Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་བཟང་སེངྒེ་ལ་ས་གནས་ཡོངས་ནས་འོས་ཐོབ་ཐབས་བྱེད་དགོས།

Posted on 2016-01-272016-01-28 By ཁ་བརྡ 21 Comments on སྲིད་སྐྱོང་བློ་བཟང་སེངྒེ་ལ་ས་གནས་ཡོངས་ནས་འོས་ཐོབ་ཐབས་བྱེད་དགོས།

སྲོང་བཙན།
 
ད་ལན་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་མཁས་དབང་བློ་བཟང་སེངྒེ་ལ་ཐོབ་པའི་རྒྱལ་ཁ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཡོད་ཅིང་ཕྱི་ལོ་2011ལོའི་སྔོན་འགྲོའི་འོས་བསྡུ་དང་བསྡུར་ན་རྒྱ་ཆ་26འཕར་ཡོད། ཕྱི་ལོ་2011ལོའི་སྔོན་འགྲོའི་འོས་གྲངས་ལས་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་22489དང་སྐུ་ངོ་བཀྲས་མཐོང་ལ་འོས་ཤོག་12319 ཐོབ་ཡོད་པས་འདི་དང་ད་ལན་གྱི་འོས་གྲངས་བསྡུར་ན་མཁས་དབང་བློ་བཟང་སེངྒེ་ལ་བརྒྱ་ཆ26དང་འོས་གྲངས་8019འཕར་ཡོད། སྐུ་ངོ་སྤེན་པ་ཚེ་རིང་ལ་སྐུ་ངོ་བཀྲས་མཐོང་གི་སྔོན་འོས་འགྲོའི་འོས་ཐོབ་དང་བསྡུར་ན་བརྒྱ་ཆ་13མར་ཆགས་ཡོད་ཅིང་འོས་གྲངས་1586ཉུང་བ་ཆགས་ཡོད།

བློ་བཟང་དབང་རྒྱལ་གྱིས་གཉེར་བའི་ www.tibetsun.com དྲ་གནས་ཐོག་ཏུ་འཁོད་པ་གཞི་བཟུང་བྱེད་ན། འོས་འཕེན་ས་གནས་71ལས་མཁས་དབང་བློ་བཟང་སེངྒེ་ལ་ས་གནས་67ནས་འོས་ཐོབ། སྐུ་ངོ་སྤེན་པ་ཚེ་རིང་ལ་ས་གནས་3དང་བཀྲ་ཤིས་དབང་འདུས་ལ་ས་གནས1གཅིག་ནས་འོས་ཐོབ་ཡོད།

ཨེ་ཤེ་ཡ་རྒྱལ་ཁབ་4དང་ཡུ་རོབ་ཀྱི་རྒྱལ་ཁབ་7བྱང་ཨ་མི་རི་ཀ་ནས་རྒྱལ་ཁབ་2་ཁྱོན་འཛམ་གླིང་གི་རྒྱལ་ཁབ་13ནས་མཁས་དབང་བློ་བཟང་སེངྒེ་ལ་གྲངས་མང་གི་འོས་ཤོག་ཐོབ་ཡོད། འོན་ཀྱང་ས་གནས་ཁག་བཞི་ནས་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་ཐོབ་མེད། ས་གནས་བཞི་པོ་དེ་ནི། ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནས་སྐུ་ངོ་སྤེན་པ་ཚེ་རིང་ལ་འོས་ཤོག་3དང་། རྒྱ་གར་གྱི་ས་གནས་ཏཱ་ར་ན་གྷ་Tara nagarནས་འོས་ཤོག10 གངས་ཅན་སྐྱིད་གཤོངས་ནས་19་མཐོ་བ་ཡོད། བཀྲ་ཤིས་དབང་འདུས་ལ་རྒྱ་གར་གྱི་ས་གནས་དྷོ་ལ་ཇིDholaji ནས་འོས་གྲངས་60མཐོ་བ་ཆགས་ཡོད། གྲངས་ཚད་འདི་ཚོ་ཧ་ཅང་ཉུང་ཉུང་ཡིན་རུང་ཆབ་སྲིད་ཐད་ནས་བཤད་ན་ས་གནས་དེ་ཚོ་ནས་འོས་ཤོག་ཤོར་བ་རང་དུ་བརྩི་དགོས་སྟབས་མཁས་དབང་བློ་བཟང་སེངྒེའི་རྒྱབ་སྐྱོར་བ་ཚོས་ཆེས་དོ་སྣང་བྱེད་དགོས་ས་ཞིག་ཡིན།

འབྱུང་འགྱུར་ས་གནས་བཞི་པོ་ནས་ངེས་པར་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་ཐོབ་ཐབས་དང་དེ་མིན་གྱི་ས་གནས་གཞན་ཁག་ནས་འོས་འཕར་ཐབས་ཇི་དགོས་ཐབས་བརྒྱ་ཇུས་སྟོང་གིས་ལས་དོན་སྒྲུབ་དགོས། འོས་ཤོར་ས་གནས་བཞི་པོ་ནས་འོས་ཤོག་ཤོར་བའི་གནད་དོན་ལ་ཞིབ་འཇུག་དང་འབྲེལ་ཐབས་ཇུས་གསར་པ་བཀོལ་ཏེ་འོས་ཤོག་ཐོབ་པར་བྱེད་དགོས། འོན་ཀྱང་བྱེད་ཐབས་ངན་པ་དང་ཚུལ་མཐུན་མིན་པའི་གཡོ་ཐབས་ཀྱི་ལས་འགུལ་ཕྲ་མོ་ཙམ་ཡང་མི་སྤེལ་བར་ཁྲིམས་མཐུན་ལུགས་མཐུན་དང་ཡ་རབས་བཟང་སྤྱོད་དང་གཏན་ནས་མི་འགལ་བའི་ལས་དོན་སྣ་ཚོགས་སྤེལ་རྒྱུར་ཤུགས་སྣོན་བརྒྱག་དགོས།

ལས་འགུལ་སྤེལ་སྟངས་ཐད་རྩ་བའི་དོན་ཚན་གསུམ་ཚང་དགོས་པ་ནི་ཁྲིམས་མཐུན་ཡིན་པ། ཀུན་སྤྱོད་དང་མཐུན་པ། དྲང་བཞག་ཡིན་པ་བཅས་ངེས་པར་དགོས་ལ། ལག་བསྟར་བྱེད་དུས་སྤྱི་ཚོགས་སུ་བག་ཆགས་ངན་པ་ཐེབས་ཉན་དང་སྤྱི་ཚོགས་འགལ་ཟླ་བཟོ་ཉན། མཁས་དབང་བློ་བཟང་སེངྒེ་ལ་དོན་མེད་ཀྱི་རྙོག་གླེང་འབབ་རྒྱུ་རིགས་ལ་གཟབ་གཟབ་ངེས་པར་བྱེད་དགོས་ཤིང་། སྐད་འཕྲིན་ཚོགས་པ་སོགས་འཛུགས་ནའང་འོས་མི་གཞན་ལ་སྐྱོན་འཛུགས་དང་དམའ་འབེབས། ཧ་ཅང་ཐ་ཤལ་ཅན་གྱི་སྐད་ཆ་རིགས་གཏན་ནས་གསུང་མི་རུང་། མ་གཞི་མི་སུ་ཡིན་རུང་དབུ་ཁྲིད་ཀྱི་སྐྱོན་ཚང་ཐེར་འདོན་ནི་བྱེད་ཆོག་ཆོག་ཅིག་ཡིན་རུང་མཁས་དབང་བློ་བཟང་སེངྒེའི་རྒྱབ་སྐྱོར་ཚོགས་པའི་མིང་ཐོག་ནས་གཞན་ལ་ལས་ངན་རིགས་གནང་ན་འོས་མི་ལ་གནོད་ཚབས་འབྱུང་སྲིད་པ་ཡིན། ཉེ་སྔོན་ཨ་རི་ནས་སྲིད་སྐྱོང་རྒྱབ་སྐྱོར་ཆེད་སྐད་འཕྲིན་ཚོགས་པ་འཛུགས་ཏེ་ཁྱེད་མཁས་དབང་བློ་བཟང་སེངྒེ་ལ་དགའ་གུས་ཡོད་ན་དངོས་གཞི་སྐབས་ཁོང་ལ་འོས་འཕེན། འོས་འཕེན་ཆེད་རང་དབང་ལག་དེབ་ཀྱི་དཔྱ་དངུལ་སྤྲོད་པ་སོང་ཞེས་འབོད་སྐུལ་འདི་རིགས་ནི་ཧ་ཅང་ཡག་པོ་ཞིག་མཐོང་སོང་། གཅིག་ནས་འོས་འཕེན་གྱི་ཆ་ཤས་ལེན་མཁན་མང་དུ་འགྲོ་རྒྱུ་དང་གཉིས་སུ་དཔྱ་དངུལ་འབུལ་མཁན་ཇེ་མང་དུ་སོང་ནས་ནུབ་ཕྱོགས་རྒྱབ་ཁབ་ཁག་ཏུ་དཔྱ་དངུལ་མི་སྤྲོད་མཁན་ཡོད་འདུག་པ་དག་ལ་ཤུགས་རྐྱེན་བཟོ་ཐུབ་པའི་དགེ་མཚན་ཆེ།

ད་སྐབས་དྲ་ལམ་དུ་འགྲོ་བཞིན་པའི་སྲིད་སྐྱོང་གི་ཐུག་འཕྲད་ཆེན་མོ་བཅུ་གསུམ་དང་། ཆེ་མཐོང་ཆེ་མོ་བཅུ་གསུམ། བྱ་དགའ་ཆེན་མོ་བཅུ་གསུམ་ཟེར་བ་དེ་དག་འདྲ་བར་ལེགས་ཆ་དག་ཡིག་ཐོག་ཙམ་མིན་པར་བརྙན་རིས་སྤུས་ལེགས་སྒྲིག་སྦྱོར། བརྙན་ཐུང་སྟབས་བདེ་བཟོས་ཏེ་བརྒྱུད་འགོད་ལས་སླ་པོའི་ཐོག་ནས་ངོ་དེབ་དང་སྐད་འཕྲིན་དུ་སྤེལ་བ། ལག་རྩལ་ཚད་ལྡན་གྱིས་པར་རིས་སྒྲིག་སྦྱོར་གྱིས་གཞོན་སྐྱེས་ཚོའི་ཡིད་དབང་འགུག་ཐུབ་པའི་འཕྲེད་དར་དང་པར་རིས་ཇུས་འགོད་སྣ་མང་སྤེལ་ཐུབ་དགོས། གླུ་གཞས་གཏོང་མཁན་སོགས་སྒྱུ་རྩལ་བའི་རིགས་ཀྱི་མི་སྣ་བསྡུས་ཏེ་སྲིད་སྐྱོང་རྒྱབ་སྐྱོར་ཚོགས་པའི་གླུ་གཞས་དགོང་ཚོགས་འཚོགས་པ་དང་། དགོང་ཚོགས་སུ་སྲིད་སྐྱོང་གི་ཆེ་བ་དང་གྲུབ་འབྲས་བརྗོད་ཐུབ་པའི་གཏམ་བཤད་སྤེལ་མཁས་མི་སྣ་ཆེད་འགུག་གིས་མང་ཚོགས་ལ་ཁྱབ་བསྒྲགས་འགྲོ་ངེས་དང་ཐབས་མཁས་པོའི་ལམ་ནས་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་པ་ཡིན།

ལྷག་པར་དུ་གཞིས་བཞུགས་བོད་མི་ཚོས་མཁས་དབང་བློ་སེངྒེ་ལ་དགའ་ཞེན་དང་ཡིད་ཆེས། རེ་བ་མཚོན་པའི་གླུ་གཞས། གློག་བརྙན། རྩོམ་ཡིག ཁྱིམ་དང་མཛད་སྒོ་སྤེལ་ཡུལ་རིགས་སུ་སྲིད་སྐྱོང་སྐུ་པར་བཤམ་སྟོན་དང་། བྱ་དགའ་དང་ལག་རྟགས་སོགས་སུ་སྲིད་སྐྱོང་སྐུ་པར་སྤྲོད་པ། ཡང་ན་སྲིད་སྐྱོང་སྐུ་པར་ཁ་པར་རིགས་སུ་ཉར་ཚགས་བྱེད་པ་སོགས་ཕྱོགས་བསྡུས་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ། འོན་ཀྱང་འདི་དག་གིས་གཞིས་བཞུགས་མི་སྣ་སྒེར་ལ་གནོད་འཚེ་དང་ནག་ཉེས་རིགས་མི་ཕོག་པར་བྱེད་དགོས་པའང་བརྗེད་མི་ཉན།

སྲིད་སྐྱོང་སྐུ་ཉིད་ནས་ཀྱང་སྔ་བཞིན་བདེན་པ་བདེ་བཏུགས་དང་བློ་ཐག་ཆོད་པོ། སྤོབས་པ་དང་ཁོངས་རྒྱ་ཆེན་པོས་སྐྱོན་བརྗོད་ཉན་ཐུབ་པ་དང་དེ་མཚུངས་ལན་འདེབས་ནན་པོ་གནང་ཐུབ་པ་དགོས། དེ་བཞིན་མི་མང་ཚོས་ཧ་ཅང་ཡིད་སྨོན་དང་དགའ་པོ་ཡང་ཡང་བྱེད་གཞི་ནི་སྐུ་ཉིད་ཀྱིས་ནམ་ཡང་དེ་སྔ་དང་ད་ལོའི་འོས་བསྡུ་སྐབས་འོས་མི་གཞན་ལ་ཟུར་ཟ་དང་སྐྱོན་འཛུགས། ཉེས་ཁག་དཀྲི་བ། མི་འདོད་པའི་ཁོང་ཁྲོའི་གཏམ་སྨྲ་བ་སོགས་མི་ཐབས་སྡུག་དེ་ཚོའི་བྱེད་སྟངས་ཟུར་ཙམ་ཡང་བསྟན་མྱོང་མེད་པ་འདི་ཡིན་ལ། ང་དང་འདྲ་བའི་གཞོན་སྐྱེས་མང་པོས་སྐུ་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་རྒྱུ་མཚན་ཡང་འདི་དག་ལ་ཐུག་ཡོད། སྐུ་ཉིད་ལ་དེ་བཞིན་རྒྱ་གར་གསར་འགོད་པ་ཞིག་གིས་སྲིད་སྐྱོང་གི་འོས་མི་གཞན་གསུམ་ལ་ལྟ་ཚུལ་གང་འདྲ་ཡོད་མེད་དྲིས་དུས། སྐུ་ཉིད་ཀྱིས་སྲིད་སྐྱོང་ལ་འགན་ཤིན་ཏུ་ཆེན་པོ་ཡོད་པས། སུ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་འདོད་ཡོད་ན་དེ་དག་ལ་འགན་ཤིན་ཏུ་ཆེན་པོ་ཡོད་པས། བོད་མི་ཚང་མས་ཁོང་ཚོར་གུས་པ་དང་རྗེས་སུ་ཡི་རངས་བྱེད་དགོས་ངེས་དང། ང་རང་གིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གསུམ་ལ་འོས་བསྡུའི་གྲུབ་འབྲས་ཡག་པོ་དང་གཟུགས་གཞི་བདེ་པོ་ཡོང་བའི་སྨོན་འདུན་ཡོད་ཅེས་ལན་འདེབས་གནང་བ་མཐོང་དུས་མིག་ཆུ་འཆོར་བའང་རང་དབང་མི་འདུག་ཅེས་སློབ་ཆེན་སློབ་མ་ཞིག་གིས་ཉེ་ཆར་སྐད་འཕྲིན་ཚོགས་པ་ཞིག་ལ་བཤད་སོང་། ང་རང་ཚུད་པའི་མི་མང་པོས་སྐུ་ཉིད་ལ་གུ་ཡངས་དང་ཡ་རབས་བཟང་སྤྱོད་ཀྱི་མི་གཞི་ཅི་འདྲའི་ཡག་པོ་རེ་འདུག་ཨང་བསམས་ནས་དགའ་བ་རེ་སྐྱེ་བཞིན་ཡོད་ལ། དབུ་ཁྲིད་ཅིག་ལ་དགོས་ངེས་ཀྱི་ཆ་རྐྱེན་ཡོངས་སུ་འཛོམས་འདུག་བསམས་ནས་རང་གི་འོས་ཤོག་གཅིག་པོ་དེ་སྐུ་ཉིད་ལ་འཕེན་རྒྱུ་གྲ་སྒྲིག་ཨང་གསར་ཡིན།

བསམ་ཚུལ།

Post navigation

Previous Post: ཇི་ལྟར་ཉི་འོད་ཀྱིས་ང་ཚོར་ཕན་ཐོགས་ཀྱི་ཡོད་དམ།
Next Post: རྒྱལ་སྤྱིའི་གསོ་རིག་གཙུག་ལག་མཐོ་སློབ་ཀྱི་སྨན་དགེའི་གསལ་བསྒྲགས།

Comments (21) on “སྲིད་སྐྱོང་བློ་བཟང་སེངྒེ་ལ་ས་གནས་ཡོངས་ནས་འོས་ཐོབ་ཐབས་བྱེད་དགོས།”

  1. སྟོབས་ལྡན། says:
    2016-01-27 at 12:18 pm

    ཚོགས་གཙོ་སྤེན་པ་ཚེ་རིང་དེང་སང་ནུབ་ཕྱོགས་ཁུལ་དུ་མེ་རི་བཞིན་འབར་གྱིན་འདུག་པས་སྐུ་ངོ་སེང་གེ་ཁག་སེ་ཆགས་སོང་དྰ། ཁག་མེད་ས་ཞིག་ནི་སློབ་མ་དང་གཞོན་སྐྱེས་ཚོར་བྱིས་པའི་བསམ་བློ་ཡོད་པས་ཕུགས་རྒྱང་རིང་པོ་འཚོལ་མི་ཤེས་པར་ངོ་གདོང་མཛེས་ཉམས་དང་། འདྲ་ཆགས་པོར་མགོ་འཁོར་གཡེང་ཆེ་བ་དེ་རེད།

  2. ཆུ་ཐིགས་སྔོན་མོ says:
    2016-01-27 at 2:38 pm

    ཧཧཧཧཧ་་་འདི་ན་ཡང་བྱིས་པའི་རྩེད་ར་འདྲ་ཞིག་འདུག་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 9:33 pm

    བོད་སྐད་བོད་ཡིག་ཡག་པོ་མི་མཁན་ཅིག་དང་། ཆང་དང་བུད་མེད་ལ་དགའ་མཁན་གཉིས་ཀྱིས། སྲིད་སྐྱོང་གི་ཁྲི་ལ་རྩོད་བཞིན་པའི་སྣང་བ་བན་བུན་ཅིག་ཤར་སོང་བས་་་་་་

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-27 at 10:03 pm

    སྤེན་ཚེ་སྲིད་སྐྱོང་ལ་གདམས་སོང་ན་ཉིན་དེ་ནས་བོད་མིའི་ལས་དབང་ལ་རྫོགས་ཚིག་སྦྱར་འགྲོ་རེད། བློ་སེང་ཡང་བསྐྱར་འོངས་ན་སྔར་རྒྱུན་བཞིན་མ་གཏོགས་བོད་རྒྱ་གནས་དོན་ལ་གྲུབ་འབྲས་རི་བོང་གི་རྭ་ཅོ་བཞིན་རེད། མ་རྒན་དྲིན་ཅན་དེས་རང་གིས་ལུས་ནས་ཆད་པའི་བུ་ཕྲུག་ངོ་མ་དེ་ཀླུ་མཁར་རེད། དེ་ནི་ལམ་ལུགས་རྙིང་པའི་བཀའ་འོག་རྒྱལ་ས་རི་བོ་གྲུ་འཛིན་ནས་རྒྱངས་འཕུད་གཏོང་ཚར་སོང་། ད་ནི་བུ་ཕྲུག་ཟ་ལྟོ་གཉིས་ཕོ་བྲང་དམར་པོ་ནང་འཚང་ཁ་རྒྱག་ཀི་དཀོན་མཆོག་མཁྱེན་ཡ་་་་་་་་

  5. ཇུང་ཏོག་ says:
    2016-01-27 at 10:09 pm

    བོད་མི་རིགས་ཀྱི་ལས་དབང་ལ་སྲིད་སྐྱོང་ཚད་ལྡན་རག་རྒྱུ་ཉིན་སྐར་ཙམ་མ་རེད་དམ་་།
    ཆོལ་ཁ་དང་ལུང་ཚན་ཕྱོགས་གཏོགས་ལ་འགན་
    འཁུར་ནས་སྲིད་སྐྱོང་ཚད་ལྡན་གང་ནས་ཡོང་བོད་མི་
    རིགས་ཀྱི་ལས་དབང་འདི་འདྲ་ཨ་ཡིན་ནམ་།
    རང་ཕྱོགས་ལ་བསྟོད་གཞན་ཕྱོགས་ལ་སྨད་ནས་
    སྤྱི་ཚོགས་ལ་འགན་འཁུར་མཁན་གྱི་མི་རིགས་
    འཛམ་གླིང་ནང་དེ་འདྲ་ཨ་ཡོད་།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 10:13 pm

    བོད་སྐད་བོད་ཡིག་ཡག་པོ་མི་མཁན་ཅིག་དང་། ཆང་དང་བུད་མེད་ལ་དགའ་མཁན་གཉིས་ཀྱིས། སྲིད་སྐྱོང་གི་ཁྲི་ལ་རྩོད་བཞིན་པའི་སྣང་བ་བན་བུན་ཅིག་ཤར་སོང་ཡང་།
    མི་ངན་ཀླུ་ཁར་བྱམས་ལ྄བུ་ནི། སྲིད་སྐྱོང་ལ་དེ་བས་ཀྱང་མི་དགོས་ལགས། དེས་ན་མ་འོངས་བོད་ཀྱི་སྲིད་ལ་ལངས་འདོད་ན། ད་ལྟ་ནས་ཀུན་སྤྱོད་དང་ཤེས་ཡོན་ལ་སྦྱངས་པ་མི་དམན་པ་ལ་རྩོནད་ཅིག བོད་རིགས་ཀྱི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཚོ། ལྷ་རྒྱལ་ལོ།། །།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 10:16 pm

    ལུག་རྫི། བཀས་དབང་། ཀླུ་བྱམས་གསུམ་ སྲིད་སྐྱོང་ འོས་མི་ནས་ བུད་པ་ནི་ ཤིནད་ཏུ་ནས་ འོས་སོ།།

  8. སྲོང་བཙན། says:
    2016-01-27 at 10:31 pm

    གོད་འཁོད་དྲ་བའི་ཁ་བྱང་ནོར་འདུག་པས་ལྟ་འདོད་པ་ཚོས་འདི་ནས་གཟིགས།www.tibetsun.com
    ས་གནས་ཁག་ནས་འོས་གྲངས་ཇི་ཐོབ་གསལ་བའི་དཔྱད་གཞི་གོང་གི་དྲ་ཚིགས་དེ་ལས་མ་རྙེད། ནོར་བ་དང་ཆད་པ་བྱུང་ཡོད་ན་ཁ་གསག་གནང་རོགས། ཡང་ན་དྲ་ཐག་འདིར་འཇོག་རོགས།

  9. དྲང་སྲོང says:
    2016-01-28 at 1:30 am

    སྲིད་སྐྱོང་འོས་སུ་ལ་འཐོབ་ན་ཁྱད་པར་སྤུ་རྩམ་ཡོད་མ་རེད་རྒྱ་ནག་ལ་གནོད་ཤུགས་སྤྲད་ཡ་གིས་ནུས་པ་ནི་ང་ཚོར་མེད་རྒྱ་ལ་ནི་སྙིང་རྗེ་མེད་ཨ་རི་སོགས་རྒྱལ་ཁབ་གཞན་པའི་གནམ་སྟོང་ལག་གཡུག་ལས་ཁ་ཞེ་གཉིས་མེད་ཀྱིས་རོགས་པ་ནི་མི་བྱེད་ད་དུས་ཚོད་བསྐྱེལ་ནས་བསྡད་ཡ་མ་གཏོགས་གཞན་ཡོད་མ་རེད་དོ།།

  10. རང་བཙན་བུ། says:
    2016-01-28 at 4:04 am

    ཁྱོད་ཀྱི་དྲྭ་མིང་ལ་སྲོང་བཙན་ལབ་པ་ལས་སོ་བཙན་ལབ་ན་ལེགས་པ་མི་འདུག་གམ། ཧཧཧཧ རྩེད་ཁ་ཡིན། གྲྭ་པ་ཁྱེད་ཚོས་ཤུགས་རྒྱོབ།

  11. དྲུག་སྡེ་ says:
    2016-01-28 at 5:28 am

    བླ་མ་ཟབ་གདོང་གི་སྐབས་སུ་དངུལ་མང་དག་ཞིག་བསགས་ཡོད་རེད་ད་དེ་ཏག་ཏག་ཟོས་ཤོང་ཨ་

  12. བློ་གྲོས་རབ་བརྟན་ says:
    2016-01-28 at 1:49 pm

    འདི་ནི་བློ་སེང་ལ་རྒྱབ་སྐྱོར་ཚོས་ཚོགས་གཙོ་སྤེན་ཚེས་བློ་སེང་གི་སྐྱོན་རྣམས་རེ་རེ་བཞིན་གླེང་བཞིན་པའི་སྐབས་འདིར། ཡག་མདོག་གི་སྐད་ཆ་ཤོད་སྟངས་འདི་ཚོགས་གཙོ་ལ་བརྡ་བཏང་བ་རེད་མོད། ཚོགས་གཙོས་མུ་མཐུད་དུ་བློ་སེང་གི་ལས་ཀའི་ཐད་ནས་སྐྱོན་དག་དངོས་ཡོད་དང་སྦྲགས་ཏེ་གླེང་གི་རེད། གལ་ཏེ་བློ་སེང་གདེང་ཚོད་ན་གདན་གཅིག་ལ་འཛོམས་ནས་ཆབ་སྲིད་དང་འཛིན་སྐྱོང་དང་། མ་འོངས་པའི་བྱེད་ཕྱོགས་དག་མི་མང་གི་མདུན་དུ་གསལ་བོ་བཟོ་དགོས་པ་རེད།

  13. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-28 at 3:00 pm

    རྒྱུ་ནོར་བསགས་པ་ལོངས་སུ་མ་སྤྱོད་ན་ང་དགུ་ལོའི་གསེར་ཁང་མིག་ཅན་རྣམས་གུང་བྲན་གྱིས་འཁྱེར་སོང་བ་དྲན་གྱི་མི་འདུག་གམ། ཧཧཧཧཧ་་་་་་་་མ་དྲན་ན་དེང་སྐབས་མི་རྣམས་ད་ལྟ་འཚོ་བཞུགས་ཡོད་པས་དྲིས་ཤིག་་་་་

  14. ནད་མེད་ཚེ་རིང་། says:
    2016-01-28 at 4:42 pm

    སྲིད་སྐྱོང་བློ་སེང་ལགས་ནས་རོགས་དངུལ་ཐོབ་པར་ཧང་སང་རྒྱུ་གང་ཡང་ཡོ་ལེ་མ་རེད། བཀའ་ཁྲི་ཟམ་གདོང་བླ་རིན་པོ་ཆེ་གཙོས་པའི་མི་རབས་རྒན་པ་ཚོས་སྐུ་ལས་སྐྱོན་ནས་སྒྲིག་འཛུགས་སྲ་བརྟན་བཟོ་བཞག་ཡོད་པ་དེ་དག་བློ་སེང་ནས་ཆུར་བསྐྱུར་རྒྱུ་ཡིན་པ་མིག་ལྟོས་ནས་བསྡད་ཨ། ཁོང་ལ་ལག་འཁྱེར་ཡོད་པ་ཙམ་ལས་འཛིན་སྐྱོང་ཐོག་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་པ་གངས་ཅན་སྐྱིད་གཞོང་གི་ལས་བྱེད་ཚོར་འདྲི་ན་ཤེས་ཐུབ། དེ་ལས་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ལ་ཕུལ་ན་དགའ། ཁོང་ནི་མི་གཤིས་ཁ་རི་ཁ་ཏུག་ཡིན་པ་དང་། དབུ་ལམ་ལ་ངེས་ཤེས་རྙེད་ནས་རྒྱབ་སྐྱོར་གནང་མཁན། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་འཇིགས་ཞུམ་མེད་པར་མདུན་དུ་འདོན་ནས་ཁ་གཏད་ཅོག་མཁན་མི་སྣ་ཕོ་རྒོད་ཅན་ཡིན། ད་ལྟའི་སྲིད་སྐྱོང་ནི་ཉེ་དགའ་ཕྱོགས་ལྷུང་། རང་མཐོང་དང་གཏམ་ལ་དགའ་ཞེན་ཅན། ཉམ་ཆུང་ཐོག་ཐུབ་ཚོད་དང་རྡོག་རོལ་གཏོང་མཁན། ཁ་སྙན་པོ་བཤད་ནས་མི་མང་མགོ་བསྐོར་གཏང་བཞིན་པ། ཁོང་ལྟ་བུ་ལ་ད་དུང་ལོ་ལྔ་སྲིད་སྐྱོང་གནང་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཡ་ང་པོ་ཆགས་རྒྱུ་ཉག་ཅིག་རེད། ཁོང་ནི་ཨ་རིར་ལོག་ནས་མི་སེར་ལག་དེབ་ཞུ་ཆོག་ཆོག་ཡོད་རེད་དོ།

  15. ཇུང་ཏོག་ says:
    2016-01-28 at 9:11 pm

    འོས་མི་མང་གི་ལག་ཏུ་ཡོད་པ་ལས་དྲ་འབུའི་ལག་ཏུ་མེད་པ་ཤེས་ན་དགའ་།

  16. ཀླུ་སྨྱོན། says:
    2016-01-28 at 9:18 pm

    སྐྱོང་རྒྱུའི་སྲིད་མེད་གསོག་རྒྱུའི་དངུལ་མེད་པའི། །
    གངས་སྐྱིད་དཔོན་པོ་སུར་ཐོབ་ཇུས་གཏོགས་མེད། །

  17. ཁྱུང་སེ། says:
    2016-01-29 at 12:38 am

    ཐག་གཅོད་ཀྱི་དབང་ཆ་མེད་པའི་ལག་སྟོང་གི་དཔོན་པོ་སུ་སླེབས་ཀྱང་སྟོང་པ་རེད།། སྲིད་སྐྱོང་ཐོབ་དུས་ཞབས་བརྟན་གསོལ་འདེབས་འདྲ་བྱས་དབང་ལུང་འདྲ་ཞུས་མཆོད་མེ་འདྲ་པར་ནས་ལོ་ངོ་བཞི་ལྷག་དུས་འདའ་རྒྱུ་ལས་གཞན་གང་ཡང་མེད། གཞིས་ཆགས་སྲ་བརྟན་བྱེད་ཀྱི་ཡིན་ཟེར་ནས་བསྒྲགས་ཀྱང་གཞིས་ཆགས་སྟོང་པ་རེད། སློབ་གྲྭ་ཁག་ཡར་རྒྱས་གཏོང་གི་ཡིན་ཟེར་ནས་སློབ་གྲྭ་རྣམས་རིམ་གྱིས་སྒོ་བརྒྱབ་ཀྱི་འདུག དཔེར་ན་གསོག་སྒར་སློབ་གྲྭ་ཡང་མི་རིང་བར་སྒོ་བརྒྱབ་རྒྱུ་རེད་ཟེར།། དབུ་མའི་ཟབ་སྦྱོང་སྤྲོད་ཀྱི་ཡིན་ཟེར་ནས་བསྒྲགས་ཀྱང་དབུ་མའི་ཟབ་སྦྱོང་སྤྲོད་སའི་གཞོན་སྐྱེས་མི་འདུག ཕྱི་རྒྱལ་ལ་ཕྱིན་ན་རང་སྐོས་ཀྱི་ལས་ལ་བྲེལ་ཟིང་གིས་བོད་དོན་བསྒྲུབ་རྒྱུའི་དུས་ཚོད་མེད། ཕྲུག་གུ་ཚོ་ནི་དབྱིན་འཇིའི་མི་ཡིས་བོད་སྐད་བརྒྱབ་སྟངས་བཞིན་ཁ་གྲགས་ཡོང་གི་འདུག་པས་དེ་ཚོར་བོད་ཀྱི་རིག་གཞུང་དང་དབུ་མའི་ཟབ་སྦྱོང་སྤྲད་ནས་ཕན་ཐོགས་གང་ཡང་མེད།། ད་སྲིད་སྐྱོང་སུ་སླེབས་ཀྱང་གང་ཡང་བྱེད་ས་མེད། དེ་ལས་ཕར་རང་ཡུལ་དུ་ལོག་ནས་ལས་འགུལ་འདྲ་སྤེལ་ན་ལེགས་ཤོས་རེད་དེ་མིན་རྒྱ་བལ་དུ་འདུག་མཁན་ཚོ་རིམ་གྱིས་སྟོང་ནས་བོད་དོན་ཟེར་ས་གང་དུ་འདུག་གམ

  18. ཀརྡོ་གཉེར་ཕྱག་པ་ says:
    2016-01-29 at 12:59 am

    ་་་་་་་་་ ད་སྲིད་སྐྱོང་སུ་སླེབས་ཀྱང་གང་ཡང་བྱེད་ས་མེད། དེ་ལས་ཕར་རང་ཡུལ་དུ་ལོག་ནས་ལས་འགུལ་འདྲ་སྤེལ་ན་ལེགས་ཤོས་རེད་དེ་མིན་རྒྱ་བལ་དུ་འདུག་མཁན་ཚོ་རིམ་གྱིས་སྟོང་ནས་བོད་དོན་ཟེར་ས་གང་དུ་འདུག་གམ ་་་་་་་་

  19. ཀརྡོ་གཉེར་ཕྱག་པ་ says:
    2016-01-29 at 1:01 am

    ་་་་་་་་་་་ དེ་ལས་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ལ་ཕུལ་ན་དགའ། ཁོང་ནི་མི་གཤིས་ཁ་རི་ཁ་ཏུག་ཡིན་པ་དང་། དབུ་ལམ་ལ་ངེས་ཤེས་རྙེད་ནས་རྒྱབ་སྐྱོར་གནང་མཁན། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་འཇིགས་ཞུམ་མེད་པར་མདུན་དུ་འདོན་ནས་ཁ་གཏད་ཅོག་མཁན་མི་སྣ་ཕོ་རྒོད་ཅན་ཡིན། ་་་་་་་་་་་་་་

  20. མཚོ་ལྡོམ། says:
    2016-01-30 at 10:04 pm

    སླར་ཡང་བཀྲ་ཤིས་བདེ་ལེགས་ཞུ།

  21. ཀརྡོ་གཉེར་ཕྱག་པ་ says:
    2016-01-31 at 1:52 am

    བློ་སེང་སྲིད་སྟེགས་ཡོད་པས་ཐོབ་ཀྱང་སྲིད། །
    སྤེན་ཚེས་ཚོགས་གཙོ་ཡིན་པས་ཐོབ་ཀྱང་སྲིད། །
    ་
    བློ་སེང་ལོ་ལྔའི་ཉམས་མྱོང་ཡོད་པ་ཀུན་མཐོང་རེད། །
    སྤེན་ཚེ་འཛིན་སྐྱོང་ཉམས་མྱོང་ཡོད་པ་རྩོད་མེདརེད། །
    ་
    ད་ནི་གལ་ཆེ་ཆབ་སྲིད་ལྟ་འམ་ཉམས་མྱོང་ལྟ། །
    ད་ནི་དོ་སྣང་ཤེས་ཡོན་ཆེ་འམ་ཀུན་སྤྱོད་ཆེ། །
    ་
    མང་གཙོ་ཚད་ལྡན་ཀུན་གྱི་དབང་ཆ་རེད། །
    མང་གཙོ་ཚད་ལྡན་ཐོབ་ཐང་འགན་དབང་རེད། །
    ་
    ད་ལོ་ཚོགས་གཙོ་ཤ་ཁྱི་རྐང་པ་ཚ་རོགས་རེད། །
    ད་ལོ་སྤེན་ཚེ་ཇོ་ལགས་སྐུ་ཐང་ཆད་རོགས་རེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme