Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་འཛིན་ཊོམ་ཕི་ད་དུང་ཕམ་མེད་ལ། དུས་ནམ་ཡང་ཕམ་མི་སྲིད།

Posted on 2020-12-18 By ཁ་བརྡ 39 Comments on སྲིད་འཛིན་ཊོམ་ཕི་ད་དུང་ཕམ་མེད་ལ། དུས་ནམ་ཡང་ཕམ་མི་སྲིད།

རྭ་འཕྲིན། ༼ ཨ་རི། ༽
 
དེ་རིང་ཁ་སང་ཨ་རིའི་སྲིད་འཛིན་ལ་མི་འོས་པའི་འོས་མི་ཇོ་བྷེ་ཌིན་ཐོབ་སོང་ཞེས་སྐད་ངན་ཞིག་ས་ཁྱབ་གནམ་ཁྱབ་བྱེད་བཞིན་པའི་སྐབས་ཤིག་རེད། སྤྱིར་ཡིན་ན་ཐེངས་འདིའི་ཨ་རིའི་སྲིད་འཛིན་སྐོར་ལ་རྩོམ་ཡིག་གསུམ་འབྲི་ཁུལ་བྱས་ཟིན་མོད། ཡང་ཁ་སང་རྒྱ་ནག་གི་མག་པ་བཟང་པོ Mitch McConnell ལགས་ཀྱིས་གསལ་བསྒྲགས་དང་འབྲེལ་བའི་སྐད་ཆ་ཁ་ཤས་ཤིག་བཤད་ན་འདོད།

Mitch McConnell ཟེར་བའི་རྒད་པོ་འདིའི་ལུང་ལོ་རྒྱུས་མདོར་བསྡུས་ཤིག་གླེང་ན། སྤྱིར་རྒད་པོ་འདི་ཨ་རིའི་སྤྱི་མཐུན་རིང་ལུགས་པའི་ཕྱོགས་ཁག་རེད། སྤྱི་ལོ་༡༩༨༥ ནས་ད་ལྟའི་བར་དུ་གྲོས་ཚོགས་གོང་མའི་འཐུས་མིའི་འགན་ཁུར་ཡོད། ཁོ་ནི་ཝ་ཞིན་ཊོན་གྱི་ན་འདམ་ནང་གི་ཆབ་སྲིད་པ་རྒན་རབས་པའི་གྲས་ཤིག་ཡིན་ཟེར་ན་འོས་འཚམས་འདྲ་བོ་ཞིག་ཡོད་རེད། འོན་ཀྱང་ད་ཐེངས་ཁོས་རང་མདོག་ངོ་མ་དེ་ཕྱིར་བཏོན་ཏེ། ཊོམ་ཕི་དང་སྤྱི་མཐུན་རིང་ལུགས་ཕྱོགས་ཁག་ལ་ཕྱི་མགོ་ནང་བཙོང་གི་རྒྱབ་འགལ་བྱས་པ་རེད། ཁོའི་ཆུང་མ་ Elaine Chao 趙小蘭 ནི་ཐེ་ཝན་ནས་སྐྱེས་ཤིང་། ལོ་ན་ཆུང་དུས་སུ་ཁོ་མོའི་ཨ་ཕ་ James S. C. Chao
趙錫成 གཙོས་ཁྱིམ་མི་ཡོངས་ཨ་རིར་སླེབས་པ་ཞིག་རེད། ཕྱིས་སུ་ཁྱིམ་ཚང་འདིའི་ Foremost Group ཟེར་བའི་མཚོ་ཐོག་སྐྱེལ་འདྲེན་ཁེ་ལས་ཤིག་གསར་འཛུགས་བྱས་ཏེ་ཚོང་ལས་གཉེར་བ་དང་། རྒྱ་ནག་གཞུང་དང་ཚོང་དོན་དང་། སྒེར་དོན་གང་ཅིའི་ཐད་ནས་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད། མཐར་དེད་ན་ Foremost Group ཟེར་བའི་ཁེ་ལས་འདིའི་སྦྱིན་བདག་དང་ཚོང་གྲོགས་ཆེ་ཤོས་དེ་རྒྱ་ནག་དམར་གཞུང་ཆགས་བསྡད་ཡོད།

སྐབས་འདིར་ཁྱིམ་ཚང་འདི་གླེང་དོན་ཅི་ཡིན་ཞེ་ན། འདི་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ཞིག་དང་འབྲེལ་བའི་ཁྱིམ་རྒྱུད་ཅིག་རེད། ཁོང་ཚོའི་རྒྱབ་ལྗོངས་ན་རྒྱ་ནག་གཞུང་ཡོད་པ་རེད། ད་ཨ་རིའི་གནས་སྟངས་གང་འདྲ་ཆགས་སོང་སོམས་དང་། སྲིད་འཛིན་ཊོམ་ཕི་མཆོག་ལ་སྐུ་ཁག་ཡོད་མ་རེད། ཝ་ཞིན་ཊོན་གྱི་ན་འདམ་ནང་ན་ Mitch McConnell ལྟ་བུའི་རུལ་སུངས་པ་གཅིག་གིས་ག་ལ་ཚད། ཉེ་ཆར་ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་བློན་ཆེན་ William Barr མཆོག་གི་རྩ་དགོངས་ཞུས་པ་གཅིག་པུས་མཚོན་ཐུབ། ཁོང་ལྟ་བུ་ཡིན་ན་ཡག་ཐོག་རྒྱན་ཐོག་ནས་རྩ་དགོངས་ཞུས་ཏེ་བུད་སོང་བ་རེད་མ་གཏོགས། ཁྲིམས་ཀྱིས་ཉེས་ཆད་བཅད་ན་བཙོན་ཁང་ནང་འགྲོ་དགོས་ཐུག་མི་སྲིད་པ་རེད། Domino འོས་བསྡུ་འཕྲུལ་ཆས་ལས་ཁུངས་ཀྱིས་ངོས་ནས་ཁོ་ལ་ཨ་སྒོར་ས་ཡ་ཁ་ཤས་སྤྲད་ཟིན་པ་རེད། གང་ལྟར་ཁོས་མ་མཐའ་རྩ་དགོངས་སྙན་ཞུ་ཡག་པོ་ཞིག་བྲིས་ནས་བུད་སོང་བ་རེད། དེའི་ཕྱིར་སྲིད་འཛིན་མཆོག་གིས་ཀྱང་ཁོ་ལ་བཀྲ་ཤིས་པའི་ཁ་གཡང་ཞིག་བོས་ནས་འགྲོ་བཅུག་པ་རེད།

ད་དུང་གསལ་བཤད་ཞུ་རྒྱུ་ཞིག་ནི། ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་མིའི་འགྲན་རྩོད་ད་དུང་མཇུག་སྒྲིལ་ཡོད་མ་རེད། ཟླ་འདིའི་ཚེས་བཅྭོ་བརྒྱད་ཉིན། སྤྱི་ལོ་༢༠༡༨ ལོར་སྲིད་འཛིན་ཊོམ་ཕི་མཆོག་གི་འོས་བསྡུ་བཅའ་ཁྲིམས་སམ་བཀའ་རྒྱ་ཞིག་བཏང་ཡོད་པ་ལྟར། སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ནས་བཟུང་ཉིན་ཞེ་ལྔའི་ནང་ད་ལོའི་འོས་བསྡུའི་ཁྲོད་རྒྱལ་ཁབ་གཞན་གྱིས་ལྐོག་ནས་ཐེ་གཏོགས་བྱས་ཡོད་མེད་ཐག་གཅོད་དགོས་པ་རེད། གལ་སྲིད་ཁྲིམས་འདི་དྲང་བདེན་ཐོག་འགྲོ་ཐུབ་པ་ཡིན་ན་ཇོ་བྷེ་ཌིན་ཐོབ་ཀྱི་མ་རེད། གང་ཡིན་ཞེ་ན། ཐེངས་འདིའི་འོས་བསྡུའི་ཁྲོད་རྒྱལ་ཁབ་གཞན་པས་ཐེ་གཏོགས་དང་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། རྒྱ་ནག་གི་ནད་ཡམས་དང་། གསང་ཉུལ། བསླུ་བྲིད་ཀྱི་ཤུགས་རྐྱེན་བཅས་ནི་ད་ལོའི་འོས་བསྡུའི་ཁྲོད་ཀྱི་གནད་དོན་གཙོ་བོ་ཡིན་པ་བསྒྲགས་ཡོད། རྒྱ་ནག་གིས་ཤི་བོ་ཆོས་ལ་འཁྲེང་བ་བཞིན་ཇོ་བྷེ་ཌིན་ཨ་རིའི་སྲིད་འཛིན་ལ་སྡོད་ཐབས་བྱེད་ཀྱིན་ཡོད་པ་རེད། ཐབས་བརྒྱ་ཇུས་སྟོང་བཀོལ་གྱི་ཡོད་པ་རེད། གང་ལྟར་ཚེས་བཅྭོ་བརྒྱད་སྐབས་ཐག་གཅོད་མ་ཐུབ་རུང་། ད་དུང་སྤྱི་ཟླ་དང་པོའི་ཚེས་དྲུག་ནས་བརྒྱད་ཀྱི་བར་མཐའ་མཇུག་གི་གྲོས་ཚོགས་གོང་འོག་གི་ཐག་གཅོད་ཅིག་ཡོང་གི་རེད། སྐབས་དེར་གཙོ་འཛིན་ལས་ཐོག་སྲིད་འཛིན་གཞོན་པ་ Mike Pence མཆོག་ཡིན་པ་རེད། རྩ་ཁྲིམས་ལྟར་ན་ཉིན་དེར་ལས་ཐོག་པ་སྲིད་འཛིན་གཞོན་པ་གཙོ་འཛིན་ལ་སྡོད་དགོས་པ་ཞིག་རེད། སྐབས་དེར་ཆེས་མཐའ་མཇུག་གི་རྒྱལ་ཁ་གསལ་བོ་ཆགས་ངེས་ཡིན། དེ་རིང་ཁ་སང་གི་གསལ་བསྒྲགས་ལ་ལྟོས་པ་དེ་ཙམ་མེད། འོན་ཀྱང་གོ་སྐབས་འདི་ན་འདམ་ནང་གི་རུལ་སུངས་པ་ཚོས་རང་གཟུགས་མངོན་དུ་འཇུག་པའི་ཐབས་ལེགས་ཤོས་ཤིག་རེད་སྙམ།

གལ་སྲིད་སྐབས་དེར་ད་དུང་ཝ་ཞིན་ཊོན་གྱི་ན་འདམ་ནང་གི་རུལ་སུངས་པ་ཚོ་རྒྱལ་སོང་བ་ཡིན་ན། ཆེས་མཐའ་མཇུག་གི་སྲིད་དབང་ limited martial law ཞེས་པ་དེ་བཀོལ་ནས་རུལ་སུངས་པ་ཡོངས་སུ་རྫོགས་པ་གཙང་བཟོ་བྱེད་ཆོག་གི་ཡོད་པ་རེད། ཡིན་ནའང་དབང་ཤུགས་འདི་ཟླ་གཉིས་རིང་མ་གཏོགས་བཀོལ་མི་ཆོག་ལ། འདི་ནི་རྒྱལ་ཁབ་འདིའི་ཆགས་འཇིག་ལ་ཐུག་དུས་བཀོལ་དགོས་པ་ཞིག་ཡིན། རྩ་ཁྲིམས་འདི་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་སྟབས། ལག་ལེན་འདེབས་མིན་སྐོར་ལ་རྩོད་པ་ཧ་ཅང་ཆེན་པོ་འདུག

ཁོ་བོའི་བསམ་ཚུལ་ལ། ཐབས་མེད་ན་མཇུག་མཐར་དབང་ཤུགས་དེ་བཀོལ་དགོས་པ་རེད་སྙམ། གང་ཡིན་ཞེ་ན། གལ་ཏེ་འོས་བསྡུ་འདི་ཤོར་བ་ཡིན་ན་ཐེངས་འདིའི་སྲིད་འཛིན་གཅིག་པུ་མ་ཡིན་པར། སྤྱིར་ཨ་རིའི་རང་དབང་དང་དམངས་གཙོ། རྩ་ཁྲིམས་སོགས་ཚང་མ་ཤོར་སོང་བ་རེད། དེ་ཤོར་དུས་རྒྱལ་ཁབ་ཤོར་སོང་བ་དང་གཅིག་མཚུངས་རེད། ཡིན་ནའང་། ཁྱོད་ཤི་ང་གསོན་གྱི་གཡུལ་དགྱེད་དངོས་ཞིག་ཡིན་སྟབས། བློ་རྒྱ་དང་མཐོང་རྒྱ་ཆེ་བ། སྤོབས་པ་ཆེན་པོ་ཡོད་པ། རྣམ་དཔྱོད་དང་ཤེས་རབ་ཀྱིས་ཕྱུག་པའི་མི་བུ་ཞིག་མིན་ན་དོན་དག་འདི་འདྲ་བ་ཐག་གཅོད་དཀའ། གང་ལྟར། སྲིད་འཛིན་ཊོམ་ཕི་དེ་ལྟ་བུའི་མི་བུ་ཞིག་ཡིན་མིན་གཞི་ནས་བལྟ་རྒྱུ་རེད། གལ་ཏེ་ཁོས་ཐེངས་འདིར་ཨ་རི་དཀའ་ངལ་འདི་ལས་ཐར་ཐབས་བྱེད་ཐུབ་པ་ཡིན་ན། ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་སྐད་གྲགས་ཅན་ལེན་ཁིན Lincoln མཆོག་གི་བྱས་རྗེས་དང་ཁྱད་མ་མཆིས་སོ། །

མཐའ་དོན་ནི། ང་རང་སྐབས་འདིའི་སྲིད་འཛིན་འོས་བསྡུ་ཁྲོད་མཐའ་གཅིག་ཏུ་ཊོམ་ཕི་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ངས་ཁོང་ལ་རྒྱབ་སྐྱོར་བྱེད་དོན་ནི། ཁོའི་འཐབ་ཕྱོགས་ཀྱི་ལམ་ཁ་དེ་ཡིན། Make American Great Again ཟེར་བ་འདི་ལ་ནང་དོན་ཧ་ཅང་ཟབ། ཨ་རིའི་བོད་པ་ཞིག་ཡིན་པའི་ཆ་ནས་ང་འདི་ལ་ཧ་ཅང་དགའ། ཡང་བོད་པ་ཞིག་ཡིན་པའི་ཆ་ནས་སྲིད་འཛིན་མཆོག་གི་རྒྱ་ནག་དམར་ཤོག་པའི་ཐོག་ལ་བཟུང་བའི་སྲིད་ཇུས་ལ་དགའ། ད་སྐབས་ང་ཚོ་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ཁག་ཅིག་གིས། ང་ཊོམ་ཕི་ལ་དགའ་བོ་མེད། ཁོ་སྨྱོན་པ་ནང་བཞིན་རེད་ཅེས་གང་ཟག་སྒེར་གྱི་ཀུན་སྤྱོད་ཙམ་གཙོ་བོར་བཟུང་ནས་སྲིད་འཛིན་འདེམས་པ་འདི་ནོར་འཁྲུལ་རེད་བསམ། ཁྱོ་ག་དང་ཆུང་མ་འདེམས་ཀྱིན་ཡོད་ན་ཅི་ཁག འོན་ཀྱང་རྒྱལ་ཁབ་ཅིག་གི་དབུ་ཁྲིད་འདེམས་པའི་སྐབས་སུ་ཁོའི་སྲིད་ཇུས་དང་། ཁ་ཕྱོགས། ལས་ཀའི་ནུས་པ་སོགས་འདེམས་ཀྱིན་ཡོད་པ་རེད། གང་ཟག་སྒེར་གྱི་ཀུན་སྤྱོད་སྣང་བ་འགྲོ་མིན་ལ་ཐུག་ཡོད་མ་རེད། རང་ཉིད་ལ་མཚོན་ན་ཉིས་སྟོང་ཉེར་གཅིག་པའི་སྤྱི་ཟླ་དང་པོའི་ཚེས་ཉི་ཤུ་མ་ཐོན་བར་དུ་སྲིད་འཛིན་ཊོམ་ཕི་ཤོར་སོང་ཞེས་ག་ཚོད་བསྒྲགས་རུང་ཡིད་ཆེས་ཅི་ཡང་མེད་ལ། གལ་སྲིད་ཁོ་མ་ཐོབ་རུང་ཁོང་གི་སྲིད་ཇུས་དང་ཁ་ཕྱོགས་ནོར་ཏེ་ཕམ་པ་རེད་རྩ་བ་ཉིད་ནས་བསམ་གྱི་མེད།

གང་ལྟར། ཐེངས་འདིའི་འོས་བསྡུ་འདི་བརྒྱུད་དེ་ཨ་རི་ཞེས་པའི་སྐད་གྲགས་ཅན་གྱི་དམངས་གཙོ་རྒྱལ་ཁབ་འདིའི་རུལ་སུངས་མཐོང་སོང་། ད་དུང་Washington Swamp ཝ་ཞིན་ཊོན་གྱི་ན་འདམ་ནང་གི་ཆུ་སྲིན་སྡུག་ཅན་ཁག་ཅིག་ཀྱང་དངོས་སུ་ལྷང་ངེར་བུད་ཡོད། ད་དུང་ག་ཚོད་ཡོད་དམ། ངས་བསམ་བློ་གཏོང་མ་ཕོད། དེར་མ་ཟད་ Deep State ཞེས་པའི་གཏིང་ཕུག་ཞིག་ན་ཨ་རི་དང་ཐ་ན་འཛམ་གླིང་གི་བདག་པོ་ཁོང་ཚོ་ཡིན་ཟེར་མཁན་གྱི་མི་བུ་ཧམ་སེམས་ཅན། དབང་ཆེན་སྟོབས་ཆེན་བློ་ཡུལ་ལས་འདས་པ་དག་ཤིན་ཏུ་ལྐོག་གྱུར་གྱི་གནས་ཤིག་ན་ཁུ་སིམ་པོར་ཉལ་བསྡད་ཡོད་པ་གཞི་ནས་ཤེས་སོང་། ཡོད་ཚད་འཇིགས་སུ་རུང་བ་རེད། ཡིན་ནའང་། སྲིད་འཛིན་ཁྱེད་ཉིད་ཐེངས་འདིའི་འོས་བསྡུའི་མཇུག་མཐར་ཤོར་བའི་དབང་དུ་བཏང་རུང་། སྐུ་ཉིད་ཀྱི་རྒྱལ་གཅེས་ལྷག་བསམ་དང་དམངས་གཙོའི་འཐབ་རྩོད་ནི་དུས་ནམ་ཡང་ཉམས་པ་མེད་ལ། ས་སྟེང་གོ་ལ་ཟླུམ་པོའི་ཐོག་ནས་དུས་རྟག་ཏུ་འོད་སྟོང་འཕྲོ་ངེས་སོ། །

སྤྱི་ལོ་༢༠༢༠ ཟླ་༡༢ ཚེས་ ༡༦ ཉིན་ཨ་རིའི་རྒྱལ་སར་ཁ་བ་བབས་པའི་ཉིན་མོར་བྲིས།

བསམ་ཚུལ།

Post navigation

Previous Post: འུ་ག་ཚོད་ཐུག་ཀྱང་། རྫུན་བཤད་ན་ཡོང་ཡ་མེད།
Next Post: ངོ་ཤེས་ཙམ་གྱི་མིའི་དབར་གང་མགྱོགས་དགའ་རོགས་སྒྲིག་ཐབས་༣༦།

Comments (39) on “སྲིད་འཛིན་ཊོམ་ཕི་ད་དུང་ཕམ་མེད་ལ། དུས་ནམ་ཡང་ཕམ་མི་སྲིད།”

  1. དྲང་སྲོང་གཅེར་བུ says:
    2020-12-20 at 9:30 pm

    མི་དེ་སྐྱག་ཁང་ནང་ཚར་ལོངས་བྱུང་བ་ཞིག་ཡིན་གྱི་རེད། དུས་ནམ་ཡང་ཕམ་མི་སྲིད་པ་འཇིག་རྟེན་ན་མེད།

  2. རྭ་འཕྲིན says:
    2020-12-21 at 9:07 am

    སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཟེར་དུས་ལོ་ཁྲི་ལ་སྡོད་ཐུབ་ཟེར་གི་ཡོད་མ་རེད། བླ་ན་མེད་པ་ཟེར་དུས་གོང་ན་གཅིག་ཀྱང་མེད་ཟེར་གི་ཡོད་མ་རེད། དུས་ནམ་ཡང་ཕམ་མི་སྲིད་ཟེར་དུས་ཕམ་རྒྱུ་མེད་པའི་ངེས་པ་ཡང་ཡོད་མ་རེད། ཆེ་བརྗོད་ཙམ་རེད། དོན་གོ་བ་བྱོས། དྲང་སྲོང་ཡིན་མིན་མི་ཤེས་མོད་གཅེར་བུ་ཡིན་པ་གསལ་བོ་རེད།

  3. བན་དེ་བ། says:
    2020-12-21 at 7:58 pm

    འཐོམ་བུ་་་་ཕམ་ཟིན་ནས་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱི་དབུ་ཁྲིད་ཁག་ནས་བྷ་ཊིན་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ཟིན་པ་རེད། ཨ་རིའི་འོས་བསྡུ་ལྷན་ཁང་ནས་འཐོམ་བུ་ཕམ་ཟིན་པའི་གསལ་བསྒྲགས་བྱས་པ་རེད། ཨ་རིའི་ཁྲིམས་ཁང་དབུས་དང་མངའ་སྡེ་ཁག་མང་པོ་ནས་འཐོམ་བུ་ཕམ་ཟིན་པ་དང་བྷ་ཊིན་རྣམ་པར་རྒྱལ་བའི་ངོས་འཛིན་བྱས་པ་རེད། ད་དུང་ཡང་འཐོམ་བུ་ཨུ་ཚུགས་ཀྱིས་མི་མང་ལ་རྒྱུད་བསྐུལ་གྱིས་ངོ་རྒོལ་དང་དམངས་གཙོ་རྡོག་རོལ་གཏོང་གི་ཡོད། སྤྱི་མཐུན་ཚོགས་མི་ཕལ་ཆེ་བས་ངོ་དང་ལྐོག་གང་རུང་ནས་བྷ་ཊིན་ལ་འཚམས་འདྲི་ཞུས་འདུག ད་དུང་ཡང་འཐོམ་བུ་དང་འཐོམ་བུའི་རྗེས་འབྲེངས་པ་ཉུང་ཤས་ཤིག་ནས་ལྐུགས་པ་ཨུ་ཚུགས་བྱས་ནས་བསྡད་ཡོད། དཔེ་རེད་མི་འདི་ཚོ་ལ་རྒྱལ་པོའི་བཀའ་ལས། བློན་པོའི་དབྱུག་པ་བཙན་ཞེས་པ་ལས་འགྲོ་ས་མེད།

  4. དྲང་སྲོང་གཅེར་བུ says:
    2020-12-21 at 8:09 pm

    རྩོམ་དེའི་ཁ་བྱང་དེ་མཐོང་རྫི་བོ་ཞིག་བྲིས་པ་གསལ་པོ་རེད། དུས་ནམ་ཡང་མི་ཕམ་པ་དང་གཏན་ནས་མི་ཕམ་པ་ཁྱད་པར་གང་།

  5. རྭ་འཕྲིན says:
    2020-12-21 at 9:56 pm

    བན་དེ་དང་གཅེར་བུ་གཉིས་ཀའི་མཆན་ལན་དུ་དྲི་བ་གཅིག་ཡོད། དེ་མ་གཏོགས་རྩོད་པ་རྒྱག་འདོད་མེད། ཚིག་ངན་བཤད་འདོད་དེ་བས་ཀྱང་མེད། ག་ལེར་ལྟ་ཡ་རེད།
    དྲི་བ། ཁྱེད་ཚོ་ཐེངས་འདི་ཨ་རིའི་སྲིད་འཛིན་རྒྱའོ་བྷེ་ཌིན་ལ་ཐོབ་ན་དགའ་དགོས་པའི་རྒྱུ་མཚན་དེ་ཅི་ཡིན།

  6. བན་དེ་བ། says:
    2020-12-22 at 12:06 am

    ར་འཕྲིན་ལགས་ང་རང་འདུག་ས་ཨ་རིར་ཡིན། བྱས་ཙང་ལོ་འདི་ཡི་ནང་དུ་འཐོམ་བུས་མི་རིགས་དབྱེ་འབྱེད་ཕྱི་མ་ཚོར་མཐོང་ཆུང་ཆོས་ལུགས་ལ་དབྱེ་བྱེད། ཨ་རི་ནི་ཕྱི་མི་གཞིས་ཆགས་པའི་རྒྱལ་ཁབ་དམིགས་བསལ་ཞིག་ཡིན་མོད། འཐོམ་བུས་དེ་དག་ལ་བཀག་འགོག་དང་ཁ་བྲལ་བཏང་ཡོད། ཁོ་རང་ཡང་ཡུ་རོབ་ནས་སླེབས་པའི་ཕྱི་མི་ཡིན། ས་སྐྱེས་རྡོ་སྐྱེས་ཀྱི་ཨ་རི་བ་མ་ཡིན། ཁོ་རང་སྐྱེས་དམན་ཡང་ཡུ་རོབ་ནས་སྐྱབས་བཅོལ་ཞུས་པ་ཡིན། རྒྱུ་མཚན་གཞན་ཡང། ཁོས་འགྲོ་བ་མི་ཡི་ཐོབ་ཐང་ཟེར་བ་དང། ཁོར་ཡུག་སྲུང་སྐྱོབས་ཟེར་བ་སོགས་ཁས་ལེན་བྱེད་ཀྱི་མེད། ཁོས་འཛམ་གླིང་གང་སར་གོ་མཚོན་ཚོང་བཞིན་ཡོད་པས་་་་ཁོས་ནི་འཛམ་གླིང་ཞི་བདེ་ལ་རྡོག་རོལ་གཏོང་མཁན་ཞིག་ཡིན། ཁོས་རྒྱ་ནག་ལ་གནོན་ཤུགས་འགའ་ཞིག་སྤྲད་པ་དེ་ཚོར་མངགས་བརྗོད་ཡོད་དེ་མིན་ཁོའི་བྱས་རྗེས་ཟེར་བ་སྐར་མ་གཅིག་མེད། ཏོག་དབྱིབས་རིམས་ནད་སྐོར་ལ་ཁོས་ཚན་རིག་པ་དང་སྨན་པ་མཁས་པས་སྔོན་འགོག་གི་ལམ་སྟོན་བྱས་པར་ཁོས་དེ་ཚོར་ཁས་ལེན་ཕར་ཞོག་དགག་པ་རྒྱབ་ཡོད། ད་ལྟ་འཛམ་གླིང་ཡོངས་ནས་ཨ་རི་ནི་ཏོག་དབྱིབས་ནད་ཚང་ཞིག་ཏུ་གྱུར་ཡོད། ཁོས་ཏོག་དབྱིབས་རིམས་ནད་གང་ཡང་སྐྱོན་གྱི་མ་རེད་ང་རང་ལ་ཉམས་མྱོང་ཡོད་ཟེར། ཁྲམ་སྐད་དེ་འདྲ། ཁོ་མི་གཅིག་ལ་སྨན་པ་བཅཇ་གྲངས་དང་ནད་གཡོག་བཅུ་གྲངས་དང་ཨ་རིའི་འཕྲུལ་ཆས་ཨང་དང་པོ་དང་སྨན་ཁང་ཨང་དང་པོའི་ཨ་རིའི་དམག་གི་སྨན་ཁང་ནང་དུ་སྐྱིད་ཉལ་བྱས་པ་དེ་ཚོར་མི་དམངས་སྐྱུས་མ་ཚོར་དཔེར་འཇོག་པ་ནི་ཁྲེལ་མེད་ཀྱི་སྐད་ཆ་རང་རེད། ད་དུང་མང་པོ་ཡོད། མི་གོ་བ་གཅིག་ལ་ཚིག་གཅིག རྟ་འགྲོ་བ་གཅིག་ལ་ལྕག་གཅིག ཟེར་བ་ལྟར་རེད། ཁྱེད་རང་གིས་གསན་ཡོད་ཀྱི་རེད། ཨེ་ཤའི་རླུང་འཕྲིན་ཁང་ནས་ཨ་རིར་ཡོད་པའི་བོད་མི་ཁག་གཅིག་ལ་བྷ་ཊིན་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་མིན།

  7. གནམ says:
    2020-12-22 at 5:35 am

    https://youtu.be/MpCi0bn9ZSo

    ཨ་རིའི་མི་སེར་དོན་དུ་བོད་དོན་ཆུ་ལ་གཡུག་པོ་ཚོས།།
    རྒྱལ་སྤྱིའི་འགྲོ་འདུག་མ་ཤེས་རང་དོན་བོད་དོན་མཐའ་ནས་ཤོར།།
    དགྱ་དམར་སྐྱག་པ་རིག་རུང་ཁྱི་སྤྱང་སྔ་མ་གུག་སེ་གུག།།
    བོད་རྒྱལ་རྩ་དོན་ཁ་ལྕེ་བར་ན་ལྐུག་པའི་ངང་མངོན་ཅན།།
    མཆན་པ་བན་དེ་ལྐུག་ལ་ལྐུག་ཚོ་མེད་པ་གནམ་གྱིས་སྲུང་།།

  8. བན་དེ་བ། says:
    2020-12-22 at 6:32 am

    རང་ཉིད་རང་གི་མགོན་དུ་མི་བརྩི་བར། །
    གནམ་ལ་ལག་བཟུང་བཏད་ནས་རེ་བ་བྱེད། །
    དེ་བཞིན་ཨ་རིར་གཙོར་འཛིན་འཐོམ་བུ་ལ།།
    རེ་སྒུགས་ནམ་མཁའ་སྟོང་ལ་རེ་དང་མཚུངས། །

    གནམ་ནི་སྟོང་པའི་རང་བཞིན་ཏེ། སྔ་བསམ་ཕྱི་མནོ་ཅི་ཡང་མེད།
    སྟོང་པར་སྟོང་སྒུགས་བྱེད་པ་འདི། སྟོང་པའི་མཐའ་ལ་ལྷུང་ལྟས་ཡིན།།

  9. ཀརྡོ་རབ་འབྱམས་པ་ says:
    2020-12-22 at 6:55 am

    སྲིད་སྐྱོང་བློ་སེང་མཆོག་གིས།
    https://www.facebook.com/tenzinty/videos/10220857156992131

  10. རྭ་འཕྲིན says:
    2020-12-22 at 9:54 am

    ཊོམ་ཕི་སྲིད་གཞུང་ལ་མ་ཐོབ་ན་ཨ་རི་ཕར་ཞོག མ་འོངས་བར་འཛམ་གླིང་ཡོངས་སྤྱི་ཚོགས་རིང་ལུགས་སུ་གྱུར་ཏེ་མཐའ་མཇུག་སྒེར་གཅོད་ལ་འགྲོ་རྒྱུ་རེད། དེ་ནས་འཛམ་གླིང་གི་བདག་པོ་མུ་བུ་ཁ་ཤས་ཤིག་ཆགས་ཡ་རེད། ཕུག་དེ་རེད། གཏིང་ཟབ་མོ་ཧ་ལས་བ་ཞིག་འདུག

  11. བཞག་ལྡོམ་ལྗང་ལོ་། says:
    2020-12-22 at 12:35 pm

    ཡ་ཡ་་་་་་ང་ཡང་སྐྱར་ཁྱེད་ཀྱི་ཁ་བརྡའི་འཁོར་ཡུག་ལ་ཡོང་ཡོད་། དེ་རིང་ཁྱེད་ཀྱིས་སྐད་ཆ་བདེན་པ་གཅིག་བཤད་སོང་། Mitch McConnell་ཡི་ནག་མོ་རྒྱ་ནག་གཞུང་སྒེར་གཉིས་ལ་ཚོང་འབྲེལ་དམ་ཟབ་ཡོད་པ་བདེན་པ་རེད་། ཁྲོང་ཐུང་རང་ཉིད་ཀྱང་དེ་དེ་བཞིན་རེད་། དེར་བརྟེན་། ཁྲོ་ཐུང་གིས་གོ་སྐབས་དེ་བཟུང་ནས་ Elaine Chao་ཨ་རིའི་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་ལ་བཞག་པ་རེད་། ཞིབ་མོ་བཤད་ན་། དེ་ལ་རྒྱུ་མཚན་གཉིས་ཡོད་པ་རེད་། ༡༽མོ་རྒྱ་ནག་ལ་ངན་འབྲེལ་བཟང་བོ་ཡོད་པ་དང་། ༢༽ཁོས་ཁྲིམས་མེད་ལུགས་ཀྱི་སྤྱོད་ངན་སྦ་གསང་བྱེད་པར་ McConnell་མེད་དུ་མི་རུང་བ་ཡིན་པ་དེ་རེད་། གལ་སྲིད་ཆ་རྐྱེན་དེ་གཉིས་ཚང་མེད་ན་མོ་ལ་གོ་སྐབས་དེ་ཡོད་པ་མ་རེད་། བྱེད་སྟངས་དེའི་རིགས་ལ་ཁྱི་སྤྱང་ལག་སྤྲེལ་བཤད་པ་རེད་།
    གཞན་ཁྱེད་ཀྱིས་Lincoln་དང་ཁྲོ་ཐུང་བསྡུར་བ་ནི་། འུ་ཚོ་ཆུང་དུས་་སུ་སྙན་ངག་སྦྱང་སྐབས་བསྟོད་པའི་ཆ་ནས་སྨད་པ་ཟེར་བ་དེ་རེད་། རྒྱུ་མཚན་ནི་། Lincoln གྱིས་ཨ་རི་གཅིག་བསྒྲིལ་བྱས་བ་དང་། ཁྲོ་ཐུང་དེའི་ལྡོག་ཕྱོགས་རེད་། གལ་སྲིད་ཁྲོ་ཐུང་ཨ་རིའི་སྲིད་འཛིན་གཞན་དང་བསྡུར་དགོས་བ་ཡིན་ན་། Richard Nixon དང་ཁོའི་སྲིད་འཛིན་གཞོན་པ་ Spiro Agnew ཟུང་ལ་བསྡུར་ན་ཧ་ཅང་མཚུངས་བ་རེད་། རྒྱུ་མཚན་ནི་དེ་གཉིས་པོ་ལྐོག་ཟ་དང་ཁྲིམས་འགལ་མཁན་རེད་།

  12. རྭ་འཕྲིན says:
    2020-12-22 at 1:54 pm

    བཞག་ལྡོམ་གི་རྒྱ་རྒན་མའི་སྐོར་དེ་བདེན། ཊོམ་ཕི་མཆོག་གི་བསྐོ་བཞག་གནང་བའི་གནད་ཡོད་མི་སྣ་མང་པོ་རུལ་སུངས་རེད། ཧ་ཅང་མང་པོ་རེད། ཁྱད་པར་དུ་赵小兰 ཟེར་བའི་རྒྱ་མོ་འདི་ཚང་རྒྱ་ནག་གི་ཕྱོགས་ཁོ་ན་རེད།
    གང་ལྟར་སྤྱི་ཟླ་དང་པོའི་ཚེས་དྲུག་ཉིན་ཐག་གི་ཆད་ཨེ་ཡོང་རེ་བ་བརྒྱབ་བསྡད་ཡོད། མུ་མཐུད་ནས་བསམ་བློ་ཐོངས། ངན་ཕྱོགས་རྐྱང་རྐྱང་ལ་བལྟས་ན་སངས་རྒྱས་ཡིན་རུང་དུད་འགྲོར་སྣང་གི་རེད།

  13. རྭ་འཕྲིན says:
    2020-12-22 at 8:16 pm

    Mitch McConnell དང་རྒྱ་མོ་赵小兰 གཉིས་ཊོམ་ཕི་དང་འབྲེལ་བ་ཡོད་རབས་བཤད་འདུག དེ་ཡིན་ན་ཐབས་བརྒྱ་ཇུས་སྟོང་བཀོལ་ཏེ་རྒྱབ་སྐྱོར་བྱེད་གི་རེད་མ་གཏོགས་རྒྱབ་འགལ་བྱེད་གི་མ་རེད།
    བུ་རྒོད་ཊོམ་ཕི་རྒྱལ་གཅེས་བ་ཞིག་རེད། བུ་ཟེར་ན་འདི་འདྲ་སྐྱེ་དགོས། རྒྱལ་ཁབ་འདིའི་དོན་དུ་ཁོ་སྲིད་འཛིན་ལ་བསྡད་པ་རེད་མ་གཏོགས་གཞན་གང་ཡང་མ་རེད། འོན་ཀྱང་ལས་ངན་མང་པོ་ཞིག་གི་མཐོང་གི་ཡོད་མ་རེད།

  14. གསལ་ལེ་རྒྱལ། says:
    2020-12-23 at 4:24 am

    རྭ་འཕྲིན་ཡིན་ན་འདིའི་མགོ་ན་རྭ་ཞིག་ཡོད་ས་རེད། ཨུ་ཚུགས་མཛོ་ཡི་བཙོག་རེད། ནག་པོར་བལྟས་ནས་དཀར་བོ་རེད་ཟེར་གི་ཡོད་ག

  15. རྭ་འཕྲིན says:
    2020-12-23 at 8:21 am

    གསལ་ལེ་རྒྱལ་ཐོན་ཡོད་ག། ཧ་ཧ་ཧ་་་་་ དོན་རྟོགས་སོང་ནི་རེད་ཡ། ཁྱེད་ཚོར་ཁག་མེད། ཨ་རི་ན་ཡོད་མཁན་ཚོ་མང་ཆེ་བ་འཐོམ་བསྡད་ཡོད་རེད། གང་ལྟར་ད་མཐའ་མཇུག་གི་གཡུལ་འགྱེད་རན་ལ་ཡོད་གི། སྤྱི་ཟླ་དང་པོའི་ཚེས་དྲུག་ཉིན་ལ་ལྟོས། སྐབས་དེར་རེ་བ་ཞིག་མ་ཡོད་དུས་ཨ་རི་ཚར་ཐལ།

  16. ཇ་མ།་ says:
    2020-12-24 at 11:36 am

    དགྲ་གནོན་ཁྲོ་ཕུར་ད་དུང་ལོ་བཞིར་ཨ་རིའི་སྲིད་འཛིན་བྱུང་བ་ཡིན་ན། བོད་དང་ཤར་ཏིར། ཐེ་ཝན་སོགས་ལ་ཕན་ཐོག་ཞིག་འབྱུང་བར་མཐོང་། དེ་བས་དགེ་མཚན་མང་ནའང་བརྗོད་མི་ཚར།

  17. རྭ་འཕྲིན says:
    2020-12-24 at 1:45 pm

    ཇ་མ་བདེན་ནོ། བོད་ལ་ཀླད་སྟོང་ཚོས་ཨ་རིའི་གཏིང་ཟབ་སྲིད་དབང་གི་ཆབ་སྲིད་ད་ཕར་ཞོག ཐ་ན་ཁོ་མུ་མཐུད་སྲིད་འཛིན་ལ་སྡོད་ཐུབ་ན་སོ་སོར་ཁེ་ཕན་ཡོད་པ་ཙམ་ཤེས་ཀྱིན་མི་འདུག ཅི་འདྲའི་ཡིད་སྐྱོ་དགོས་བ་ཞིག་རེད་ཨང་།

  18. བཀྲ་ཤིས། says:
    2020-12-24 at 4:47 pm

    ཡ་མཚན་པ་ཞིག་ལ། རྒྱ་ནག་དམར་ཤོག་རིང་་ལུགས་པ་དང་གཅིག། ཁ་ཆེ་འཇིགས་བསྐུལ་རིང་ལུགས་པ་གཉིས་ནས་སྡང་ཟུག་ཆེན་པོས་ Trump ལ་གཞི་མེད་སྐྱོན་བརྗོད་བྱས་པ་བཞིན་ Biden ཕྱོགས་གཏོགས་པ་ཚོས་ཀྱང་སྡང་ཟུག་ཆེན་པོས་གཞི་མེད་སྐྱོན་དཀྲིས་བྱེད་མཁན་མང་པོ་རེད། དེའི་ནང་ལ་བོད་པ་དང་ཨ་རི་བ། ཁ་ཆེ་ཕལ་ཆེ་བ་རེད།

  19. རྭ་འཕྲིན says:
    2020-12-24 at 5:32 pm

    དེ་ག་རེད་བཀྲ་ཤིས། རྒྱ་ནག་དམར་ཤོག་ཁོ་བོར་མི་དགའ་བ་ཅི་ཁག ཁ་ཆེ་དྲག་སྤྱོད་རིང་ལུགས་པ་ཚོ་ཁོ་བོར་མི་དགའ་བ་ཅི་ཁག ཨ་རིའི་རུལ་སུངས་བ་ཚོ་ཁོ་བོར་མི་དགའ་བ་ཅི་ཁག འོན་ཀྱང་བོད་པ་ཚོ་ཁོའི་སྲིད་ཇུས་ལ་མི་དགའ་བ་ཅི་ཁེད་་་་ཧཧཧཧ་་་

  20. བན་དེ་བ། says:
    2020-12-24 at 7:11 pm

    ༄༅།། ཨ་མི་རི་ཀའི་སྲིད་འཛིན་ལ་བཙོན་པ་ཁག་ཅིག་ཉེས་ཡངས་སུ་གཏོང་ཆོག་པའི་དབང་ཚད་ཡོད་པ་ལྟར་སྲིད་འཛིན་ཊམ་གྱིས་སླར་ཡང་གཟའ་ལྷག་པའི་ཕྱི་དྲོར་རང་གི་ཉེ་གྲོགས་དང་ཉེ་འབྲེལ། ཡུན་རིང་གི་རྒྱབ་སྐྱོར་བ་སོགས་མི་༢༦་ཉེས་ཡངས་སུ་བཏང་འདུག ཁོ་ཚོའི་གྲས་སུ་༢༠༡༦་ལོའི་སྲིད་འཛིན་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་གཙོ་འཛིན་ཕོལ་མཱེ་ན་ཧྥོར་དང་སྲིད་འཛིན་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་གྱི་ཨ་ཕ་ཆལ་སི་ཁུ་ཤི་ནར། སྲིད་འཛིན་ཊམ་གྱི་ཡུན་རིང་གི་གྲོགས་པོ་རོ་ཇཱེར་སི་ཊོན་བཅས་འདུས། ཌོ་ནལ་ཊམ་གྱི་སྲིད་གཞུང་འཕོ་འགྱུར་འགྲོ་བར་ཉི་མ་༢༧་ལས་མེད་པའི་སྐབས་འདིར་བདུན་ཕྲག་གཅིག་གི་ནང་དུ་མི་༥༠་མ་ཟིན་ཙམ་ཞིག་ཉེས་ཡངས་སུ་བཏང་འདུག འདས་པའི་ཉི་མ་གཉིས་ཀྱི་ནང་དུ་སྲིད་འཛིན་ཊམ་གྱིས་ཉེས་ཡངས་བཏང་བ་རྣམས་ནི་༢༠༡༦་ལོར་ཨུ་རུ་སུའི་གསང་ཉུལ་ཚོར་འབྲེལ་བ་བྱས་ནས་སྐབས་དེའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྟེ། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་གྱི་གློག་འཕྲིན་རྣམས་རྐུ་འཁྱེར་བྱེད་དུ་བཅུག་པར་འབྲེལ་བ་ཡོད་པའི་མི་སྣ་ཁག་དང་། ཁོ་ཚོར་ཨ་མི་རི་ཀའི་རྟོག་ཞིབ་པ་ཚོས་ཞིབ་འཇུག་བྱས་ནས་ཨུ་རུ་སུའི་གསང་ཉུལ་ལ་འབྲེལ་བ་བྱུང་ཡོད་པ་ཤེས་རྟོགས་བྱུང་སྟེ་བཙོན་འཇུག་གི་ཉེས་ཆད་ཕོག་པའི་ཉེས་ཅན་རྣམས། གཞན་ཡང་ལྐོག་ཟ་རུལ་སུངས་སུ་གྱུར་པའི་སྤྱི་མཐུན་ཚོགས་པའི་གྲོས་འཐུས་མི་ཁག་དང་ཨི་རཀ་གི་ས་ཐོག་ཏུ་མི་མང་དཀྱུས་མ་དམར་གསོད་བྱས་པའི་ལག་དམར་རྣམས་ཡིན་འདུག ད་དུང་སྲིད་འཛིན་ཊམ་གྱིས་རང་ཉིད་འཕོ་འགྱུར་མ་སོང་གོང་བུ་ཕྲུག་ཚོ་དང་སོ་སོ་རང་ལའང་ཉེས་ཡངས་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

  21. བན་དེ་བ། says:
    2020-12-24 at 7:12 pm

    ཨ་རིའི་སྲིད་འཛིན་རིམ་པས་ཉེས་ཡངས་གཏོང་གི་ཡོད་པའི་བཙོན་པ་རྣམས་ནི་དུད་ནག་འཐེན་ནས་ངན་ལོབས་སུ་སོང་བ་དང་མ་ཉེས་ཁ་གཡོག་བྱུང་སྟེ་བཙོན་ཁང་དུ་བཅུག་པ། ལོ་མང་རིང་བཙོན་འཇུག་གི་ཉེས་ཆད་ཁུར་ཟིན་པ་སོགས་སྤྱི་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་མེད་པ་ཚོར་ཉེས་ཡངས་གཏོང་བའི་ལམ་སྲོལ་ཞིག་ཡོད་མོད། འོན་ཀྱང་སྲིད་འཛིན་ཊམ་གྱིས་རང་གི་ཁེ་ཕན་སྒྲུབ་མཁན་དང་རང་ལ་རྒྱབ་སྐྱོར་བྱེད་མཁན། རང་གི་ཕྱོགས་གཏོགས་པ་ཉེས་ཅན་རྫབ་ཆེན་ཚོའི་ནག་ཉེས་རྣམས་ཆག་ཡང་བཏང་སྟེ་ཨ་རིའི་སྲིད་འཛིན་ལ་ཉེས་ཡངས་ཀྱི་དབང་ཚད་ཅིག་ཡོད་པ་བཀོལ་སྤྱོད་ལོག་པ་གཏོང་གི་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་བུ་ཕྲུག་རྣམས་དང་སོ་སོ་རང་ལ་ཉེས་ཡངས་གཏོང་རྩིས་ཡོད་པའི་གནས་ཚུལ་ཞིག་འཐོན་གྱི་ཡོད་པ་བདེན་པ་ཡིན་ཚེ། ཁོ་ཚོ་ཅི་ཞིག་ལ་སྐྲག་གི་ཡོད་པ་དང་ཁྲིམས་འགལ་ཅི་ཞིག་བྱས་ཡོད་མེད། ཌོ་ནལ་ཊམ་ཕ་བུ་རྣམས་བཙོན་ཁང་དུ་འཇུག་སྲིད་པའི་ནག་ཉེས་ཅི་ཞིག་བསགས་ཡོད་མེད་རྣམས་དོགས་སློང་བྱ་དགོས་པ་ཞིག་ཏུ་གྱུར། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་དགའ་ཉེ་གྲོགས་པོ་དང་རྒྱབ་སྐྱོར་བ་རྣམས་ཉེས་ཡངས་གཏོང་གི་ཡོད་པར་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། དཔེར་ན་ནེ་བྷ་ར་སི་ཁ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷན་ས་སིས་གསར་འགོད་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ་ནས་ནང་སྙིང་བར་དུ་རུལ་སུངས་སུ་གྱུར་འདུག་ཅིག་བསྒྲགས། མུ་ལར་གྱི་ཞིབ་འཇུག་ཚོགས་ཆུང་གི་ལས་སྣེ་ཝེ་སི་མན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡོངས་གཏོང་གི་ཡོད་པ་ནི་ཇག་གཙོ་ཞིག་ལ་ཉེས་ཡངས་ཀྱི་དབང་ཆ་ཐོབ་པ་དང་གཅིག་མཚུངས་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

  22. བན་དེ་བ། says:
    2020-12-24 at 7:16 pm

    ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཊམ་གྱིས་ཉེས་ཡངས་བཏང་བའི་ཕོལ་མཱེ་ན་ཧྥོར་དང་རོ་ཇཱེར་སི་ཊོན་གཉིས་ནི་བཙོན་ཁང་དུ་བཅུག་ནས་ཟླ་བ་འགའ་ཞིག་ལས་ཕྱིན་མེད། རོ་བྷར་ཊི་མུ་ལར་གྱི་མུ་ལར་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་ནས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་ཨུ་རུ་སུ་ལ་འབྲེལ་བ་བྱས་པ། ཁོ་ཚོས་ཨུ་རུ་སུ་ལ་འབྲེལ་བ་བྱས་པ་རྣམས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་དང་ཁྲིམས་འཛིན་ལྷན་ཁང་ལ་སྦ་གསང་བྱས་པ་ཕྱིས་སུ་རྩད་གཅོད་ཐུབ་སྟེ་ནག་ཉེས་ཆེན་པོ་ཕོག་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད། སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲལ་དུ་མི་དེ་དག་གི་ནག ཉེས་ཡང་དུ་གཏོང་དགོས་པའི་དམིགས་བསལ་དབང་ཚད་ལག་ལེན་བསྟར། ད་ལྟ་སྲིད་འཛིན་ཊམ་གྱིས་རྦད་དེ་ཕོལ་མཱེ་ན་ཧྥོར་དང་རོ་ཇཱེར་སི་ཊོན་གཉིས་ཀྱི་ནག་ཉེས་ཆག་ཡང་བཏང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡངས་བཏང་བའི་གྲས་ཀྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་མེ་ཁེལ་ཧྥི་ལིན་དང་༢༠༡༦་ལོའི་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་མཐོ་རིམ་ལས་སྣེ་ཕཱ་ཕཱ་ཌོ་ཕུ་ལ་སི། ཕོལ་མཱེ་ན་ཧྥོར་དང་རོ་ཇཱེར་སི་ཊོན་བཞི་ཐད་ཀར་སྲིད་འཛིན་ཊམ་གྱི་འོས་འདེམས་ལས་འགུལ་དང་ཨུ་རུ་སུ་གཉིས་འབྲེལ་བ་བྱུང་སྟེ་ནག་ཉེས་ཕོག་པ་ཤ་སྟག་ཡིན་འདུག དེང་སྐབས་མེ་ཁེལ་ཧྥུ་ལིན་གྱིས་འཇོར་ཇཱི་ཡ་དང་པེན་སིལ་ཝྭེ་ཎི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན། ཨ་རི་ཛོ་ན་དང་ནེ་ཝྭ་དྷ་བཅས་སྲིད་འཛིན་ཌོ་ནལ་ཊམ་ལ་ཕམ་ཉེས་འགྲོ་ཡུལ་མངའ་སྡེ་དྲུག་གི་ནང་དུ་དམག་ཁྲིམས་བསྡམས་ནས་བསྐྱར་དུ་སྲིད་འཛིན་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ངན་སྐུལ་བྱེད་ཀྱི་ཡོད་པས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དམག་སྤྱི་ཚོས་མི་མང་གི་ཁྲིམས་མཐུན་འོས་འདེམས་བྱས་པར་དམག་གིས་ཐེ་གཏོགས་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་འདོད་མེད་ཅེས་སྔོན་བརྡ་གསལ་པོ་ཞིག་གཏོང་དགོས་བྱུང་འདུག

  23. བན་དེ་བ། says:
    2020-12-24 at 7:17 pm

    ཕོལ་མཱེ་ན་ཧྥོར་སོགས་ཀྱིས་༢༠༡༦་ལོར་ཨུ་རུ་སུའི་གསང་ཉུལ་ཚོར་འབྲེལ་བ་བྱས་ཏེ་སྐབས་དེའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་འབྲེལ་བ་ཡོད་པའི་ནང་ཁུལ་གྱི་ཡིག་ཆ་རྣམས་མཁོ་སྤྲོད། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གསང་བའི་ལས་ཁང་གིས་ཐེ་གཏོགས་བྱས་པར་ངན་འབྲེལ་བྱུང་ཡོད་པའི་ནག་ཉེས་ཕོག ཕོལ་མཱེ་ནར་ཧྥོར་གྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་བསྟོད་པ་འཐེན་ནས་ཁྱོད་ཀྱི་མཛད་རྗེས་ལོ་ནི་རྒྱུས་ནང་དུ་ནག་སུབ་གཏོང་ཐབས་བྲལ། ཨ་རིའི་སྲིད་འཛིན་སྔོན་མ་སུ་གཅི་གིས་ཀྱང་གྲུབ་མྱོང་མེད་པའི་མཛད་རྗེས་ཤིག་ཌོ་ནལ་ཊམ་གྱིས་བཞག་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། ཡིན་ནའང་ནེའུ་ཡོཀ་གྲོང་ཁྱེར་གཞུང་གིས་ཕོལ་མཱེ་ན་ཧྥོར་གྱིས་ས་ཁང་ཉོ་ཚོང་གི་བུ་ལོན་བསྐྱིས་པའི་དུས་སུ་གཡོ་ཁྲམ་བྱས་པའི་ནག་ཉེས་ལ་བསྐྱར་དུ་ཞིབ་འཇུག་བྱ་དགོས་ཞེས་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག ཁོ་པས་ཨུ་རུ་སུའི་གསང་ཉུལ་ཚོར་འབྲེལ་བ་བྱས་ནས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱེད་དུ་བཅུག་པའི་ནག ཉེས་ནས་ཐར་ཀྱང་ནེའུ་ཡོཀ་གྲོང་ཁྱེར་གཞུང་གིས་ཐར་པ་གཏོང་རྒྱུ་ཡིན་མིན་བཤད་དཀའ། གལ་སྲིད་ནེའུ་ཡོཀ་གྲོང་ཁྱེར་གཞུང་གིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པའི་ཁ་མཆུ་དེར་ཁྲིམས་ཁང་གིས་བདག་པོ་བརྒྱབ། ཁྲིམས་ཁང་གིས་བསྐྱར་དུ་ཞིབ་འཇུག་བྱས་ནས་ནག་ཉེས་འཐོན་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་ཉེས་ཡངས་ཀྱིས་ཕོལ་མཱེ་ན་ཧྥོར་སྲུང་སྐྱོབ་བྱེད་མི་ཐུབ། སྲིད་འཛིན་གྱི་ཉེས་ཡངས་དེས་དབུས་གཞུང་གིས་ཁྲིམས་གཅོད་བྱ་རྒྱུ་འགོག་ཐུབ་ཀྱང་མངའ་སྡེ་ཁག་དང་གྲོང་ཁྱེར། ས་གནས་ཁག་གིས་ཁྲིམས་གཅོད་རྣམས་འགོག་མི་ཆོག ལྷག་པར་དུ་རོ་ཇཱེར་སི་ཊོན་ལ་མཚོན་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་བཀའ་ཡི་བློན་པོ་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་བྷིལ་བྷར་གྱིས་ཐད་ཀར་ཁྲིམས་དཔོན་ལ་གནོན་ཤུགས་སྤྲད་ནས་ཁྲིམས་ཐག་ལྕི་མོ་གཅོད་དུ་བཅུག་མེད་པ་རེད།།

  24. བན་དེ་བ། says:
    2020-12-24 at 7:19 pm

    རོ་ཇཱེར་སི་ཊོན་གྱིས་ཀྱང་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་བཀའ་དྲིན་ཆེ་ཞུས། ཁོ་པས་ང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ཨུ་རུ་སུའི་དམར་ཤོག་གི་དུས་སུ་ཁྲིམས་བཤེར་བྱེད་སྲོལ་ཡོད་པ་ལྟར་ཁྲིམས་བཤེར་བྱས་སོང་ཞེས་སྙིང་ནད་གླེང་།

    སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར།
    སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར།
    སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་གྱི་ཨ་ཕ་ནི་ས་ཁང་ཉོ་ཚོང་གི་འབྱོར་ལྡན་པ་ཞིག་ཡིན། ཁོ་པས་ལོ་མང་རིང་དཔྱ་ཁྲལ་མ་འཇལ་བར་གཡོ་ཟོལ་བྱས་པ་དང་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་འགལ་གྱི་འོས་འདེམས་དྲིལ་བསྒྲགས་ལས་འགུལ་གྱི་མ་དངུལ་རོགས་རམ་སྤྲད། སྲིད་འཛིན་ཊམ་དང་ཆལ་སི་ཁུ་ཤི་ནར་གཉིས་སྔ་མོ་ནས་ས་ཁང་ཉོ་ཚོང་གི་ཚོང་གྲོགས་སུ་གྱུར། ༢༠༠༩་ལོར་ཌོ་ནལ་ཊམ་གྱི་བུ་མོ་ཨི་ཝྭན་ཁ་དང་ཆལ་སི་ཁུ་ཤི་ནར་གྱི་བུ་ཇཱེ་རི་ཁུ་ཤི་ནར་གཉིས་གཉེན་བསྒྲིགས། ༢༠༡༩་ལོར་ནེའུ་འཇར་སི་མངའ་སྡེའི་སྤྱི་ཁྱབ་ཟུར་པ་ཁེ་རི་སི་ཁེ་རི་སི་ཊིན་གྱིས་ཆལ་སི་ཁུ་ཤི་ནར་གྱི་ནག་ཉེས་ནི་སྐྱུག་བྲོ་བའི་ཁྲིམས་འགལ་ཞིག་རེད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡངས་བཏང་བའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གིས་མི་མང་གི་ལག་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་རོགས་དངུལ་བསྡུས་པ་རྣམས་སྒེར་དོན་ལ་འགྲོ་གྲོན་བཏང་ནས་སྐྱིད་པོ་བྱས་པ་དང་ཉོ་ཆ་བརྒྱབ་ནས་རུལ་སུངས་སུ་གྱུར། ད་ལྟ་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་གྱི་ཉེས་ཡངས་དབང་ཚད་མེད་པར་གཏོང་དགོས། སྲིད་དོན་ཚོགས་པ་གཅིག་གིས་སྲིད་འཛིན་གྱིས་དམིགས་བསལ་སྐུ་དབང་བཀོལ་སྤྱོད་ལོག་པ་བཏང་ན་ཨ་རིའི་དམངས་གཙོའི་ལམ་ལུགས་ཉམས་དམས་སུ་འགྲོ་ཉེན་འདུག ཨ་རིའི་རྩ་ཁྲིམས་སུ་བཀོད་པའི་སྲིད་འཛིན་གྱི་ཉེས་ཡངས་དབང་ཚད་ཕྱིར་བསྡུ་བྱ་དགོས་པའི་དུས་སུ་བབས། འདས་པའི་ལོ་བཞི་ལ་སྲིད་འཛིན་ཊམ་གྱིས་ཁྲིམས་འགལ་བྱས་པའི་ནག་ཉེས་རྣམས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

  25. བན་དེ་བ། says:
    2020-12-24 at 7:21 pm

    རྭ་འཕྲིན་གཙོས་པའི་དབང་ཆ་གཅིག་སྡུད་བྱེད་མཁན་གྱི་ཨ་རིའི་སྲིད་འཛིན་དང་པོ་ཊོམ་གྱི་རྗེས་འབྲེངས་ཚོས་གཟིགས་ཙམ་གྱིས་དང། ཊོམ་གྱི་རྣམ་ཐར་བཤམས་ཡོད།

  26. ཀརྡོ་རབ་འབྱམས་པ་ says:
    2020-12-24 at 10:04 pm

    ་་་་་་་་་་་་་ ཌོ་ནལ་ཊམ་ཕ་བུ་རྣམས་བཙོན་ཁང་དུ་འཇུག་སྲིད་པའི་ནག་ཉེས་ཅི་ཞིག་བསགས་ཡོད་མེད་རྣམས་དོགས་སློང་བྱ་དགོས་པ་ཞིག་ཏུ་གྱུར། ་་་་་་་་་་་་་་་་་་་ ཟེར།

  27. ཀརྡོ་རབ་འབྱམས་པ་ says:
    2020-12-24 at 10:24 pm

    ཊོ་རོམ་ནི། ཚོང་ཤུགས་ཀྱིས་ཐོག་ནས་སྲིད་སྟེགས་སུ་འཛེགས་པ་རེད། སྤྱིར་སྟངས་ཁོ་ལྐུགས་སང་ངེ་ཐོག་ལ། མི་དྲང་པོ་ཞིག་ཀྱང་རེད་དེ། ཆབ་སྲིད་ཀྱི་ཁོག་རྒྱ་རིང་པོ་མེད་པ་དང་གཅིག རང་ཕྱོགས་ལ་ངོ་ཚ་ཁྲེལ་མེད་ཐོག་ནས་ཕན་བཏགས་ཐུབ་མཁན། ང་ཚོའི་སྲིད་སྐྱོང་གིས། ཉི་སྟོང་བཅུ་དྲུག་ནས་བྱས་པ་དང་གཅིག་མཚུངས་རེད། གཞན་ཕྱོགས་ལ་སྡང་གཟུགས་བྱེད་སྟངས་ཡང་བློ་སེང་དང་གཅིག་པ་རེད། ད་ཁོང་གཉིས་ཀ་འཁྱུར་རན་པ་སོང་ཙང་མི་མངས་ཚོ་བློ་བདེ་པོར་བྱས་ནས་སྡོད་ཨ།

  28. བཀྲ་ཤིས། says:
    2020-12-25 at 9:12 am

    ཆུ་གཅིག་ལ་རིགས་དྲུག་གི་མཐོང་སྣང་མི་མཐུན་པ་བཞིན་དུ་ཆོས་དང་སྲིད་གང་སྤྱིའི་ཐད་ལ་རྩོད་གཞི་གཅིག་གི་སྟེང་དུ་རྩོད་ལུགས་མི་མཐུན་པ་འབྱུང་བ་འདི་ཆོས་ཉིད་ཡིན་པ་འདྲ། དཔེར་ན་ཆུ་གཅིག་ལ་ཡང་དམྱལ་བའི་སེམས་ཅན་གྱི་ཁྲོ་ཆུ་འཁོལ་མ་མཐོང་བ་དང། ཡི་དག་གི་མཐོང་ངོར་རྣག་ཁྲག་ མི་ཡི་མཐོང་ངོར་ཆུ། ལྷ་ལ་བདུད་རྩི། སངས་རྒྱས་བྱང་སེམས་རྣམས་ནས་མ་མ་ཀིར་གཟིགས་པ་སོགས་མཐོང་གཞི་གཅིག་ལ་མཐོང་ལུགས་མི་འདྲ་བ་བཞིན་དུ་རྩོད་གཞི་ Trump འདི་ལ་ཡང་མི་མཐུན་པའི་རྩོད་པ་འབྱུང་བཞིན་པ་གཙོ་བོ་ནི་རྒྱལ་གཅེས་པ་ཚོས་སྲིད་འཛིན་གི་ཡོན་ཏན་དང། ཁ་གཏད་ཚོགས་པའི་སྲིད་འཛིན་ལ་ཡོན་ཏན་སྣ་གཅིག་མེད་པ་སྐྱོན་གྱི་གོང་བུར་མཐོང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཡིན་པ་འདྲ། དེས་ན་རྒྱལ་གཅེས་པ་དང་ཡང་ན་ཁ་གཏད་ཚོགས་པ་གང་རུང་ཞིག་གིས་ཆུ་ལ་ཆུར་མི་མཐོང་ནས་རྣག་ཁྲག་དང་ཁྲོ་ཆུ་འཁོལ་མ་མཐོང་བ་རེད།

  29. རྭ་འཕྲིན says:
    2020-12-25 at 1:36 pm

    རྒྱའོ་བྷེ་ཌིན་རྒྱལ་ན་རྒྱ་ནག་རྒྱལ་སོང་བ་རེད། ཁོའི་རྒྱབ་ལོག་གི་གོ་སྒྲིག་པ་Deep State ནང་གི་རུལ་སུངས་བ་ཚོ་རྒྱལ་སོང་བ་རེད། བྷེ་ཌིན་ལས་ངན་པོ་ཁོང་ཚོས་རྩེད་ཆས་ཙམ་རེད།
    ཊོམ་ཕི་ཕམ་སོང་ན་བདེན་པ་ཕམ་སོང་བ་རེད། རང་དབང་ཕམ་སོང་བ་རེད། ཨ་རི་ཕམ་སོང་བ་རེད། མི་དམངས་ཕམ་སོང་བ་རེད། མདོར་བསྡུས་ན་དེ་རེད།

  30. རྭ་འཕྲིན says:
    2020-12-25 at 1:38 pm

    བན་དེ་བ། ངའི་སྲིད་འཛིན་ཊོམ་ཕི་ལ་ཞིབ་འཇུག་གང་ལ་གང་ཙམ་བྱས་ཡོད། དེ་ཙམ་གྱིས་ང་མགོ་སྐོར་གཏོང་ཐུབ་གི་མ་རེད། དེའི་མི་ཚད་ཚད་མཐོད་ཡོད་མཁན་ཞིག་ཡིན།

  31. བཞག་ལྡོམ་ལྗང་ལོ་། says:
    2020-12-25 at 5:26 pm

    ཁྱེད་ཀྱིས་ཁྲོ་ཐུང་སྐོར་ལ་ཞིབ་འཇུག་ཡག་པོ་བྱས་ཡོད་པས་ངས་ཁྱེད་ལ་དྲི་བ་ཉུང་ཙམ་བྱེད་། ༡༽ཐེབས་རྩ་ཁང་གང་ཞིག་གིས་དངུལ་བསླངས་བ་རང་གི་དངུལ་ཁུག་ཆེད་མ་ཡིན་པར་གཞན་པའི་ཆེད་དུ་་གཏོང་དགོས་ཀྱི་ཡོད་། ཁྲོ་ཐུང་ཐེབས་རྩང་ཁང་གིས་སུ་ཆེད་དུ་ཞལ་འདེབས་བེད་སྤྱོད་བྱས་འདུག་།?
    ༢༽ཁྲོ་ཐུང་གི་campaign གྱིས་Nazi མཚོན་རྟགས་བེད་སྤྱོད་བྱས་དགོས་བ་གང་ཡིན་ནམ་།?
    ཁྲོ་ཐུང་གིས་ལོ་ངོ་བཞི་ཙམ་ལ་སྲིད་འཛིན་བྱེད་པའི་སྐབས་འདིར་། ཨ་རིར་ཁྲིམས་མཐུན་(Legal Immigrants) གཞིས་སྤོ་བ་རྒྱ་ཆ་ལྔ་བཅུ་ཟིན་ཙམ་མར་བཅགས་ཡོད་པ་དེའི་ནང་ན་བོད་པ་གང་ཙམ་ཡོད་པ་ཡིན་པས་། ཁྱེད་ཉིད་ཨ་རིར་ཡོང་སྐབས་ཀྱི་ལུས་སེམས་ཟུང་གི་ཉམས་མྱོང་གཞིར་བཞག་ནས་བོད་མི་དེ་ཚོར་ཁྲོ་ཐུང་སྲིད་འཛིན་བྱེད་ན་བཟང་ཚུལ་གང་ཞིག་བཤད་ཀྱི་ཡོད་དམ་།?
    ཨ་རིའི་ཕྱོགས་་རིས་ཅན་ཚོའི་ལྟ་ཚུལ་ལས་རྒལ་ནས་རྒྱལ་སྤྱིའི་རྒྱ་ནག་ལ་རྒྱུས་མངའ་ཡོད་པ་ཚོས་བཤད་ན་རྒྱ་ནག་ལ་དགོས་བའི་སྲིད་འཛིན་ནི་ཁྲོ་ཐུང་རེད་ཟེར་། རྒྱུ་མཚན་ནི་། ཁྲོ་ཐུང་གིས་ཨ་རིའི་མནའ་མཐུན་རྒྱལ་ཁབ་ཚོའི་བར་འགལ་བྱས་བར་བབརྟེན་ནས་རྒྱ་ནག་གིས་མ་རྩའི་་ཁྲོམ་ར་དང་དམག་དོན་རང་དབང་ངང་རྒྱལ་སྤྱིའི་སྟེང་རྒྱ་སྐྱེད་བྱེད་ཀྱི་ཡོད་ཟེར་།

  32. རྭ་འཕྲིན says:
    2020-12-25 at 6:32 pm

    བཞག་ལྡོམ་ལགས་ནས་དྲ་བ་ཁ་ཤས་དྲིས་འདུག གནད་འགག་གཅིག་ཀྱང་མཐོང་མ་སོང་མོད། ལན་མ་བརྒྱབ་ན་གུས་མེད་འདྲ་བོ་ཞིག་ཆགས་སོང་།
    ཐེབས་རྩ་ཚོགས་པའི་དངུལ་ཅི་ལྟར་བེད་སྤྱད་ན་དེ་ཚོགས་པའི་རང་དབང་རེད། གཙོ་བོ་རུལ་སུངས་མིན་ན་འགྲིག་བསྡད་ཡོད་རེད། རྒྱལ་ཁབ་དང་འབྲེལ་བ་ཡོད་མ་རེད།
    campaign མཚོན་རྟགས་དེ་ནཱ་ཛིའི་མཚོན་རྟགས་འདྲ་བོ་འདུག་ཟེར་ནས་གཞི་མེད་སྐྱོན་འཛུགས་བྱེད་ཀྱིན་ཡོད་རེད། ནཱ་ཛིའི་མཚོན་རྟགས་ཐིག་ན་ཨ་རིའི་རྒྱལ་དར་མེད་པ་མི་ཤེས་སམ།
    legal immigration ཉུང་རུ་བཏང་ན་ཨ་རི་ལ་ཕན་གི་རེད། ཡུ་རོབ་ལ་ལྟོས་དང་ཤེས། ཁ་ཆེ་བའི་ཁེངས་བསྡད་ཡོད་རེད། དེ་ཚོ་ཚང་མ་ཁྲིམས་མཐུན་ཐོག་ཡོང་བ་རེད། legal immigration རེད། ཊོམ་ཕི་མཆོག་གི་དམིགས་ཡུལ་གཙོ་བོ་དེ་ཁ་ཆེ་བ་དང་རྒྱ་མི་གཉིས་འགོག་རྒྱུའི་ཆེད་དུ་རེད། བོད་པ་ལ་སྐྱོན་གི་མ་རེད། འོན་ཀྱང་དེ་གཉིས་རིགས་སུ་བཀར་ཏེ་འགོག་ས་འགྲོ་ནི་མ་རེད། འདིའི་མིང་ལ་རྣམ་དཔྱོད་ཟེར།
    རྒྱ་དོན་རྒྱ་ཡིས་ཤེས། རྒྱལ་སྤྱིའི་རྒྱ་དོན་མཁས་བ་ཟེར་བ་དེ་མིང་ཙམ་རེད། ཁྱོད་གཡོན་ཕྱོགས་པའི་ཕྱིས་རྣམ་པ་ཙམ་གྱིས་མགོ་སྐོར་འོག་ལ་ཤོར་འདུག་སྙམ།
    རྩོད་པ་རྒྱག་གི་མེད། བསམ་བློ་གཏོང་ཕྱོགས་ལ་ཅུང་ཙམ་ཕན་ཨེ་ཐོག་བསམ་པ་ཙམ་མོ།

  33. བཞག་ལྡོམ་ལྗང་ལོ་། says:
    2020-12-26 at 2:04 pm

    ངའི་དྲི་བར་ལན་དང་བསམ་ཚུལ་བཤད་པར་གུས་ཞབས་ཡོད་། ལྷག་པར་ངས་ཁྱེད་མི་ཤེས་ཤིང་ཁྱེད་ཀྱིས་ང་མི་ཤེས་བས་ཁྱེད་ཀྱི་རྩོམ་ནས་བདེན་པ་འཚོལ་བ་ལས་གང་ཟག་སྒེེར་ལ་རྩོད་པ་བྱེད་ཀྱི་མེད་ལ་ཚིག་ངན་དེ་བས་བཤད་འདོད་མེད་གསལ་བཤད་ཡིན་།
    
༡༽ཐེབས་རྩ་ཚོགས་པའི་དངུལ་”གཙོ་བོ་རུལ་སུངས་མིན་ན་འགྲིག་བསྡད་ཡོད་རེད་།” ཟེར་བ་བདེན་གི་། ཡིན་ཡང་ཁྲོ་ཐུང་དེའི་སྐོར་ནས་རུལ་སུངས་སུ་གྱུར་འདུག་པ་ནེའུ་ཡོག་ཉེན་རྟོག་གི་དྲྭ་ཚིགས་ན་གསལ་བོ་འདུག་པ་འདི་རེད་།
    Donald J. Trump Pays Court-Ordered $2 Million For Illegally Using Trump Foundation Funds  | New York State Attorney General

    ༢༽ Nazi མཚོན་རྟགས་ཡོད་པ་གསལ་བོ་མ་ཤེས་ན་འདི་ན་མེ་ལོང་བཞིན་འདུག་། https://mobile.twitter.com/jewishaction/status/1273482511918616578/photo/1?prefetchtimestamp=1609007089490
༣༽ ཁྱེད་རང་ཨ་རིར་སླེབས་ན་བོད་མི་གཞན་པ་ཡོང་མ་ཐུབ་ན་སྐྱོན་ཡོད་ས་མ་རེད་། གང་ལྟར་legal immigration་སྐོར་”ཊོམ་ཕི་མཆོག་གི་དམིགས་ཡུལ་གཙོ་བོ་དེ་ཁ་ཆེ་བ་དང་རྒྱ་མི་གཉིས་འགོག་རྒྱུའི་ཆེད་དུ་རེད།” སྐད་ཆ་འདི་དོན་དངོས་སུ་འགལ་པ་བཤད་ན་།༡༽ ཁྲོ་ཐུང་གིས་ཁ་ཆེ་རྒྱལ་ཁབ་བདུན་བཀག་འདོམས་བྱས་བའི་ནང་ལ་Saudi་མེད་པ་དང་། རྒྱལ་ཁབ་དེ་ནི་འཇིག་སྐུལ་བའི་བསམ་བློ་དང་དངུལ་གྱི་རྒྱབ་སྐྱོར་ཡོང་ཁུངས་གཙོ་བོ་ཡིན་པ་མ་ཟད་། ཨ་རིའི་ས་ནས་9/11 རྗེས་སུ་རྒྱལ་ཁབ་གཞན་པའི་ཁ་ཆེས་འཇིགས་སྐུལ་བྱས་མཁན་དང་བོ་Saudi ནས་ཡིན་པ་FBI དྲྭ་བ་ན་འདུག་འདི་རེད་།
    Air Base Shooting an ‘Act of Terrorism’ | Federal Bureau of Investigation
    ཡིན་ཡང་རྒྱལ་ཁབ་དེ་ནི་ཁྲོ་ཐུང་གི་དངུལ་ཁུ་ལ་འབྲེལ་བ་ཡོད་པས་བཀག་འགོག་བྱེད་པའི་ཚབ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་།
    ༤༽ རྒྱའི་སྐོར་ནས་ཁྲོ་ཐུང་ནང་མིས་EB-5 visa་ཟེེར་བ་རྒྱའི་འབྱོར་ལྡན་པ་དང་བུ་མེད་མངལ་འཁོར་བ་ཚོར་ལས་སླ་བོ་བྱས་ནས་ཡོང་ཆོག་པ་བྱེད་ཀྱི་པ་འདི་རེད་། https://www.washingtonpost.com/world/in-a-beijing-ballroom-kushner-family-flogs-500000-investor-visa-to-wealthy-chinese/2017/05/06/cf711e53-eb49-4f9a-8dea-3cd836fcf287_story.html
    མཐའ་མ་། ངས་བཀོད་དེ་རྣམས་ཁྱེད་ཀྱིས་གཡས་ཕྱོགས་པ་བཤད་སྲིད་། གང་ངའ་ལྟས་ན་ཁྱེད་ཀྱི་བསམ་བློ་ཡོང་ཁུངས་དང་གཞི་བཅོལ་ས་ ཁྲོ་ཐུང་གི་Twitter དད་Steve Bannon་། Guo Wengui 郭文贵; ད་དུང་Nigel Farage་དང་Fox ཁོ་ན་མིན་པའི་རེ་བ་ཡོད་། གནས་ལུགས་འཚོལ་བའི་ཤེས་ཡོན་པ་ཚོར་ནམ་ཡང་ངའ་ཕྱོགས་སྒོ་མོ་ཕྱེ་ནས་ཡོད་།

  34. བཞག་ལྡོམ་ལྗང་ལོ་། says:
    2020-12-26 at 2:10 pm

    https://ag.ny.gov/press-release/2019/donald-j-trump-pays-court-ordered-2-million-illegally-using-trump-foundation

    https://www.fbi.gov/news/stories/naval-air-station-pensacola-shooting-called-act-of-terrorism-

    https://en.wikipedia.org/wiki/
    Executive_Order_13780

  35. རྭ་འཕྲིན says:
    2020-12-27 at 8:30 pm

    བཀའ་དྲིན་ཆེ་བཞག་ལྡོམ་ལགས།
    ཐེབས་རྩ་རུལ་སུངས་ཟེར་ན་དེ་འདྲ་བ་ཞིག་ལ་ཟེར་གྱིན་མེད། Clinton Foundation འདྲ་བོ་ཡིན་ན་ད་གཟོད་རུལ་སུངས་རེད་ཟེར་ཆོག་སྙམ། ས་ཡ་སྟོང་ཕྲག་མང་པོ་ཡོང་ཁུངས་གཙང་མ་ཡོད་མ་རེད།
    ཟུར་གསུམ་ཐམས་ཅད་ལ་ནཱ་ཛིའི་མཚོན་རྟགས་རེད་ཟེར་དགོས་ན་ཅུང་ཐད་དྲག་པ་ཨེ་ཡིན་ན། གཙོ་བོ་ཁོས་བྱ་སྤྱོད་དང་ཀུང་སློང་གང་འདྲ་ཡིན་མིན་དེ་གལ་ཆེན་པོ་རེད། ཁོ་རྒྱལ་གཅེས་བ་ཞིག་རེད།
    ཁ་ཆེ་བ་འགོག་ན་ཡོད་དོ་ཅོག་འགོག་དགོས་ཡོད་མ་རེད། ཚང་མ་བགག་ན་འགྲིག་གི་མ་རེད། ཐབས་ལ་མཁས་བ་ཞིག་བྱེད་དགོས་བ་རེད་བསམ།
    EB-5 Visa ཟེར་བ་དེ་ཁྱོད་རྦད་དེ་ནོར་འདུག་བསམ་སོང་། འདིར་ལྟོས་དང་གསལ།
    https://en.m.wikipedia.org/wiki/EB-5_visa
    རྒྱ་ནག་གོང་ཁྲན་ཏང་གི་ཏང་ཡོན་ཞིག་ཡིན་ཕྱིན་ཚང་མ་བཀག་ཟིན་པ་རེད། རང་ཉིད་གཅིག་པུ་མ་ཡིན་པ། འཁོར་དང་བཅས་བ་བཀག་ཚར་རེད། དེ་གོ་ཡོད་དམ། རྒྱ་ནག་གི་དཔིན་རིགས་ཚོར་མཚོན་ན་སྲིད་ཇུས་འདི་སྙིང་ཁར་གྲིས་བརྒྱབ་པ་ནང་བཞིན་གནོད་ཡོད་རེད།

  36. བཞག་ལྡོམ་ལྗང་ལོ་། says:
    2020-12-27 at 8:48 pm

    བདེན་པའི་ལྡོག་ཕྱོགས་ནས་ལངས་ན་སྐད་ཆ་བཤད་ས་ཡོད་ནི་མ་རེད་། གང་ལྟར་བསམ་ཚུལ་ཁོ་ན་བཤད་པར་བཀྲ་ཤིས་བདེ་ལེགས་ཡོད་།

  37. རྭ་འཕྲིན says:
    2020-12-27 at 9:06 pm

    ངའི་བཤད་དོན་གཙོ་བོ་དེ་ཊོམ་ཕི་སྐྱོན་ཀུན་བྲལ་ཞིག་ཡིན་ཟེར་གི་མེད། ཐེངས་འདིའི་སྲིད་འཛིན་ལ་ཁོ་ལ་མ་ཐོབ་ན་ཨ་རིའི་དམངས་གཙོ་དང་རང་དབང་སོགས་མེད་པ་ཆགས་རྒྱུ་རེད་ཟེར་བ་དེ་ཡིན། བདེན་པའི་རྒྱ་རྩར་ལངས་ན་ཁོ་རྒྱབ་སྐྱོར་བྱེད་དགོས་བ་རེད། ཡིན་ཙང་ངའི་རྩོམ་དང་པོ་ཁ་དང་པོའི་ནང་ལ་༧ གོང་ས་མཆོག་དང་ཁོང་གཉིས་མཇལ་འཕྲད་གནང་ཐབས་བྱ་དགོས་བ་ཟེར་བ་ཡིན། གཉིས་པའི་ནང་ལ་བོད་པའི་སྐྱབས་གཏད་ས་དེ་ཊོམ་ཕི་སྲིད་གཞུང་རེད་ཞེས་བཤད་པ་ཡིན། གསུམ་པའི་ནང་ལ་ཨ་རི་རུལ་སུངས་རེད། བོད་པ་ཚོའི་ཊོམ་ཕི་ལ་རྒྱབ་སྐྱོར་མ་བྱས་ན་ལས་རྒྱུ་འབྲས་དང་རུང་ས་མ་རེད་ཞེས་བཤད་ཡིན། བཞི་བ་དེ་འདི་རེད། ངའི་ཁོ་ཕམ་སོང་རྩ་བ་ཉིད་ནས་བསམ་གི་མེད། ད་དུང་རེ་བ་ཡོད་རེད།
    བོད་པ་མང་ཆེ་བའི་ཁོ་ལ་རྒྱབ་སྐྱོར་མི་འདུག བྱང་ཙང་ལ་འུ་ཐུག་ནས་འབྲི་ཁུལ་བྱས་བ་ཡིན་མ་གཏོགས་ང་འབྲི་རྒྱུར་དགའ་དྲག་ནས་བྲིས་བ་མ་ཡིན་ནོ།

  38. རྭ་འཕྲིན says:
    2020-12-27 at 9:15 pm

    བྲེལ་བའི་ངང་ནས་ཡིག་ལོག་ཤོར་ཡོད་ན་དགོངས་སེལ་ཞུ།
    གོང་ནས་ལན་གཅིག་བརྗེད་སོང་བ་འདྲ། ངའི་གཞི་འཛིན་ས་དེ་ཊོམ་ཕི་ཁོ་རང་གི་ Twitter ཡིན།
    郭文贵 ཟེར་བ་དེ་དང་པོ་ཨ་རིར་སླེབས་མ་ཐག་རེ་བ་ཞིག་བརྒྱབ་ཡིན། འོན་ཀྱང་ཁོས་ལམ་སང་རྐུབ་བཏོན་སོང་། ངའི་ཁོ་རྒྱ་མའི་གསང་ཉུལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

  39. རྭ་འཕྲིན says:
    2020-12-28 at 9:14 pm

    འདི་ཊོམ་ཕི་སྲིད་གཞུང་གི་བཀའ་དྲིན་རེད། ཤེས་བར་བྱོས།

    https://tibet.net/us-president-trump-signs-tibetan-policy-and-support-bill-cta-recognized-and-funding-for-tibet-provided/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme