད་གཉིས་ཀ་ལ་འགལ་བ་རེད།

༥༽ རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གང་ས་ནས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་སྙན་ཞུ་སྟོང་ཕྲག་མང་པོ་བཀའ་ཤག་ལ་ཕུལ་ཡང་ཡ་ལན་རྩ་བ་ནས་མེད་པ་ནི་བཀའ་ཤག་གིས་མི་མང་ལ་འགན་མ་ཁུར་བ་རེད། དེས་ངོ་རྒོལ་མ་བྱས་ཐབས་མེད་ཀྱི་གནས་སུ་གྱུར།

༦༽ སྲིད་སྐྱོང་བློ་བཟང་སངས་སེངྒེས་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་མཆོག་ལ་བཏོན་པའི་དོན་ཚན་བཅུ་དེར། སྤེན་པ་ཚེ་རིང་མཆོག་གིས་རྡ་རམ་ས་ནས་གསལ་བཤད་ལན་འདེབས་གཞི་རྒྱ་ཆེ་བ་རེ་གནང་ཡང་ད་བར་དུ་ལེགས་ཉེས་དབྱེ་འབྱེད་ཀྱི་ལན་ཁ་གསལ་གང་ཡང་མེད་པ་རེད།

༧༽ གྲོས་ཚོགས་རྭ་བའི་ནང་ནས་དགའ་ལྡན་ཕོ་བྲང་ལ་སྙོན་འཛུགས་དང་། གཞུལ་བསྟེན་དགྲ་ལྷའི་རྒྱལ་བོ་ལ་མཚན་སྨད་ཟུར་ཟ་ཚད་ལས་བརྒལ་བ་བྱས་ཡང་བཀའ་ཤག་གིས་དེ་ལ་རྣམ་འགྱུར་ཙམ་ཡང་བསྟན་མེད་པ།

༨༽ བོད་ཀྱི་ཐེབས་རྩའི་ལས་དོན་ཆེད་དུ་ཨ་རིའི་དོན་གཅོད་ཀྱིས་ཐེ་གཏོགས་མེད་པར་། སྲིད་སྐྱོང་གི་གྲོགས་པོ་སྐལ་རྡོར་རྩིས་ཉོག་གཙང་བཟོའི་ཕྱིར་ཉེ་ཆར་ཨ་རིར་བཏང་བ།

༩༽ ཨ་རིའི་དོན་གཅོད་སྐལ་རྡོལ་གྱི་སྐབས་སུ་དོལ་རྒྱལ་བ་༸གོང་ས་མཆོག་གི་སྐུ་མདུན་ལ་ཤོར་ནས་མཚན་སྨད་ཞུས་ཀྱང་། སྲིད་སྐྱོང་གཙོས་པའི་བཀའ་ཤག་གིས་སྣང་མེད་བཞག་པ།

གོང་དུ་བགྲངས་པའི་གནས་ཚུལ་ངན་པ་དགུ་ཚང་བའི་བྱུང་རབས་ལ་བསམ་གཞིག་ནན་ཏན་བྱས་པས། འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་མ་བྱས་ཐབས་མེད་ཆགས་པ་རེད། སྲིད་སྐྱོང་གིས་དབྱངས་སུ་གྱེར་པའི་རྩ་ཚིག་གསུམ་སྟེ། ཆིག་བསྒྲིལ། གསར་གཏོད། རང་ཁ་རང་གསོ། ཟེར་པའི་ཆིག་བསྒྲིལ་གྱི་ཚད་གཞི་ག་འདྲ་ཆགས་འདུག བཀའ་ཤག་གི་མི་ལོ་དྲུག་གི་རིང་ལ་གསར་གཏོད་ག་རེ་བྱས་འདུག རང་ཁ་རང་གསོ་ག་རེ་བྱས་འདུག དེ་དག་ལ་བསྐྱར་ཞིབ་བྱས་ན་ངེས་པ་བརྙེས་ཐུབ།

ཚང་མས་གསལ་པོ་མཁྱེན་དགོས་རྒྱུ་ལ། ངེད་ཅག་ངོ་རྒོལ་བས་༸གོང་ས་མཚོག་དང་། དགའ་ལྡན་ཕོ་བྲང་ལ་གུས་བརྩི་བླ་ན་མེད་པ་ཞུ་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་བཞིན་མེད། སྲིད་སྐྱོང་བློ་བཟང་སེངྒེ་དང་། བཀའ་ཤག་གི་གནང་སྟངས་ནོར་འཁྲུལ་ཅན་ལ་ངོ་རྒོལ་བྱེད་བཞིན་ཡོད། ༸གོང་ས་མཚོག་གིས་སྐུ་ངལ་འཛེམས་ཀྱིས་བཙུགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་དུ་ཡིན། ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་སྒྲོམ་གཞི་སྲ་བརྟན་ཡོང་ཆེད་ཡིན། མདོར་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་། གང་ཟག་སྒེར་བ་བཅས་སུ་མ་དགའ་ཞེ་འཁོན་སོགས་གང་ཡང་མིན། དམིགས་ཡུལ་དང་། ཀུན་སློང་བོད་སྤྱི་བའི་ལས་དོན་ཡག་པོ་དང་། འཐུས་ཤོར་ལ་མི་འགྲོ་བ་བཅས་ཀྱི་ཆེད་དུ་དམིགས་པ་ཡིན། འདིའི་ཐོག་ནས་དགྲ་བོ་རྒྱ་དམར་ལ་ཡང་བརྡ་ལན་ཡག་པོ་ཞིག་སྤྲད་ཡོད། ༸གོང་ས་མཆོག་གི་བཙུགས་པའི་གཞུང་འདི་ཁ་ཞེ་གཉིས་མེད་ཀྱིས་སྨྲ་བརྗོད་རང་དབང་དང་། མང་གཙོ་ཡང་དག་པའི་སྒྲོམ་གཞི་ཞིག་ཡིན་པའང་གསལ་སྟོན་བྱས་ཡོད་པས་ཚང་མས་མཁྱེན་པ་གནང་རོགས་ཞུ།

མཇུག་ཏུ་སྨྲས་པ།

དམིགས་ཡུལ་ངན་པས་བོད་མིའི་སྤྱི་ཚོགས་ལ།།
དགྲ་དགའ་སྡུག་ལས་ངན་གསོག་བྱེད་པའི།།
བསམ་སྦྱོར་ངན་པའི་བྱ་སྤྱོད་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག། །།

 

༢༠༡༨/༡/༢༤ ཉིན་ཧྥ་ར་སི་ནས་བདེན་པའི་རྒྱབ་ལངས་པ་ཐུན་མོང་ནས་བཏོན།

གསར་འགྱུར།, གསལ་བསྒྲགས།

Post navigation

Previous Post: དུས་ཚོད་དང་སྙིང་ཉེ་བའི་མི།
Next Post: མཛེས་མ་དང་རང་བྱུང་།

Comments (13) on “སྲིད་སྐྱོང་བློ་བཟང་སེང་གེ་ལ་ཧྥ་རན་སི་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན།”

  1. ཀརྡོ་རབ་འབྱམས་པ་ says:
    2018-01-26 at 8:15 pm

    ་་་་་་་་་་་ སྲིད་སྐྱོང་གིས་དབྱངས་སུ་གྱེར་པའི་རྩ་ཚིག་གསུམ་སྟེ། ཆིག་བསྒྲིལ། གསར་གཏོད། རང་ཁ་རང་གསོ། ཟེར་པའི་ཆིག་བསྒྲིལ་གྱི་ཚད་གཞི་ག་འདྲ་ཆགས་འདུག བཀའ་ཤག་གི་མི་ལོ་དྲུག་གི་རིང་ལ་གསར་གཏོད་ག་རེ་བྱས་འདུག རང་ཁ་རང་གསོ་ག་རེ་བྱས་འདུག དེ་དག་ལ་བསྐྱར་ཞིབ་བྱས་ན་ངེས་པ་བརྙེས་ཐུབ། ་་་་་་་་་་

  2. ཀརྡོ་རབ་འབྱམས་པ་ says:
    2018-01-26 at 8:23 pm

    ང་ཚོའི་སྲིད་སྐྱོང་གི་མི་ཤེས་པ་གསུམ་ནི། ཐོག་མར་དང་པོར་བོད་ཡིག་དང་། བོདད་སཀྡ་ཡག་པོ་མི་ཤེས། དེ་ནས་དྷ་སར་ལས་བྱེད་རྙིང་པ་ཚོར་གུས་ཞབས་བྱེད་མི་ཤེས། ད་ཆ་ཆོལ་གསུམ་བོད་རིགས་ཆིག་སྒྲིལ་མི་ཤེས་མཁན། ལུས་པོ། ཁམས་པའི་གཡག་འདྲ་ལ། ངག གཏམ་བཤད་ཁམས་པའི་འུར་འདྲ་བ། སེམས། མ་རབས་ཁམས་པའི་ཇག་པ་འདྲ་བོ་འདུག་གདའ།
    ད་དུང་ལོ་བཞིའི་རིང་ལ། ཡ་རབས་དང་གཅིག ཉམས་ཆུང་དང་གཉིས། དྲང་པོ་དང་གསུམ་མ་བྱས་ན། མགོ་ལས་རྨ་ཆེ་བ་མི་འོངས་བའི་ངེས་པ་མི་འདུག་གོ། །།

  3. ལ་དྭགས་འཇམ་དཔལ།། says:
    2018-01-26 at 10:37 pm

    བཞུགས་སྒར་རྡ་རམ་ས་ལ་དང་། ཞེས་པ་དེ་དག་པར་འབྲི་བ་གལ་ཆེ་བར་སྣང། མིང་ཚིག་དག་ན། དོན་ཡང་དག་པ་འབྱུང་། དེས་ན། དྷརྨ་ཤཱ་ལཱ། ཞེས་ན། རབ་དང་། དེ་ཡིས་རྒྱ་གར་པ་ལའང་བློ་སྐྱེད་སྟེར་ཐུབ། བསྡུས་མིང་། དྷ་ས། ཞེས་པ། རྡ་ས། ཞེས་པ་ལས་ཡག
    བོད་སྤྱི་ཚོགས་མི་མངས་བདེ་ཞིང་སྐྱིད་པར་་ཡིད་སྨོན་ཞུའོ།

  4. Abharu Jigwang says:
    2018-01-26 at 11:02 pm

    ༄༅། ཨ་རྩི་ཨ་རྩི་དེ་འདྲ་མ་བཤད་དང།
    ངོ་རྒོལ་དངོས་གནས་བྱེད་ན་སུ་ལ་བྱེད་།
    ཕ་ཡུལ་བཙན་གྱིས་འཕྲོག་མཁན་ཀླ་ཀློར་བྱེད།
    རྒྱུ་མཚན་ར་འཕྲོད་ཡོད་ན་ཁྲིམས་ལ་གཏུགས།
    དྲ་རྒྱའི་ནང་ལ་ཁ་དམག་མ་རྒྱག་ཨང།
    དྲ་རྒྱའི་ནང་ལ་དཀྲུགས་ཤིང་མ་རྒྱག་ཨང།
    དྲ་རྒྱའི་ནང་ལ་འུར་གཏམ་མ་བཤད་ཨང།
    དགྲ་དགའ་གཉེན་སྡུག་སྐད་ཆ་མ་བཤད་ཨང།
    རང་སྐྱོན་སྦས་ནས་གཞན་སྐྱོན་མ་བཏོན་ཨང།
    རྒྱབ་ལ་སུ་ཡོད་ཤེས་ཀྱི་མི་འདུག་ད།
    གཟབ་གཟབ་བྱེད་དགོས་བོད་པ་དངོས་ཡིན་ན།
    གཞན་གྱིས་ཇི་ཟེར་བྱེད་ན་ཀྱད་སྟོང་རེད།
    ཀླད་སྟོང་པ་ལ་རིག་གནས་མེད་རྟགས་རེད།

    ྒྱེ

  5. སྤྱང་ཤོག says:
    2018-01-27 at 9:45 am

    སྤེན་པ་ཚེ་རིང་གི་ངོ་ལོག་བྱས་ས་དེ་ཚོ་མཐོང་ཡོང་དུས་གླུ་མཁར་བྱམས་ཁོང་ལ་གུས་ཞབས་ཆེ་རུ་འགྲོ་གི་འདུག དབུས་འོས་བསྡུ་ལས་ཁང་ནས་ཁོང་སྤྱི་འཐུས་དགུག་ཐོ་ནང་ཡོད་བཞིན་དུ་ཡར་མ་གཏང་བ་མདོར་སྨད་སྤྱི་འཐུས་གཅིག་གི་ཆེད་དུ་བར་མའི་འོས་བསྡུ་བྱས་པ་རེད། དེ་རྗེས་ཡང་ཁོང་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ནང་ཡར་མ་གཏང་ནས་བཀག་པ་རེད། ཡིན་ན་ཡང་གླུ་མཁར་བྱམས་ཁོང་གི་ངོ་རྒོལ་གནང་རྒྱུའི་ཚབ་ལ་ཁོང་གི་རྒྱོབ་སྐྱོར་བ་ཚོ་ལ་ཞུ་འབོད་ཙམ་ཡང་བྱས་བཅུག་ཡོད་མ་རེད། གནས་ཚུལ་ཆེན་པོ་དེ་འདྲ་བྱུང་ན་ཡང་ཁོང་གི་བཟོད་པ་སྒོམ་ཐུབ་དུས་ཁོང་གི་ལྷག་བསམ་དང་སྙིང་སྟོབས། བོད་མི་རིགས་ལ་བཅང་པའི་བརྩེ་སེམས་སོགས་གསལ་པོ་མཐོང་ཐུབ་གི་འདུག་ལ་རྒྱལ་བཅེས་ལྷག་བསམ་གི་ཕྱུག་པའི་དཔའ་བོ་ངོ་མ་དེ་གླུ་མཁར་བྱམས་རེད་འདུག་ཨ་བསམ་པའི་འཚོ་བ་ཞིག་རང་བཞིན་གི་ཡོང་གི་འདུག གཞན་ལས་བཤུས།

  6. དགེ་འདུན་རྒྱ་མཚོ། says:
    2018-01-27 at 1:26 pm

    ཡིག་ནོར་འགའ་ཤས་འདུག་མ་གཏོགས་ཡག་པོ་བྲིས་འདུག

  7. ཀརྡོ་རབ་འབྱམས་པ་ says:
    2018-01-27 at 3:17 pm

    སྲིད་སྐྱོང་མཆོག ཕ་རན་སི་ལ་ཆིབས་སྒྱུར་དང་གཏམ་བཤད་བརྙན་འཕྲིན།
    https://www.facebook.com/CTATIBETTV/videos/10155261129020382/?hc_ref=ARRV4Yo3QGm7R5xGcig-FsuXqzMR4rvP0iYisrptHiM1AysCghwGvX-B_vTJuWziRFw

  8. Abharu Jigwang says:
    2018-01-27 at 5:09 pm

    ༄༅། ལྷག་བསམ་དང་ སྙིང་སྟོབས་རྒྱལ་ཞེན་ཟེར་ན་བོད་ནང་དུ་སྐུ་ལུས་མེར་བསྲེགས་
    གནང་མཁན་ཚོར་ཟེར།
    སེམས་ནང་མེ་འབར་ཡང་ཁ་ནང་ནས་དུ་བ་ཐོན་ཐུབ་ཀྱེ་མེད་པར་བརྟེན་རང་ཉིད
    ཀྱི་ལུས་པོ་ཡང་མཆོད་མེར་ཕུལ་གྱི་ཡོད་པ་རེད།
    ཀླུ་མཁར་བྱམས་ལྟ་བུ་ལ་རྒྱལ་ཞེན་ནམ་ཡང་མི་ཟེར། རྒྱལ་ཁབ་མི་རིགས་ཀྱི་ཆེད་དུ་གང་
    བྱེད་ཡོད་དམ། འུར་གཏམ་ཁ་ཤས་དང། སྐུ་མདུན་ལ་ཟུར་ཟ་མཚན་སྨད་ཞུས་པ་དེ་ལ་
    རྒྱལ་ཞེན་ཟེར་རམ། ཕྱི་ནང་ངོ་ཤེས་པ་གྱིས། དགྲ་གཉེན་མ་ནོར་བ་གྱིས། བཟང་ངན་
    དབྱེ་ཐུབ་པ་གྱིས། སྤེན་ཚེ་ཡང་ཁོ་རང་ཁོ་ན་ཡིན་ཟེར་མཁན་ཞིག་ཡིན་འདུག་
    དོན་མེད་ཤོག་ལྷེ་་་༧༠།༨༠ཡོད་ཟེར་ནས་ནང་དོན་འཆལ་འཆོལ་དགའ་བཤད་པ་ལས་གཞན་ཅང་
    ཡོད་ཚོད་མི་འདུག་ མཐའ་མཇུག་ཏུ་ལས་དོན་ཡག་པོ་རང་བྱུང་མ་སོང་བསམ་གྱི་ཡོད།

  9. དགོན་པ་ཚང་ དར་རྒྱས་ says:
    2018-01-27 at 5:39 pm

    ངོ་རྒོལ་བྱས་པ་ལེགས། ་་ཁྱི་རྒན་བློ་སེང་ལང་ལ་ཤོར་ནས་མུས་མཐུས་ལས་ངན་གསགས་རུ་གཅུག་ན་གྱོང་གུས་ང་ཚོ་ས་ཡ་དྲུག་རག་པ་རེད་

  10. སྟག་སྨྱོན། says:
    2018-01-27 at 5:58 pm

    སྲིད་སྐྱོང་བློ་བཟང་སེང་གེས་ཡོ་རོབ་ན་ཟིང་ཟིང་ལོང་ལོང་བཟོ་གི་འདུག
    ཚང་མས་ཤེས་གསལ་ལྟར་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༡༩ ནས་སྤྱི་ཟླ་ ༢ ཚེས་ ༣ བར་སྲིད་སྐྱོང་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ ༢༠༡༨།༡།༡༩ སྔོ་དྲོ་ཆུ་ཚོད་ ༨ ཐོག་སྲིད་སྐྱོང་གནམ་ཐང་དུ་གོམ་པ་སྤོས་པ་དང་། དུས་རྒྱུན་ཆེས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་སྐད་གྲགས་ཅན་དེ་ཟིང་ཟིང་ལོང་ལོང་དང་བྲག་ཅས་ཁེངས་ཏེ་གནམ་ཐང་ཡོམ་ཡོམ་བྱས་སོང་། གནམ་ཐང་ནས་ཡར་མར་ཕེབས་མཁན་གྱི་རྒྱལ་སྤྱིའི་མགྲོན་པོ་མང་པོ་དང་ལས་བྱེད་ཚོ། ཆེས་རྒྱུན་ལྡན་མ་ཡིན་པའི་ཟིང་ཟིང་ལོང་ལོང་གི་རྣམ་པ་དེ་ཅི་ཡིན་གང་ཡིན་མ་ཤེས་པར་སེམས་འཚབ་ལངས་མཁན་དང་ལྟད་མོ་ལྟ་མཁན་སོགས་བྱུང་ཡོད། འོན་ཀྱང་བོད་མི་ཚོར་མཚོན་ན་དེ་ནི་ཡ་མཚན་དང་གནས་ཚུལ་གསར་བ་གང་ཡང་མ་ཡིན་པར། ང་ཚོའི་མིག་དང་རྣ་ལམ་ལ་གོམས་བྱང་དུ་གྱུར་ཟིན་པའི་ཁམས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ཕྱི་རྒྱལ་གྱི་གནམ་ཐང་ཁག་ནས་ཕེབས་སྟངས་རེད། ཁམས་པའི་སྲིད་སྐྱོང་ཟེར་བ་ཁ་ན་ཏྲའི་གནམ་ཐང་ནས་སྲིད་སྐྱོང་ཕེབས་བསུ་བྱེད་སྐབས། ཁོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ང་ཚོ་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ། སྲིད་སྐྱོང་མིན་ན་གང་རེད་ཞེས་པའི་མཉམ་གཞས་ཀྱི་ཚིག་ཡིན་པ་ལས། མི་གཞན་གྱིས་ཁམས་པའི་སྲིད་སྐྱོང་ཟེར་ནས་ཕར་ལ་མིང་བཏགས་པ་ཞིག་མ་རེད། བྱེད་སྟངས་འདི་ལ་རྟ་ལས་བབ་ཏེ་བོང་གུ་ཞོན་ཟེར་བ་མ་ཡིན་ནམ། བོད་མི་ས་ཡ་དྲུག་གི་སྲིད་སྐྱོང་གི་མཚན་གནས་གཡུག་ནས་ཁམས་པའི་སྲིད་སྐྱོང་ཟེར་ནས་རྫིག་པོ་བྱེད་པ་ནི་གཟི་བརྗིད་ཁོག་སྟོང་གི་བྱེད་སྟངས་ངོ་མ་དེ་མ་རེད་དམ།
    སྟབས་ཉེས་པ་ཞིག་ལ་སྲིད་སྐྱོང་མཆོག་སྦེལ་རྗེམ་དང་ཧྥ་རིན་སི་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གྲུབ་ནས་བདུན་ཕྲག་གཅིག་གི་རྗེས། ༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གྱི་ཞོགས་པ་སྲིད་སྐྱོང་ཕྱིར་སུད་སིའི་ཛུ་རིག་གནམ་ཐང་དུ་འབྱོར་སྐབས། སུད་སི་གཞུང་གིས་སྲིད་སྐྱོང་གནམ་ཐང་ནས་ཕེབས་སྟངས་ལ་སྒྲིག་གཞི་གསར་བ་བཟོས་ནས་སྤྱི་ཚོགས་ནང་བཀྲམས་ཡོད་འདུག ད་ལམ་སྲིད་སྐྱོང་ཕེབས་དུས་སྔོན་མ་དང་མི་འདྲ་བར་ཕེབས་བསུ་ཞུ་མཁན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་ཁ་ཤས་ལས་མི་མང་པོ་གནམ་ཐང་དུ་ཕེབས་བསུར་ཡོང་རྒྱུའི་ཐོབ་ཐང་མེད་པ་བཟོས་ཡོད་འདུག མ་ཟད་སྲིད་སྐྱོང་གནམ་གྲུ་ནས་མར་བབ་པ་དང་ལམ་སང་མོ་ཏྲའི་ནང་བསྡད་ནས་ཐད་ཀར་གནམ་ཐང་ནས་ཕྱི་ལ་ཐོན་དགོས་པ་ལས། ཕེབས་ཐེངས་སྔོན་མ་ལྟར་གནམ་ཐང་ནས་མར་བབ་ཏེ་སྣེ་ལེན་ཞུ་མཁན་མང་པོར་ལག་འཇུ་བྱེད་པ་དང་ཁ་བཏགས་འཐེན་པ། གཞས་གཏོང་བཞིན་ཞབས་བྲོ་འཁྲབ་པ་དང་ཡང་ན་འུར་བརྒྱབ་ནས་རྔམ་རྔམ་རྫིག་རྫིག་བྱེད་པའི་གོ་སྐབས་མེད་པ་ཆགས་ཡོད་ཚོད་འདུག གནམ་ཐང་ནས་དཀྲོག་དཀྲོག་དང་རྫིག་རྫིག་རྔམ་རྔམ་བྱེད་པ་དེ་སྲིད་སྐྱོང་ཆེས་དགའ་ཤོས་ཀྱི་ཕེབས་ལུགས་ཤིག་ཡིན་པ་རེད།
    བོད་མི་སུ་འདྲ་ཞིག་ལ་མཚོན་ནའང་བོད་མིའི་སྲིད་སྐྱོང་དམིགས་སུ་བཀར་ཏེ་གནམ་ཐང་ནས་ཕེབས་སྟངས་ལ་སྒྲིག་གཞི་གསར་བ་བཟོ་དགོས་བྱུང་བའི་གནས་ཚུལ་འདི་ཆེས་ངོ་ཚ་དགོས་པ་ལས་དགའ་འོས་པའི་གཏམ་བཟང་ཞིག་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་གིས་རང་ཚོད་མ་ཟིན་པའི་མཇུག་འབྲས་རེད། ད་ལན་སྲིད་སྐྱོང་དང་ཁོའི་རྒྱབ་སྐྱོར་བ་ཚོས་བཙན་བྱོལ་བོད་མི་ཉམ་ཆུང་ཚོའི་སྟེང་ལ་གང་འགྲོ་བ་མི་རིགས་ཀྱི་ས་ཐོག་ལ་མི་འགྲོ་བ་ར་འཕྲོད་ཡོད་ཤག་རེད།
    གཞན་ཡང་ཕྱི་རྒྱལ་ཁག་གི་བོད་མི་སྐྱབས་བཅོལ་བ་ཚོས་ཤེས་དགོས་པ་ཞིག་ལ། རི་དིང་དིང་གླ་བ་ཉལ་ས་རེད། ཉལ་མ་ཤེས་གླ་བ་ཤི་ས་རེད་ཟེར་བ་ལྟར། བོད་མི་སྐྱབས་པ་ཚོས་རང་ཉིད་སྲིད་སྐྱོང་གི་ལག་ཆ་རུ་མ་གྱུར་བར་གཞན་གྱི་ས་ཐོག་ནས་འགྲོ་ཤེས་འདུག་མཁས་བྱེད་དགོས།
    བློ་བཟང་སེང་གེ་མི་ཧ་ཅང་ངོ་ཚ་ཁྲེལ་མེད་ཅིག་མིན་ན། རང་ལ་རྒྱབ་སྐྱོར་ཞུ་མཁན་རྣམས་སྐྱབས་བཅོལ་ཞུ་ཡུལ་རྒྱལ་ཁབ་སོ་སོའི་ནང་ཁྲིམས་འགལ་དང་ནག་པོ་ཆགས་རྒྱུའི་སེམས་ཁུར་དང་སྙིང་རྗེ་མེད་པར། དཀྲོག་དཀྲོག་བྱེད་པའི་ལག་ཆ་ཙམ་དུ་རྩིས་ནས་རྒྱབ་སྐྱོར་བ་ཚོ་རྒྱལ་སྤྱིའི་གནམ་ཐང་སོགས་སུ། གཞན་གྱིས་མཐོང་ན་འཇིགས་དངངས་སྐྱེ་ཞིང་སྐྱུག་བྲོ་བོ་འདི་འདྲ་འཁྲབ་ཏུ་འཇུག་མི་སྲིད། གལ་སྲིད་ཁོང་གི་རྒྱབ་སྐྱོར་གཅིག་ཁྲིམས་འགལ་ཆགས་པ་ཡིན་ན། བློ་སེང་ལ་སྐྱོབ་པའི་ནུས་པ་མེད་པ་མ་ཟད་ཁོ་དང་འབྲེལ་བ་མེད་ཟེར་ནས་རང་ཉིད་དཀར་འདོད་བྱེད་རྒྱུ་ཉག་ཅིག་རེད།
    བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཧ་ལས་པའི་མི་ཆེན་རྐྱང་རྐྱང་མ་རེད། བོད་མི་སྤྱི་མཚུངས་ལྟར་ལ་ལ་ད་དུང་ཡང་ཁྲིམས་མཐུན་གྱི་སྐྱབས་བཅོལ་དང་ལས་ཀ་མེད་མཁན། ཡང་ན་བཟོ་གྲྭ་དང་ཟ་ཁང་སོགས་སུ་ལས་ཀ་ཁག་པོ་ཤ་སྟག་བྱེད་མཁན་རེད། བློ་སེང་གིས་ཁོ་ཚོའི་ལས་ཀ་དང་ངལ་གསོའི་དུས་ཚོད་ཆུད་ཟོས་སུ་བཏང་མ་ཟད། ཡུལ་མི་སྤྱི་དང་ས་གནས་དཔོན་རིགས་དང་ལྷག་པར་དུའང་འབྲེལ་ཡོད་བདེ་སྲུང་མི་སྣ་ཚོའི་མིག་ནང་ལ་བོད་མིར་ཆ་འཇོག་བརླག་ཅིང་དོགས་ཟོན་བྱེད་ས་ཞིག་ཏུ་འགྱུར་ངེས་རེད། མདོར་ན་བློ་སེང་གིས་བོད་མི་སྤྱིའི་ལ་རྒྱ་དང་ཆེ་མཐོང་མེད་པ་བཟོས་པ་མ་ཟད། བོད་མི་ནང་ཁུལ་དགྲ་ཁ་གཏད་བཟོ་ཏེ་དགྲ་དགའ་གཉེན་སྡུག་གི་ལས་ངན་ཚབས་ཆེན་གསོག་བཞིན་འདུག
    དོལ་ཚོགས་ལས་གཞན་སྤྱི་ཡོངས་ཀྱི་ཆ་ནས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཕྱི་རྒྱལ་ཁག་གི་བོད་མིའི་སྤྱི་ཚོགས་ལ་ཡུལ་མིས་ཆ་འཇོག་དང་རྒབ་སྐྱོར་གནང་སྟངས་ཡག་པོ་ཡོད་ཀྱང་། བློ་བཟང་སེང་གེ་སྲིད་སྐྱོང་ཆགས་ནས་འཆམ་མཐུན་མེད་པར་ཟིང་ཟིང་ལོང་ལོང་དུ་གྱུར་བ་མ་ཟད། ཆེ་མཐོང་དང་ལ་རྒྱ་ཤོར་བའི་སྐྱབས་བཅོལ་བ་ཆེས་ཐ་ཤལ་གྱི་གྲས་སུ་ལྷུང་བཅུག་ཡོད།
    སྲིད་སྐྱོང་དང་ཁོའི་ངན་གྲོགས་སྐལ་རྡོར་སོགས་མི་བཞི་ཕྱོགས་ཁག་གིས་སྲིད་དབང་སྒེར་སྤྱོད་བྱས་པར། ཁྲིམས་མཐུན་དང་ཉམ་ཆུང་གི་སྒོ་ནས་ཞི་བའི་ངོ་རྒོལ་གྱི་བྱེད་མཁན་རྣམས་ལ་འཇིགས་སྐུལ་དང་དྲག་པོའི་ལམ་ནས་མེད་པ་བཟོ་རྒྱུའི་སྡིགས་ར་ཚབས་ཆེན་བསྐུལ་བཞིན་པ་ནི་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བའི་དཔེ་རེད། ཡུལ་ཁྲིམས་དང་འགལ་ཡོད། བློ་སེང་གི་རྒྱབ་སྐྱོར་བ་ཚོས་ཤེས་དགོས་པ་ཞིག་ལ་བློ་སེང་གིས་ཁྱེད་རང་ཚོ་ཆེ་མཐོང་ལྡན་པའི་སྒོ་ནས་སྣེ་ཁྲིད་བྱེད་ཀྱི་མེད་པར། མི་གཞན་ལ་ཞེད་སྣང་སྐུལ་བྱེད་ཀྱི་ལག་ཆ་བྱེད་བཞིན་པ་དེ་ཡིན། དེ་འདྲ་ཡིན་ཙང་ཁམས་པ་ལབ་ན་མི་རྣམས་ཞེད་སྣང་སྐྱེ་ས་ཞིག་ཆགས་མི་འདུག་གམ། ངའི་སྐད་ཆ་འདི་ཤ་ཚ་བའི་ཁ་ལ་གཏམ་སྙན་མེད་ཟེར་བ་དེ་ཡིན།
    མཐར་ཞུ་འདོད་པ་ནི་བརྗོད་བྱ་དང་ཚིག་སྦྱོར་ལ་གོ་རིམ་མེད་པའི་རྩོམ་ཐུང་འདི་བློ་སེང་ཕྱི་རྒྱལ་ཁག་ཏུ་སྐྱོད་སྐབས། རང་གི་རྒྱབ་སྐྱོར་བ་རྣམས་ངན་ལ་སྐུལ་བྱས་ནས་བོད་མི་ནང་ཁུལ་ལ་རྫིག་རྫིག་གཏོང་ཆེད། སུད་སི་དང་སྦེལ་རྗམ་དང་ཧྥ་རིན་སི་སོགས་ཀྱི་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ཚུལ་མིན་ཐ་ཤལ་གྱི་བྱ་སྤྱོད་ཡ་ང་མེད་པར་སྤེལ་བ་བཞིན་མཐོང་མ་བཟོད་པར་བྲིས་པ་ཡིན།

  11. གྲགས་པ། says:
    2018-01-28 at 7:24 pm

    སྟག་སྨྱོན་གྱིས་བྲིས་པར་བདེན་རྩ་འདུག

  12. གྲགས་པ། says:
    2018-01-28 at 7:55 pm

    ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེེར་པ་ཅི་མ་བདེན། བློ་སེང་སླེབས་ནས་ཆོལ་ཁ་ནང་འཁྲུགས་བྱས་། དཔལ་འབྱོར་རྗེས་ལུས་ཐེབས། བཙན་བྱོལ་བ་ལ་མདུན་ལམ་གསར་པ་ནི་མེད། ཚད་ལྡན་གྱི་གཞུང་ཞབས་མང་པོ་རྩ་དགོངས་སྤྲད། དེ་འདྲ་རྐྱང་བ་བྱས་ནས་ནང་བཀྲ་ཤིས་པ་དེས་ཨ་སུ་མ་འདུས་པས། དགྲ་བོ་རྒྱ་དམར་ལ་ཁ་གཏད་གཅོག་རྒྱུ་ཕར་བཞག་ནས། བོད་རྒྱའི་འབྲེལ་མོལ་ཙམ་ཡང་བསྐྱར་མཐུད་བྱེད་ཐུབ་མེད།

  13. རྡོ་རྗེ says:
    2018-02-01 at 1:34 pm

    འགྲིག་བཞག
    འདི་གར་ཧྥ་རན་སི་མི་དམངས་ལ་བཀའ་སློབ་ཞིག་གནང་སོང།མཆོག་གསུམ་མི་དམངས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་ཞིག་རེད་ལ་ཆོལ་ཁ་རྩོད་མཁན་མུ་མཐུན་རྩ་བ་ནས་མེད་དང་རྩོད་སར་རྒྱ་ནག་ཡིན་པ་གསལ་པོ་གསུངས་སོང།རེད།དགྲ་དགའ་གཉེན་སྡུག་མཆོག་གསུམ་མི་དམངས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་ཞིག་ལ་ངོ་རྒོལ་ལས་འགུལ་འདི་ལྟར་སྤེལ་བ་ནི་རྒྱལ་སྤྱི་ཐོག་ལབོད་པའི་ཡར་རབས་སྤྱོད་གསུམ་བསྟོན་རྒྱུ་ཡོད་ཚད་ཚང་མ་སྟོནསོང།རྒྱ་ནག་ལ་ལག་ཆ་གསར་པ་ཞིག་རྙེད་པ་རེད།
    བོད་པ་ནང་ལ་ངོ་རྒོལ་བྱེད་མ་ཚར་ནས་བསྡོད་ཀྱིས་འདུག
    རྩ་དོན་དེ་རེད་པས།
    ཁྱེད་རང་ཚང་རྒྱ་ཁྱི་འགའ་ཤས་འདོད་བློ་མི་ཁེབས་ཙམ་བྱེད་སྟངས་དེ་རེད་བ།ད་བྱེད་མ་ཐུབ་ན་ཁྱེད་ཚོས་ངོ་ཚ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme