Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་གཟིགས་སྐོར་དང་སྲིད་སྲུང་བའི་ནག་ཉེས།

Posted on 2018-02-022018-02-02 By ཁ་བརྡ 15 Comments on སྲིད་སྐྱོང་གཟིགས་སྐོར་དང་སྲིད་སྲུང་བའི་ནག་ཉེས།

རྨ་དུག་ལྕེ།

དཔལ་ལྡན་སྲིད་སྐྱོང་མཆོག་ཉེ་ཆར་ཁེ་ན་ཌ་དང་ཨ་རི། ཡོ་རོབ་ཀྱི་རྒྱལ་ཁབ་འགར་གཟིགས་སྐོར་གནང་སྐབས་ཁོང་གི་ཕྱོགས་གཏོགས་དག་གིས་སྲིད་སྐྱོང་མཆོག་གི་ཐེངས་འདིའི་གཟིགས་སྐོར་དེ་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་ནག་ཉེས་ཀྱི་ཀྱི་ངོ་བོར་བསྒྱུར་བ་ནི་ཅི་འདྲའི་བློ་ཕམ་ཞིག་རེད་ཨང་།

དམངས་གཙོའི་ཡུལ་ལུང་ནང་དབུ་ཁྲིད་ལ་ངོ་རྒོལ་ཡོད་པ་ནི་བྱིས་པ་ལོ་གསུམ་གྱིས་ཀྱང་ཤེས་པས་ངས་གསལ་བཤད་ག་ལ་དགོས། འོན་ཀྱང་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་དཔལ་ལྡན་སྲིད་སྐྱོང་མཆོག་ཁྲིད་ནས་གནམ་ཐང་གི་ལྟག་སྒོ་ནས་ཡིབ་བྲོས་བྱས་པ་དང་གཅིག
མེ་འཁོར་འབབས་ཚུགས་སོགས་ནས་ཞི་བའི་ངོ་རྒོལ་བ་དག་མི་མཐོང་ཆེད་སྲིད་སྐྱོང་གི་མཐའ་བསྐོར་ནས་ཅེ་སྤྱང་བཞིན་ཀི་ཧོས་གནམ་ས་བཀང་ནས་གཡོལ་ཐབས་བྱས་པ་དང་གཉིས།
ངོ་དེབ་དང་སྐད་འཕྲིན་ནང་དུ་པར་རྙིང་དེ་འདྲ་བཞག་ནས་ཐེངས་འདིའི་སྲིད་སྐྱོང་གི་མཛད་འཕྲིན་ཡིན་མདོག་བསྟན་པ་དང་གསུམ།
དྲི་བ་དྲིས་ལན་སྐབས་ཚོད་འཛིན་ནན་ཏན་བྱས་པ་དང་བཞི། འདི་བཞི་ཁོ་ནས་གནད་དོན་ཆེན་པོ་གསུམ་གསལ་སྟོན་བྱས་ཡོད།

གཅིག     ཡིབ་བྲོས་བྱས་པ་འདིས་སྲིད་སྐྱོང་ལ་ངོ་རྒོལ་བ་ཚོར་གདོང་སྟོན་མི་ནུས་པའི་གནོང་ཡོད་པ་གསལ་ཡོད། གནོང་མེད་ན་འབྲོ་དགོས་དོན་མེད་ལ་བྲོས་འགྲོ་བ་ནི་འཇིགས་ཟིལ་མ་བཟོད་པ་ཁོ་ན་སྟེ་སྡར་མའི་བྱ་སྤྱོད་དོ། དེ་བས་སྲིད་སྐྱོང་མཆོག་ངོ་རྒོལ་བ་དག་གི་གམ་ལ་བཅར་ནས་ཉུང་མཐར་ཡང་ཁྱེད་ཅག་གི་འདོད་བློ་དང་མ་མཐུན་པ་ཡོད་ཚེ་མི་མང་ལ་གསུང་བཤད་སྐབས་ཐད་ཀར་དྲིས་ཆོག་ལ། བཀའ་ཤག་ལ་ཡི་གེ་བཏང་ན་འགྲིག་གི་རེད་ལྟ་བུ་གསུངས་ཡོད་ཚེ། མི་མང་པོའི་སེམས་ནང་ལ་སྲིད་སྐྱོང་མཆོག་གི་དྲང་གཤིས་དང་ཐུགས་སྟོབས་གངས་རི་ལས་དཀར་ཞིང་རི་རབ་བཞིན་བརྟན་པའི་སྣང་བརྙན་བསྐྲུན་ནུས་པ་ནི་རི་བལྟས་ཐང་གསལ་ཡིན།

གཉིས།  ནུབ་ཕྱོགས་འབབས་ཚུགས་ཆེན་པོ་དག་ན་དུས་གཅིག་ལ་འགྲུལ་བཞུད་པ་ཁྲི་སྟོང་མང་པོ་ཆུ་བོ་བཞིན་བཞུར་བཞིན་ཡོད་ལ། གླུ་གར་ཁང་མ་ཡིན་པའི་མི་མང་འདུ་འཛོམས་ཁྲོད་ནུབ་ཕྱོགས་པ་ཚོ་ཧ་ཅང་ལྷིང་འཇགས་ལ་དགའ་བས་གད་མོ་ཙམ་ཡང་ཤུགས་ཆེར་དགོད་པའི་སྲོལ་མེད་མོད། དེ་དག་གི་ཁྲོད་ནས་བོད་ཀྱི་རྒྱལ་དར་བསྒྲེངས་ཤིང་བོད་ཆས་གྱོན་ནས་ཀི་ཧོས་གནམ་ས་བཀང་སྟེ་མི་ཁྲི་སྟོང་མང་པོས་སེམས་ཀྱི་ལྷིང་འཇགས་དཀྲོགས་པ་ནི་སྐར་མ་འགའི་རིང་ལ་བོད་ལ་མི་དགའ་བའི་མི་འབོར་ཆེན་ཞིག་བཟོས་པ་ཙམ་དུ་མ་ཟད། མ་འོངས་པར་བོད་ཀྱི་དབུ་ཁྲིད་ཕེབས་བསུ་ལ་དམིགས་བསལ་གྱིས་ཁྲིམས་ལག་བསྟར་བྱེད་པའི་ཉེན་ཁ་ཆེན་པོ་ཞིག་བཟོས་ཡོད། ཁྲིམས་དེས་སུམ་ཅུའི་དུས་དྲན་སོགས་ངོ་རྒོལ་སྐད་འབོད་ཁག་ལ་འང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ཡིན།

གསུམ། ཐེངས་འདིར་སྲིད་སྐྱོང་མཆོག་མི་སུ་དང་མཇལ་འཕྲད་བྱས་མིན་ནི་གསར་ལམ་ཚད་ལྡན་ཁག་ལ་ཉིན་རེ་བཞིན་ཐོན་བཞིན་ཡོད་པས་ཁྱེད་ཅག་གིས་ལོ་འགའི་སྔོན་གྱི་པར་རྫུན་འགའ་ངོ་དེབ་ཐོག་སྤེལ་བ་འདིས་ཐེངས་འདིར་སྲིད་སྐྱོང་ལ་མཛད་འཕྲིན་ཅི་ཡང་མེད་པར་སྤྲོ་འཆམ་ལ་ཕེབས་པ་རེད་ཅེས་པར་རྒྱབ་སྐྱོར་ཙམ་དུ་ཟད་པས། བོད་ཛ་དྲག་གི་དུས་སྐབས་འདི་ལ་སྲིད་སྐྱོང་མཆོག་ཟླ་བ་མང་པོར་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་པ་དོན་གྱིས་ཁས་ལེན་བྱས་ཡོད།

བཞི། མི་མང་ལ་གཏམ་བཤད་ཚར་བའི་དྲི་བ་དྲིས་ལན་སྐབས་ནུབ་ལ་ཆ་འགྲིག་གྱོན་པའི་ཡིག་རྨོངས་པ་མང་པོ་གཡས་གཡོན་ནས་རྒྱུག་ཆོག་ཆོག་དང་འཐམ་ཆོག་ཆོག་བྱས་ནས་བསྡད་ཡོད་པ་འདི་ནི་གནོང་ཆེན་པོ་ཞིག་གནས་ལུགས་ཀྱིས་གསེད་བཀྲོལ་བྱེད་མ་ཐུབ་པར་མི་མང་གིས་ཁ་འགོག་ཐབས་ཙམ་དུ་ཟད་པས། ཁྱེད་ཅག་ལ་དེ་ལྟ་བུའི་རྔམ་སྐྲག་བྱེད་སའི་གནོང་ཞིག་ཡོད་པ་དེ་དེ་རིང་འགོག་ནུས་ཀྱང་སང་ཉིན་འགོག་མི་ནུས་པ་དང་། སྲིད་སྐྱོང་གི་མདུན་ནས་འགོག་ནུས་མོད་སྤྱི་ཚོགས་ཁྲོད་དུ་འགོག་མི་ནུས་པ་ངེས་པར་ཏུ་ཤེས་དགོས། ལར་ནས་སྲིད་སྐྱོང་མཆོག་འབུམ་རམས་པ་ཞིག་རེད་མ་གཏོགས་རྒྱ་མིའི་ཟ་ཁང་གི་གཡོག་པོ་མ་རེད་ལ། ཁྱེད་ཅག་གིས་བཤད་ན་སྲིད་སྐྱོང་ལགས་ནི་བདེན་པའི་བདག་པོ་ཡིན་པས་དྲི་བ་དྲིས་ལན་སྐབས་དང་ཕེབས་བསུའི་སྐབས་ཁྱེད་ཅག་ལ་དེ་འདྲའི་རྔམ་སྐྲག་ཅིག་ཡོང་དོན་ཅི། མཐར་དེད་ན་ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གི་གཟིགས་སྐོར་དེ་ཁོང་གི་རྗེས་འཇུག་པ་གླེན་པ་དག་གིས་སྲིད་སྐྱོང་མཆོག་གི་མི་ཚེའི་ལོ་རྒྱུས་ནང་གི་སྡིག་ཉེས་ཚབས་ཆེན་ཞིག་གི་ངོ་བོར་བསྒྱུར་སོང་ངོ།

བསམ་ཚུལ།

Post navigation

Previous Post: ང་ཚོས་ཆེན་པོ་འདོར་བཞིན་འདུག
Next Post: མགར་མཁའ་འགྲོའི་གཞས་གསར་པ། གཅེས་ཕྲུག

Comments (15) on “སྲིད་སྐྱོང་གཟིགས་སྐོར་དང་སྲིད་སྲུང་བའི་ནག་ཉེས།”

  1. བསོད་ནམས། says:
    2018-02-02 at 10:41 am

    སྐད་ཆ་ལ་གནས་ལུགས་འདུག ཀི་ཧི་ཧིས་གནམ་ཐང་བཀང་བ་དེས་རྒྱལ་སྤྱིའི་མི་མང་གི་སྣང་ངོར་བོད་པ་ཞེས་པ་དེ་གདུག་རྩུབ་ཅན་ཞིག་མིན་གྲོ་སྙམ་པའི་ཚོར་སྣང་སྦྱིན་ཡོད་པ་མ་ཟད་སྲིད་སྐྱོང་ལ་ཆེ་མཐོང་རག་རྒྱུའི་ཚབ་ལ་ལོ་རྒྱུས་ནག་པོ་བཟོས་སོང་། ངས་བློ་གཟུར་བོར་གནས་ནས་བཤད་ན་སྲིད་སྐྱོང་ནག་པོ་བཟོ་མཁན་དེ་ཁོང་གི་རྒྱབ་སྐྱོར་བར་ཆགས་སོང་བསམ་བསྡད་ཡོད། བདེན་མིན་དཔྱད་པར་བྱོས་ཤིག

  2. དགོན་པ་ཚང་ དར་རྒྱས་ says:
    2018-02-02 at 2:48 pm

    ང་ཚོའི་ཨ་རོག་ཁམ་པ་ཚོ་ཉུང་ཤས་ཤིག་གིས་ད་དུང་དུས་རབ་ག་པར་སླེབས་མིན་ཧ་མི་གོ་ལུང་པ་ག་པར་སླེབས་མིན་ཧ་མི་གོ རང་ཉིད་ལ་ཤེས་འཇོན་ག་ཚོད་ཡོད་མེད་ཧ་མི་གོ་ ཧམ པ་བཤད། ལས་ངན་བསགས་པ་ཧ་མི་གོ་ ད་དུང་སྐྱབ་གཅོལ་བ་ཡིན་མིན་འབད་དེ་རྗེས། རྒྱལ་སྤྱིའི་གནམ་ཐང་ནང་ལ་ཀི་ཤར་བརྒྱབ་ནས་ཁུ་སིམ་གྱི་འགྲུལ་པ་ཁྲི་སྟོང་མང་པོར་དངངས་བཀྲག་བཟོས་ནས་བོད་མི་ཉམ་ཆུང་སྐྱབས་གཅོལ་བ་ཚོར་མ་འོང་པར་ཕྱི་རྒྱལ་བ་ཚོས་དཀྲག་དགོས་པ་བཟོས། ལྐུག་རྟག་གིས་དཔའ་བློ་ཁོག་ཡོད་འདོག་གིས་ད་དུང་ཁམ་འབྲོག་པའི་ས་ཁུལ་ལུང་སྟོང་ནང་རེད་བསམ་ནས་བདེན་པའི་རྒྱབ་ལང་གི་བོད་མི་ཉམ་ཆུང་ཚོར་ཧམ་བཤད་དང་སྡིག་ར་བཀུར། བློ་སེང་དང་ང་ཚོ་ཁམ་པ་ཉུང་ཤས་ཤིག་གིས་ཁམ་པའི་ཆེ་མཐོང་གཏོར་ཤིག་གཏོང་གང་འཐུབ་བྱེད་དགོས་དོན་ཅི་རེད།

  3. ལོ་ཡག says:
    2018-02-02 at 9:14 pm

    ཁམས་པ་དང་ཨ་མདོ་ཞེས་རྩོད་རྒྱུ་ཅང་མེད། འགན་ཚང་མ་སྲིད་སྐྱོང་བློ་སེང་ཁོང་ལ་ཡོད། ཁོང་མི་གཅིག་གི་སྒང་ན་ཡོད། ཞི་འཇགས་བརྟན་ལྷིང་གི་ཐབས་ལམ་ཞིག་ཡོད་ན་ཁོང་གིས་གཏིང་དགོས།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 10:29 pm

    ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་འགྲོ་བཞིན་པའི་བྱ་སྤྱོད་འདི་རིགས་ང་ཚོར་མི་དགོས་པ་ཞིག་ཡིན་ན་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཐུགས་འགན་བཞེས་ནས་ནམ་མཁའ་གཡའ་དགས་དང་ས་གཞི་སྡུལ་དགས་བཟོས་ནས་བོད་མི་ནང་ཁུལ་ཞི་བདེ་ལྷིངས་འཇགས་དགོས་པ་མ་ཟད་གོང་ས་མཆོག་ལ་དགོང་སེལ་སྙན་མགྲོན་ཞུ་དགོས་པ་དེ་བོད་རིགས་འཚོ་ཐུབ་པའི་འགག་རྩ་་ངོ་མ་དེ་ཡིན་པའི་ངོས་འཛིན་ཡངཞུ་གི་ཡོད་།

  5. ཁུ་བྱུག says:
    2018-02-02 at 11:07 pm

    རྣམ་པ་ཚོས་ཡག་པོར་གཟིགས་དང་། ཁམས་པ་ཚང་མ་དེ་འདྲ་ལུག་འདྲ་བ་ཞིག་གཏན་ནས་ཡོད་པ་མ་རེད། ཡིན་རྒྱུ་འབའ་ལི་ཏྲེ་གསུམ་གྱི་ཡིག་རྨོངས་པའི་འགར། སྐབས་འཚོལ་པ་འགའ། དེའི་ཁར་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན། རྒྱ་ཁྱི་དོལ་ཚོགས་བཅས་བསྣན་ཡོང་དུས། ལི་ཐིང་བློ་བཟང་སེང་གེའི་ཕྱོགས་བསྐྱོད་དེ་འཁྲུགས་སོང་བ་རེད། དོན་དམ་པའི་ཁམས་པའི་ཤེས་ལྡན་པ་ཞིག་གིས་ཁོང་ལ་རྩ་བ་ནས་རྒྱབ་སྐྱོར་གནང་གི་མི་འདུག སྔོན་མ་ནས་དེ་ག་རེད། ད་ལྟའང་དེ་ག་རེད། ཤེས་ལྡན་པ་ཚད་ལྡན་ཞིག་རྩ་ནས་ཁོ་ལ་དགའ་གི་མེད་པ་གསལ་པོ་རེད། སྤྱི་འཐུས་ཚོའི་ནང་དུའང་འགོ་འཚོས་མཁན་སྐྱ་སེར་སུས་ཀྱང་ཁོ་ལ་རྒྱབ་སྐྱོར་གནང་གི་མི་འདུག གཞུང་ཞབས་ལས་ཟུར་ཕལ་མོ་ཆེ་ཉོབ་བཅུག་ཡོད་པ་རེད། བཙན་བྱོལ་ནང་གི་ཤེས་ལྡན་པ་དང་མཁས་པ། རྩོམ་པ་པོ་བརྒྱ་ཆ་དགུ་བཅུས་རྒྱབ་སྐྱོར་གནང་གི་མི་འདུག དེ་ཡིན་དུས་རབ་ཡིན་ན། ཁོང་གིས་རང་གི་ཆེ་མཐོང་དང་ཡིད་ཆེས་ཚང་མ་བརླག་བཅུག་ཚར་བ་རེད། དེ་ལོ་རྒྱུས་ཆགས་ཚར་བ་རེད་དོ།།

  6. དགེ་འདུན་རྒྱ་མཚོ། says:
    2018-02-02 at 11:20 pm

    བློ་སེང་སྤེན་ཚེ་གང་ཡིན་ཡང་དཀར་པོ་ལྷ་ལ་བཀུར་བ་དང་། ནག་པོ་འདྲེ་རུ་རྩིས་པ་གཉིས་ཀ་རྫུན་མ་རེད། 
    དོན་དངོས་ཐོག་ཁོ་གཉིས་ལ་བཟང་ཆ་ཡོད་ལ་ངན་ཆ་ཡང་ཡོད། དེས་རྐྱེན་གྱི་དཀར་རྐྱང་བཟོ་མི་ཐུབ་ལ་ནག་རྐྱང་དེ་བས་བཟོ་མི་ཐུབ། སྲིད་སྐྱོང་གི་ལས་དོན་གང་བྱས་འགྲིག་ན་འདྲ་མ་འགྲིག་ན་འདྲ་བརྒྱ་བོ་ནང་ནས་བསལ་ནས་སྟོང་གི་ནང་ནས་འདེམས་པ་རེད། འདེམས་མཁན་སོ་སོ་རེད། ནོར་ཡོད་ན་ནོར་མཁན་དེ་སོ་སོ་རེད། 
    གཏམ་དཔེ་ལ། ཞིམ་པོ་ཡོད་རུང་མེད་རུང་སོ་སོས་བཙགས་པའི་ཆང་དེ་སོ་སོས་འཐུང་དགོས་པ་རེད། མགོ་ན་ཡང་སྡིག་གྱོང་རེད། བློ་སེང་རྒྱབ་སྐྱོར་ཡིན་མདོག་འགའ་ཤས་ཀྱིས་རྒྱབ་སྐྱོར་བྱེད་སྟངས་ནོར་ནས་རྙོག་གྲ་ཆེ་རུ་བཏང་བ་གསལ་བོ་ཡིན། 
    སྲིད་སྐྱོང་གི་ལས་དུས་ལམ་སང་རྫོགས་འགྲོ་བ་རེད། ད་ལྟ་ལས་མ་འོངས་པ་གལ་ཆེན་པོ་རེད། མ་འོངས་པའི་སྲིད་སྐྱོང་གི་ཐད་ལ་དགོངས་པ་བཞེས་དགོས་པ་དེ་བས་གལ་ཆེན་པོ་རེད། 
    ང་རང་སྒེར་ངོས་ནས་སྐད་ཆ་གཅིག་མ་གཏོགས་མེད། ཁོང་གཉིས་ཀ་རྒྱ་གར་ཕྲུག་གུ་རེད། དེ་ཙམ་ཡིན། བདེ་མོ་བྱོས། 

  7. མྱྀ་ནག says:
    2018-02-03 at 12:04 am

    ད་ཐེངས་ཀྱི་སྲིད་སྐྱོང་སྤྲོ་འཆམ་དུ་བསྐྱོད་པའི་སྐབས་ཀྱི་སྣང་ཚུལ་རྫོབ་པོ་འདི་དག་སྲིད་བ་དག་ཁོ་ནས་གླེན་རྟགས་ཙམ་མ་ཡིན་པར། སྲིད་སྐྱོང་ཁོ་རང་གི་བསམ་བློ་དང་མི་གཞི་ལ་འབྲེལ་བ་ངེས་ཅན་ཞིག་ཏན་ཏན་ཡོད། དེ་ཡང་། ཕར་དེད་ན་དཔོན་བཟང་ལ་མི་བཟང་གིས་རྒྱབ་སྐྱོར་བྱེད་པ་དང་། དཔོན་ངན་ལ་མི་ངན་གྱིས་རྒྱབ་སྐྱོར་བྱེད་ཅེས་པའི་གཏམ་དཔེ་ནང་བཞིན་རེད། གལ་ཏེ་དེ་འདྲ་ཞིག་མིན་ན་འབུམ་རམས་པའི་མིང་ཁུར་བའི་སྲིད་སྐྱོང་གིས་རང་གི་རྒྱབ་སྐྱོར་བ་ཚོའི་གླེན་རྟགས་འདིར་ཅིའི་ཕྱིར་ལམ་སྟོན་ཞིག་མ་བྱས་པ་རེད། མདོར་དྲིལ་ན། ངས་ནི་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཁོ་རང་གི་བསམ་བློ་དང་མི་གཞི་ཡང་ཁོའི་མཐའ་འཁོར་ན་ཀི་ལྡིང་བྱེད་ཀྱིན་པའི་ཡིག་རྨོངས་པ་དག་དང་ཅི་འདྲའི་འདྲ་བོ་འདུག་ཨང་སྙམ་བྱུང་།

  8. བཙན་པོ། says:
    2018-02-03 at 2:34 am

    བློ་སེང་གིས་ཉིན་རེ་བཞིན་བོད་མིའི་ནང་ལ་དབྱེན་དཀྲིགས་དང་རྒྱལ་བ་རིན་པོ་ཆེ་ལ་དྲིན་ལན་ལོག་འཇལ་བྱས་པ་མ་ཟད་བཙན་བྱོལ་བསྒྲིགས་འཛུགས་གཏོར་ཤིག་ཚབ་ཆེན་གཏོང་བཞིན་པ་མཐོང་བཞིན་དུ་ད་དུང་སྔོན་མ་འོས་བསྡུའི་སྐབས་མང་མོས་ཀྱིས་འོས་་བླུགས་ནས་ཐོབ་་པ་ཡིན་ཟེར་ནས་སྡིག་པ་མིག་བཙུམ་བྱེད་ནི་རང་ཉིད་ལྐུགས་པ་ཡིན་པའི་རྟགས་རེད།

  9. བླ་མ་ says:
    2018-02-03 at 6:42 pm

    སྤྲེའུ་ཁམས་པ་རེད་།

  10. བླ་མ་ says:
    2018-02-03 at 6:44 pm

    མི་འདི་མཚོ་ཚང་མ་རྒྱ་མི་ཟ་ཁང་གི་གཡོག་པོ་རེད་།

  11. ནུབ་ཕྱོགས་གངས་ཕྲུག says:
    2018-02-03 at 11:01 pm

    བློ་སེང་གི་རྒྱུགས་ཁྱི་ཚང་མ་སེ་འབྲས་དགེ་གསུམ་གྱི་གྲྭ་ལོག་རེད།

  12. ལ་དྭགས་འཇམ་དཔལ།། says:
    2018-02-04 at 10:17 am

    བློ་སེང་གི་རྒྱུགས་ཁྱི་ཚང་མ་སེ་འབྲས་དགེ་གསུམ་གྱི་གྲྭ་ལོག་རེད། སྔོན་དུས། སེ་འབྲས་དགེ་གསུམ་ནས་གྲྭ་པ་ལོག་ན། གྲྭ་ལོག་ཟེར། དིང་སང་བོད་ཀྱི་བུ་མོ་དག་གིས་གྲ་པ་བྱས་མྱོང་བ་ཞིག་རྙེད་གང་ཐུབ་བྱེད་པར་ཐོས། ཕལ་ཆེར་བདེན་པ་ཡིན་ངེས།

  13. བཀྲ་ཡེ་ཚང་། says:
    2018-02-04 at 12:49 pm

    བློ་སེང་དང་སྤན་ཚེ་གཉིས་ཀྱི་སྐོར་ལ་བཤད་རྒྱུ་གྱང་མེད་བཤད་འདོད་ཡང་མེད། ཡིན་ན་ཡང་བློ་སེང་གནམ་ཐང་ནས་སྣེ་ལེན་བྱེད་སྟངས་འདི་ངོ་མ་ཞབས་འདྲེན་ཞིག་རེད་་་ལྐུག་རྟགས་་་་ཁྱབ་ཆུང་་་་ཤེས་མེད་་་་ངོ་ཚ་མེད་པ་་་། འདིའི་སྣེ་ལེན་བྱེད་སྟངས་ཀྱི་ཕྱི་རྒྱལ་ཁག་གིས་བོད་པ་ལ་ལྟ་སྟངས་དན་དན་འགྱུར་བ་ཞིག་འགྲོ་གི་རེད།

  14. བློ་བཟང་། says:
    2018-02-04 at 2:15 pm

    ལ་དྭགས་པ་ཁྱོད་ཀྱང་ལོག་ན་ལོག་རན་རེད་བོད་པའི་བུ་མོ་ཚོ་གྲ་ལོག་ལ་དགའ་བ་བདེེན་པ་རེད་འདུག ཧ་ཧ་ཧ།

  15. བོད says:
    2018-02-04 at 6:11 pm

    ད་བར་དུ་ཁྱོས་ཡི་གེ་བྲིས་པ་ཞིག་བཀླགས་མྱོང་མེད་མོད། ཁྱོའི་མིང་དེ་གོ་མྱོང་། ཤེས་ཡོན་པ་འདྲ་ཞིག་ཡིན་ཁག་ཡིན། ད་བྱས་དུས་ཁྱོད་ཀྱང་ཡོ་བསྡད་འདུག གལ་ཏེ་མི་ཞིག་དྲང་བདེན་ལ་གཞི་བཅའ་མ་ཐུབ་པར་ཡོ་བ་དང་འཁྱོག་པ་ཞིག་ཡིན་ཚེ། མི་དེ་དོན་དམ་གྱི་ཤེས་ཡོན་པའི་གྲལ་དུ་མ་ཚུད་པ་རེད། ཅིའི་ཕྱིར་ཞེ་ན། ཁོ་ད་དུང་ཡང་གཟུར་གནས་ཐུབ་པའི་བློའི་ཚད་རིམ་དེ་སླེབས་མེད་པས། དོན་དུ་ད་དུང་ཡང་ཤེས་རྨོངས་སུ་གཏོགས་པས་ཡོན་ཏན་པའི་གྲལ་དུ་འཛུད་ཐབས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme