Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་བཟང་སེང་གེའི་ལུང་འདྲེན་རྫུན་མ།

Posted on 2017-12-13 By ཁ་བརྡ 13 Comments on སྲིད་སྐྱོང་བློ་བཟང་སེང་གེའི་ལུང་འདྲེན་རྫུན་མ།

དམིགས་བསལ་ཞིབ་དཔྱོད་པ།

“The arc of the moral universe is long, but it bends toward justice.”
“The arc of the universe is long, but that it bends toward justice”
“The arc of history is long and bends toward justice,”

ཁྱེད་རང་ཨིན་ཡིག་ཤེས་མཁན་ཞིག་ཡིན་ན། སྲིད་སྐྱོང་བློ་སེང་གི་གཏམ་བཤད་དང་བཅར་འདྲི་མང་ཆེ་བའི་ནང་དུ། ཁོང་གིས་མར་ཁྲིན་ལོ་ཐར་ཁིན་(Martin Luther King)གྱིས ༼ལོ་རྒྱུས་ཀྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད་གསུངས་ཡོད་ལྟར༽ཅེས་ལུང་འདྲེན་མང་པོ་བྱས་ཡོད། འོན་ཀྱང་། སྐད་ཆ་དེ་དོན་དངོས་ཐོག་མར་ཁྲིན་ལོ་ཐར་ཁིན་གྱིས་གསུངས་པ་ཞིག་ཡིན་མིན་ལ་ང་ཚོས་ཞིབ་ཏུ་ལྟ།

༡༽སྐད་ཆ་འདི་ཐོག་མའི་འབྱུང་ཁུངས་ནི་ཨ་རིའི་སྤྱི་ཚོགས་ལེགས་བཅོས་པ་དང་། བྲན་གཡོག་མེད་པར་བཟོ་དགོས་པའི་ལྟ་ཚུལ་འཛིན་མཁན་ཐོས་རྡོར་ཕ་ཁེར་(Theodore Parker)ལགས་ཡིིན་ལ། ཁོང་གི་༡༨༥༣་ལོའི་དཔེ་དེབ་བཀའ་ཆོས་བཅུ་ཟེར་བ་དེའི་ནང་དུ། ༼བཟང་སྤྱོད་འཇིག་རྟེན་གྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽་
“The arc of the moral universe is long, but it bends toward justice.”
ཅེས་བྲིས་ཡོད་ལ། ཁོང་གི་བཀའ་ཆོས་ཀྱི་དཔེ་དེབ་དེས་ཨ་རིའི་ནང་དུ་མི་རིགས་དཀར་ནག་དབར་ནང་འཁྲུག་ཡོང་ངེས་པའང་བསྟན་ཡོད། གང་ལྟར་ཁོང་གི་སྐད་ཆ་དེ་ཨ་རིའི་ནང་གི་མི་ཆེན་དུ་མས་ལུང་འདྲེན་བྱེད་འགོ་བྱེད་འགོ་ཚུགས་ཤིང་། མཚམས་རེརེ་སྐད་ཆ་ཨ་མ་འགྱུར་ནས་ངོ་བོ་གཞན་པ་ཞིག་ཏུའང་གྱུར་ཡོད།

༢༽ ༡༩༣༤་ལོར། སེ་ཐི་བྷི་རོ་ཁིས་(Rev. Seth Brooks)བཀའ་ཆོས་གནང་སྐབས། ཐོས་རྡོར་ཕ་ཁེར་གྱི་སྐད་ཆའི་༼བཟང་སྤྱོད་འཇིག་རྟེན་གྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ནང་གི་༼བཟང་སྤྱོད་༽ཡི་གེ་གཉིས་ཕར་གཡུག་སྟེ། འཇིག་རྟེན་གྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ཅེས་བརྗོད་ཡོད།“The arc of the universe is long and bends toward justice,”

༤༽ ༡༩༤༠་ལོར། འཇིའུ་ཆོས་ལུགས་ལ་མཁས་པའི་ར་བྷེ་་ཇེ་ཁོ་ཕི་་ཀོན་( Rabbi Jacob Kohn)གྱིས་ཐོས་རྡོར་ཕ་ཁེར་གྱི་སྐད་ཆ་ཨ་མ་རྦད་དེ་འགྱུར་བ་བཏང་སྟེ། བཟང་སྤྱོད་འཇིག་རྟེན་གྱི་ཚབ་ཏུ་ལོ་རྒྱུས་ཞེས་བྲིས་སྟེ། ༼ལོ་རྒྱུས་ཀྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ཅེས་གཏམ་བཤད་སྤེལ་ཞིང་།ཁོང་གི་གཏམ་བཤད་ཀྱི་ནང་དོན་གང་ནས་ལུང་འདྲེན་བྱས་པའང་གསལ་ཁ་བཏོད་མེད། “The arc of history is long and bends toward justice,”

༥༽ ༡༩༥༨་ལོར།མར་ཁྲིན་ལོ་ཐར་ཁིན་གྱི་རྩོམ་ཡིག་ཅིག་གི་ནང་དུ། ་༼བཟང་སྤྱོད་འཇིག་རྟེན་གྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ ཅེས་སྐད་ཆ་དེ་གུག་རྟགས་ནང་བཅུག་ནས། སྐད་ཆ་དེ་ཁོ་རང་གི་མིན་པར་གཞན་ནས་ལུང་འདྲེན་བྱས་པ་གསལ་ཁ་བཏོན་ཡོད།

༧༽ ༡༩༦༤་ལོར་ཁོས་རང་གི་གཏམ་བཤད་ཀྱི་མཇུག་ཏུ་༼བཟང་སྤྱོད་འཇིག་རྟེན་གྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ཟེར་བའི་སྐད་ཆ་དེ་བསྐྱར་དུ་བེད་སྤྱོད་བྱས་ཡོད།

༨༽ ༢༠༡༢༢༠༡༧ དབར། སྲིད་སྐྱོང་བློ་སེང་སེང་གེས་ར་བྷེ་ཇེ་ཁོ་ཕི་ཀོན་གྱི་སྐད་ཆ་༼ལོ་རྒྱུས་ཀྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ ལུང་དྲངས་ཏེ། སྐད་ཆ་དེ་མར་ཁྲིན་ལོ་ཐར་ཁིན་གྱིས་གསུངས་ཡོད་ཚུལ་བརྗོད་ཡོད་ཀྱང་། མར་ཁྲིན་ལོ་ཐར་ཁིན་གྱིས་ཐོས་རྡོར་ཕ་ཁེར་(Theodore Parker)་གྱི་སྐད་ཆ་༼བཟང་སྤྱོད་འཇིག་རྟེན་གྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽་ལུང་འདྲེན་བྱས་པ་མ་གཏོགས། ༼ལོ་རྒྱུས་ཀྱི་གཞུ་མོའི་དཀྱོགས་མཚམས་ཧ་ཅང་རིང་མོད། འོན་ཀྱང་། དེ་མཐའ་མར་དྲང་བདེན་གྱི་ཕྱོགས་སུ་འཁྱོག་གི་རེད།༽ཟེར་བའི་སྐད་ཆ་ཞིག་ནམ་ཡང་གསུངས་མི་འདུག

དཔྱད་ཁུངས། https://quoteinvestigator.com/2012/11/15/arc-of-universe/#return-note-4794-7

དཔྱད་རྩོམ།

Post navigation

Previous Post: བརྒྱ་བཤད་ན།  སྟོང་བཤད་ན།
Next Post: བོད་ཀྱི་མི་འབོར་ཉམས་པའི་འགག་རྩ།

Comments (13) on “སྲིད་སྐྱོང་བློ་བཟང་སེང་གེའི་ལུང་འདྲེན་རྫུན་མ།”

  1. ཨ་འབར་འཇིགས་དབང། says:
    2017-12-14 at 12:21 am

    ༄༅། དང་པོ་་་བཀའ་ཤག་ལ་ངོ་རྒོལ་བྱེད་མཁན་དེ་ཚོར་་་ཞིབ་འཇུག་ཚོགས་ཆུང་ཞིག་
    བཙུག་ནས་ མི་དེ་ཚོའི་རྒྱབ་ལ་སུ་འཛུལ་འདུག་ལྟོས་དང་ཚོན་མདོག་ཁྲ་ཁྲ་མང་པོ་ཡོད་ས་རེད།
    མི་དེ་ཚོའི་མིང་དང་ས་གནས་ག་བར་སྡོད་ཀྱི་ཡོད་མེད་དང་རང་བཙན་ལག་དེབ་ཡོད་མེད་
    དང་དཔྱ་ཁྲལ་དུས་འབུལ་ཡོད་མེད་ལྟོས། དཀྲུགས་མཁན་དེ་ཚོ་ཡིན་ས་རེད།

  2. མྱྀ་ནག says:
    2017-12-14 at 2:24 am

    གང་ན་དྲང་བདེན་མ་ཡིན་པ་དང་། སྒེར་གཅོད་དང་རུལ་སུངས་གི་དབུ་ཁྲིད་ཡོད་ན་དེར་ངོ་རྒོལ་དང་གྱེན་ལངས་བྱེད་པ་ནི་མིའི་རིགས་ཀྱི་བཟང་སྤྱོད་དང་། མང་གཙོའི་ཁེ་དབང་གང་ལའང་འགལ་མེད་པ་ནི་ང་ཚོས་ནམ་རྒྱུན་རྒྱ་ནག་ལའང་དེ་ལྟར་ལབ་ཀྱི་ཡོད་མོད། ཡིན་ཡང་། སྐབས་འདིར་སློབ་བཟང་སངས་རྒྱས་ཀྱིས་རུལ་སུངས་བྱ་སྤྱོད་ཐེར་འདོན་བྱས་དུས་བསམ་བློར་མུ་གེ་ཐེབས་པ་འགའ་ཞིག་སྨྱོ་གྲབས་བྱེད་ཀྱིན་པ་འདིར་ཡ་མཚན།

  3. དགོན་པ་ཚང་ དར་རྒྱས་ says:
    2017-12-14 at 2:47 am

    དང་པོ་ཨ་འབར་འཇིགས་མེད་ཁོ་ལ་ཞིབ་འཇུག་བྱ་དགོས་ས་རེད། མི་དམངས་ཀྱིས་བློ་སེང་ལ་ངོ་འགོལ་བྱེད་ཀྱི་ཡོད་རེད་བློ་སེང་གིས་ང་ཚོའི་སྐུབ་བསྐྱག་མཐོ་ཤོས་སྒང་ནས་སྤྲིའུ་འཁྲབ་འཁྲབ་བྱས་ཙང་དེ་ལ་ངོ་འགོལ་བྱེད་ཀྱི་ཡོད་པ་རེད་དེ་ལྟ་བུའི་ངོ་རྒོལ་བྱེད་པ་ལ་རྒྱ་མི་ཚོ་ཡང་ང་ཚོར་དཔེ་ལེན་ནས་དབང་ཆ་གཅིག་བསྡུད་ཀྱི་གུང་གྲན་པ་ཚོར་ངོ་རྒོལ་བྱེད་འཕོད་ནས་དམང་གཙོ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ལ་གསར་བརྗེ་བྱ་འཐུབ་་ན་རྒྱ་ནག་མི་དམངས་ཡོངས་ལ་རང་དབང་གི་ཉི་མ་ཤར་གྱི་རེད་ང་ཚོ་བོད་པར་༧གོང་ས་མཆོག་ནས་དེ་འདྲའི་དམངས་གཙོ་ཡང་དགས་ཤིག་གནང་ཡོད་པའི་ནང་མི་ངན་དཔོན་ངན་རེ་ཟུང་ནས་དབང་ཆ་ལོག་སྤྱོད་དུས་ནམ་ཡང་བྱེད་འཇུག་རྒྱུ་མེད་ཨ་འབར་འཇིགས་མེད་དགོང་པ་ཡག་པོ་བཞེས།

  4. ཁུ་བྱུག says:
    2017-12-14 at 3:32 am

    ད་བློབ་བཟང་སངས་རྒྱས་ནས་སྲིད་སྐྱོང་གི་མཚན་གནས་དགོངས་པ་ཞུས་བཞག་ན་ཞེ་དྲག་ཡག་པོ་ཡོང་ས་རེད། དེ་མིན་མི་འདིའི་རིང་བོད་མིའི་ཆིག་སྒྲིལ་ལ་ལོ་རྒྱུས་ནང་ནག་ཐིག་རང་བཞིན་ཅན་གྱི་གས་ཐོར་ཞིག་བྱུང་ཞེས་འབྲི་དགོས་ཤར་ཚེ། ཁོང་གི་བུ་རབས་ཚ་བརྒྱུད་དང་བཅས་པ་ཆུ་ནང་གཡུག་པ་ཙམ་མིན་པར། མི་ཁོ་རང་ལོ་རྒྱུས་ནང་གི་ནག་ཉེས་ཅན་ཆགས་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། དེའི་ཆ་ནས་དགོངས་པ་ཞུས་བཞག་ན་རང་གཞན་གཉིས་སྨན་གྱི་ཐབས་ལམ་ཡག་ཤོས་རེད།

  5. བསེ་རུ་ཟང་ཐལ། says:
    2017-12-14 at 3:57 am

    དོན་གཅོད་གསར་པ་དངོས་གྲུབ་ལགས་ཀྱིས་ལས་དོན་འདི་མི་འཇོན་ཁོ་ཐག་རེད། ད་ལྟ་ནས་གསུང་སྐད་ཤོར་ཚར་ཡོད་སྐད་འདུག ཨ་རི་ནི་རྒྱ་གར་མ་རེད། གང་བྱུང་འཁྲབ་ས་མེད། ལར་ནས་ཁོ་པར་ཤེས་ཡོན་གྱི་ཆུ་ཚད་གདེང་ངེས་མེད། བློ་སངས་ལགས་དང་སྐལ་རྡོར་གཉིས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་ཁུངས་མཉམ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཡིག་ཆ་འཇོག་སྟངས་ཐད་ཕྱི་ནང་མི་མཚུངས་པའི་ལས་དོན་འདིས་་ཨ་རིའི་གཞུང་ལ་འགོ་སྐོར་དང་རྩེ་མོ་རྩེད་ཡོད་པ་ཨ་རིའི་གཞུང་ནས་མཁྱེན་གྱི་ཡོད། དེ་ཁྲིམས་འགལ་འཚབ་ཆེན་ཡིན་པར་སོང་རིམ་པས་IRགྱིས་བརྩད་གཅོད་བརྒྱུད་རྫུན་རྐུབ་བརྡོལ་རྒྱུ་ཡིན་པར་ངེས་པ་དང་། ཨ་རིིའི་གཞུང་ནས་འབྱུང་འགྱུར་བཙན་བྱོལ་བོད་མི་སྤྱི་ལ་རོགས་དངུལ་གནང་རྒྱུ་ལ་ཡང་འགལ་རྐྱེན་ཆེན་པོ་ཞིག་བཟོས་ཚར་བ་རེད། འདི་མི་དམངས་ནས་མཁྱེན་དགོས། དབུ་བདེ་དྲགས་ན་འགྲོ་ས་གུ་དོགས་རེད། བདེན་པ་ཟེར་བ་དེ་མཐོང་ཐུབ་པར་འགོར་དུས་ཡོད་ཀྱང་རྩ་འགོག་བྱེད་དུས་ཡེ་ནས་མེད། ཨ་གསར་མ་བྱོས། འཇོག་རྟེན་པས་སྣང་གནས་མི་མཐུན་པ་དེ་ཡང་ལེགས་པར་མཐོང་ཐུབ་པ་དགོས། ང་ཚོས་སྐྱབས་དང་རེ་ས་བདེན་པ་མ་གཏོགས་ཅི་ལ་རེ་འབོད་བྱེད། ཨ་ཁ་སྲིད་སྐྱོང་འདི་རང་སྣང་འཁྲུལ་བར་བདེན་ཞེན་ཆེ་དྲགས་འདུག།

  6. ལྟད་མོ་བ། says:
    2017-12-14 at 7:56 am

    ཨ་འབར་འཇིགས་དབང་གིས་བཤད་སྟངས་ལ་བལྟས་ན། བློ་སེང་ལ་ངོ་རྒོལ་བ་ཚོ་རྩད་གཅོད་ཡག་པོ་བྱས་ནས་ཡང་དྲག་སྤྲོད་སྤེལ་རྩིས་ཡོད་པ་འདྲ། འོས་བསྡུ་སྐབས་སུའང་བློ་སེང་གི་ཨབ་ཕྲུག་གླེན་རྒན་ཁ་ཤས་ཀྱིས་དྲག་སྤྱོད་སྤེལ་བ་རེད།

  7. ལྟད་མོ་བ། says:
    2017-12-14 at 8:25 am

    བློ་སེང་གི་སྐོར་ལ་སྔོག་གིན་སྔོག་གིན་སྐྱག་དྲི་ཇེ་ཆེ་ནས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས་ཡོད་ནི་མ་རེད།
    བློ་སེང་མི་གང་འདྲ་ཞིག་ཡིན་པ་ནི་ཁོ་ལ་མིང་ཁ་ཤས་ཤིག་ཡོད་ལ། ཨ་ཁུ་སྟོན་པ་གཉིས་པ། པ་ཚེ་རིང་གཉིས་པ། གཟི་བརྗིད་ཁོག་སྟོང་། བློ་སེང་ཝ་མོ། ཞེས་སོགས་བཏགས་པ་རེད། དེ་ཚང་མ་ཁོ་རང་གི་བྱེད་ལུགས་བཤད་སྟངས་ངོ་མ་དང་མཐུན་པའི་མིང་རྐྱང་རེད།

  8. དྲི་མེད་ལྷག་བསམ། says:
    2017-12-14 at 9:23 am

    ལམ་ཁའི་སྐད་ཆ། བདེན་རྫུན་དཔྱོད། དེ་རིང་ཐེ་ཝན་གྱི་དམག་འཇུས་ཆེད་ལས་པའི་དགེ་རྒན་ཆེན་མོ་ཞིག་གིས་འདི་ལྟར་བཤད་བྱུང་། རྒྱ་ནག་གིས་གོང་ས་མཆོག་འཆི་སྒུགས་བྱེད་རྒྱུ་རེད། ༡༽སྔོན་ཆད་འབྲེལ་མོལ་གནང་གི་ཡིན་ཚུལ་བཤད་དེ་བོད་ལ་ལས་འགུལ་མེད་པར་ཀྱི་ལོ་༦་འགྲོ་བཅུག་ཡོད། ད་ནས་ཡང་འབྲེལ་མོལ་བྱེད་ཚུལ་གྱིས་ལོ་༦་འགྲོ་བཅུག་ན་དེ་ནས་༧གོང་ས་མཆོག་སྐུ་བགྲེས་པས་ལས་དོན་བྱེད་ཐུབ་རྒྱུ་མ་རེད། ༢༽འབྲེལ་མོལ་གྱི་ཆ་རྐྱེན། ༡་གོང་ས་མཆོག་ཨ་རི་དང་། ཐེ་ཝན་སོགས་སུ་མི་ཕེབས་པ། ༢་དོན་གཅོད་ཁང་གི་མི་འཇོན་ཐང་ཡོད་མཁན་རྣམས་བརྗེ་ལེན་བྱེད་པ། ༣་བོད་རང་བཙན་གྱི་སྐད་འབོད་བྱེད་མི་རུང་པ།༤ སྐུ་ཚབས་དོན་གཅོད་དམ། ཏཱ་ལའི་ཐེབས་རྩ་ཚོགས་པ་རྣམས་ཀྱིས་ལས་འགུལ་འཚམས་འཇོག་དགོས་པ་བཅས་རེད། ཆ་རྐྱེན་འདི་དག་གླེང་དུས་བོད་ཀྱིས་དོགས་པ་བྱེད་ཞོར་ལོ་ཤས་སུ་འབྲེལ་བ་ཆད་པའི་དཀའ་ངལ་གྱིས་བོད་ཀྱིས་རེ་བ་བྱས་ནས་ཁས་ལེན་ཤོར་ཚེ་འཇུས་འོག་ཏུ་ཚུད་པ་རེད། དེས་བོད་དོན་འཐུས་ཤོར་དང་ཕྱིར་འགྱངས་སུ་སོང་ནས། ༧གོང་ས་མཆོག་འཆི་སྒུག་བྱེད་པའི་་ཐབས་འཇུས་འགྲུབ་པ་རེད། རྒྱ་ནག་གི་གཡོ་སྒྱུ་སོ་དྲུག་ནང་གི་༤་པ་ཡུན་བསྲིང་ནས་ངལ་བའི་སྐབས་སུ་རྒོལ་བ་དང་། ༡༤་པ་རོ་གཡར་ནས་རྣམ་ཤེས་འགུགས་པ་ཟེར་བའི་འཇུས་བཀོད་པ་རེད། འཇུས་དེ་འགྲུབ་ཆེད་གྲོས་མོལ་བྱེད་སྲིད་ལ། ཨུ་ཐུག་ན་ཆིངས་ཡིག་ཡང་འཇོག་སྲིད་པ་རེད། ཐེ་ཝན་གོ་མིང་ཏང་གཡོ་འོག་ཏུ་ལན་མང་ཚུན་པར་ཡང་འཇུས་དེ་བཀོལ་བ་རེད། ད་སྐབས་བོད་འཇུས་འོག་ཏུ་ཕྱེད་ཤོར་འདུག་ཟེར། འཇུས་འོག་ཏུ་མི་འགྲོ་བའི་ཐབས་ནང་ཁུལ་འཆམ་པོ་དང་། མཐའ་མའི་ཐག་ཆོད་བར་ཆ་རྐྱེན་མང་པོ་ཁས་ལེན་དང་། ལས་འགུལ་མང་པོ་འཚམས་འཇོག་མི་རུང་ཟེར། དཔྱད་པར་འཚལ།

  9. དགོན་པ་ཚང་ དར་རྒྱས་ says:
    2017-12-14 at 10:02 am

    ཨ་འབར་འཇིག་མེད་ལགས་དང་པོ་ཁྱེད་ཀྱི་དཔྱ་ཁྲལ་ལག་དེབ་དེ་གཅིག་སྟོན་དང་

  10. ཀརྡོ་རབ་འབྱམས་པ་ says:
    2017-12-14 at 10:27 am

    བློ་སེང་བཀའ་ཤག་གིས་ལན། རྒྱབ་མི་ཐུབ་པའི་གཏམ་བཤད།
    https://www.youtube.com/watch?time_continue=4&v=6H_pXBLjE6M

  11. བན་དེ་བ། says:
    2017-12-14 at 10:44 am

    དྲི་མེད་ལགས་འཇུས་དེ་ཇུས་ཞེས་འབྲི་དགོས་པ་མ་རེད་དམ། འཇུས་ནི་ལག་པས་འཇུས། ཇུས་ནི་ཐབས་ལམ་ལ་གོ་བར་སེམས།

  12. རྡོ་རྒོད says:
    2017-12-14 at 11:13 am

    བསེ་རུ་ཟང་ཐལ་ལྟ་བུའི་མི་ཐ་ཤལ་ཁྱེད་ཅག་མིག་སྐྱག་འཕྱི་མ་ཤེས་པར་སྲིད་སྐྱོང་ངམ་དོན་གཅོད་གསར་པ་ལ་ཁ་གཏོང་དྲག་ན་ཁ་དེའང་འགགས་འགྲོ་སྲིད་པས་བག་ཡོད་པར་བྱོད་ཤིག

  13. དགོན་པ་ཚང་ དར་རྒྱས་ says:
    2017-12-14 at 12:20 pm

    རྡོ་རྒོད་ལགས་ད་ཧམ་རྒྱུག་མ་གནང་
    གདེན་པ་རྫུན་སྒྲིག་བྱས་ནས་བློ་སེང་ལ་ངོ་རྒོལ་མ་རེད་ དངོས་ཡོད་གནད་ཚུལ་གྱི་དཔོན་ངནབྱེད་ཏང་དེ་ལ་ངོ་རྒོལ་བྱས་ནས་དཔོན་ངན་ངེན་པའི་ལས་སུ་མུད་མཐུད་འགྲོ་རུ་བཅུག་གི་མེད་པ་དེ་བློ་སེང་ཁོ་རང་ལ་འཕན་པ་རྡོ་རྒོད་ཁྱེད་དང་ང་ཚོ་ཚང་མར་འཕན་པའི་ནག་ཉེས་ཐེར་འདོན་གྱི་ངོ་རྒོལ་ཞིག་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme