Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་བཟང་སེངྒེ་ལ་འོས་ཚིག་བཀྲ་ཤིས་རྟགས་བརྒྱད།

Posted on 2016-03-142016-03-14 By ཁ་བརྡ 7 Comments on སྲིད་སྐྱོང་བློ་བཟང་སེངྒེ་ལ་འོས་ཚིག་བཀྲ་ཤིས་རྟགས་བརྒྱད།

དཔལ་དགྱེས་པ་རྡོ་རྗེ།
 

༧མཁས་དབང་འབུམ་རམས་པ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ལ་འོས་ཚིག་བཀྲ་ཤིས་རྟགས་བརྒྱད་ཅེས་བྱ་བ་བཞུགས་སོ།།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་ཡང་སོ་སོས་བདམས་པའི་དཔོན་པོ་དེ་བདེན་པ་དང་རང་གིས་ཡིད་ཆེས་བྱེད་ཆོག་པ་དང་གཞན་དོན་དང་སྤྱི་ཕན་ལ་འབད་པ་ཞིག་དགོས་པ་སྨོས་ཅི་དགོས། མང་གཙོ་ཟེར་བ་དེ་ཡང་རྒྱུ་ནོར་དཔུང་ཤུགས་ལ་བརྟན་པ་མ་ཡིན་པར་བདེན་པའི་བགྲོ་གླེང་དང་བཟང་སྤྱོད་དགོས་པར་ཆོས་ལྡན་བོད་ཀྱི་ལམ་ལུགས་ལ་མོས་གུས་དད་པ་ཕྱི་གསལ་ནང་གསལ་བྱུང་བར་རང་ངོས་ནས་དགའ་སྤོབས་བཅས་སྨྲས་ན་འདི་ལྟར།

༡༽ འདས་པའི་ལོ་རྒྱུས་རིང་མོར་སྤྱི་ཕན་མཛད་བཟང་གི་བརླབ་ཆེན་ལ་བདེན་པ་ཕྱི་གསལ་ནང་གསལ་གྱིས་ལོ་ངོ་བཞི་ལྔའི་རིང་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཉིས་སྨན་དབུ་མའི་བུམ་པ་བཟང་པོའི་ལམ་ལུགས་འཛམ་གླིང་ཤར་ནུབ་དུ་གཟི་བརྗིད་འབར་བའི་འོད་སྣང་ལ་ཉི་ཤར་ལག་པས་མི་ཁེབས་པའི་དཔེ་ལྟར་རྒྱ་དོལ་འུག་པའི་མིག་ལ་ཚ་གཟེར་ཞིག་སྟེར་བ་ནི་ཀུན་གསལ་མེ་ལོང་དུ་ཤར་བ་ལྟར་བྱུང་བ་ནི་སྒེར་མི་འགའ་རེར་སོ་སོའི་རྐུབ་སྟེགས་དང་བོད་དོན་གཉིས་ལས་རྐུབ་སྟེགས་གལ་ཆེན་བྱེད་པ་དང་གཏན་ནས་འདྲ་མ་སོང་བས་ཡིད་ཆེས་བྱུང་ངོ་།།

༢༽ གཙོ་བོ་གངས་ཅན་པ་གཞི་བྱེས་གཉིས་ལ་རང་གི་སྲིད་སྐྱོང་ཡོད་པས་ཆིག་སྒྲིལ་གྱི་རྣམ་པ་གཞན་དང་མ་འདྲ་བ་ཞིག་བྱུང་བ་ནི་སྐྱ་མིན་སེར་མིན་གྱི་གཞུང་འཛིན་ཞིག་མིན་པར་སྐྱ་བོ་ཆོས་དད་ཤེས་ཡོན་གྱི་འཛམ་གླིང་རྩེར་སོན་པའི་སློབ་མཐར་ཕྱིན་པ་ཞིག་གིས་སྲིད་སྐྱོང་བ་དུས་རབས་ཉེར་གཅིག་པར་བོད་ལ་ཐོག་མར་ཆགས་པ་ནི་དགའ་འོས་པ་དང་དེ་ཡང་ཤེས་བརྩེ་གཉིས་ལྡན་གྱིས་བོད་ཀྱི་རང་དབང་སླར་གསོ་བྱ་བྱེད་ཀྱི་སྲོག་རྩ་ཡིན། འདས་པའི་ལོ་བཞིའི་རིང་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཆིག་སྒྲིལ་དང་གསོན་ཉམས་དོད་པའི་བོད་རང་འགུལ་གྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཕྲིན་ལས་ཀྱི་དུང་སྒྲ་སྙན་མོས་བོད་མིའི་དབུ་རྣ་འཛམ་གླིང་དང་ཁྱད་པར་རྒྱ་ནག་ལ་མི་བཟོད་པའི་རྣ་རྦུག་ལ་ཟུག་ངུ་གསར་བ་ཞིག་སྤྲད་པར་བོད་མིའི་ཚེ་སྲོག་གི་མཛད་བཟང་ཞིག་ཏུ་ཡིད་ཆེས་རྙེད་པའོ།།

༣༽ མི་ལོ་དྲུག་ཅུའི་རིང་སྐུ་ངལ་ཚད་མེད་པ་དང་སྐུ་ངལ་ཡིན་རིང་མ་སོས་པའི་༧གོང་ས་མཆོག་ཀྱང་སྐུ་ཚེའི་ནང་ནང་ངལ་གསོས་དུས་ཡུན་རིང་ཤོས་དེ་ཨ་རིའི་གྲོང་ཁྱེར་མི་ནི་སོ་ཊ་མ་ཡོ་སྨན་ཁང་དུ་ (Prostate) ཞེས་ལྒང་པའི་སྨན་བཅོས་དང་སྐུའི་ངལ་གསོ་ཟླ་གཅིག་ལྷག་བཅས་མཛད་པ་ནི་མཛད་དཀའ་ལྟ་ཅི་མཛད་རྒྱས་ལེགས་གྲུབ་བྱུང་བ་ནི་ཆོས་འཇིག་རྟེན་ལ་ཕྱག་རྗེས་པདྨ་དཀར་པོ་ལྟ་བུ་གནང་ཡོད་པས་ཡིད་ཆེས་དང་གུས་བཀུར་བྱས་པ་ཡིན་ནོ།།

༤༽ དམིགས་བསལ་གྱི་ཁྱད་ཆོས་ནི་སྲིད་སྐྱོང་བློ་བཟང་སེང་གེ་ནི་བླ་མ་ལ་ངོ་ལྐོག་མཚུངས་པའི་དད་གུས། ཕ་མའི་བྱམས་བརྩེ་ལ་བྱས་ཤེས་དྲིན་བཟོ་མཁན། གཙུག་ལག་འབུམ་རམས་པ་ཆེན་པོ་ཞིག་ལ་འཇིག་རྟེན་བོད་མིའི་སྐུ་དྲག་ཚོས་བྱེད་སྟངས་ལས་ལྡོག་སྟེ་འཕགས་ཡུལ་དྷ་རམ་སྰ་ལ་ནས་ལ་དྭགས་སོགས་ཕྱི་ཕྱོགས་ཀྱི་བོད་འབངས་ཉམ་ཆུང་བྱིས་པ་ནས་ཆེ་དབུ་དཀར་ཡན་ཆོད་ལ་སྲིད་སྐྱོང་ཉིད་འབངས་མི་གཅོས་མ་སྙིང་རྗེ་ཆེན་པོ་ཅན་ཞིག་ཡོད་པར་ཉམ་ཆུང་ཚོས་དགའ་དུང་དང་རོགས་དན་གནང་བ་ཚོ་ལ་ཐུན་མིན་བོད་ཀྱི་ཁྱད་ཆོས་བཞིན་སྡུག་བསྔལ་གྱི་ཚ་གདུང་སེལ་བའི་གདུགས་དཀར་མཛེས་པ་ཞིག་མངོན་པས་ཡིད་ཆེས་དང་བརྩི་བཀུར་ཡོད་དོ།།

༥༽ གངས་ལྗོངས་རྒྱལ་ས་གཉིས་པའི་གདན་ས་དྷ་རམ་སྰ་ལར་དམངས་གཙོ་ཀ་བ་གསུམ་དང་གཞུང་འབྲེལ་ཡིན་མིན་གྱི་མང་གཙོའི་ལམ་ལུགས་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་དེང་རབས་ཀྱི་ཤེས་ཡོན་དང་དཔལ་འབྱོར་ཉིས་བརྩེགས་ཀྱིས་གོང་འཕེལ་གཏོང་ཞིང་ཆོས་དཔལ་རིག་པའི་ཡོན་ཏན་གྱི་དཔལ་བེའུའི་མཛད་བཟང་གི་རི་མོ་བསུབ་ཏུ་གྲལ་བའི་རྨིང་གཞི་བརྟན་པོ་ཞིག་དུས་རབས་ཉེར་གཅིག་པའི་གངས་ཅན་པ་ཡོངས་ལ་དམིགས་དཔེ་ལེགས་ཤོས་སུ་གནང་བར་ཡིད་ཆེས་དང་དགའ་སྤྲོ་ཆེན་པོ་བརྟས་སོ།།

༦༽ གོང་ས་མཆོག་ལ་ལག་བྱིས་དང་སྤུན་ཟླ་ཕུ་ནུའི་ནང་ལ་དཔུང་ངོམས་མི་དགོས་པར་བདེན་པ་སྨྲ་མཁས་དཔའ་བོ་རྒྱལ་ཐུབ་པའི་དྲང་བདེན་རིགས་པའི་དཔའ་བོས་རྒྱལ་སྤྱི་རང་བཞིན་ལྡན་པའི་སྟོབས་ཆེན་གྱི་རྒྱལ་པོ་སྲིད་འཛིན་ཁག་གི་གཙོ་འཛིན་ཚོ་དང་དཔུང་བ་བཤུབས་ཐུབ་པའི་ཕོ་རྒོད་སྤྱང་དྲང་གཉིས་ལྡན། གངས་ཅན་བསྟན་སྲིད་ཀྱི་ཆོས་འཁོར་ཕྱོགས་ཀྱི་མུ་མཐའ་བསྐོར་ནུས་པས་རྒྱལ་འགོང་དམ་སྲིས་ཀླད་ཁྲག་གཏོར་ནུས་པ་ཞིག་བཟོས་པ་ཡང་ང་ཚོས་རང་ནས་སྙིང་དུ་བརྣག་པའི་དུས་འབྲས་གཡུར་དུ་སྨིན་པར་འཇིག་རྟེན་ཡ་རབས་དམ་པའི་སྤྱོད་པ་བཟང་པོ་ཡིན་པར་སྨོས་ཅི་དགོས།།

༧༽ ཤེས་བརྩེ་གཉིས་ལྡན་གྱི་སྲིད་སྐྱོང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསང་རྒྱ་དམ་པོས་བོད་རྒྱ་ཞི་མོལ་གྱི་ཟམ་པ་གཙུགས་ཤིང་མཁས་པས་མཁས་པའི་བར་དང་ཚོང་དཔོན་དང་ཚོང་དཔོན་བར་འབྲེལ་ནས་ལུགས་གཉིས་ཀུན་མཐུན་གྱི་སྤྱན་རིས་གསེར་ཉའི་འཛུམ་མདངས་ལ་གཙོ་དང་ཟུར་ནས་ཕག་དང་ལུག་གིས་རྟུལ་ཞུགས་འཛིན་པ་དག་ལ་བྭམས་དང་སྙིང་རྗེས་དགའ་དང་གུས་པའི་རྣམ་འགྱུར་བཅས་བྱེད་དགོས་པར་མཛད་དཀའ་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྟག་ཏུ་གངས་ཅན་བོད་འབངས་ཡོངས་ལ་སྤྱི་ཕན་གནང་བའི་དེད་དཔོན་གནང་བ་ནི་གངས་ཅན་བོད་འབངས་ཡོངས་ཀྱི་སྐལ་མཉམ་གྱིས་བསོད་ནམས་བསགས་པའི་འབྲས་བུ་ཡང་དག་ཅིག་ཡིན་པར་སྨོས་ཅི་འཚལ།།

༨༽ ཕྱི་ནང་གསང་བའི་འགལ་རྐྱེན་དང་གཞི་མེད་ཀྱི་སྒྲོ་བཀུར་ངན་པའི་རིགས་ལ་མི་འཇིགས་སྤོབས་པའི་སེངྒེའི་ང་རོ་རྒྱལ་ཁམས་སུ་ཁྱབ་ཅིང་རྒྱ་དམར་དྲག་པོས་དཔུང་ཆེན་ལ་ཕ་ཡབ་ཞལ་དཀར་དཔའ་བོའི་སྙིང་སྟོབས་ལྡན་ཞིང་བཀའ་ཟུར་བན་རྒོད་དང་གྲྭ་རྒོད་ཀྱི་ཅི་འདྲི་བ་དག་ལ་བཀའ་ལན་གནམ་ལྕགས་ཀྱི་ཐོག་འདྲ་བས་དྭོགས་པའི་ཕུང་པོ་རྡུལ་ཕྲན་ཐལ་བར་གཏོར་བའི་སྨྲ་མཁས་དབང་པོ། བསྟན་པའི་རྒྱལ་མཚན་མི་ནུབ་གཡོ་བ་མེད་པར་ཛམ་གླིང་གོ་ལ་ཟླུམ་པོའི་ཡངས་སྟེང་ལ་འཛུགས་པའི་གངས་ཅན་བོད་པའི་སྲིད་རྒྱལ་མི་དབང་བློ་བཟང་སེངྒེ་ལ་སྲིད་རྒྱལ་འོས་ཤིང་འཚམས་པར་དུང་ལེན་དང་རྒྱ་ཁའི་ཁ་གཡང་བཅས་བསྒྲགས་ན་དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་དང་གངས་ཅན་བསྟན་སྲུང་རྒྱ་མཚོས་སྲིད་སྐྱོང་བློ་བཟང་སེངྒེས་གངས་ཅན་བསྟན་སྲིད་ལ་བླ་ན་མེད་པའི་མཛད་བཟང་དར་སྨན་རྒྱས་པའི་མཐུན་འགྱུར་མཛད་པར་གྱུར་ཅིག་གུ།།

ཞེས་པ་འང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེའི་བར་ཨེ་ཝྃ་ཡིད་བཞིན་ནོར་བུའི་ཆོས་ཚོགས་ཁང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཕྱི་ལོ་ཟླ་ཚེས་༣་༡༣་༢༠༡༦ ལའོ།

ངོ་སྤྲོད།

Post navigation

Previous Post: སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་གསུང་ཚིག་ཡིད་ལ་འགྲོ་བ་ཁ་ཤས།
Next Post: བློ་འཚབ་ཅིག་གིས་བློ་བཟང་སེང་གེ་ལ་འོས་འཕེན་རྒྱུ་ཡིན།

Comments (7) on “སྲིད་སྐྱོང་བློ་བཟང་སེངྒེ་ལ་འོས་ཚིག་བཀྲ་ཤིས་རྟགས་བརྒྱད།”

  1. ཅང་ཤེས་རྟ་མཆོག says:
    2016-03-15 at 2:13 am

    སྤྱིར་བཏང་དམངས་གཙོའི་ཡན་ལག་ཚང་བའི་རྒྱལ་ཁབ་དང་སྤྱི་ཚོགས་ཤིག་ཡིན་ན། བློ་བཟང་སེང་གེ་ལགས་ནས་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་གི་སྐུ་དྲིན་ཡང་མངོན་སུམ་འཛེམ་མེད་ཀྱིས་ཧམ་འཕྲོག་བྱས་ནས་མི་དམངས་མགོ་སྐོར་གཏོང་ཐབས་བྱེད་པ་འདི་ལྟ་བུ་ནི་ཁྲིམས་ལ་གཏུགས་དགོས་པ་ཞིག་ཡིན། དེ་ལྟར་མ་བྱུང་ན་ཡང་། གནས་སྐབས་ཁོང་སྲིད་སྐྱོང་གི་འོས་འགྲན་ལ་ཞུགས་པ་མཚམས་བཞག་ནས། ༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་ལ་ཁོང་ཚོའི་སྐུ་དྲིན་ཧམ་འཕྲོག་བྱས་པ་དང་། མི་དམངས་ལ་ཁོང་ཚོ་མགོ་སྐོར་གཏོང་ཐབས་བྱས་པ་བཅས་ལ་ཐུགས་བདེན་དགོངས་དག་ཞུ་དགོས་པ་མ་ཟད། མ་འོངས་པར་དེ་ལྟར་མི་བྱེད་པའི་དམ་བཅའ་ཕུལ་ནས་ཡང་སྐྱར་འོས་འགྲན་ལ་ཞུགས་དགོས་པ་ཡིན། བློ་སེང་ལགས་ཀྱིས་དེ་ལྟར་བྱེད་པ་ཕར་ཞོགཁོང་གིས་ད་དུང་རྫུན་རྐུབ་རྙིང་པ་རྡོལ་གྱིན་རྡོལ་གྱིན་རྫུན་གསར་པ་སྒྲིག་གིན་སྒྲིག་གིན་འགྲོ་གི་ཡོད།བློ་སེང་གིས་རྫུན་སྒྲིག་བྱེད་པ་ནི་རྫུན་སྒྲིག་ཙམ་མིན། དེའི་ཕུགས་ན་མི་དམངས་ལ་མཐོང་ཆུང་ཡོད། མི་དམངས་ཀྱི་ཤེས་ཚད་ལ་མཐོང་འཇོག་ཧ་ཅང་དམའ་བའི་རྟགས་ཤིག་ཡོད། ཁོང་གིས་རང་གི་འདོད་མོས་ལྟར་མི་དམངས་ལ་མགོ་སྐོར་བཏང་ཆོག་ཡོད་བསམ་གྱི་ཡོད། དེ་མིན་ན་༧དགེ་བཤེས་མའི་ལམ་སྲོལ་དེ་ཁོང་རང་གི་སྟེང་ལ་ཇི་ལྟར་སྦྱོར་རམ། རྡ་རམ་ས་ལའི་གཞུང་ལམ་གྱི་རྫུན་སྒྲུང་དེ་ཇི་ལྟར་བསྒྲིགས་སམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:22 am

    ད་ལོ་བློ་སེང་མུ་མཐུད་ནས་བྱེད་དུ་བཅུག་དགོས། གང་ཡིན་ཟེར་ན། སྤེན་ཚེ་ལ་རྒྱབ་སྐྱོར་ཤེས་ཡོན་ཅན་མང་པོ་ཡོད་ན་ཡང་། དེ་ཚོ་ཚང་མ་བློ་སེང་ལགས་ལ། འགྲན་རྩོད་བྱེད་མཁན་དང་། ཕྲག་དོག་བྱེད་མཁན་རྐྱང་རྐྱང་རེད། དེའི་ནངནས་་བྱེད་གཏེ་གཙོ་བོ་གཅིག་ནི། མོ་ཧྲང་བདེ་སྐྱིད་ཆོས་དབྱངས་རེད། ཡིན་དང་མིན། ད་དུང་དཔྱད་པ་ཡག་ཞོིག་གྱིས་དང་། དེ་ནས། ག་ལེར་ཤེས་ཡོང་ངོ་།།

    #7 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    March 15th, 2016 at 2:21 am
    བློ་སེང་ལ། ཕྲག་དོག་དང་། མ་དགའ་ནས་སྤེན་ཚེ་ལ། རྒྱབ་སྐྱོར་བྱེད་མཁན་ཤེས་ཡོན་ཅན་ཚང་མ། ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་རྐྱང་རྐྱང་རེད་འདུག་གདའ། འོས་བླུགས་མཁན་ཚོར།།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:32 am

    ལ་དྭགས་སུ་བོད་མིའི་སྲིད་སྐྱོང་མཆོག
    https://www.facebook.com/fan.page.of.dr.lobsangsangay/videos/979442495482639/

  4. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:41 am

    སྲིད་སྐྱོང་གིས། ཡང་སྲིད་ངོས་འཛིན་སྐོར་ལ། ལན་འདེབས་ཨིན་སྐད་དུ་གཟིགས་འདོད་ན།
    https://www.facebook.com/100010798146019/videos/169060733463864/

  5. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 10:58 am

    ༢༠༡༢ སྤྱི་ཟླ་ ༡ པོའི་ཚེས་ ༣ ལ་༸གོང་ས་མཆོག་གིས།
    https://www.facebook.com/fan.page.of.dr.lobsangsangay/videos/966771973416358/

  6. བཙན་རྒོད། says:
    2016-03-15 at 12:30 pm

    ཀ་རྡོ་ལགས་སྲིད་སྐྱོང་གིས་གཞན་ཞིག་གིས་བཤད་ཚར་བ་དེ་བསྐྱར་བཤད་དང་།གཞན་ཞིག་གིས་བྱས་བཞག་པ་དེ་རང་གིས་བྱས་ཡོད་ཟེར་བ་སོགས་དེང་སང་རྒྱུན་ལྡན་གྱི་སྲང་ལམ་གྱི་སྐད་ཆ་རུ་གྱུར་ཚར་བ་རེད།དེ་ལ་བལྟ་འདོད་མེད་ལ་ཉན་འདོད་ཀྱང་མེད།ནར་མ་སོན་པའི་བྱིས་པ་ཚོ་ལ་ཡང་མགོ་སྐོར་རེ་གཏོང་དུ་སོང་པ་དེའི་གནས་ཚུལ་རེད་མོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:36 pm

    སྲིད་སྐྱོང་བློ་སེང་མཆོག་གི་འབྱུང་རབས་ལེགས་ཉེས་གཉིས་ཀ་བཤད་ནས་ཕྱིན་ན་རང་གཞན་གཉིས་ཕན་རེད། དེ་མིན་སྣང་བ་མ་འགྲོ་བ་ཙམ་གྱིས་ཉེས་འཛུགས་རྐྱང་རྐྱང་བྱས་ནས་ཕྱིན་ན། དགྲ་དགའ་གཉེན་སྡུག་ཟེར་མཁན་དེ། བསམ་ཤོར། བཤད་ཤོར་གྱིས། ཤུགས་ལ་འོངས་སྡོད་བགྱིད་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme