Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་འདི་རེད།

Posted on 2015-12-042015-12-04 By ཁ་བརྡ 33 Comments on སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་འདི་རེད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དབུས་འོས་བསྡུ་ལས་ཁང་གིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སོང་། ཐེངས་འདིར་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་འོས་ ༣༠༥༠༨ དང་། སྤེན་པ་ཚེ་རིང་མཆོག་ལ་འོས་ ༡༠༧༣༢། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་ ༢༥༥༧ བཅས་ཐོབ་འདུག ཞིབ་འཕྲོས་འདི་ནས་གཟིགས་ http://tibettimes.net/སྲིད་སྐྱོང་དང་སྤྱི་འཐུ-3/

གསར་འགྱུར།

Post navigation

Previous Post: ཐང་ཧྲུའུ་བར་གསེང་གི་ཤོག་འཁྱར།
Next Post: རྣམ་ཤེས་ལ་སྒྱུ་འཕྲུལ་གྱི་གཤོག་པ་ཐོགས་ཚུལ།

Comments (33) on “སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་འདི་རེད།”

  1. ཅོ་རི་ཉི་མ། says:
    2015-12-04 at 10:11 am

    མདོ་སྟོད་མི་དམངས་ཀྱི་མདོ་སྤྱི་གདམ་སྟངས་དེར་ཧང་ཅང་ཡག་པོ་བྱུང་འདུག དེང་སང་བརྡ་འཕྲིན་རིག་པའི་དེང་རབས་འདི་ལ་མི་དམངས་གོ་རྟོགས་མཐོ་པོར་ཆགས་ཚར་འདུག་བསམས་བསམས་བྱུང་།

    སྤྱི་འཐུས་ལས་ཐོག་འབའ་པ་སྐལ་བཟང་རྒྱལ་མཚན་མདོ་སྟོད་མི་དམངས་ཀྱིས་རྐུབ་སྟེགས་ཐོག་ཏུ་ཡར་བཞག་པ་རེད། མ་ཤེས་ཤེས་མདོག་ཅན་སྐལ་བཟང་རྒྱལ་མཚན་གྱིས་ཁ་མར་འཁོར་ནས་མདོ་སྟོད་མི་དམངས་ཀྱི་ཐོག་ཏུ་མཆེ་བ་བཏོན་པ་དང་། མ་ཤེས་ཤེས་མདོག་ཚོད་ལས་བརྒལ་སོང་བ་རེད། བྱས་ཙང་ཁོའི་འོས་མར་ཟག་པ་རེད། བཀྲ་ཤིས་བདེ་ལེགས་ཡོད།

    ༡་་་་་དེ་ནས་་་གཉིས་པ་ཤར་ཕྱོགས་ཁུག་རྟའང་བློ་བཟང་ཆོས་འབྱོར་སྤྱི་འཐུས་ཀྱི་ནང་དུ་ཡར་འཕག་པ་འདྲ། བཀྲ་མ་ཤིས་པའི་བྱ་བ་ཤིག་རེད།་་ཧཧ

  2. ལྷ།བྱ་འཕུར་མ། says:
    2015-12-04 at 4:12 pm

    ཡ་ཡ་ཡ། སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོ་འོས་མིའི་ནང་ཤར་ཕྱོགས་ཁུག་རྟ་དང་བློ་བཟང་ཆོས་འབྱོར་ཟེར་བ་མི་གཅིག་ཡིན་པ་ཤེས་བཞིན་བསམ་བཞིན་དུ་མིང་ཐེངས་གཉིས་ལ་བཀོད་འདུག དེ་དང་དེའི་མཚུངས་འོས་མི་གཞན་ཞིག་གི་མིང་དང་ལས་གནས་གཅིག་པ་ཡིན་པ་གསལ་བཞིན་མཐོང་བཞིན་ཐེངས་གཉིས་བཀོད་འདུག འདིའི་ཤུགས་སུ་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཕྱག་ལས་གནང་སྟངས་འཐུས་ཚང་མེད་པར་གསལ་སྟོན་དང་ལྷག་དོན་དབུས་འོས་བསྡུ་འགན་འཛིན་གྱི་མདོ་སྨད་ཕྱག་རོགས་དགེ་བཤེས་མིང་ཅན་གྱིས་སོ་སོའི་ཆོལ་ཁའི་འོས་མི་འགན་མ་འཁུར་པའི་རྟགས་རེད།

    དེ་བཞིན་དབུས་གཙང་དང་མདོ་སྟོད་ཆོལ་ཁའི་འོས་མི་ཁོངས་སུ་ཡོད་མེད་མ་ཤེས་པས་དེ་ལྟར་ནོར་མེད་པར་སྨོན།

    གཞན།དབུས་འོས་བསྡུ་ལས་ཁུངས་ཀྱིས་འོས་མིའི་མིང་དང་ས་གནས་དག་ཆ་སོགས་རང་སྣང་གང་འདོད་ལྟར་བྲིས་འདུག ཐུགས་རྗེ་གཟིགས་འོས་ལྡུག་མཁན་ཡིག་རྨོངས་ཡོད་ཀྱང་ས་མིང་སོགས་ཀྱི་དག་ཆ་ཏག་ཏག་འབྲི་རོགས།

  3. རྣམ་བཟང་། says:
    2015-12-04 at 10:29 pm

    དགོད་བྲོ་བ་ཞིག་ལ། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱི་འོས་ཤོག་དུམ་བུ་གཉིས་བཏང་འདུག འདི་ལ་འོས་བསྡུ་ལྷན་ཁང་གིས་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན་ནམ།

  4. རྡོ་རྗེ། says:
    2015-12-04 at 10:37 pm

    བོད་ཀྱི་དུས་བབ་གསར་འགྱུར་ལས་ཁུངས་ན། དོན་འགྲུབ་བཀྲ་ཤིས་ཟེར་བ་ཞིག་དང་། བཀྲ་ཤིས་དོན་འགྲུབ་ཟེར་བའི་རྩོམ་སྒྲིག་པ་གཉིས་ཡོད་པ་རེད་དམ། འོས་བསྡུ་ལྷན་ཁང་གིས་མི་ངོ་རྟགས་ཆོད་བཞིན་དུ་མི་གཅིག་གི་འོས་ཤོག་དུམ་བུ་གཉིས་དང་གསུམ་ལ་བཅད་བགོས་བྱས་པ་རེད་དམ། ད་ལོ་དབུས་འོས་བསྡུ་ལྷན་ཁང་གིས་རྩ་བ་ཉིད་ནས་དྲང་མོ་བྱས་མ་སོང་བ་དེར་བློ་ཕམ་ཡོད།།

  5. མི་འཁྱམ། says:
    2015-12-05 at 3:51 am

    དབུས་འོས་བསྡུ་ལས་ཁུངས་ཀྱིས་སྐབས་སུ་བབས་པའི་སྔོན་འགྲོ་འོས་གཞི་ཁྱབ་བསྒྲགས་ཐོག་གང་ཟག་གཅིག་མཚན་གཉིས་བཀོད་པར་ཤེས་བཞིན་དུ་མ་ཤེས་ཁུལ་གྱིས་ཁྱད་གསོད་བྱས་ན། གཞུང་དམངས་ཡིད་ཆེས་བརླགས་ཉེན་ཆེ་བས། འདི་ལ་ཞིབ་འཇུག་གིས་གང་ཟག་ལ་མ་ལྟོས་པར་ཕྱི་གསལ་ནང་གསལ་ཆགས་རྒྱུའི་རེ་བ་ཡོད།

  6. ཇུང་ཏོག་ says:
    2015-12-05 at 6:09 am

    སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྒྲུབ་འབྲས་ལ་བལྟས་ཞི་བའི་མི་མང་ནང་ཆོལ་ཁ་དང་ལུང་ཚན་གྱི་རྙིང་ཞེན་རིང་ལུགས་ཅན་གྱི་ཤུགས་རྐྱེན་ཆེ་ཙམ་སླེབ་འདུག་ལ་ ཕྱོགས་གཏོགས་ལ་འགན་འཁུར་ནས་འོས་འཕེན་པ་འདིའི་བོད་མིའི་རྩ་དོན་དང་འཚོ་གནས་ལ་ནམ་ཡང་ཕན་མི་ཐུབ་པ་ནི་འདས་པའི་སྤྱི་འཐུས་སྐབས་བཅུ་གཅིག་ནས་སྐབས་བཅོ་ལྔ་བར་གྱི་ལས་རིམ་སྙན་འཕྲིན་འཁོར་ཐག་ནས་ང་ཚོར་ངོ་སྤྲོད་ཡོང་ཐུབ་པ་བཅས་
    ད་དངོས་གཞི་ལའང་དེ་ཉལ་སྟངས་ལ་བལྟས་ན་བེའུ་འཇིང་ཀྱོག་གཅིག་ཡིན་པ་ཐག་ཆོད་།

  7. ལུང་རྟོགས། says:
    2015-12-05 at 9:01 am

    འཇུ་ཆེན་བུ་མོ་མདོ་སྟོད་སྤྱི་འཐུས་ནང་ལ་སླེབས་པ་མ་ཟད་ཨང་དང་པོར་སླེབས་པ་དེ་དང་། ནམ་རྒྱུན་དུ་བོད་སྤྱི་དོན་ལ་སེམས་ཁུར་ཆེ་བཞེས་གནང་མཁན་འབའ་པ་བསྐལ་བཟང་རྒྱལ་མཚན་ལགས་མར་ཟག་སྟངས་ལ་ལྟས་ན། ད་དུང་མདོ་སྟོད་མི་མང་གཉིད་ལས་སད་མེད་པའི་རྟགས་མཚན་གསལ་པོ་འདུག

  8. ཇུང་ཏོག་ says:
    2015-12-05 at 9:44 am

    ཆོལ་ཁ་དང་ལུང་ཚན་གྱི་འཐུས་མི་མ་ཆགས་པའི་འགན་དེ་མི་མང་ལ་ཡོད་ན་ཟབ་ཟབ་གནང་རོགས་དེ་མིན་ད་ལྟའི་སྔོན་འགྲོའི་འོས་བསྡུའི་སྒྲུབ་འབྲས་ལ་བལྟས་ན་བ་མོ་དེ་ཉལ་སྟངས་ལ་བལྟས་ན་བེའུ་འཇིང་ཀྱོག་ཡིན་པ་ཐག་གཅོད་ཐུབ་ན་མ་མང་ི་སྤྱང་ཙམ་དང་ཟབ་ཙམ་གནང་རོགས་ཐུགས་རྗེའི་གཟིགས་།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-05 at 12:01 pm

    http://tibettimes.net/%E0%BD%82%E0%BD%A3%E0%BC%8B%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%91%E0%BD%84%E0%BD%BC%E0%BD%A6%E0%BC%8B%E0%BD%82%E0%BD%9E%E0%BD%B2%E0%BD%A2%E0%BC%8B%E0%BD%98%E0%BC%8B%E0%BD%9A%E0%BD%B4/

  10. ཀརྡོ་གཉེར་ཕྱག་པ་ says:
    2015-12-05 at 12:14 pm

    འོས་སྐོར་གསལ་བསྒྲགས།
    https://www.youtube.com/watch?v=bjM2bPxYr8E

  11. ཚ་ཕྲུག་རྒྱལ། says:
    2015-12-05 at 4:12 pm

    ད་ལམ་སྔོན་འགྲོའི་འོས་གཞི་གྲུབ་འབྲས་ཀྱི་གསལ་སྒྲགས་ལ་གཞིགས་ན་དབུས་འོས་བསྡུ་འགན་འཛིན་རྣམ་པར་ཡིད་ཆེས་ཐུབ་པ་ཞིག་རེད་མི་འདུག། དཔེར་ན། མི་གཅིག་གི་མིང་གཉིས་བྱས་པ་ཁ་ཤས་འོས་གཞིའི་གྲངས་གྲལ་དུ་རྩིས་འདུག། དེ་བཞིན་དུ་ས་གནས་གཅིག་ནས་སྲིས་སྐྱོང་གི་འོས་མི་གཅིག་རང་ལ་འོས་འཕེན་ན་མི་འགྲིག་པའི་སྐོར་ཡང་བཤད་པ་སོགས་སྐད་ཆ་རིང་ཐུང་མང་པོ་ཞིག་ཡོང་གི་འདུག།

  12. སྤོབས་པ་མཐའ་ཡས། says:
    2015-12-05 at 6:17 pm

    དྭངས་བླང་དཔྱ་ཁྲལ་ཙམ་ཡང་མི་འབུལ་བ་མ་ཟད་གཞན་ལ་ཡང་མ་འབུལ་ཟེར་ནས་སྐུལ་སློང་བྱེད་མཁན་ཅོར་ཉི་འདྲ་བོ་ཚོས་བོད་མི་མང་སྤྱི་འཐུས་གདམ་བྱ་འདེམས་བྱེད་སྐོར་ལ་ཇུས་གཏོགས་བྱེད་པའི་ཐོབ་ཐང་མེད་པ་ཤེས་པར་གྱིས། ཁྱོད་ཀྱིས་འགན་འཁུར་འདོད་མེད་ནས་ཐོབ་ཐང་དེ་རང་གིས་མེད་པ་བཟོས་པ་རེད།

  13. བློ་གྲོས་རབ་བརྟན་ says:
    2015-12-05 at 6:52 pm

    གྲོགས་པོ་ཚོ། མཁས་དབང་འབའ་བ་སྐལ་བཟང་རྒྱལ་མཚན་ནས་སྤྱི་འཐུས་ལང་རྒྱུ་མིན་པའི་གསལ་བསྒྲགས་བྱས་སོང་། དགོས་པ་ཚོ་སྤྱི་འཐུས་ལང་གི་མི་འདུག མི་དགོས་པ་འཇུ་ཆེན་བུ་མོ། མགོ་ལོག་གསེར་རྟ་ཚུལ་མིང་སོགས་འཚང་ག་རེད། ད་དེ་འདྲ་རེད། ག་རེ་བྱ་དགོས།

  14. བློ་གྲོས་རབ་བརྟན་ says:
    2015-12-05 at 6:56 pm

    ཙོ་རི་ཉི་མ་ཟེར་བ་དེས། མདོ་སྟོད་ཀྱི་དྲག་པ་ཚོ་ལ་སྡང་ཞིང་། སྐྱོ་བ་ཚོ་ལ་བཀུར་སྟོན་ཅི་ཡིན་ནམ།

  15. ཇུང་ཏོག་ says:
    2015-12-05 at 10:23 pm

    ཆོལ་ཁ་དང་ལུང་ཚན་གྱི་ཐ་སྙད་མ་ནུབ་བར་སྤྱི་སེམས་ཡོད་པའི་
    སྤྱི་འཐུས་ནམ་ཡང་སླེབས་མི་ཐུབ་པ་དེ་མི་མང་ནས་ཤེས་པ་བགྱིས་།

  16. ཅོ་རི་ཉི་མ། says:
    2015-12-06 at 3:26 am

    རྩྭ་སྤོབས་་་་རྫུན་བཤད་ཀྱི་ཡོད་པེ། ཁྱོད་ཀྱིས་སྔོན་ལ་ཡང་ཅོ་རིས་ཁྱོད་ལ་དཔྱ་ཁྲལ་སྤྲོད་དགོས་མ་རེད་ཟེར་ནས་སྐུལ་སློང་བྱས་བྱུང་ཟེར་ནས་བཤད་ཐལ། དེ་རིང་ཡང་དེ་མཚུངས་ཤིག་བཤད་བཞིན་འདུག ང་ཅོ་རི་ཁྱོད་ཀྱི་གྲོགས་པོ་ཡང་མིན། རྩ་སྤོབས་ཁྱོད་ངོ་ཡང་མི་ཤེས། ཁྱོད་ཀྱིས་ངོ་སྤྲོད་ཤིག་བྱེད་ཐུབ་ས་རེད་དམ། གདོང་དང་གདོང་ཐུག་ནས་བརྩད་ཆོག་གི་རེད་བ། དེ་མིན་ན་ངས་སྤོབས་པ་མཐའ་ཡས་ཟེར་བའི་མིང་འདིའི་འཽག་ཏུ་ཀབ་བསྡད་མཁན་མི་ཁྲམ་པ་ཁྱོད་འདི་རེད་ཟེར་ནས་ཚོད་དཔག་བྱེད་ཆོག གང་དགའ་ས་རེད་དམ། གདམ་ཁ་ཞིག་བྱོས་དང་། དེ་ནས་ག་ལུས་ཡིན་ད།

  17. སྤོབས་པ་མཐའ་ཡས། says:
    2015-12-06 at 6:24 am

    ཅོར་ཉི་ང་ཁྱོད་ལ་ངོ་ཤེས་སྒྲིག་འདོད་མེད། དྭངས་བླངས་མ་དངུལ་ཙམ་ཡང་ཡང་སྤྲོད་འདོད་མེད་མཁན་ཞིག་གིས་བོད་མི་མང་སྤྱི་འཐུས་ལ་འགྲིགས་མི་འགྲིགས་བཤད་པའི་ཐོབ་ཐང་མེད་པ་ཙམ་ཡང་ཤེས་ཀྱི་མི་འདུག་གམ། དྭངས་བླངས་དཔྱ་ཁྲལ་མ་ཕུལ་བར་འགྱོད་པ་སྐྱེས་ཀྱིན་འདུག་གམ། འགྱོད་པ་སྐྱེས་ན་ངའི་རྩར་ཤོག་དང་ངས་ཁྱོད་ལ་དྭངས་བླངས་དཔྱ་ཁྲལ་ཆད་པ་འབུལ་བའི་མཐུན་འགྱུར་རོགས་རམ་བྱ་ཆོག ཡིན་ན་ཡང་། འཕར་འབུལ་ཨ་སྒོར་ལྔ་བརྒྱ་ཙམ་དགོས་ཀྱི་རེད། དེ་ཙམ་ཁྱོད་ཀྱིས་སྦ་ཁུག་གིས་ཨར་བརྟེན་ས་རེད་དམ། འཁོར་མཁན་ཁྱི་ཡིན་རུང་འཁོར་ས་ལྕགས་ཐགས་ཟེར་བ་བཞིན་ཁྱོད་ཁ་ཕྱིར་འཁོར་ནས་དྭངས་བླངས་དཔྱ་ཁྲལ་འབུལ་འདོད་ནམ་སྐྱེས་ན་དེ་ལམ་མ་ནོར་བ་ཡིན་པ་ཤེས་པར་གྱིས།

  18. ཅོ་རི་ཉི་མ། says:
    2015-12-06 at 7:15 am

    སྤོབས་པ་མཐའ་ཡས་ཟེར་བའི་མི་འདིས་ཁ་བརྡ་གཙོ་བོ་གྱུར་པའི་དྲ་རྒྱ་ཁག་ཏུ་རྩོམ་རྙོག་མང་པོ་བྲིས་པ་རེད། ཡིན་ནའང་སུ་ཀྱང་སྤོབས་པ་མཐའ་ཡས་སུ་ཡིན་ཤེས་ཀྱི་མེད་པ་རེད། དེ་རིང་ང་ཅོ་རིས་འདི་ནས་ཚུལ་གསུམ་རིགས་པ་ལ་བརྟེན་ནས་སྤོབས་མཐའ་ཟེར་བའི་མི་འདི་དྲ་གྲོགས་རྣམས་ལ་ངོ་སྤྲོད་བྱེད་ཀྱི་ཡིན།།

    ༡་་་་སྤོབས་པ་མཐའ་ཡས་ཟེར་བའི་སྨྱུག་མིང་འདིའི་འོག་ཏུ་གབ་ཡོད་མཁན་གྱི་མི་འདིའི་སྡོད་གནས་ཧྤི་རན་སི་རེད། ཁོའི་ཀམ་པུང་དྲའི་IP:ལ་བལྟས་ན་ཤེས་ཐུབ།

    ༢་་་་རྒྱལ་རོང་སངས་རྒྱས་ཡེ་ཤེས་ཟེར་བའི་དམར་སྲུང་དམག་མི་དེར་ཡག་རབས་དང་བཟང་རབས་བཤད་སྟངས་ལ་བལྟས་ན་སྤོབས་མཐའི་ཕ་ཡུལ་རྒྱལ་རོང་པ་ཡིན་པར་ཤེས་ཐུབ།

    ༣་་་་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ཟེར་བ་འདི་སྔོན་མར་ཟམ་གདོང་བླ་མའི་བཀའ་ཤག་གིས་སྐུ་ཚབ་དོན་གཅོད་བསྐོས་ཀྱི་ཡིན་ཟེར་ནས་གནམ་ལ་ཡར་བཀྱབས། དེ་ནས་ཉིན་ཤས་རྗེས་སུ་སྐུ་ཚབ་དོན་གཅོད་ཡོང་ས་མ་རེད་ཟེར་ནས་ས་ལ་མར་གཡུགས་པ་རེད། དེར་དུས་སྤོབས་པ་མཐའ་ཡས་ཀྱིས་ཟམ་གདོང་བཀའ་ཤག་ལ་སྐྱོན་བརྗོད་ཁ་ཟིན་སྣ་ཟིན་ཟེར་བ་ཞིག་བྲིས་པ་རེད། རྩོམ་ཡིག་དེའི་ནང་དུ་གཞོ་རྩ་མེད་པའི་སྐྱོན་བརྗོད་བྱས་ཡོད། ཟམ་གདོང་བླ་མ་བཀའ་ཁྲིའི་ལས་ཡུན་རྫོགས་མཚམས་དོལ་རྒྱལ་ཚོགས་པའི་དགོན་པའི་ནང་དུ་ཞུགས་ཀྱི་རེད་ཟེར་ནས་སྐྱོན་བརྗོད་བྱས་པ་རེད། རྒྱུ་མཚན་དང་རིགས་པ་འདི་དག་བརྟེན་ནས་སྤོབས་པ་མཐའ་ཡས་ཟེར་བ་འདི་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ཡིན་པར་དཔག་ཐུབ།

    ༤་་་་སྨྱུག་མིང་ལ་སྤོབས་པ་མཐའ་ཡས་དང་དངོས་མིང་ལ་ཐུབ་བསྟན་རྒྱ་མཚོ། ཧྥི་རན་སུའི་ནང་གི་བོད་མི་ཚོས་འབོད་མིང་ལ་ཨ་མདོ་ཐུབ་བསྟན་ཟེར། མི་འདི་རྒྱུད་དག་མེད་པའི་མི་ཞིག་ཡིན་པར་དེང་སང་ཇེ་གསལ་རེད། ཁོ་བོད་རིགས་ཚོགས་པའི་ཚོགས་གཙོའི་རྐུབ་སྟེངས་སྟེང་དུ་ཡར་བཞག་མཁན་ཧྥི་རན་སུའི་ནང་གི་གསར་འབྱོར་བ་ཚོ་ཡིན།

    ལྷག་པ་ཏུ་ཁམས་པ་གསར་འབྱོར་བ་ཚོས་ཁོ་ལ་འོས་བླུགས་ནས་བོད་རིགས་ཚོགས་པའི་རྐུབ་སྟེགས་ཐོག་ཏུ་ཡར་བཞག་པ་རེད། རྒྱ་རྒྱལ་རོང་བ་ལ་རྒྱུད་དག་མེད་ཅེས་པ་ལྟར་རྒྱུད་དག་མེད་པའི་རྩྭ་སྤོབས་འདིས་ཁ་མར་འཁོར་ནས་གསར་འབྱོར་བ་ཚོ་ལ་མིའི་རིན་ཐང་བརྩི་ཡི་མིན་ཟེར་གི་ཡོད།

    ལྷག་པ་ཏུ་བོད་བཙན་རང་པའི་སྲིད་སྐྱོང་འོས་མི་གསར་འབྱོར་བ་ཀླུ་བྱམས་ཀྱིས་གཞི་ཆགས་བུ་གུ་བློ་སེང་དང་སྤེན་ཚེ་གཉིས་ཀྱི་སྐྱག་པ་གཏོང་ས་ལའང་སླེབས་ཀྱི་མ་རེད་ཟེར་ནས་བཤད། སྐད་ཆ་འདིས་ང་དང་ང་ལྟ་བུའི་གསར་འབྱོར་བ་ཚོའི་སྙིང་ལ་རྒྱག་པའི་དུག་མདའ་ཞིག་ཡིན།

    ༥་་་་་ཐུབ་བསྟན་རྒྱ་མཚོས་ཧྥི་རན་སུའི་ནང་དུ་བོད་རིགས་ཚོགས་པའི་ཚོགས་གཙོ་བྱས་ནས་བཟུང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཉུང་ནས་ཉུང་རེ་ཕྱིན་ཡོད། ཧྥི་རན་སུའི་ནང་གི་བོད་དོན་་རྒྱབ་སྐྱོར་ཚོགས་པ་ཁག་ལ་ཤུགས་རྐྱེན་ངན་པ་བཞག་ཡོད།

    ༦་་་་སྤོབས་མཐའ་འམ་ཐུབ་བསྟན་རྒྱ་མཚོ་ཟེར་བ་འདིས་ཧྥི་རན་སུའི་ནང་གི་བོད་མི་གསར་རྙིང་གཉིས་ཀྱི་བར་དུ་འཁན་འཛིན་བཟོ་ཡོད། བོད་མི་རྙིང་པ་ཞིག་ཡིན་ན་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལ་རྒྱུད་དག་མེད་པར་ཤེས་ཚར་ཡོད། ཁོ་སྤྱི་འཐུས་ག་དུས་ཡིན་ནའང་ལངས་ཀྱི་རེད། ཡིན་ཀྱང་གསར་འབྱོར་བ་རྒྱུད་མེད་རྣམས་ཀྱིས་ཁོ་ལ་འོས་བླུགས་པ་མ་གཏོགས་གཞི་ཆགས་རྙིང་པ་ཚོའི་ནང་ནས་ཁོ་ལ་འོས་བླུགས་མཁན་གཅིག་མེད་ཅེས་བཤད་ན་ཆོག

    ༧་་་་་རྒྱལ་རོང་བ་་་ཁྱོད་དང་ང་གཉིས་ཐེངས་གཅིག་རང་ཐུག་མྱངས་བ་དང་། ལག་འཇུ་ཙམ་བྱས་མྱངས་ཡོད། ང་སྤེན་ཆེད་བསྐྱེལ་མཁན་ཡོང་དུས་མེ་འཁོར་བབ་ཚུགས་ལ་ཚར་གཅིག་རང་ཐུག་མྱངས་ཡོད་པ་དེ་རེད། གདོང་དངོས་སུ་སྟོན་ནས་ཤོག ག་ལས་བརྩད་ཆོག་གི་རེད། རྒྱུད་དག་མེད་པའི་མི་ཁྱོད་ལྟ་བུ་ཞིག་གྲལ་མགོ་བཞག་པ་དེ་ཁམས་ཕྲུག་གསར་འབྱོར་བ་ཚོས་ནོར་སོང་བ་རེད།

  19. ཅོ་རི་ཉི་མ། says:
    2015-12-06 at 7:23 am

    དེ་རིང་ངས་འདི་ནས་ཁྱོད་ལ་ལབ་ཀྱི་ཞིག་ཡོད། ཧྥི་རན་སུའི་ནང་གི་ཁམས་ཕྲུག་གསར་འབྱོར་བ་ཚོ་མགོ་སྐོར་གཏོང་མ་འོང་རོགས་བྱོས་ཅེས་བཤད་ཀྱི་ཡིན། རྒྱུད་དག་མེད་པའི་མི་ཁྱོད་ལ་གོ་གནས་དང་དངུལ་མ་གཏོགས་བསམས་ཀྱི་མེད་པ།

    ཟམ་གདོང་བླ་མས་ཁྱོད་གནམ་ལ་བཀྱགས་ནས་ས་ལ་གཡུགས་དུས་ཁྱོད་ལ་རྒྱབ་སྐྱོར་བྱས་མཁན་སུ་བྱུང་ངམ། གཞི་ཆགས་ཀྱི་བུ་གུ་ཚོའི་སྐྱག་པ་བཏང་ས་ལའང་མི་བསླེབས་མཁན་གྱི་གསར་འབྱོར་ཚོ་རེད་དམ་མ་རེད། ཁྱོད་གནམ་ནས་ས་ལ་རྡུངས་དུས་ངུ་རོགས་ཤིག་ཡོད་པ་དེ་གསར་འབྱོར་བ་ཚོ་མ་རེད་དམ། བསམ་བློ་ཐོངས།

    མགོ་སེར་རྒད་མོ་ལ་གོག་རྒྱུགས་ནས་འཚོ་བ་བསྐྱེལ་ནས་སྡོད་ན་རྒྱུད་དག་མེད་པའི་མི་ཁྱོད་ལ་འཚམས་ཤོག་ཡིན་གྱི་རེད། མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་ཤ་ཁྲག་བདག་པོ་བརྒྱབས་ཐུབ་ལེ་རེད་བ།

  20. ནད་མེད་ཚེ་རིང་། says:
    2015-12-06 at 7:24 am

    བློ་གྲོས་རབ་བརྟན་ལགས། ཁྱེད་ཀྱི་གསུང་པ་ལྟར་འབའ་བ་སྐལ་རྒྱལ་མཚན་ལགས་སྤྱི་འཐུས་སུ་ལང་རྒྱུ་མིན་པ་ནི་སྲིད་སྐྱོང་བློ་སེང་ལགས་ནས་ཁོང་ལ་ཐེ་ཝན་དོན་གཅོད་དུ་བསྐོ་བཞག་བྱ་རྒྱུ་ཁས་ལེན་གནང་ཡོད་པས་ཡིན། ཇུ་ཆེན་བོུ་ནས་གྲོས་ཚོགས་ནང་དྲི་བ་གནང་སྟངས་ལ་བལྟས་ན་སྔོན་མ་ལས་ཡག་པ་སོང་འདུག མགོ་ལོག་གསེར་རྟ་ཚུལ་ཁྲིམས་ནས་གྲོས་ཚོགས་ནང་བཀའ་མོལ་གནང་སྟངས་ལ་བལྟས་ན་ཆོལ་ཁས་ཞེན་འཁོག་ཤུགས་ཆེ་ཙམ་ཡོད་པ་མཐོང་སོང་། དཔེ་མཚོན་ཞུས་ན་སྲིད་སྐྱོང་བློ་སེང་ལགས་སུ་གྲོས་ཚོགས་ནང་སྤྱི་འཐུས་ནས་དྲི་བ་བཏང་ནས་བཀར་སྐབས་གསེར་རྟ་ཚུལ་ཁྲིམས་དང་འབའ་བ་སྐལ་བཟང་གཉིས་ནས་གྲོས་ཚོགས་ནང་བགྲོ་གླེང་སྐབས་སྐྱོབས་གང་ཐུབ་གནང་མཁན་གྲས་ཡིན་པས། གདན་ས་ནང་སྲིད་སྐྱོང་བློ་སེང་ལ་རྒྱབ་སྐྱོར་གནང་མཁན་མདོ་སྟོད་དགེ་འདུན་པ་ནས་གསེར་རྟ་ལ་འོས་འཕེན་རྒྱུ་ཡིན། དེ་བཞིན་འབའ་བ་སྐལ་བཟང་ལགས་སུ་སྲིད་སྐྱོང་བློ་སེང་ལགས་སྐབས་གཉིས་པའི་སྲིད་སྐྱོང་ཞབས་བསྟེགས་ཐོབ་རྒྱུ་ཡིན་སྟབས་ཁོང་ལ་ཐེ་ཝན་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་གཏན་གཏན་ཁས་ལེན་གནང་ཡོད་སྟབས་ཁོང་ནས་སྤྱི་འཐུས་སུ་ལང་རྒྱུ་མིན་པས་གསལ་བསྒྲགས་གནང་བ་ཡིན་ངེས། དྲ་གྲོགས་ཚང་མར་བྱ་ར་བྱེད་ནས་སྡོད་ཨ།།

  21. ཅོ་རི་ཉི་མ། says:
    2015-12-06 at 7:25 am

    མགོ་སེར་རྒད་མོ་ལ་གཡོག་རྒྱུགས་ནས་འཚོ་བ་བསྐྱེལ་ནས་སྡོད་ན་རྒྱུད་དག་མེད་པའི་མི་ཁྱོད་ལ་འཚམས་ཤོག་ཡིན་གྱི་རེད། མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་ཤ་ཁྲག་བདག་པོ་བརྒྱབས་ཐུབ་ལེ་རེད་བ།་་་་ཅེས་བཅོས།

  22. ཅོ་རི་ཉི་མ། says:
    2015-12-06 at 7:50 am

    དང་བླང་དཔྱ་ཁྲལ་སྤྲད་དང་མི་སྤྲོད་ཟེར་བའི་སྐད་ཆ་འདི་ངས་ཐེངས་མང་པོ་གསལ་བཤད་བྱས་ཚར།
    བཙན་བྱོལ་བོད་གཞུང་ག་དུས་སླར་གསོ་དང་བཅའ་ཁྲིམས་ནང་གི་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་བྱེད་དགོས་ཅེས་པའི་ལེའུ་ག་དུས་སླར་གསོ་བྱས་ན་དེ་དུས་དཔྱ་ཁྲལ་སྤྲོད་དང་སྤྲོད།

    མུ་མཐུད་་སྲིད་གཞུང་མི་དགོས། བོད་རྒྱལ་ཁབ་ཅེས་པའི་མིང་ཙམ་བཅའ་ཁྲིམས་ནང་བཞག་གི་མིན་ཟེར་ན་ང་ཅོ་རིས་དཔྱ་ཁྲལ་སྤྲོད་དགོས་པའི་རྒྱུ་མཚན་བ་སྤུ་ཙམ་མེད། ཤེས་སོང་ངམ།

  23. ཁྱུང་སེ། says:
    2015-12-06 at 12:09 pm

    དྲ་གྲོགས་ཅོ་རི་ལགས་ནས་མི་ངན་སྤོབས་མཐའ་ཟེར་བའི་མི་འདི་གང་ནས་ཡིན་གང་དུ་ཡོད་དངོས་མིང་གང་ཡིན་གྱིས་ལོ་རྒྱུས་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། མིང་བརྫུས་ཀྱི་འོག་ནས་ཆོས་ལུགས་དང་ཆོས་ལུགས་དབར་ལ་ཁྲག་ལྟར་དཀྲུགས་ཡོད་མི་འདིའི་རིགས་ལ་ཚང་མས་དོ་སྣང་བྱེད་དགོས།

  24. སྤོབས་པ་མཐའ་ཡས། says:
    2015-12-06 at 2:07 pm

    ཅོར་ཉི། ངས་ཐུབ་བསྟན་རྒྱ་མཚོ་ཟེར་བ་ངོ་ཡང་མི་ཤེས། མི་དཀར་པོ་ལ་ཞྭ་ནག་པོ་གཡོག་གིན་མ་འདུག ང་རྩད་གཅོད་བཏང་ནས་ཁྱོད་ཀྱིས་ང་གསོད་བསམ་པ་ཡིན་ནམ།

  25. སྤོབས་པ་མཐའ་ཡས། says:
    2015-12-06 at 2:33 pm

    ཉེ་ཆར་བཀའ་སྤྱི་འདེམས་བསྐོས་ཀྱི་སྐབས་སུ་ངའི་གཡས་གཡོན་གྱི་མི་དེ་ཚོའི་ནང་ན་ཡང་ཁ་ལག་འགལ་བ་བྱེད་མཁན་མང་པོ ཞིག་སླེབས་སོང་། དེ་ཚོ་ལ་ཞེན་པ་ཡང་གང་འཚམས་ཤིག་ལོག་སོང་། རེ་ཟུང་ཞིག་དང་ལྷག་པར་ཡང་མི་གཅིག་ལ་ངས་ཐེངས་ཁ་ཤས་ལ་ལབ་ཡོད། བོད་རང་བཙན་འཐབ་རྩོད་ཀྱི་ལས་དོན་བསྒྲུབ་ཐུབ་ན་ཡག་པོ་རེད། ལངས་ཕྱོགས་འཛིན་ཐུབ་ན་ཡག་པོ་རེད། དབུ་མའི་ལམ་ཟེར་བ་འདིས་ཅང་ཁུངས་མི་འཁྱོལ་བ་གསལ་པོ་རེད། ཡིན་ན་ཡང་། དྭངས་བླངས་དཔྱ་ཁྲལ་མ་འབུལ་ཟེར་བ་ལྟ་བུ་ནི་ཐལ་དྲགས་པ་རེད།་འདིའི་ཁྱོད་རང་ཚུད་པའི་བོད་མི་མང་གི་ཆབ་སྲིད་མདུན་ལམ་ལ་གནོད་པ་མ་གཏོགས་ཕན་ཐོགས་གང་ཡང་ཡོང་གི་མ་རེད་ཟེར་ནས་ཞུས་མོད་གསན་མ་སོང་། ད་ལོ་བཀའ་སྤྱི་འོས་འདེམས་ཀྱི་སྐབས་སུ་འདི་བཟང་རབས་དང་དེ་ངན་རབས་ཟེར་ནས་མང་པོ་བཤད་གིན་འདུག དྲ་ཐོག་གི་འུར་ལ་ཡིད་ཆེས་མཁན་དེ་ཙམ་ཡོང་གིན་མ་རེད དེ་ལས་རང་ར་གི་འོས་ཤོག་དེ་རང་ཉིད་ཀྱི་ལངས་ཕྱོགས་དང་མཐུན་ས་དེ་ལ་བླུགས་དགོས་པ་གལ་ཆེན་རེད། ཡིན་ན་ཡང་། ཁོ་རང་ཚོ་མང་པོ་ཞིག་གིས་ཁོ་རང་ཚོ་དགའ་ས་དེ་ལ་འོས་བླུགས་པའི་གོ་སྐབས་ཤོར་ཚར་བ་རེད། དེ་ཐབས་སྐྱོ་བོར་མཐོང་སོང་། ཅོར་ཉི་ཁྱོད་ཀྱང་དེའི་ནང་ནས་གཅིག་རེད་བསམ་སོང་། དེ་ཙམ་ལས་ཁྱོད་ཅོར་ཉི་ལ་ང་མི་དགའ་དོན་གང་ཡང་མེད།

  26. ཅོ་རི་ཉི་མ། says:
    2015-12-06 at 2:44 pm

    ང་ཚོས་ངོས་ནས་དང་བླང་དཔྱ་ཁྲལ་མི་སྤྲད་པ་འདི་བོད་གཞུང་དང་རང་བཙན། རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱེད་སྟངས་ཤིག་ཡིན། དང་བླང་དཔྱ་ཁྲལ་སྤྲད་མཁན་གྱི་དང་བླང་བྲན་གཡོག་ཞིག་མིན་ཞེས་པའི་གོ་བརྡ་སྤྲོད་ཀྱི་ཡོད། རྡ་སའི་སྒེར་གཅོད་ལ་བལྟས་ན་དཔྱ་ཁྲལ་མི་སྤྲོད་མཁན་ཇེ་མང་འགྲོ་གྱི་ཡིན་པར་གསལ་པོ་ཡིན། བོད་རང་བཙན་འཐབ་རྩོད་པ་དག་ལ་འ་ཆད་འུ་ཐུག་དགོས་པ་ཞིག་ཡོང་བཞིན་པ་རེད།

    སྔ་ཕྱི་མ་གཏོགས་བོད་རང་བཙན་བློས་མི་བཏང་མཁན་ཚོས་དཔྱ་ཁྲལ་སྤྲོད་མཚམས་འཇོག་དགོས་ཐུག་ངེས་ཡིན། དེང་སང་ཞུ་གཏུགས་བྱེད་བཞིན་འདུག སྙན་ཞུ་ཕུལ་བཞིན་འདུག རྡ་སའི་སྒེར་གཅོད་པ་ཚོས་དེ་དག་ངོས་ལེན་མི་བྱེད་ཐག་ཆད་ཚར་བ་རེད། དེར་དུས་རང་བཙན་པ་ཚོ་འུ་ཐུག་གི་རེད། དཔྱ་ཁྲལ་སྤྲོད་མཚམས་འཇོག་ནས་འཐབ་རྩོད་བྱ་ཡི་རེད། ལུང་བསྟན་ཡིན། བདེན་མིན་ལོ་ཤས་རྗེས་སུ་ཤེས་ཡོང་གི་རེད།

  27. ཅོ་རི་ཉི་མ། says:
    2015-12-06 at 3:09 pm

    སྤྱིའི་ཆ་ནས་ད་ལོར་ངས་འོས་འཕེན་གྱི་རག་མ་སོང་། འགྱོད་པ་ཅང་མེད། བསམ་བློ་སྔོན་ནས་བཏང་ཟིན་པ་ཡིན། འོས་འཕེན་གྱི་རག་ནའང་ཕན་ཐོགས་མེད་པ་ཤེས་ཀྱི་ཡོད། མི་དམངས་ཀྱི་མང་མོས་ལ་བརྩི་བཀུར་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་ན་བཙན་བྱོལ་གཞུང་སྒྲིག་འཛུགས་ལ་བསྒྱུར་མི་སྲིད་པ་རེད།

    ༢༠༡༡་ལོར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པ་མང་མོས་བྱུང་བ་རེད། མང་མོས་ལ་སྒེར་གཅོད་པ་ཚོས་བརྩིས་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་ཆུང་ཆུང་དེ་ལ་བསྒྱུར་བཞག་པ་རེད།

    མི་དམངས་ཀྱི་འདོད་འདུན་ལ་གུས་བཀུར་མེད་པའི་སྒེར་གཅོད་སྒྲིག་འཛུགས་ཤིག་ལ་འོས་འཕེན་ཡ་རག་དང་མ་རག་ཁྱད་པར་ཅི་ཡང་མེད་པ་རེད། ཁོ་རང་ཚོའི་འདོད་པ་ག་རེ་ཡིན་ན་དེར་ཐོབ་བཅུག་གི་རེད། ད་ལན་ཀླུ་བྱམས་འོས་གྲངས་མང་པོ་མ་ཐོབ་པ་འདི་ཡང་འོས་བསྡུ་ལས་ཁུངས་ཀྱི་དྲང་བདེན་མེད་པའི་བྱ་སྤྱོད་དང་འབྲེལ་བ་ཡོད།

  28. ནད་མེད་ཚེ་རིང་། says:
    2015-12-06 at 4:05 pm

    ཅོ་རི་ཁྱེད་ནས་བོད་མི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་ལམ་ལ་རྒྱབ་སྐྱོར་མེད་པས་དཔྱ་ཁྲལ་མ་འབུལ་ན་ཁྱེད་རང་གི་རང་དབང་རེད། འོན་ཀྱང་བོད་མིའི་རང་དབང་འཐབ་རྩོད་ནང་ཞུགས་དགོས་ན་བོད་མི་སྤྱིའི་སྒྲིག་ཁྲིམས་འཁྱེར་དགོས་པ་ཆོས་ཉིད་རེད། དམངས་གཙོ་ནང་མང་མོས་ཐག་གཅོད་གང་བྱུང་བར་གུས་བརྩི་ཞུ་དགོས་པ་ལས་ངས་ལངས་ཕྱོགས་དང་ལྟ་བར་འགྲོ་མ་སོང་ཟེར་ནས་འཁྲེགས་འཛིན་གྱིས་དཔྱ་ཁྲལ་མ་འབུལ་ནས་བསྡད་ན་སྒྲིག་འཛུགས་ནང་ཆ་ཤས་བླངས་རྒྱུ་ཐོབ་ཐང་བྲལ། བོད་མི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་འགྱུར་བ་གཏོང་དགོས་བསམ་ན་ཆབ་སྲིད་ནང་ཞུགས་དགོས་པ་ཡིན། དཔྱ་ཁྲལ་མ་འབུལ་མཁན་བོད་རིགས་སུ་ཡིན་རུང་དེ་ལ་བོད་མི་སྒྲིག་འཛུགས་ཀྱི་ལས་དོན་ལ་ཐེ་གཏོགས་བྱ་རྒྱུའི་ཐོབ་ཐང་སྤུ་ཙམ་ཡང་མེད་པར་ཤེས་དགོས་པ་ཡིན།

  29. ཅོ་རི་ཉི་མ། says:
    2015-12-06 at 4:26 pm

    ནད་མེད་ཚེ་རིང་་་་་དང་བླང་དཔྱ་ཁྲལ་མི་སྤྲད་མཁན་ཚོ་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་དབང་མེད་པ་ལྟར་་་་བཙན་བྱོལ་སྒྲིག་འཛུགས་ལ་ཡང་དཔྱ་ཁྲལ་མི་སྤྲད་མཁན་ཚོའི་ཐོབ་ཐང་བདག་དབང་ལ་ཐེ་གཏོགས་བྱེད་ཡ་དབང་ཆ་མེད།

    བོད་རིགས་ཡོངས་རྫོགས་རྒྱ་གུན་ཁྲན་གྱི་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ཟེར་བའི་དབང་ཆ་བཙན་བྱོལ་སྒྲིག་འཛུགས་ལ་མེད། བཙན་བྱོལ་སྒྲིག་འཛུགས་ལ་དཔྱ་ཁྲལ་མི་སྤྲད་མཁན་གྱི་བོད་མི་ཚང་མ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་མ་རེད། ཚོགས་མི་མིན་པ་ཚོའི་ཐོབ་ཐང་བདག་དབང་ལ་ཐེ་གཏོགས་བྱེད་མི་ཆོག

    བོད་མིའི་རང་དབང་འཐབ་རྩོད་དེ་ཉིད་བཙན་བྱོལ་སྒྲིག་འཛུགས་དང་སྒྲིག་འཛུགས་ཀྱི་ཚོགས་མི་ཁོ་ནས་སྒེར་བདག་བྱེད་པའི་དབང་ཆ་མེད། བོད་མིའི་རང་དབང་འཐབ་རྩོད་ནང་ཞུགས་པ་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་ཁུར་དགོས་པ་དང་བྲན་གཡོག་རྒྱུགས་དགོས་པའི་རྒྱུ་མཚན་མེད། བོད་མིའི་རང་དབང་བོད་མི་ཡོངས་ཀྱི་ཡིན་པ་ལས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཁོ་ན་ལ་བདག་སོང་བ་ཞིག་མ་རེད།

  30. ཁ་བ་ཅན། says:
    2015-12-06 at 11:08 pm

    ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་ལྟོས་དང་། མདོ་སྨད་སྤྱི་འཐུས་ནང་དབྲ་ཚ་བསོད་ནམས་ནོར་བུ་ཟེར་བའི་མི་འདི་མདོ་སྨད་མི་མང་གི་མི་སུ་ལ་སྐད་ཆ་དྲིས་ཀྱང་ཧ་ལམ་ངོ་ཤེས་མཁན་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་འོས་གྲངས་ཨང་བཅུ་བར་བསླེབས་འདུག དངོས་གནས་དྲང་གནས་ཁྱད་མཚར་རེད། མདོ་སྨད་མི་མང་ལ་ཞབས་ཞུ་སྣེ་གཅིག་ཞུས་མ་མྱོང་བའི་མི་ཚད། ས་འོག་ནས་ཡར་སྐྱེས་པའམ། གནམ་མཁའ་ནས་མར་ལྷུང་པ་གང་ཡིན་ཆ་འཚལ་བའི་མི་འདི་ལ་མདོ་སྨད་མི་མང་གིས་འོས་ཅིའི་ཕྱིར་བླུགས་པ་རེད། མདོ་སྨད་མི་མང་ཧ་ཅང་ལྐུག་པ་རེད། ངས་བསམ་བློ་བཏང་ན་སྔོན་ཆད་མི་འདིའི་ས་བསྒྲགས་གནམ་བསྒྲགས་བྱས་པའི་ཁྱབ་བསྒྲགས་ཁག་ནང་ཁོ་རང་ལྡི་ལིའི་རྒྱ་གར་དངུལ་ཁང་ཆེན་པོ་ཞིག་གི་ལས་བྱེད་ཡིན་ཚུལ་འཁོད་ཡོད་པ་དེ་ཙམ་ལ་བལྟས་ཏེ་འོས་བླུགས་པ་རེད་བསམ་གྱི་འདུག ཁོ་རྒྱ་གར་དངུལ་ཁང་གི་ལས་བྱེད་ཡིན་པ་དེས་མདོ་སྨད་མི་མང་ལ་ཕན་ག་རེ་ཐོག་གི་རེད། དེ་འདྲ་མང་པོ་ཡོད་པ་རེད་རྒྱ་གར་དབུས་གྲོས་ཚོགས་ནང་ལས་ཀ་བྱེད་མཁན་དང་། ཨ་རིའི་སྤྱི་ཚོགས་ཡར་རྒྱས་འཛུགས་སྐྲུན་ལྷན་ཁང་ནང་ལས་ཀ་བྱེད་མཁན། ཧྥ་རན་སིའི་གནམ་གྲུའི་ཁ་ལོ་བའི་ནང་ལས་ཀ་བྱེད་མཁན་སོགས་མང་ཐག་ཆོད་ཡོད་པ་རེད། གཙོ་བོ་མདོ་སྨད་མི་མང་ལ་ཤ་ཚ་ལྷག་བསམ་ག་ཚོད་ཡོད་པ་རེད་ཞབས་ཞུ་ག་ཚོད་ཞུས་མྱོང་ཡོད་པ་རེད་དེ་ཚོར་བསམ་བློ་གཏོང་དགོས་པ་གནད་འགག་རེད་བསམ་གྱི་འདུག རང་གི་བོད་པའི་སྤྱི་ཚོགས་ལས་བརྒལ་ཏེ་མི་རིགས་གཞན་པར་གཡོག་ལ་རྒྱུག་མཁན་དེ་ཚོར་འགྲམ་ཆུ་ལྡང་བ་དེ་ལྐུག་རྟགས་རེད་ལ་ཕྱོགས་གཞན་ཞིག་ནས་སོ་སོའི་སེམས་ནང་གི་རྒྱུ་རྔམ་གྱིས་མི་གཞན་པའི་གཡོ་སྒྱུའི་འོག་ཏུ་ཚུད་ཀྱི་ཡོད་པ་རེད།

  31. བློན་ཆེན། says:
    2015-12-06 at 11:41 pm

    ཅོ་རི་ཉི་མ་ཟེར་བ་འདི་དངོས་གནས་དཀྲུག་ཤིང་ཁོ་ན་བརྒྱབ་ནས་མི་ཚེ་སྐྱེལ་མཁན་ཞིག་རེད་འདུག སོ་སོས་བོད་མིའི་དྭངས་བླངས་དཔྱ་ཁྲལ་ཙམ་ཡང་སྤྲོད་ཀྱི་མེད་པར། ནུས་པ་ཡོད་ཚོད་ཀྱིས་བོད་དོན་ཐད་ལས་དོན་ཆེ་ཕྲ་ཆུང་གསུམ་སྒྲུབ་མཁན་ཚང་མར་འགྲིག་གི་མེད་རབས་རྐྱང་རྐྱང་ཤོད་སྡོད་ཀྱི་འདུག
    སྐུ་མཁྱེན་ད་བོད་ཀྱི་སྤྱི་ཚོགས་འདི་མ་དཀྲུག་རོགས། ཡང་ཐུབ་བསྟན་རྒྱ་མཚོ་ཟེར་བ་ཞིག་ནག་པོ་བཟོ་ཐབས་པ་འབད་བརྩོན་བྱེད་འགོ་ཚུགས་སོང་། ཁྱེད་ཀྱི་དམིགས་ཡུལ་ག་རེ་ཡིན་ནམ། དེ་ལྟར་བྱས་ནས་ཁྱེད་རང་སྒེར་ལ་ཕན་ཐོག་ཅི་ཞིག་འདུག སྐུ་མཁྱེན་ད་དེ་འདྲ་མ་གནང་རོགས། བོད་ལ་ཕན་མ་ཐོག་ཀྱང་བོད་ལ་གནོད་པ་མ་བྱེད་རོགས།

  32. ལུང་རྟོགས། says:
    2015-12-07 at 7:42 am

    ཅོ་རིའི་མི་སྐད་བཤད་ཤེས་ཀྱི་མ་རེད། དངས་བླང་དཔྱ་ཁྲལ་མི་སྤྲོད་པ་དེ་རང་བཙན་འཐབ་རྩོད་ཡིན་ཟེར། དེ་ནི་ངོ་ཚ་མེད་པའི་སྐད་ཆ་རེད། རང་བཙན་རྩོད་ས་རྒྱ་ནག་གཞུང་རེད། དངས་བླང་དཔྱ་ཁྲལ་མ་སྤྲད་པས་རྒྱ་ནག་གཞུང་ལ་ག་རེ་གནོད་ཀྱི་རེད། ལར་ནས་རང་བཙན་རྒྱ་ལ་མི་རྩོད་པར་བོད་གཞུང་ལ་རྩོད་མཁན་འདི་ཚོ་རང་བཙན་རྩོད་མཁན་ནམ་ཡང་མ་རེད་དཀྲུག་ཤིང་རྒྱག་མཁན་རེད།

  33. ལུང་རྟོགས། says:
    2015-12-07 at 9:02 am

    ནད་མེད་ཚེ་རིང་ཟེར་བ་དེས་སྐབས་རེ་ཁུང་ལུང་ཡོད་མདོག་མདོག་སྐབས་རེ་ཚོད་དཔག་ཡིན་མདོག་མདོག་གིས་ཉོག་གཏམ་བཤད་ཡོང་གི་འདུག དོན་ངོ་མ་ནམ་ཡིན་ཡང་སྲིད་སྐྱོང་ལ་སྐྱོན་ཞིག་བཙུགས་རྒྱུ་མ་རག་ནས་སྡད་ཡོད་པ་ཤེས་གསལ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme