Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་གི་འོས་བསྡུ་ཐོག་མ། མི་མང་གི་འགུལ་སྟངས་གསར་པ།

Posted on 2016-02-022016-02-02 By ཁ་བརྡ 5 Comments on སྲིད་སྐྱོང་གི་འོས་བསྡུ་ཐོག་མ། མི་མང་གི་འགུལ་སྟངས་གསར་པ།

image—ཚེ་དབང་ནོར་བུ།
 
བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་ཐེངས་གསུམ་བྱས་པ་རེད། ཐེངས་དང་པོ་དང་གཉིས་པ་ལ་ཟམ་གདོང་རིན་པོ་ཆེ་འདམས་པ་རེེད། ལོ་བཅུ་དེ་ནི། སྤྱི་ཚོགས་ཡོངས་ཀྱིས་གྲུབ་འབྲས་བྱུང་བའི་ལོ་ངོ་བཅུ་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ཐེངས་གསུམ་པར་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་འདམས་ནས་ལོ་བཞི་དང་ཕྱེད་ཀ་ཕྱིན་ཡོད།

ད་ཆར་མང་ཚོགས་ནང་ལོ་བཞི་དང་ཕྱེད་ཀའི་གྲུབ་འབྲས་གང་ཡིན་ངོས་འཛིན་ལ་རྩོད་རྙོག་ཡོང་གི་ཡོད། གླེང་སྟངས་མ་གཅིག་པའི་དཀའ་ངལ་འཕྲད་ཀྱིན་ཡོད། དབུས་གཙང་རྒྱུན་ལས་དང་མི་མང་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱབ་ལྗོངས་འདི་རེད། ཡང་གཅིག་བཤད་ན། དེ་རིང་ཁ་སང་བརྒྱུད་ལམ་ཚང་མ་ན། སྲིད་སྐྱོང་འོས་མི་གླེང་བསྡུར་་བྱེད་བཞིན་པའི་གནད་འགག་ཐུག་སའང་འདི་རེད། མ་འོངས་པའི་རྒྱལ་ཕམ་དེ་ཡང་ད་ལྟའི་གླེང་བསྡུར་འདིས་ཐག་གཅོད་དགོས་པ་རེད།

བོད་ཀྱི་ཆབ་སྲིད་ལོ་རྒྱུས་ནང་བལྟས་པ་ཡིན་ན། གནད་འགག་གི་བྱུང་རབས་མང་པོ་ཞིག་དབུས་གཙང་མི་མང་གིས་ཐག་གཅོད་དང་འགན་ལེན་བྱས་པ་གསལ་ཡོད། ཆོས་བརྒྱུད་རིམ་བྱོན་དང་། དེའི་རྗེས་ཀྱི་མངའ་མཛད་རིམ་བྱོན་ཚང་མས། བོད་ཀྱི་ཆབ་སྲིད་དང་རིག་གནས་འཛིན་སྐྱོང་གི་ལས་རིམ་ནང་ལ་ནུས་ཤུགས་གཙོ་བོ་བཏོན་གནང་ཡོད། ད་ཆ་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་དང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་གཉིས་དངོས་གཞིའི་འོས་མིར་འགྲན་རྩོད་འདིའི་ཐག་གཅོད་ཀྱི་གོ་རིམ་ནང་དུའང་། དབུས་གཙང་མི་མང་གིས་གནད་འགག་ཏུ་གཟིགས་ནས་ཁོང་གཉིས་བསྡུར་མགོ་ཚུགས་པ་དང་། བསྡུར་ནས་དཔྱད་གླེང་བྱས་ཏེ། བོད་སྤྱི་པའི་ལས་དོན་ལ་གྲུབ་འབྲས་སྤུངས་ཐུབ་མཁན། མང་ཚོགས་དང་སྤྱི་ཚོགས་ཀྱི་རེ་འདུན་ལ་ཐུགས་ཁུར་གནང་མཁན་སུ་ཡིན་པ་དེ་ངོ་འཕྲོད་པའི་ཐོག་ནས་འོས་ཤོག་འཕེན་པའི་སྟ་གོན་བྱེད་བཞིན་པ་འདིས། འོས་མི་གཉིས་ཀའི་མི་གཤིས་དང་འཇོན་ཐང་། གྲུབ་འབྲས་དང་ཁྱད་པར་བསྔོག་ནས་ཕྱི་གསལ་ནང་གསལ་བཟོ་བཞིན་ཡོད།

འོས་བསྡུའི་ལས་རིམ་ནང་མངོན་གསལ་ཆགས་དགོས་པའང་འདི་རེད། འོས་མི་སོ་སོས་མང་ཚོགས་ལ་རྩིད་འབུལ་བྱེད་ཐུབ་དགོས་པའང་འདི་རེད། ཟླ་བ་གཅིག་དང་ཉིན་ཉི་ཤུའི་ནང་ལ། གནད་དོན་འདི་ཕྱི་གསལ་ནང་གསལ་ཆགས་འགྲོ་བ་དང་། ཟླ་བ་གསུམ་པའི་ཚེས་ཉི་ཤུའི་ཉིན་མོར། བོད་ཀྱི་ལོ་རྒྱུས་ནང་ལ་ཆེས་ཐོག་མ་ཡིན་པའི་སྲིད་སྐྱོང་འོས་འདེམས་ཀྱི་རི་མོ་དང་པོ་དེ་འབྲི་གཏན་འཁེལ་ཡོད། རི་མོ་དེ་གང་འདྲ་ཞིག་འབྲི་དང་མི་འབྲི་དང་སྲིད་སྐྱོང་འོས་མི་གཉིས་ནས་མང་ཚོགས་ལ་རང་ཉིད་ག་ཚད་ཅིག་གསལ་སྟོན་ཐུབ་མ་ཐུབ་ཀྱིས་ཐག་ཆོད་འགྲོ་བ་ཞིག་ཆགས་ཡོད།

ད་ལྟའི་ཆར། བཙན་བྱོལ་སྤྱི་ཚོགས་འདི། ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བའི་ཕྱོགས་ཁག་དང་། སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བའི་ཕྱོགས་ཁག་ཅེས་སྡེ་ཚན་ཆེན་པོ་གཉིས་ཆགས་ཡོད། ཕྱོགས་ཁག་གཉིས་ཀས་སྐྱོན་ཆ་དང་གྲུབ་འབྲས་གླེང་རེས་བྱེད་ཀྱིན་ཡོད་ནའང་། གཙོ་དོན་ལྟེ་བ་ནི། འོས་མི་གཉིས་སོ་སོའི་ངོས་ནས། འཛིན་སྐྱོང་དང་ཆབ་སྲིད་དབང་བསྒྱུར་གྱི་འཆར་གཞི་ཁ་གསལ་གཏིང་གསལ་རེ་མང་ཚོགས་ལ་བསྟན་དང་མ་བསྟན་གྱིས་མཐའ་མའི་ཐག་གཅོད་ཀྱི་ཁ་ཕྱོགས་འཁྲིད་ཀྱིན་ཡོད།

ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཉམས་མྱོང་དང་འཇོན་ཐང་། སྤོབས་པ། འཆར་གཞི་བཅས་ཞིབ་ཚགས་དང་ཕྱི་གསལ་ནང་གསལ་བཟོས་དང་བཟོ་བཞིན་ཡོད། འདི་ནི་ཕྱོགས་གཅིག་ནས་ད་ལྟའི་སྐབས་ལ་མང་ཚོགས་ནང་གསལ་བཤད་གནང་དགོས་ངེས་ཤིག་ཆགས་ཡོད་པ་དང་། གཉིས་ནས་དབུས་གཙང་མི་མང་གཙོས་པའི་རྒྱ་ཆེའི་མི་མང་གིས་ཁོང་གི་གནང་སྟངས་འདིར་ཕྱོགས་ཡོངས་ནས་དོ་སྣང་ཤུགས་ཆེ་བྱེད་ཀྱིན་ཡོད།

སྲིད་སྐྱོང་བློ་བཟང་སེང་གེར་མཚོན་ན། ལོ་བཞི་དང་ཕྱེད་ཀའི་རྗེས་ཀྱི་དེ་རིང་། རང་ཉིད་མང་ཚོགས་ཀྱིས་ཕྱི་གསལ་ནང་གསལ་གྱིས་མཐོང་བ་ཞིག་དགོས་རྒྱུ་ཡང་། རྒྱབ་སྐྱོར་བ་ཚོའི་གནང་སྟངས་ལ་བལྟས་ན། ད་ལྟ་གཞི་ནས་མང་ཚོགས་ལ་ངོ་སྤྲོད་བྱེད་ཀྱིན་པ་དང་མཚུངས། ཨ་སྒོར་རག་ཡོད། རྨང་གཞི་བཟོས་ཡོད། ཁང་པ་ཐོག་རྩེག་གཉིས་པ་བརྒྱབ་ཆོག་ཆོག་ཡིན་ལབ་བསྡད་པ་ཁོ་ན་ཞིག་གིས་གསལ་པོ་ཆགས་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་ཡོད།

དབུས་གཙང་མི་མང་ལ་མཚོན་ན། ཉི་མ་རེ་རེར་ཞིབ་དཔྱད་ལ་ཕྱོགས་ཤུགས་ཇེ་ཆེ་རེད། སོ་སོས་འདམས་པའི་སྤྱི་འཐུས་ཚོས་ཅི་ཞིག་གླེང་ཡོད་པ་དང་གྲོས་ཚོགས་ར་བའི་ནང་འགན་གང་ཞིག་འཁྱེར་བའི་རིམ་པ་དག་ཕྱོགས་བསྡོམས་དང་དབྱེ་ཞིབ་བསྐྱར་དུ་བྱས་ནས། མ་འོངས་པའི་སྲིད་སྐྱོང་འོས་ཤོག་དེ་སུ་ལ་འཕེན་དགོས་པའི་སྐོར་གླེང་སློང་བྱེད་ཤུགས་ཆེ་རུ་ཕྱི་འདུག་ལ། དེ་བས་ཀྱང་སྲིད་སྐྱོང་གིས་གྲོས་ཚོགས་ལ་ལན་འདེབས་དང་འགན་ཁུར་གནང་སྟངས་ལ་དོ་ནན་པོས་བལྟ་ཞིབ་ཡང་ཞིབ་བྱེད་ཀྱིན་འདུག དབུས་གཙང་མི་མང་གི་ད་ལྟའི་འགུལ་སྟངས་འདིས། བདེན་པ་ཞིག་བསྔོགས་ཀྱིན་འདུག བདེན་པ་ཞིག་འཚོལ་གྱིན་འདུག དབུས་གཙང་མི་མང་གིས་སྣེ་ཁྲིད་གནང་སྟངས་འདིར་ཡི་རང་ཞུ། དབུས་གཙང་མི་མང་ལ་ཐུགས་རྗེ་ཆེ་ཞུ།

བསམ་ཚུལ།

Post navigation

Previous Post: ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༢༽
Next Post: ངའི་སྐྱེས་ལྷ། བློན་པོ་གསེར་ཆེན།

Comments (5) on “སྲིད་སྐྱོང་གི་འོས་བསྡུ་ཐོག་མ། མི་མང་གི་འགུལ་སྟངས་གསར་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-02 at 10:15 pm

    ་་་་་་་་་་ དབུས་གཙང་མི་མང་གི་ད་ལྟའི་འགུལ་སྟངས་འདིས། བདེན་པ་ཞིག་བསྔོགས་ཀྱིན་འདུག བདེན་པ་ཞིག་འཚོལ་གྱིན་འདུག དབུས་གཙང་མི་མང་གིས་སྣེ་ཁྲིད་གནང་སྟངས་འདིར་ཡི་རང་ཞུ། དབུས་གཙང་མི་མང་ལ་ཐུགས་རྗེ་ཆེ་ཞུ། ་་་་་་་་་

  2. ཇུང་ཏོག་ says:
    2016-02-02 at 10:57 pm

    དབུས་གཙང་མི་མང་གི་ཕྱོགས་གཏོགས་ལ་འགན་འཁུར་ནས་བོད་མི་ནང་ཁུལ་དགའ་མི་དགའ་བཟོས་པ་འདིའི་ནུས་པ་འཐོན་ན་དགའ་བསུ་ཡོད་།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-02 at 11:02 pm

    རང་ཁ་རང་གསོ། མཐུན་སྒྲིལ་དང་། གསར་གཏོད་ལ་མ་འཚིམས་སྟངས་སྐོར་ལ།
    https://www.facebook.com/Kalyanputra/videos/10204157012645728/

  4. བཀྲིས་སྟོབས་རྒྱས says:
    2016-02-03 at 5:50 am

    གནས་ཚུལ་འདི་དབུས་གཙང་ཕྱོགས་གཏོགས་ནས་དགའ་མི་དགའི་གནས་ཚུལ་ཞིག་རྩ་བ་ནས་མིན། ང་དབུས་གཙང་ཞིག་ཡིན་པའི་ཆ་ནས་སྲིད་སྐྱོང་སུ་ལ་འོས་འཕེན་དགོས་མིན་དེ་དབུས་གཙང་ཚོགས་པའི་ལམ་བཏོན་གནང་བ་དེ་ལ་ཆ་འཛིན་རྩ་བ་ནས་ཞུས་ཀྱི་མེད། གཙོ་བོ་དེ་གཞི་བྱེས་བོད་མིའི་མངོན་འདོད་དེ་འགྲུབ་ཐུབ་མཁན་དང་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་འགྲུབ་གནང་ཐུབ་མཁན་ཞིག་སུ་ཡིན་འདུག་པ་དེ་གཞི་རྩར་འཛིན་ནས་ཁོང་གཉིས་ཀྱི་འདས་པའི་ལོ་རྒྱུའི་ནང་བོད་མི་སྤྱི་ལ་ཕན་པའི་གཟེངས་སུ་ཐོན་པའི་ཕྱག་ལས་སུའི་གནང་འདུག་པ་དེར་ཉམས་ཞིབ་མཐིལ་ཕྱིན་བྱས་རྗེས་རང་གི་ངོས་ཤོག་དེ་སུ་ལ་འཕེན་དགོས་མིན་མང་ཚོགས་ལ་རྒྱུ་མཚན་འགྲེལ་བརྗོད་བྱས་རྗེས་འོས་འཕེན་རྒྱུ་བྱ་བཞིན་ཡོད། དུས་རབས་ཉི་ཤུའི་མི་ཞིག་ཡིན་པ་སོང་། མི་གཞན་ཞིག་གི་བཀོད་བྱུས་ལ་མི་མང་ཚོ་འགྲོ་ཡི་རེད་བསམ་གྱི་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཆོལ་ཁ་དང་ཆོས་བརྒྱུད་དེ་བཞིན་གཉེན་ཉེ་དང་ཆོས་གྲོགས་ཀྱི་མིང་དེ་འཁྱེར་ནས་འོས་ཤོག་བླུགས་མཁན་ཡོད་རེད་གསུང་མཁན་རྣམས་སྤྱི་ཚོགས་དཀྲུགས་ཤིང་རྒྱབ་མཁན་ཞིག་ལས་དེ་མིན་གནད་དོན་གང་ཡང་མིན། སྲིད་སྐྱོང་འོས་མི་གཉིས་ནས་རྩེད་འཕུད་དེ་བདམས་དགོས་པ་དེ་བོད་མི་མང་གི་ལན་འགན་དེ་ཡིན། དེ་དང་མཉམ་སྲིད་སྐྱོང་བདམས་པའི་སྐབས་གཙོ་བོ་༸གོང་ས་མཆོག་ལ་མཛད་དཀའ་མ་བཟོས་མཁན་ཞིག་ཕེབས་དགོས་པ་དེའི་ཐོག་མི་མང་ཡོངས་ནས་ཐུགས་ལ་འཇོག་གནང་དགོས་གལ་ཆེའོ།

  5. ལིང་ནག says:
    2016-02-03 at 4:46 pm

    དྲང་མོར་ཞུས་ན་་་་དབུས་གཙང་མི་མང་བརྒྱ་ཆའི་100/80 ཡན་ནི་རང་རེའི་བོད་བཙན་བྱོལ་སྤྱིའི་ཚོགས་ནང་སྲོག་ཤིང་བཞིན་དྲང་གནས་དང་བདེན་རྒྱབ་ལ་ཕྱོགས་པ་མ་ཟད་དོན་ལྡན་ཕུད་བྱུང་དྲང་གནས་ངང་༧གོང་ས་མཆོག་དང་བོད་གཞུང་།་་ཆོལ་གསུང་གོང་པུ་གཅིག་གྱུར་ལ་དོན་ཕན་ལྡན་པའི་བྱ་བ་རླབས་ཆེན་སྒྲུབ་འགུའོ་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme