Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་༢༠༢༡ ནི་ཇི་འདྲ་ཞིག་ཡིན་དགོས་སམ།

Posted on 2020-12-252020-12-25 By ཁ་བརྡ 2 Comments on སྲིད་སྐྱོང་༢༠༢༡ ནི་ཇི་འདྲ་ཞིག་ཡིན་དགོས་སམ།

རྡོ་སྦིས་ཀླུ་རྒྱལ་དོན་འགྲུབ།
 
བཙན་བྱོལ་བོད་གཞུང་ནས་དབུས་བོད་མིའི་སྒྲིག་འཛུགས་བར་གྱི་ལངས་ཕྱོགས་དང་བསམ་བློ། ཆབ་སྲིད་ཀྱི་གོ་རྟོགས། མི་མང་གིས་འགན་ལེན་སྟངས་སོགས་ནི་བོད་ཀྱི་སྤྱི་ཚོགས་དམངས་གཙོ་ལམ་དུ་སོང་བའི་སློབ་གསོ་དང་ཉམས་མྱོང་ཡིན། ང་ཚོས་འདི་ལྟར་བཙལ་བྱོལ་བའི་སྒྲིག་འཛུགས་དང་དེའི་སྒྲོམ་གཞི། ཁྱབ་ཚད་སོགས་ལ་ཕྱི་མིག་ཅིག་ལྟ་དུས། ༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་བགྲང་བྱ་དྲུག་བཅུ་ལྷག་ཅིག་ལ་བྱམས་ཞིང་བརྩེ་བས་སྐྱོང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་ས་སྒང་འདིའི་སྒང་གི་ཟིན་ཐོ་གསར་བ་ཞིག་ཡིན་པ་སྨོས་མེད་རེད།

སྤྱི་ལོ་༢༠༠༢ ནས་སྒྲིག་འཛུགས་འདིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཡོངས་ཁྱབ་རང་བཞིན་གྱིས་མི་མང་གིས་ཐད་ཀར་འོས་འདེམས་བྱས་ནས་དུས་ད་ལྟ་ལ་ཐུག་པའི་བར་དུ་མི་ལོ་ཧྲིལ་བོ་བཅུ་དགུ་འགྲོ་བཞིན་ཡོད། མི་ལོ་འདི་དག་གི་རིང་ལ་ང་ཚོས་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་ལ་གདོང་ལེན་གྱིས་ཐ་ན་སྒྲིག་འཛུགས་ཀྱི་མིང་ཡང་བཙན་བྱོལ་བོད་གཞུང་ནས་དབུས་བོད་མིའི་སྒྲིག་འཛུགས་བར་དུ་བརྗེ་བསྒྱུར་བྱུང་ཡོད། སྒྲིག་འཛུགས་འདིར་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་པོའི་མཚན་བྱང་ཡང་བཀའ་བློན་ཁྲི་བ་ནས་སྲིད་སྐྱོང་བར་དུ་འགྱུར་བ་བྱུང་། ཡིན་ན་ཡང་བཙན་བྱོལ་བའི་བོད་མི་ཡོད་དོ་ཅོག་གི་ཆབ་སྲིད་དང་ལངས་ཕྱོགས་ཀྱི་ལྟ་བ་ལ་དབྱེ་བ་མེད་པར་སྒྲིག་འཛུགས་འདིར་བློ་སེམས་དཀར་བ་ནི་སྤྱི་མཐུན་ཡིན། མཚམས་རེར་ལྟ་བ་ལངས་ཕྱོགས་དབང་གི་ཡིན་ནའང་འདྲ་ལས་དོན་བྱེད་ཕྱོགས་ཐད་ནས་ཡིན་ཀྱང་རུང་། གང་ལྟར་སྤྱི་ཚོགས་ཁྱོན་ཡོངས་སུ་ཟིང་ཟིང་ལོང་ལོང་གི་རྣམ་པ་ཐོན་པར་སེམས་ཁུར་བྱེད་མཁན་དྲ་ལམ་ཁག་ན་མཐོང་རྒྱུ་འདུག་པ་ཡང་དོན་དངོས་ཡིན།

རང་བློའི་དཔག་ཚད་ལ་གཞིགས་ནས་སྐབས་དོན་བརྗོད་པར་བྱས་ན། བཙན་བྱོལ་བོད་ཀྱི་དམངས་གཙོའི་ལམ་སྲོལ་ནི་བོད་པ་ཚོར་མཚོན་ན་རྩད་ནས་ཐོབ་པ་ཞིག་མིན་པར་སྐལ་བའི་བབས་པ་ལྟ་བུ་ཞིག་ཡིན་པ་བོད་མི་མང་ཆེ་ཤོས་ཀྱིས་གཅིག་མཐུན་གྱིས་ཁས་ལེན་ཡིན། དེ་ཡང་བསམ་ཚུལ་མི་འདྲ་བ་ཉུང་ཙམ་ཡོང་གི་ཡོད་ན་ཡང་དེ་དག་འདིའི་བརྗོད་གཞི་མིན་པས་ཅུང་ཡོལ་བར་བྱའོ། ཕྲན་གྱི་བསམ་པར་རང་ས་ཤོར་ནས་བཙན་དུ་བྱོལ་བའི་བོད་པ་ཚོར་བོད་མིའི་སྒྲིག་འཛུགས་ཟེར་བའི་སེམས་ཀྱི་རྟེན་ས་ཞིག་དང་མིག་གིས་འཚོལ་ས་ཞིག་ཡོད་པ་མ་ཟད། སྒྲིག་འཛུགས་འདིའི་རྩ་ཆེ་ཞིང་ཆ་ཚང་བའི་དམངས་གཙོའི་སྒྲོམ་གཞི་འདི་ཡང་རྒྱལ་ཁབ་གཞན་གྱི་དམངས་གཙོ་ལྟར་ཤ་ཁྲག་རུས་གྲོན་གྱི་ལོ་རྒྱུས་མེད་པའི་དམངས་གཙོ་ཐུན་མོང་མ་ཡིན་པ་ཟེར་གྱི་ཡོད་པ་དེ་ལ་རང་ནི་ཧ་ཅང་གི་འཐད་དོ།།

ང་ཚོས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཟེར་བའི་དུས་གོ་བ་ནི་ཆོས་ཕྱོགས་ཀྱི་རྣམ་པར་འགྱུར་འགྲོ་བ་གོ་ཤོས་ཆེ་མོད། ངས་ནི་དེ་ལྟར་མི་འདོད། ཐུན་མོང་ནི་སྤྱི་མཐུན་དང་ཐུན་མོང་མ་ཡིན་པ་ནི་དམིགས་བསལ་བ་ཞིག་ལ་གོ་ན་ཡང་འགལ་བར་མི་འགྲོ། ང་ཚོ་དམངས་གཙོ་མགོ་ཚུགས་ས་དམིགས་བསལ་བ་ཞིག་ཡིན་ཕྱིན། དམངས་གཙོ་སྐྱོང་སྟངས་ལ་ཡང་དམིགས་བསལ་བ་ཞིག་དགོས་སམ་ཞེ་ན། དེ་ནི་ལོ་ཡིན། ཐུན་མིན་གྱི་ལམ་ལུགས་ལ་ཐུན་མོང་གི་བསམ་བློ་ཞིག་གིས་དབང་སྒྱུར་དཀའ་བ་ནི་སྨོས་མེད་རེད། འདིར་ཐུན་མིན་ཞེས་པ་ནི་བོད་རང་གི་གནའ་སྲོལ་ལ་གཞི་བཞག་ནས་བརྗོད་ཀྱིན་ཡོད་པས་བོད་ཀྱི་སྐད་ཙམ་ལས་གནའ་བའི་སྲོལ་རྒྱུན་རིག་གནས་ལས་བྱུང་བའི་ཡ་རབས་བཟང་སྤྱོད་དང་གཤིས་ཀ་མེད་མཁན་དག་ལ་གོ་དགོས།

ང་ཚོས་བཙལ་བྱོལ་བོད་མི་རྣམས་ཀྱི་མི་མང་གིས་འོས་འདེམས་བྱས་ནས་ཆབ་སྲིད་ཀྱི་འགོ་ཁྲིད་བདམས་པའི་མི་ལོ་འདི་དག་གི་རིང་ལ་ཕྱི་མིག་ཅིག་དང་། བོད་སྲོལ་རྒྱུན་ལུགས་ཀྱི་བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་དང་ནུབ་ལུགས་ཀྱི་གསར་གཏོད་ལྡན་པའི་བཀའ་ཤག་སྐབས་བཅུ་བཞི་དང་བཅོ་ལྔ་བ་སོགས་ལ་དབྱེ་ཞིབ་མཐར་ཕྱིན་པ་ཞིག་བྱེད་དུས། ད་ལྟའི་དུས་ལ་ང་ཚོས་ཤེས་ཐུབ་པ་ཞིག་ནི། བོད་མི་དམངས་ལ་རང་གི་ལོ་ངོ་སྟོང་ཕྲག་ལྷག་ལ་བོད་ཀྱི་མི་རབས་གོང་མ་རྣམས་ཀྱིས་རྒྱུན་འཛིན་དང་གོང་སྤེལ་གནང་བའི་བོད་སྲོལ་རྒྱུན་གྱི་ལུགས་སྲོལ་དང་། ལྷག་པར་ཉེ་རབས་ལོ་རྒྱུས་ནས་དེད་ན་ཡང་གཞུང་འཛིན་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་འགྲོ་སྟངས་དང་། གཞུང་གི་འཛིན་སྐྱོང་གི་བསམ་བློ་དང་གོམས་གཤིས་སོགས་ཀྱིས་གྲུབ་པའི་བསམ་བློའི་སྒྲོམ་གཞི་ཞིག་བརྟན་པོ་ཆགས་ཡོད་པ་དེ། ང་ཚོའི་གོང་གི་ལས་ཀྱི་སྣེ་མོ་བ་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་མང་ཚོགས་ཡོངས་ལ་ཧ་ཅང་གི་རན་པོ་ཡོད་པ་ཚད་མས་གྲུབ་ཡོད། མ་ཟད་ནུབ་ལུགས་སམ་གསར་གཏོད་ལ་ཁ་ཕྱོགས་པའི་གཞུང་འཛིན་གྱིས་བོད་མི་མང་གི་འདོད་བློ་བསྐངས་ཐུབ་མེད་པ་གསལ་བོ་ཤེས་ཐུབ།

འདི་དག་ལ་ལྟས་ནས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། བཙན་བྱོལ་བོད་མི་མང་པོ་ཞིག་ལ་རང་བཞིན་གྱི་བསམ་བློའི་སྒྲོམ་གཞི་ཞིག་ཡོད་པ་ནི་གསར་གཏོད་མིན་ལ། རང་མི་རིགས་ལ་ཡོད་པའི་སྲོལ་རྒྱུན་རིག་གནས་ལས་བྱུང་བའི་བཟང་སྤྱོད་དང་འབྲེལ་བའི་འཛིན་སྐྱོང་གི་ལུགས་སྲོལ་དང་། ལྷག་པར་དུ་བོད་ཀྱི་རིག་གནས་དང་རིག་གནས་ཀྱི་གཤིས་ཀ། གཞན་བཙལ་བྱོལ་དུ་འབྱོར་བ་ནས་མི་ལོ་དྲུག་བཅུ་ལྷག་ལ་བོད་མི་རྣམས་ཀྱི་དཀའ་ཁག་ལ་མ་འཛེམས་པར། མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་བཞིན་པའི་བོད་མི་སྒྲིག་འཛུགས་འདིའི་འཛིན་སྐྱོང་སོགས་གང་ཐད་ནས་སྲུང་སྐྱོབ་བྱེད་འདོད་པ་དེ་རེད། བསམ་བློ་འདི་ཡང་དང་ཐོག་ནས་བོད་མི་རྣམས་ལ་ཡོད་དམ་ཟེར་ན་དེ་ནི་མིན་ཏེ། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་སྐབས་ཀྱི་བཀའ་བློ་ཁྲི་བ་ནི་བོད་ཀྱི་ཐ་སྙད་དག་མ་ཞིག་ཡིན་ལ་ཐ་སྙད་འདི་ཐོབ་མཁན་གྱི་གང་ཟག་ཉིད་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚབ་མཚོན་གྱི་བཙན་བྱོལ་ནང་གི་མི་སྣ་གལ་ཆེན་ཞིག་ཡིན། སྐབས་དེ་ཤེད་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་བཀའ་བློན་ཁྲི་བའི་འཛིན་སྐྱོང་གི་གཤིས་ཀ་ལ་ཡིད་མ་ཚིམས་པར་གསར་གཏོད་དང་དེང་རབས་ཀྱི་སྣེ་ཁྲིད་མཁན་དགོས་པའི་བསམ་ཚུལ་ཤུགས་ཆེན་ཡོང་ཡོད་པ་ང་ཚོས་ཤེས་གསལ་རེད།

མི་མང་གི་མངོན་འདོད་འདིའི་འོག་ནས་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་བར་ནུབ་ཕྱོགས་ཀྱི་རིག་གཞུང་ལ་བྱང་ཆ་ལྡན་ཞིང་ཨ་རིའི་སྐད་གྲགས་ཅན་གྱི་ཧ་བ་ཊི་གཙུག་ལག་བསླབ་གྲྭ་ནས་འབུམ་རམས་པ་ཞིག་ཚད་མཐོའི་ངང་མང་མོས་ཀྱིས་བདམས་ཐོན་བྱུང་བ་རེད། ཁོང་གི་འཛིན་སྐྱོང་གི་སྐབས་སུ་ནུབ་ཕྱོགས་ཀྱི་བསམ་བློའི་ཤུགས་རྐྱེན་དེས་བོད་ཀྱི་བཙལ་བྱོལ་སྒྲིག་འཛུགས་དེའི་གནའ་སྲོལ་འཛིན་སྐྱོང་གི་ཁོར་ཡུག་ལ་དོ་ཕོག་བྱུང་ཡོད་ལ། བོད་ཀྱི་རིག་གནས་གཤིས་ཀ་ཡོད་པའི་བོད་མི་རྣམས་ཀྱི་སེམས་ལ་དོད་ཕོག་བཟོས། སྐབས་དེ་ཤེད་དུ་བཙན་བྱོལ་བའི་སྒྲིག་འཛུགས་ཁྱབ་ཁོངས་སུ་གནས་པའི་བོད་མི་མང་པོས་རང་རང་གི་ནུས་པ་དང་བསམ་བློའི་དཔོག་ཚད་ལ་གཞིགས་ནས་སྒྲིག་འཛུགས་འདིར་སྲུང་སྐྱོབ་བྱེད་དགོས་པའི་རྣམ་པ་བསྟན་ཡོད། སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ལ་རིགས་མང་པོ་ཡོང་བཞིན་པའི་སྐབས་སུ་བོད་ཕྱིའི་དྲ་འབུ་མང་པོས་བོད་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པའི་ལས་འགུལ་མང་པོ་བརྩམས་ཡོད་མོད། འདི་དག་ལ་རྒོལ་ལམ་སློག་པ་སོགས་ཀྱི་ལས་བརྩམས་པ་མང་དུ་མེད་པ་དེ་ཡང་བོད་མི་མང་ཤོས་བརྟན་བརླིང་ལྡན་པའི་ངང་གནས་ཡོད་པས་ཡིན།

བཀའ་བློན་ཁྲི་བ་སྐབས་གཉིས་དང་སྲིད་སྐྱོང་སྐབས་གཉིས་ཀྱི་དུས་ཡུན་འདིའི་རིང་ལ་སྒྲིག་འཛུགས་འདིའི་ཁྱབས་ཁོངས་སུ་གནས་པའི་བོད་མི་ཡོད་དོ་ཅོག་དང་། ལྷག་པར་སྒྲིག་འཛུགས་ཟེར་བའི་སྒྲོམ་གཞི་མེད་དུ་མི་རུང་བ་ཞིག་ལ་བརྩི་མཁན་རྣམས་ཀྱིས་ངེས་ཤེས་ཤིག་རྙེད་ལོས་ཡོད་མོད་ཀྱང་། ད་ནི་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་འདིའི་ངོ་བོ་སྲུང་སྐྱོབ་བྱེད་མཁན་དང་སྒྲིག་འཛུགས་འདི་ཁྲིམས་ཀྱིས་དབང་སྒྱུར་ལས་གང་ཟག་གིས་དབང་སྒྱུར་རུ་མི་འགྲོ་བར། སྒྲིག་འཛུགས་འདིའི་ཕྱི་ནང་གི་མ་ལག་ཡོད་དོ་ཅོག་སྲུང་སྐྱོབ་བྱེད་ཐུབ་མཁན་ཞིག་གདམས་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་༢༠༢༡ འོས་འཕེན་པ་རྣམས་ཀྱི་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཏུ་ཁོ་བོས་འདོད་དོ།།

༢༠༢༠ ལོའི་ཟླ་༡༢་ཚེས་༢༤ ཉིན་རང་ཤག་ཏུ།

བསམ་ཚུལ།

Post navigation

Previous Post: རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཚན་པ་གཉིས་པ།
Next Post: སྲིད་སྐྱོང་གི་འོས་མི་མདོར་གླེང་།

Comments (2) on “སྲིད་སྐྱོང་༢༠༢༡ ནི་ཇི་འདྲ་ཞིག་ཡིན་དགོས་སམ།”

  1. བོད་ཡིག་སྐྱབས། says:
    2020-12-25 at 4:49 am

    ཤིན་ཏུ་བདེན་ནོ། དེ་དེ་བཞིན་ནོ། ཤེས་ནས་སྨྲ་བ་རྣམས་རྗེས་སུ་ཡི་རང་ངོ།
    བསམ་བློ་འདི་ལྟར་བཏང་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་བཙལ་ན་བོད་སྤྱི་ཚོགས་འདིར་ལག་ལེན་ངོ་མའི་ཐོག་ནས་ཕན་ཐོགས་འབྱུང་ཐུབ་ངེས།

    ཁྱོད་ཚོས་བསམས་ན་ད་ལྟའི་སྲིད་སྐྱོང་གི་འོས་མིའི་ནང་ནས་སུ་ཞིག་ལ་ཁྱད་ཆོས་འདི་ལྡན་ནམ་ཡང་ན་སུ་ཞིག་གིས་བྱ་བ་འདི་སྒྲུབ་ཐུབ་པའི་རེ་བ་འདུག

    བོད་རང་ལ་ཡོད་པ་གཡག་རེད།
    གཡག་ཕ་རྒྱུད་བཙན་པོ་འབྲོང་རེད།
    འབྲོང་རྒས་རུང་གཡང་གི་བླ་ཟོག
    ཕ་བླ་མའི་ཆིབས་གཡག་ཁྱོད་ཡིན། ཞེས་ཀྱང་གཞས་ཤིག་གཏོང་ན་འདོད་དོ།།

  2. རྒྱ་མཚོ། says:
    2020-12-25 at 1:46 pm

    བོད་ལ་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་བ་ནས་གཞུང་འཛིན་པ་ཚད་ལྡན་ཞིག་བསླེབས་མེད། ས་འཕགས་རིན་གཙང་གི་སྐབས་སུ་རང་རང་གི་ས་ཁུངས་ཆུང་ངུ་རེ་ལ་དབང་བསྒྱུར་བ་ལས། སྟོད་མངའ་རི་ནས་སྨད་མདོ་སྨད་པར་དུ་བོད་སྤྱི་ལ་ཕན་པའི་བསམ་བློ་བཏང་མེད། དགའ་ལྡན་ཕོ་བྲང་གི་སྐབས་སུ་སྡེ་སྲིད་མགོ་ལེབ་ཚོས་རང་གི་གོ་ས་དང་ཞིང་ས་བདག་བཟུང་དང་། སོ་སོའི་མི་ཐོག་རྗེས་མ་ཚོའི་འཚོ་གནས་ཡག་ཏུ་གཏོང་ཐབས་ཀྱིས། དབང་ཆ་རྒྱུད་སྤྲོད་བྱེད་རྒྱུ་ལས་མི་དམངས་སྤྱིས་མ་ནི་བྲན་གཡོག་ཉག་གཅིག་ཡིན་པས། དགོན་པའི་ལས་ཀྱི་སྣེ་མོ་དང་གཞུང་འཛིན་པ་རྣམས་ལ་ཁོ་ཚོ་བོད་བྱིང་གི་མགོ་ཁྲིད་ཡིན་པའི་བསམ་བློ་མེད་ལ། མཐའ་ན། ༧གོང་ས་སྐུ་འཕྲེང་ནས་དྲུག་པ་ནས་༡༣་བར་དུ་སྐུ་ཚེ་རིང་པོར་ཡང་བཞུགས་ཐུབ་མེད་པ་དེའི་སྟེང་ནས་ཀྱང་གསལ་བོ་ཤེས་ཐུབ། དེ་འདྲ་སོང་ཙང་། ༧་གོང་ས་སྐུ་འཕྲེང་རིམ་བྱོན་ལ་དབང་མེད། གཞུང་འཛིན་དགའ་ལྡན་ཕོ་བྲང་ལ་གཅིག་གྱུར་གྱི་གཞུང་འཛིན་བསམ་བློ་མེད་པས། དེ་ལ་སྒྲིག་འཛུགས་ཚད་ལྡན་ཞིག་རྩ་བ་ནས་མེད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme