Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་འཛིན་སྐུ་ཞབས་སྦ་རག་ཨོ་སྦ་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

Posted on 2008-11-05 By ཡེ་ཤེས་ 13 Comments on སྲིད་འཛིན་སྐུ་ཞབས་སྦ་རག་ཨོ་སྦ་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

དེ་རིང་གསར་འདེམས་བྱུང་བའི་ཨ་རིའི་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་གིས་ཨ་རི་སྤྱི་དང་ཁྱད་པར་ཨ་ཧྥེ་རི་ཀ་བ་ཡིན་པའི་ཨ་མེ་རི་ཁ་བའི་ལོ་རྒྱུས་གསར་བཏོད་བྱས་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པའི་ལོ་ངོ་བཞིའི་རིང་ལ་ཨ་རིས་གཙོས་པའི་འཛམ་གླིང་ཡོངས་ལ་ཞི་བདེའི་སྣང་བ་དམ་པས་ཁྱབ་པའི་སྨོན་ལམ་འདེབས།

གསར་འགྱུར།

Post navigation

Previous Post: གྲྭ་འཇིགས་མེད་ཡང་སྐྱར་འཇིན་བཟུང་།
Next Post: ཨ་མའི་སེམས། ༼བོད་འབྱོར་རྩོམ་ཡིག༽

Comments (13) on “སྲིད་འཛིན་སྐུ་ཞབས་སྦ་རག་ཨོ་སྦ་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།”

  1. མེ་རི། says:
    2008-11-05 at 1:21 am

    འབྱུང་བཞིན་པའི་ལོ་རྒྱུས་དེ། དེ་རིང་འཛམ་གླིང་གི་མིག་མདའ་ཨ་རི་གཏད་པའི་སྐབས་འདིར། ཨ་རི་ལ་ལོ་རྒྱུས་གསར་བ་ཞིག་གི་ལེའུ་སྒོ་ཕྱེས་བ་དེ། མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་སྐུ་ཞབས་ཨོོ་འབར་མ་ལགས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། འཛམ་གླིང་ཞི་བདེ་དང་། མིའི་རང་དབང་། ཐོབ་ཐང་ལ་བརྩི་སྲུང་གིས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བར་ཤོག

  2. ÇtôzÅ-q- says:
    2008-11-05 at 2:15 am

    སྐད་ཆ་འདི་འབྲེལ་མེད་ཅིག་རེད་དེ་ངས་དེ་རིང་འདི་འདྲ་ཞིག་འདྲི་འདོད་བྱུང་། བོད་མི་ཚོ་ཨ་མེ་རི་ཁར་སྐྱབས་བཅོལ་ངོས་ལེན་ཐོབ་ཟིན་རྗེས་སུ་ཡུལ་མིའི་ཐོབ་ཐང་ཐོབ་པར་བརྒྱུད་རིམ་ག་འདྲ་ཞིག་བརྒྱུད་དགོས་ཀྱི་རེད། ལོ་ག་ཚོད་ཅིག་འགོར་གྱི་རེད། ཁྱེད་རྣམ་པ་སུ་ཡིན་ཡང་འདིར་ལན་ཞིག་འདེབས་ཐུབ་ན་འདེབས་རོགས། ང་སྒེར་དང་འབྲེལ་བའི་གནད་དོན་ཞིག་ཡིན། ཐུགས་རྗེ་ཆེ།

  3. ཀླུ་སྨྱོན། says:
    2008-11-05 at 3:50 pm

    ཡུལ་མིའི་ཐོབ་ཐང་རེག་པའི་རྗེས་སུ་དུས་ཚོད་ངེས་ཅན་ཞིག་གི་རྗེས་སུ་ལག་ཁྱེར་ལྗང་ཁུའི་སྙན་ཞུ་འབུལ་དགོས། ལག་ཁྱེར་ལྗང་ཁུ་ཐོབ་པའི་རྗེས་སུ་ལོ་ལྔའམ་བཞི་དང་ཕྱེད་ཀའི་རྗེས་དུ་ཨ་རིའི་མི་སེར་ཆགས་རྒྱུའི་སྙན་ཞུ་འབུལ་དགོས། རང་གི་ལོ་རྒྱུས་སྟེང་དུ་ནག་ཐིག་འདྲ་མེད་ན་དེ་ནས་མགྱོགས་པོར་ཨ་རིའི་མི་སེར་ཆགས་ཀྱི་རེད།

  4. ཀླུ་སྨྱོན། says:
    2008-11-05 at 3:51 pm

    གོང་གི་ཡུལ་མི་ཞེས་པ་དེ་སྐྱབས་བཅོལ་བར་བརྗེ་རོགས།

  5. ཟུར་གནས། says:
    2008-11-05 at 4:50 pm

    སྐུ་ཞབས་ཨོ་སྦ་མ་ལ་སྲིད་འཛིན་གྱི་འདེམས་ཤོག་ཐོབ་པ་འདིས། བོད་དོན་ལ་གྱོང་རག་ཉེན་ཆེན་པོ་ཡོད། རྒྱུ་མཚན་ནི། ཁོང་གིས་རྒྱ་ནག་ལ་ཕོག་ཐུག་གཏོང་གི་མིན་ཟེར་གསལ་པོ་བཤད་ཡོད། བྱས་ཙང་། ད་རྒྱལ་བ་རིན་པོ་ཆེ་ཕོ་བྲང་དཀར་པོ་ལ་མཚན་པོ་ལྟག་སྒོ་བརྒྱུད་ནས་འགྲོ་དགོས་ཤར་ཉེན་ཡོད། ངའི་རེ་བར་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་ཤིག་འཇོག་ནས་རྒྱལ་བ་རིན་པོ་ཆེར་ཨ་རིའི་སྲིད་གཞུང་གིས་རྟག་ཏུ་མཇལ་ཕྲད་བྱས་ནས་བོད་ཀྱི་སྐོར་གླེང་དགོས་ཟེར་བ་ཞིག་བཟོ་ཐུབ་ན། སྲིད་འཛིན་སུ་ལ་ཐོབ་ཀྱང་། བོད་དོན་ལ་དེ་ཙམ་གྱི་འགྱུར་བ་འགྲོ་ཐུབ་ཀྱི་མ་རེད་ྙམ།

    ད་ཡང་རྒྱ་རི་རིན་པོ་ཆེར་ཞུ་བ་འཐེན་དགོས་བྱུང་སོང་། རྒྱ་རི་རིན་པོ་ཆེ་མཁྱེན། ཁྱེད་ནས་ང་ཚོ་བོད་ཀྱི་ལས་ངན་བསགས་པའི་འབྲས་བུ་འདི་ལ་གཟིགས་ནས། ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་གསར་པ་ཞིག་འཇོག་ཐུབ་པའི་སྐྱབས་འཇུག་གནང་རོགས།

    ག་ཚོད་བཤད་ཀྱང་། ཁྱེད་ལས་འཇོན་པ་བོད་པ་ས་སྟེང་འདིར་ད་བར་བྱུང་མྱོང་མེད། ཁྱེད་ཀྱི་དྲིན་ལས་ད་ལྟ་བོད་དོན་འདི་ཨ་རིའི་གཞུང་གི་སྲིད་ཇུས་གལ་ཆེར་འགྲོ་ཐུབ་པ་བྱུང་ཡོད། 

  6. ÇtôzÅ-q- says:
    2008-11-05 at 5:06 pm

    ྐླུ་སྨྱོན་ལགས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ལྟར་ན་ཉུང་མཐའ་ཡང་བོད་མི་སྐྱབས་བཅོལ་པ་ཞིག་ཨ་མེ་རི་ཁར་སླེབས་པའི་ཉིན་མོ་ནས་བརྩིས་ན་མི་སེར་གྱི་ཐོབ་ཐང་རག་པར་ཉུང་མཐའ་ཡང་ལོ་བདུན་ཙམ་འགོར་གྱི་ཡོད་ས་མ་རེད་དམ། དེབ་ལྗང་ཁུ་ཐོབ་ན་ཡང་བོད་དུ་འགྲོ་ཆོག་གི་ཡོད་རྒྱུ་མ་རེད་པ།

  7. འབྲུག་མོ་རྒྱལ། says:
    2008-11-05 at 5:08 pm

    གྲོགས་པོ་སྤོབས་པ་མཐའ་ཡས། ཁྱོས་ཁར་སང་མོག་མོག་འཚོང་བར་འགྲོ་རྒྱུ་ཡིན་ཟེར་གྱི་འདུག་ག དེས་ན་ཁྱོད་ཧ་ལམ་རྡ་རམ་སྰ་ལར་ཡོད་ངེས། གལ་སྲིད་ཁྱོད་རྡ་རམ་སྰ་ལར་ཡོད་ན་ད་དུང་མི་ཞིག་གིས་ཁྱེད་ལ་མགྲོན་ཤོག་གཏོང་རྒྱུར་ལོ་གཅིག དེ་ནས་ཐོངས་མཆན་རག་རྒྱུ་སོགས་ལ་ལོ་གཅིག དེ་ནས་སྐྱབས་བཅོལ་རག་རྒྱུ་ལ་ཉུང་ན་ལོ་གཅིག་དང་། གལ་སྲིད་ཁྲིམས་ཁང་དུ་གཡུག་ན་ལོ་གསུམ་ནས་ལྔ་དྲུག་དང་། དེ་ནས་ལག་ཁྱེར་ལྗང་ཁུ་རག་རྒྱུ་ལ་ལོ་གཅིག དེ་ནས་མི་སེར་ཆགས་རྒྱུ་ལ་ལོ་ལྔ་འགོར་བ་ཡིན་པས་ཁྱོད་ཨ་རིའི་མི་སེར་ཆགས་རྒྱུ་ལ་ད་དུང་རིང་ན་ལོ་བཅོ་ལྔ་དང་། ཐུང་ན་ལོ་དགུ་འདུག དེས་ན་ཕ་བཟང་གི་བུ་ཁྱོད་ཀྱི་མི་ཚེ་རེ་སྒུག་དང་སྡུག་བསྔལ་ལྷག་མ་ཞིག་གི་ནང་དུ་འཕྲོ་བརླག་མ་བྱེད་པར་མོག་མོག་འཚོར་ཞོར་ལ་རིག་གཞུང་ཞིབ་འཇུག་པ་ཞིག་བྱོས་དང་། ངས་ཨ་སྒོར་ས་ཡ་ཁ་ཤས་ཡོད་པའི་རྒྱན་ཤོག་ཅིག་རག་སོང་ན་ངས་ཁྱོད་ལ་སྒོར་མོ་བསྐུར་ཆོག

  8. སྟག་སྨྱོན། says:
    2008-11-05 at 5:22 pm

    སྤོབས་པ་ལགས། ཁྱེད་ལ་ངེས་པར་དུ་ཨ་རིའི་མི་སེར་དགོས་ན་ཐབས་ཤེས་ཡག་ཤོས་ཏེ་རྒན་མོ་ཞིག་ལ་འཆང་ས་བརྒྱབ་ནས་ཡོང་ན་ལས་སླ་ཤོས་རེད། མ་ཟད་ཕྱི་རྒྱལ་མ་ཚོར་དགོས་པ་དེ་དང་པོ་ཁ་སངས་པོ་དང་དེ་ནས་འདོད་པ་ཡོངས་སུ་བསྐོང་དགོས་པ་རེད། དེ་མིན་གོང་དུ་འབྲུག་མོས་བཤད་པ་ལྟར་རེད།

  9. སྟག་སྨྱོན། says:
    2008-11-05 at 5:28 pm

    སྲིད་འཛིན་ཨོ་སྦ་མ་ལ་བཀྲ་ཤེས་བདེ་ལེགས་ཞུ་བ་དང་སྦྲགས། བོད་མི་རིགས་ཀྱི་ཞི་བདེ་རང་དབང་ཆེད་སྐྱབས་བརྟེན་དང་འཕྲིན་བཅོལ་ཞིག་ཀྱང་ཕུལ་ཡོད།

  10. ÇtôzÅ-q- says:
    2008-11-05 at 6:11 pm

    ཁར་སང་ཞིག་ལ་ངས་སྐད་ཆ་གསལ་ལ་མི་གསལ་བ་ཞིག་གོ་དོན་ལ་ངས་ངོ་ཏོག་ཙམ་ཤེས་པའི་གྲྭ་བ་ཞིག་ཨ་མེ་རི་ཁར་སོང་ནས་ཟླ་བ་ཁ་ཤས་ལས་མ་འགོར་ཡང་ཨ་མེ་རི་ཁའི་ཡིག་ཆ་ཡིན་ནམ་ཅིག་རག་ནས་བོད་དུ་འགྲོ་རྒྱུ་རེད་ཟེར་བ་ཞིག་གོ་སོང་། བདེན་མིན་ཤེས་ཀྱིན་མེད། ཡིག་ཆ་གང་ཞིག་རག་པ་དང་དངོས་གནས་ཡིན་མིན་གོ་མ་བྱུང་། རྒྱུ་མཚན་དེར་བརྟེན་ངས་ཁྱོད་ཚོར་དྲིས་པ་ཡིན། བཙོན་ཁང་དུ་མ་ལྷུང་བར་ཡིན་ལུགས་ཚུལ་ལྡན་གྱི་སྐྱབས་བཅོལ་བའི་ལམ་ཁ་བརྒྱུད་ན་ལོ་ག་ཚོད་འགོར་གྱི་རེད། ངས་འདྲི་བཞིན་པ་དེ་ཡིན། ངས་དེའི་སྐོར་ཤེས་ཀྱིན་ཡོད་ན་དཀོན་མཆོག་གསུམ། དྲང་པོ་ཤོད་རོགས།

  11. འབྲུག་མོ་རྒྱལ། says:
    2008-11-05 at 7:26 pm

    གྲོགས་པོ་སྤོབས་པ།   ངོ་མ་བཤད་ན་སྐྱབས་བཅོལ་ནམ་རག་སོ་སོའི་ལོ་རྒྱུས་དང་ཡིག་ཆ་ལ་ཐུག་ཡོད་པ་རེད། ཁྲིམས་ཁང་དུ་གཡུག་མི་གཡུག་ཀྱང་རྐྱེན་རྩ་དེ་ལ་ཐུག་ཡོད། དེར་བརྟེན་སྐྱབས་བཅོལ་མགྱོགས་པོར་རག་མི་རག་དེ་མི་སོ་སོ་ལ་དུས་ཚོད་མ་འདྲ་བ་ཡོང་གི་རེད། ཡིན་ན་ཡང་སྐྱབས་བཅོལ་རག་རྗེས་ཀྱི་བརྒྱུད་རིམ་མི་ཚང་མ་གཅིག་པ་རེད། སྐྱབས་བཅོལ་རག་ནས་ལོ་གཅིག་གི་རྗེས་སུ་ལག་ཁྱེར་ལྗང་ཁུ་ཞུ་ཆོག་གི་རེད། ལག་ཁྱེར་ལྗང་ཁུ་རག་རྒྱུ་ལ་ཡང་ལོ་གཅིག་འགོར་གྱི་རེད། ལག་ཁྱེར་ལྗང་ཁུ་རག་ནས་ལོ་ལྔའི་རྗེས་ལ་གཞི་ནས་མི་སེར་ཞུ་ཆོག་གི་རེད། སྐྱབས་བཅོལ་རག་ནས་མི་སེར་མ་རག་བར་དུ་ཕྱི་བསྐྱོད་ལག་ཁྱེར་མ་འདྲ་བ་གཉིས་སྤྲོད་རྒྱུ་ཡོད་པ་རེད། གཅིག་དེ་སྐྱབས་བཅོལ་ཐོབ་ནས་ལག་ཁྱེར་ལྗང་ཁུ་མ་རག་པའི་བར་དང་། གཅིག་དེ་ལག་ཁྱེར་ལྗང་ཁུ་ཐོབ་ནས་མི་སེར་མ་ཆགས་པའི་བར་རེད། ཕྱི་བསྐྱོད་ལག་ཁྱེར་དེ་གཉིས་ཀ་འདྲ་བོ་ཡོད་པ་རེད། ཡིན་ན་ཡང་དེ་གཉིས་ཀ་Passportངོ་མ་མ་རེད། དེ་གཉིས་ཀྱི་མིང་ལ་ Travel document,ཟེར་གྱི་རེད། ག་དུས་མི་སེར་ངོ་མ་ཆགས་ན་དེ་དུས་Passportངོ་མ་སྤྲོད་ཀྱི་རེད། དེས་ན་ཨ་རིའི་གཞུང་གི་ཁྲིམས་ལུགས་ལྟར་ན་ Travel document,གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་འགྲོ་ཆོག་གི་མ་རེད། གང་ཡིན་ཟེར་ན་དང་པོ་ནས་རྒྱ་ནག་གི་ནང་ལ་འགྲོ་ས་དང་སྡོད་ས་མེད་ཟེར་ནས་སྐྱབས་བཅོལ་ཞུས་ཡོད་པས་རེད། འོན་ཀྱང་དེང་སང་བོད་མི་ཁ་ཤས་ Travel document,རག་རྗེས་བལ་ཡུལ་དུ་ཕྱིན་ཞིང་། དེ་ནས་ལམ་ཁ་གཞན་ཞིག་བརྒྱུད་ནས་བོད་དུ་འགྲོ་མཁན་རེ་ཟུང་འདུག དེ་ཚོ་ཨ་རིའི་གཞུང་གི་ཁྲིམས་ལུགས་གཞིར་བཟུང་བྱས་ན་ཁྲིམས་འགལ་རེད། གལ་སྲིད་ཁྱེད་ལ་དོན་དག་སྡུག་པོ་འདྲ་བྱུང་ན་ཨ་རིའི་གཞུག་གིས་འགའ་ཁུར་གྱི་མ་རེད། དེར་མ་ཟད་ཨ་རིའི་གཞུང་གིས་གསལ་བོར་ཧ་གོ་ན་རྗེས་སུ་མི་སེར་ཆགས་རྒྱུ་ལ་བར་ཆད་ཡོད་པར་མ་ཟད། སྟབས་མ་ལེགས་ན་ཁྱོད་ཀྱི་སྐྱབས་བཅོལ་གྱི་གནས་སྟངས་ལ་ཡང་འགྱུར་བ་འགྲོ་སྲིད་པ་རེད། ཡིན་ན་ཡང་མི་ཁ་ཤས་དང་པོ་ནས་སྐྱབས་བཅོལ་མི་ཞུ་བར་ལག་ཁྱེར་ལྗང་ཁུ་རྐྱང་པ་ཞུ་མཁན་ཡོད་པ་རེད། དེ་ཚོ་ལ་ནམ་ལག་ཁྱེར་ལྗང་ཁུ་ཐོབ་ན་དེ་ནས་བོད་ནང་ལ་ཡང་འགྲོ་ཆོག་གི་རེད། གང་ཡིན་ཟེར་ན་དེ་ཚོས་དང་པོ་ནས་ཆོས་ཚོགས་གང་རུང་ལ་ཆོས་བཤད་རྒྱུ་སོགས་ལ་ཁ་གཡར་ནས་ཨ་རིའི་ནང་དུ་གཏན་སྡོད་ཆོག་པའི་ལག་ཁྱེར་ཞུས་པ་ཙམ་མ་གཏོགས། བོད་ནང་ལ་འགྲོ་ས་མེད་རབས་བཤད་ནས་སྐྱབས་བཅོལ་ཞུས་མེད་པས་རེད། གྲོགས་པོ་སྤོབས་པ། ངོ་མ་བཤད་ན་དེ་འདྲ་ཞིག་རེད། ཧ་ཅང་ཞིབ་ཚགས་པོ་བྱས་ནས་བཤད་ན་འགོར་དྲག་གི་འདུག ང་ཡིག་ཆ་ཚོའི་དོན་ལ་དམྱལ་བའི་སྡུག་བསྔལ་མྱང་ཚར་བ་ཞིག་ཡིན་པས་ཁྲིམས་ལུགས་འདི་ཚོ་ལ་ཆ་རྒྱུས་གཏིང་ཟབ་མོ་ཡོད། གང་ལྟར་ང་ཚོ་བོད་པ་ཚོ་གང་དུ་སོང་རུང་ལས་སླ་པོ་ཞིག་ཡོད་པ་མ་རེད།

  12. ཀླུ་སྨྱོན། says:
    2008-11-05 at 7:27 pm

    ལས་དོན་ཆ་ཚང་ལམ་སློང་བྱུང་བ་ཡིན་ན་ལོ་བདུན་ནམ་བརྒྱད་ལས་འགོར་གྱི་མ་རེད།

  13. ÇtôzÅ-q- says:
    2008-11-05 at 10:02 pm

    འབྲུག་མོ་རྒྱལ་དང་ྐླུ་སྨྱོན་ལགས་གཉིས་ལ་ཐུགས་རྗེ་ཆེ་ཞུ། ད་ངས་ཧ་གོ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme