Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ཅི་འདྲ་ཞིག་ལ་རྒྱལ་གཅེས་པ་ཟེར་རམ།

Posted on 2015-09-272015-09-27 By ཁ་བརྡ 22 Comments on སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ཅི་འདྲ་ཞིག་ལ་རྒྱལ་གཅེས་པ་ཟེར་རམ།

འཇམ་དབྱངས་དཀར་པོ།
—–《ཀླུ་མཁར་བྱམས་ཀྱི་ངག་བཀྱལ་ལ་ཉན་རྗེས།》

 
༧གོང་ས་མཆོག་མ་སུ་རི་ལ་ཕེབས་པ་དང་ནེ་ཧཱ་རུ་ཆེད་དུ་མཇལ་ཁར་བཅར། ཁོང་གཉིས་ཀྱིས་མ་འོངས་པར་བོད་མིའི་གཞིས་ཆགས་འཛུགས་ཕྱོགས་དང་། བྱིས་པ་སློབ་གྲྭར་གཏོང་ཕྱོགས་སོགས་ལ་བགྲོ་གླེང་གནང་། དེ་ཙམ་དུ་མ་ཟད་༧གོང་ས་མཆོག་གིས་བོད་མིའི་”བཙན་བྱོལ་སྲིད་གཞུང་”འཛུགས་དགོས་པའི་དགོངས་ཚུལ་བཤད་པར། སྲིད་བློན་ནེ་ཧཱ་རུ་སྐུ་རླུང་དྲག་པོ་བཞེངས་ཏེ་ཕྱིར་དྷི་ལིར་ཕེབས། འོན་ཀྱང་ནེ་ཧཱ་རུ་རླུང་ལངས་མིན་ལ་མ་བལྟས་པར་༧གོང་ས་མཆོག་གིས་གལ་ཆེན་དོན་ཆེན་དུ་གཟིགས་ནས་བཙན་བྱོལ་བོད་གཞུང་བཙུགས་པ་མ་ཟད། རིམ་བཞིན་བཅོས་བསྒྱུར་གྱིས་དམངས་གཙོ་ཡང་དག་པའི་ལམ་ལ་ཁྲིད་དེ། དེང་སྐབས་འཛམ་གླིང་ན་བཙན་བྱོལ་བ་འདྲ་འདྲའི་ནང་ནས་ཆེས་ཚགས་ཚུད་ཅིང་། ཕྱིའི་རོགས་རམ་ཁག་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོན་ཡོད་པའི་བཙན་བྱོལ་བ་ཨང་དང་པོ་དེ་ཆགས་ཡོད།

རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་བ་རྣམས་མི་ཚང་གཅིག་གཉིས་རེ་རྒྱ་གར་གྱི་མངའ་སྡེ་སོ་སོའི་ཡུལ་མིའི་ནང་འགྲེམས་འཇོག་བྱེད་འཆར་དེའི་མཇུག་འབྲས་ཧ་ཅང་ཚབས་ཆེན་དུ་གཟིགས་ནས། ༧གོང་ས་མཆོག་གིས་བོད་མིའི་ཡུལ་སྲོལ་གོམས་གཤིས་མི་ཉམས་ཡུན་གནས་ཆེད། བོད་མི་བཙན་བྱོལ་བ་རྣམས་མཉམ་འདུས་ཀྱི་གཞིས་ཆགས་ཡོད་དགོས་པའི་རེ་འདུན་ཤུགས་ཆེར་བཏོན་ཏེ། རྒྱ་གར་གྱི་མངའ་སྡེ་ཁ་ཤས་ནང་ཁག་བགོས་ཀྱིས་གཞིས་ཆགས་བཙུགས་ཏེ། ལོ་ངོ་ལྔ་བཅུ་ཕྱིན་པའི་དུས་དེ་རིང་ཡང་མི་ཡུལ་ན་རང་རིགས་བོད་མིའི་ངོ་བོ་མ་བརླག་པར་གནས་ཐུབ་ཡོད།

བཙན་བྱོལ་དུ་འབྱོར་མ་ཐག་པའི་བྱིས་པ་རྣམས་སློབ་གྲྭ་གཏོང་ཕྱོགས་ཐད་རྒྱ་གར་གཞུང་གིས་བསམ་བློ་ཧ་ཅང་སྟབས་བདེ་བཏང་ཡོད་དེ། བོད་ཕྲུག་རྣམས་རྒྱ་གར་གྱི་སློབ་གྲྭ་སོ་སོར་བགོ་འགྲེམས་བྱེད་རྒྱུ་དེ་རེད། འོན་ཀྱང་༧གོང་ས་མཆོག་གིས་དེ་ལུགས་ཞལ་བཞེས་མ་གནང་བར། བོད་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་རྒྱུད་འཛིན་ཡིན་པས། ངེས་པར་དུ་དེང་རབས་ཤེས་ཡོན་དང་བོད་ཀྱི་རིག་གནས་སྦྱང་ས་ཡོད་པའི་སློབ་གྲྭ་ཟུར་འཛུགས་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བར། གཞིས་ཆགས་དང་སློབ་ཕྲུག་བགོ་འགྲེམས་བྱེད་སྟངས་སོགས་ཀྱི་ཐད་ནས། ནེ་ཧཱ་རུས་༧གོང་ས་མཆོག་ལ་བཀའ་བཀྱོན་ཐེངས་ཁ་ཤས་བཏང་ཡོད་པར་མ་ཟད། ་”ཁྱོད་མི་ཧམ་པ་ཅན་ཞིག་རེད་”ཅེས་ཀྱང་བཤད་ཡོད། ཡིན་ན་ཡང་༧གོང་ས་མཆོག་རྒྱ་གར་གཞུང་གི་སྲིད་ཇུས་ཀྱི་ཁ་གཏད་དུ་ལངས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མིའི་སྐད་ཡིག་སྦྱང་སའི་སློབ་གྲྭ་ཁག་ཟུར་དུ་བཙུགས་ཏེ། རྒན་རྗེས་ཕྱི་རབས་པས་སྐྱོང་ཐུབ་པའི་མི་སྣ་སྟོང་ཕྲག་མང་པོ་བསྐྱེད་སྲིང་གནང་ཡོད།

༧གོང་ས་མཆོག་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་རྒྱ་གར་གཞུང་ལ་རེ་སྐུལ་གནང་སྟེ། བོད་ཀྱི་སྲོལ་རྒྱུན་སློབ་གཉེར་གྱི་བསྟི་གནས་གདན་ས་ཁག་དང་བཤད་གྲྭ་ཁག་བཙུགས་ནས། ལོ་ངོ་ལྔ་བཅུའི་རིང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་དེ། རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་བྱས་ཡོད་སྐད་ཀྱི་དྲིལ་བསྒྲགས་དང་བསྡུར་ན། ༧གོང་ས་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་འཛམ་གླིང་སྨོན་པ་འཆོར་བའི་བོད་ཀྱི་ཆོས་རིག་ཡང་དག་པ་དེ། ཧ་ཅང་སྤུས་ཚད་དག་ཅིང་ཚན་རིག་དང་མཐུན་པའི་ཡར་རྒྱས་གོང་སྤེལ་དང་མི་ཉམས་རྒྱུན་འཛིན་གནང་ཡོད།
སྐུ་ལས་ཚད་མེད་བརྒྱབ་སྟེ་བཙན་བྱོལ་བོད་གཞུང་བཙུགས་ནས་དམངས་གཙོར་བསྒྱུར་བ་དང་། དགུང་ལོ་ ༡༦ ནས་ ༨༠ བར་འཛམ་གླིང་གང་སར་ཕེབས་ཏེ་བོད་ཀྱི་ཆོས་རིག་གི་རིན་ཐང་དང་། བོད་ཀྱི་ཛ་དྲག་པའི་གནས་སྟངས་འགྲེལ་བརྗོད་གནང་བ། ལྷག་བསམ་རྣམ་དག་གིས་སྲིད་དབང་ཡོངས་རྫོགས་མི་མང་ལ་གནང་བ་འདི་ཁོ་ནའི་ངོ་མཚར་གྱི་མཛད་པ་ཡང་བསམ་ཡུལ་ལས་འདས་ཤིང་། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཡོད་ཚད་བློས་བཏང་བ་འདི་ལས་ལྷག་པའི་རྒྱལ་གཅེས་པའི་མཚན་གཞི་ཅི་ཞིག་འཇོག

འོན་ཀྱང་ཀླུ་མཁར་བྱམས་དང་གཞོན་ནུ་ལྷན་ཚོགས་ཀྱི་མིག་ལམ་ན། རང་ཕ་གསོད་པའི་དམེ་བོ་དང་རང་ཡུལ་འཕྲོག་པའི་ཇག་པ་གུང་ཁྲན་ཏང་ལས་ཀྱང་། ཆོས་སྲིད་ནོར་གསུམ་གྱི་དྲིན་གྱིས་སྐྱོང་མཁན་ཏཱ་ལའི་བླ་མ་མཆོག་དགྲ་རུ་མཐོང་སྟེ། “རྒྱལ་བཙོང་བ་”ཡིན་རབས་ཀྱི་ཐན་སྐད་སྒྲོག་པར་བྱེད། རང་གི་མི་ཚེ་གང་བོ་རྒྱལ་ཁབ་དང་མི་རིགས། སྐད་ཡིག་དང་རིག་གཞུང་གི་ཆེད་དུ་བློས་གཏོང་མཁན་གྱི་སྐྱེས་བུ་ཁོང་”རྒྱལ་བཙོང་བ་”ཡིན་ན། རྒྱལ་གཅེས་པ་ཟེར་བའི་ས་མཚམས་དེ་ཇི་ལྟར་འཇོག་དགོས་སམ།

རང་བཙན་ཁ་ལ་འཁྱེར་བའི་མིའུ་ཁྱེད་ཚོའི་མཐོང་སྣང་ལ། འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གཉིས་གློ་མོན་ཐང་གི་དམག་སྒར་དུ་སོང་ནས་དགྲ་ཕྱོགས་ལ་མེ་མདའ་སྟོང་པ་ཁ་ཤས་བརྒྱབས་མྱོང་བ་དེ་དང་། ཀླུ་མཁར་བྱམས་ཀྱིས་རང་གི་གསང་བ་གསང་མ་ཐུབ་པར་ལོ་ཤས་བཙོན་དུ་ཚུད་པ་དེ་ཙམ་གྱིས་ཁོ་ཚོ་རྒྱལ་གཅེས་པ་ཆགས་སོང་བ་རེད་དམ། མཁྱེན་ལྡན་པ་ཁྱེད་ཚོའི་བློ་ངོར་”སྲིད་དོན་རིག་པའི་ཁྱབ་ཁོངས་”ཀྱི་རྒྱལ་གཅེས་པའི་མཚན་ཉིད་དེ་ཅི་འདྲ་ཞིག་ལ་ངོས་བཟུང་ཡོད།

ཀླུ་མཁར་བྱམས་ཀྱིས་”སྲིད་དོན་རིག་པའི་ཁྱབ་ཁོངས་”ཞེས་རང་གི་ཤེས་ཚད་ལས་བརྒལ་བའི་སྐད་ཆ་ཞིག་བདག་པོ་མ་བརྒྱབ་པར་བར་སྣང་ལ་གཡུག་སོང་། ཁྱོད་ཀྱི་སྲིད་དོན་རིག་པ་དེ་ཇི་ལྟར་སྦྱངས་པ་ཡིན། མྱི་རྐྱང་གདོང་སྣའི་སྐད་ཆ་ལྡོམ་པོ་དེ་ཚོ་མིན་ལས་ཆེ། ཇི་ལྟར་བཤད་ཀྱང་ཀླུ་མཁར་བྱམས་ཀྱིས་བོད་ཡིག་དང་རྒྱ་ཡིག་གཉིས་རང་རྐྱ་མི་འཕེར་བ་དང་། དབྱིན་ཡིག་མི་ཤེས་པའི་གནས་སྟངས་དེའི་འོག་ནས་”ཆབ་སྲིད་རིག་པའི་ཁྱབ་ཁོངས་”རྒྱ་ཆེན་པོ་དེ་ཇི་ལྟར་ཤེས་སོང་བ་རེད། རང་གི་བྱིས་པ་དང་སྐྱེས་དམན་གསོ་མི་ཐུབ་པའི་ཀླུ་མཁར་བྱམས་༢༠༡༦ ལོའི་སྲིད་སྐྱོང་ལ་ལངས་དགོས་ཚུལ་བཤད་དེ། མདུན་ལ་ཕུད་རྒྱག་གཏོང་མཁན་གྱི་མིའུ་སུ་སུ་ཡོད།

མདོར་བསྡུས་ན། ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་”རྒྱལ་བཙོང་བ་”རེད་ཅེས་པའི་སྐད་ཆ་དེ། བོད་རང་བཙན་གཙང་མ་འདོད་མཁན་དང་རྩོད་མཁན་ཡིན་ཟེར་མཁན་ཡོད་ཚད་ཀྱི་ཚབ་མཚོན་སྐད་ཆ་ཞིག་ཡིན།

བསམ་ཚུལ།

Post navigation

Previous Post: ཁྲི་གཡུང་དྲུང་གིས་བརྩམས་པའི་བརྡ་སྤྲོད་གཟི་མིག་དགུ་པ།
Next Post: ང་དང་སྤྱི་འཐུས། ཉལ་ཁའི་བསམ་གཞིག

Comments (22) on “སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ཅི་འདྲ་ཞིག་ལ་རྒྱལ་གཅེས་པ་ཟེར་རམ།”

  1. ཅོ་རི་ཉི་མ། says:
    2015-09-27 at 10:49 am

    ༧རྒྱལ་བ་རིན་པོ་ཁོང་རང་རང་གིས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པའི་དབུ་འབྱེད་ཐོག་ཏུ་འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་ལུང་པ་བསྐྱལ་མཁན་ཡིན་ཟེར་ནས་གསུངས་སོང་། ཁོང་གིས་ངོས་ནས་བོད་ལུང་པ་བསྐྱལ་མཁན་ཡིན་གསུངས་ཀྱི་ཡོད་པ། དེ་ཡང་ཆབ་སྲིད་རིག་པའི་ཁྱབ་ཁོངས་ཀྱི་ངོས་ནས་བོད་ལུང་པ་བསྐྱལ་མཁན་ཡིན་གསུངས་བ་མ་རེད་དམ།

    ༧རྒྱལ་བ་རིན་པོ་ཆེན་ཁོང་རང་གིས་ངོས་ནས་ཁོང་རང་བོད་ལུང་པ་བསྐྱལ་མཁན་གྱི་ཟོལ་འདྲ་ཞིག་ངོས་འཛིན་གནང་གི་འདུག་ག
    https://www.youtube.com/watch?v=dU–NS-tRb4

  2. ཅོ་རི་ཉི་མ། says:
    2015-09-27 at 10:54 am

    ལྷག་པ་ཏུ་༧རྒྱལ་བ་རིན་པོ་ཆེན་གྱིས་སྤེན་ཚེའི་ཕྱོགས་སུ་ཕར་ཁ་འཁོར་ནས་གོ་གོ་ཐོས་ཐོས་བཟོས་ནས་བོད་ལུང་པ་བསྐྱལ་མཁན་ཟོལ་འདྲ་ཞིག་ཡིན་ཟེར་ནས་གསུངས་སོང་། སྤེན་ཚེའི་ཨ་ཕྲུག་ཚོས་ཀྱང་གོ་ཡོད་དགོས་ངེས་ཡིན།

  3. ཅོ་རི་ཉི་མ། says:
    2015-09-27 at 11:01 am

    ༧རྒྱལ་བ་རིན་པོ་ཆེན་ཁོང་གིས་ཁོང་རང་རྒྱལ་བཙོང་བ་ཞིག་ལ་ངོས་འཛིན་གནང་ཐུབ་དུས་ཁྱོད་ཚོས་མི་བཟོད་པ་ཅི་རེད་དམ། དྲང་བདེན་ཟེར་ན་གནང་སྟངས་དེ་འདྲ་ལ་དྲང་བདེན་གྱི་ལམ་དུ་འགྲོ་ཟེར་གི་མ་རེད་པྭེ། རང་སྐྱོན་ངོས་ལེན་བྱས་ཟེར་བ་དེ་འདྲ་ལ་ཟེར་གི་རེད་བ། སྐྱེ་བོ་དམ་པའི་ཁྱད་ཆོས་རེད་བ།

    ཁྱོད་ཚོས་ངོས་ནས་བྱས་ན་༧རྒྱལ་བ་རིན་པོ་ཆེན་བོད་ལུང་པ་བསྐྱལ་མཁན་གྱི་ཟོལ་ཞིག་རེད་དམ་མ་རེད། ཁྱོད་ཚོས་མིན་ཟེར་གྱི་བ་རེད། སྒྲུབ་བྱེད་ལྟ་སྣང་སྟོང་ཕྲག་མང་པོ་བཀོད་འོང་གི་རེད་བ། ཡིན་ཀྱང་༧གོང་ས་མཆོག་ཁོང་རང་རང་གིས་ངོས་ནས་ཁོང་རང་རྒྱལ་བཙོང་བ་ལུང་པ་བསྐྱལ་མཁན་གྱི་ཟོལ་འདྲ་པོ་ཞིག་ངོས་འཛིན་གནང་གི་ཡོད་པར་གསལ་གསལ་དག་དག་རེད་ད།

  4. ཅོ་རི་ཉི་མ། says:
    2015-09-27 at 11:24 am

    རྒྱལ་གཅེས་པ་བསྟན་འཛིན་བསོད་ནམས་ཀྱི་རྩོམ་ཡིག་ལས།
    ༢༠༠༨ ལོར་བོད་ནང་ནས་ཞི་རྒོལ་ཆེན་མོ་བྱུང་བ་དང་བསྟུན་༸གོང་ས་མཆོག་གིས་རྡ་རམ་ས་ལར་སྐོང་འཚོགས་གནང་བའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ “ད་ང་ཚོས་མང་གཙོ་ཆ་ལག་ཚང་བ་ཞིག་གཉེར་བསྡད་པ་རེད་པ། སྐྱོན་བརྗོད་དང་མ་འདྲ་བ་དགོས་ཀྱི་རེད་པ། ད་ལྟའི་གཞོན་ནུ་ལྷན་ཚོགས་ལ་ཅིག་ལྟོས་དང་། དང་པོ་འགོ་བཙུགས་པ་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་དང་མཐོང་ཕྱོགས་ཞེ་དྲག་ཡོད་པ་རེད། ང་རང་གི་གཅེན་པོ་ད་ལྟ་ཕལ་ཆེར་དགོངས་ལོ ༨༥ ཡིན་བསམ་སོང་། ཁྱོད་ཚོས་ཅིག་ལྟོས་དང་། ཁོང་གིས་ང་ལ་བརྗོད་མྱོང་། ངའི་བརྩེ་བའི་གཅུང་པོ། ཁྱེད་ཀྱིས་བོད་ཀྱི་བདག་དབང་བཙོང་སོང་ཞེས་བཀའ་བཀྱོན་གནང་སོང་། གཞན་ཡང་གང་ཟག་སྒེར་བ་མང་པོས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་པ་རེད། ངའི་ཚོར་སྣང་འདི་ད་གཟོད་མང་གཙོ་ཚད་ལྡན་དང་སྤྱི་ཚོགས་གུ་ཡངས་རེད་བསམ་གྱི་འདུག”ཅེས་གསུངས་པའི་གསུང་དུམ་དེ་ལ་ཕྱིར་དྲན་དང་བསྐྱར་ལྟ་གནང་རོགས།་་་་ཅེས་བཀོད་འདུག

    རྒྱ་ལོ་དོན་འགྲུབ་ཀྱིས་ཀྱང་༧གོང་ས་ཏྭ་ལའི་བླ་མ་ལ་རྒྱལ་བཙོང་བ་ཟེར་ནས་བཀའ་བཀྱོན་བཏང་འདུག་ག འདི་ཡང་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་རྒྱལ་བཙོང་བ་རེད་ཅེས་བཤད་ཀྱི་ཡོད་པ་མ་རེད་དམ།

  5. སྐལ་ཚེ། says:
    2015-09-27 at 12:22 pm

    འཇམ་དབྱངས་ལགས་ཁྱེད་ཀྱི་ཡི་གེ་ནག་ནོག་འདིའི་ཀླུ་བྱམས་ཀྱི་རྩོམ་ཡིག་ལ་འགྲན་ཟླ་གཏན་ནས་མི་འདུག ཀླུ་བྱམས་ལ་འགྲན་དགོས་ན་ད་དུང་འབད་འབུང་ཧུར་ཐག་བྱོས།

  6. སྐལ་ཚེ། says:
    2015-09-27 at 12:25 pm

    ཀླུ་བྱམས་ཀྱིས་སྐྲག་དགོས་པའི་སྐད་ཆ་མང་པོ་བཤད་འདུག ད་ནི་ཁོ་རང་སྲོག་མགོ་ཐོན་པའི་ཐབས་ལམ་ལ་འབད་དེ། སྐུ་སྲུང་དམག་མི་མང་ཙམ་བཞག་ན་ལེགས། དཔེར་ན་གུང་ཐང་ཚུལ་ཁྲིམས་ལྟ་བུ་ཨ་ཧ།

  7. ཆུ་ཐིགས་སྔོན་མོ says:
    2015-09-27 at 2:24 pm

    འཇམ་དཀར་ཟེར་བ་འདིས་དེ་རིང་ངག་ཀྱལ་གྱི་ཚིག་ཚོགས་ཤིག་སྤུངས་ནས་ཀླུ་བྱམས་ཀྱི་རྐང་པས་འཐེན་འཁུར་བྱས་འདུག་པ་རང་མཚང་དམར་རྗེན་དུ་བསྟན་པ་ལས་གཞན་ཅི་ཡང་མི་འདུག་་་་འཐེན་ཐུབ་ཚེ་ད་དུང་ཧ་ཅང་གི་བར་ཐག་རིང་གི་ཡ་་་

  8. ཆུ་ཐིགས་སྔོན་མོ says:
    2015-09-27 at 2:25 pm

    དེ་རིང་ཅོ་རིས་ལུང་རིགས་ཀྱི་ལམ་ནས་རྒོལ་ལན་ཡག་པོ་ཞིག་གནང་འདུག་པར་རྗེས་སུ་ཡི་རང་ཡོད་་

  9. ལྷ།བྱ་འཕུར་མ། says:
    2015-09-27 at 7:09 pm

    ཅོ་རིས་ཡག་ཐག་ཆད་ཅིག་ལུངས་འདྲེན་བྱས་འདུག ཚ་བོ་ཚ་བོ་རེད་འདུག

  10. ལྷ།བྱ་འཕུར་མ། says:
    2015-09-27 at 7:13 pm

    ༼དབུ་མ་དད་ལོག་ཚོའི་གསོལ་འདེབས༽

     
    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    རྒྱ་རིགས་སྦྱིན་བདག་མཐོང་ན་འཛུམ་དམུལ་དམུལ།།
    རང་བཙན་རྩོད་མཁན་མཐོང་ན་འདྲེར་བརྩིས་པ།།
    སྲུང་མ་དམར་ནག་གཉིས་ཀྱིས་ཕམ་པར་མཛོད།

     
    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    རྒྱའི་སྒོར་རྡུང་སྟེ་མི་ལོ་བཞི་ཅུ་ཕྱིན།།
    ད་རུང་དམངས་ལ་འགྲུབ་ཡོད་མདོག་མདོག་བཤད།།
    འགྲུབ་ཀྱི་མེད་པའི་དབུ་མའི་རྫུན་རྐུབ་འདི།།
    སྲུང་མ་དམར་ནག་གཉིས་ཀྱིས་གསུང་རོགས་མཛོད།།

     དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    ༸རྒྱལ་བས་གནང་བའི་དམངས་གཙོ་སྲོལ་བཟང་འདིས།།
    དམངས་ཀྱི་ཐོབ་ཐང་གདུགས་ལྟར་བཀུར་བའི་དུས།།
    ༸རྒྱལ་བའི་མཚན་བྱང་བཟུང་ནས་གསོད་པ་འདི།།
    སྲུང་མ་དམར་ནག་གཉིས་ཀྱིས་ལམ་སྟོན་མཛོད།།

    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    བོད་མིའི་ཆིག་སྒྲིལ་དབུ་མ་པ་ཡིས་གཏོར།།
    བོད་ཀྱི་དམངས་གཙོ་དད་ཅན་བླུན་པོས་བསད།།
    ནང་ཁུལ་དཀྲུགས་མཁན་དབུ་མ་དད་ལོག་ཚོ།།
    དམངས་ལ་མགོ་འཐོམ་བཟོ་བའི་སྡིག་པ་ཀུན།།
    སྲུང་མ་དམར་ནག་གཉིས་ཀྱིས་འཇོམས་པར་མཛོད།།

    ༼མཆན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་དབུ་མ་དད་ལོག་ཅན་ཚོས་རང་བཙན་རྩོད་མཁན་ཚོ་འདྲེ་ལྟར་མཐོང་བའི་སེམས་ཚོར་ཤར་མར་བྲིས་པ་དགེ་གྱུར་ཅིག ༽

  11. ལྷ།བྱ་འཕུར་མ། says:
    2015-09-27 at 7:17 pm

    ༼དབུ་མ་དད་ལོག་ཚོའི་གསོལ་འདེབས༽

     
    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    རྒྱ་རིགས་སྦྱིན་བདག་མཐོང་ན་འཛུམ་དམུལ་དམུལ།།
    རང་བཙན་རྩོད་མཁན་མཐོང་ན་འདྲེར་བརྩིས་པ།།
    སྲུང་མ་དམར་ནག་གཉིས་ཀྱིས་ཕམ་པར་མཛོད།

     
    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    རྒྱའི་སྒོར་རྡུང་སྟེ་མི་ལོ་བཞི་ཅུ་ཕྱིན།།
    ད་རུང་དམངས་ལ་འགྲུབ་ཡོད་མདོག་མདོག་བཤད།།
    འགྲུབ་ཀྱི་མེད་པའི་དབུ་མའི་རྫུན་རྐུབ་འདི།།
    སྲུང་མ་དམར་ནག་གཉིས་ཀྱིས་གསུང་རོགས་མཛོད།།

     དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    ༸རྒྱལ་བས་གནང་བའི་དམངས་གཙོ་སྲོལ་བཟང་འདིས།།
    དམངས་ཀྱི་ཐོབ་ཐང་གདུགས་ལྟར་བཀུར་བའི་དུས།།
    ༸རྒྱལ་བའི་མཚན་བྱང་བཟུང་ནས་གསོད་པ་འདི།།
    སྲུང་མ་དམར་ནག་གཉིས་ཀྱིས་ལམ་སྟོན་མཛོད།།

    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    བོད་མིའི་ཆིག་སྒྲིལ་དབུ་མ་པ་ཡིས་གཏོར།།
    བོད་ཀྱི་དམངས་གཙོ་དད་ཅན་བླུན་པོས་བསད།།
    ནང་ཁུལ་དཀྲུགས་མཁན་དབུ་མ་དད་ལོག་ཚོ།།
    དམངས་ལ་མགོ་འཐོམ་བཟོ་བའི་སྡིག་པ་ཀུན།།
    སྲུང་མ་དམར་ནག་གཉིས་ཀྱིས་འཇོམས་པར་མཛོད།།

    ༼མཆན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་དབུ་མ་དད་ལོག་ཅན་ཚོས་རང་བཙན་རྩོད་མཁན་འདྲེ་ལྟར་མཐོང་བའི་སེམས་ཚོར་ཤར་མར་བྲིས་པ་དགེ་གྱུར་ཅིག ༽

  12. ལྷ།བྱ་འཕུར་མ། says:
    2015-09-27 at 7:19 pm

    ༼དབུ་མ་དད་ལོག་ཚོའི་གསོལ་འདེབས༽

     
    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    རྒྱ་རིགས་སྦྱིན་བདག་མཐོང་ན་འཛུམ་དམུལ་དམུལ།།
    རང་བཙན་རྩོད་མཁན་མཐོང་ན་འདྲེར་བརྩིས་པ།།
    སྲུང་མ་དམར་ནག་གཉིས་ཀྱིས་ཕམ་པར་མཛོད།

     
    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    རྒྱའི་སྒོར་རྡུང་སྟེ་མི་ལོ་བཞི་ཅུ་ཕྱིན།།
    ད་རུང་དམངས་ལ་འགྲུབ་ཡོད་མདོག་མདོག་བཤད།།
    འགྲུབ་ཀྱི་མེད་པའི་དབུ་མའི་རྫུན་རྐུབ་འདི།།
    སྲུང་མ་དམར་ནག་གཉིས་ཀྱིས་གསུང་རོགས་མཛོད།།

     དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    ༸རྒྱལ་བས་གནང་བའི་དམངས་གཙོ་སྲོལ་བཟང་འདིས།།
    དམངས་ཀྱི་ཐོབ་ཐང་གདུགས་ལྟར་བཀུར་བའི་དུས།།
    ༸རྒྱལ་བའི་མཚན་བྱང་བཟུང་ནས་གསོད་པ་འདི།།
    སྲུང་མ་དམར་ནག་གཉིས་ཀྱིས་ལམ་སྟོན་མཛོད།།

    དབུ་མ་དད་ལོག་ཅན་ཚོ་ཚུར་གཅིག་གསོན།།
    བོད་མིའི་ཆིག་སྒྲིལ་དབུ་མ་པ་ཡིས་གཏོར།།
    བོད་ཀྱི་དམངས་གཙོ་དད་ཅན་བླུན་པོས་བསད།།
    ནང་ཁུལ་དཀྲུགས་མཁན་དབུ་མ་དད་ལོག་ཚོ།།
    དམངས་ལ་མགོ་འཐོམ་བཟོ་བའི་སྡིག་པ་ཀུན།།
    སྲུང་མ་དམར་ནག་གཉིས་ཀྱིས་འཇོམས་པར་མཛོད།།

    ༼མཆན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་དབུ་མ་དད་ལོག་ཅན་ཚོས་རང་བཙན་རྩོད་མཁན་འདྲེ་ལྟར་མཐོང་བས་སེམས་ཚོར་ཤར་མར་བྲིས་པ་དགེ་གྱུར་ཅིག ༽

  13. དྲི་མེད་ལྷག་བསམ། says:
    2015-09-27 at 11:23 pm

    ༈ དྲང་པོ་བཤད་ན། ༡༽དབུ་མ་དང་རང་བཙན་རྩོད་མཁན་གཉིས་ཀ་རྒྱལ་བཙོང་མ་རེད། རྒྱལ་གཅེས་རེད། བོད་མི་རིགས་ཀྱི་ཆེད་དུ་སོ་སོའི་ངོས་ནས་ཐབས་ལམ་ཆེས་ལེགས་ཤོས་གནང་བ་རེད། ཆབ་སྲིད་ལམ་ཕྱོགས་ལ་སྐྱོན་བརྗོད་འོས་ཀྱང་། ཕན་ཚུན་གང་ཟག་སྒེར་བ་ལ་སྐྱོན་བརྗོད་སུས་ཀྱང་མ་གནང་ན་ལེགས། དབུ་རང་གཉིས་ཀ་མཐུན་ས་ནི་བོད་དོན་རེད། གཅེས་པ་ནི་བོད་རིགས་རེད། འབད་རྩོལ་ནི་བོད་ཀྱི་མདུན་ལམ་ཆེད་དུ་བྱེད་པས། རྒྱལ་གཅེས་རྣམས་ལ་རྒྱལ་བཙོང་ནམ་ཡང་ཟེར་མི་རུང་། བཙན་པོའི་གདུང་རྒྱུད་ལ་རྒྱལ་བཙོང་མེད། མེད་པའི་ཡིད་ཆེས་ཡོད། ༢༽ཕ་རོལ་པོར་སྐྱོན་བརྗོད་བྱས་ཏེ་ལམ་ཁ་བཙལ། ཕ་རོལ་པོ་ཕམ་ན་རང་ལ་མདུན་ལམ་ཆེན་པོ་ཞིག་ཡོད་པར་རློབས་པ་ནི་ནུས་མེད་པ་ཁྲམ་པའི་ལམ་འཚོལ་སྟངས་རེད། རྒྱ་ནག་དམར་ཤོག་དང་། བོད་ཀྱི་བླ་མའི་སྤྱི་ཚོགས་སུ་དར་བའི་སྲོལ་ངན་དུག་ལྟར་སྤང་བྱ་ཞིག་རེད་སྙམ། བྱུང་ན་ལེགས་ཕྱོགས་ཀྱི་ནུས་པ་འགྲན་བསྡུར་གྱིས་རྣམ་པར་རྒྱལ་བའི་ལམ་ཁ་ལ་བསྙེགས་ཐུབ་མཁན་ནི། དཔའ་བོ། འཇོན་པོ། བཟང་སྤྱོད་ཅན། ཀུན་གྱིས་བཀུར་བར་འོས་པ་ཞིག་ལ་ངོས་འཛིན་དང་། དེའི་རྗེས་སུ་འབྲངས་མཁན་རྣམས་ཀྱང་བདེན་པ། དྲང་པོ། གཞན་ཕན་ཅན། ལྷག་བསམ་ཟླ་མེད་ཅན། འགྲོ་བ་མིའི་རིགས་ཕན་བདེའི་ལམ་ཆེན་དུ་གཟུད་པའི་སྐྱེས་བུ་མཆོག་དུ་འགྱུར་བ་སྨོས་མེད་དོ། །ཕྲན་ལྟ་བུ་མི་རིགས་འདྲེས་མ། ཤེས་ཡོན་དབུལ་བ། སྙིང་སྟོབས་ཞན་པ། ཐབས་ལམ་མེད་པ། སྤྱི་དོན་དྲན་མི་ཐུབ་མཁན། ཉི་མ་གཅིག་ལའང་སྲིད་དོན་དུ་ཞུགས་མ་མྱོང་མཁན་ཞིག་ལ་འདི་ལྟ་བཤད་པའི་འོས་མེད་ཀྱང་སེམས་པ་དཀར་པོའི་གཏམ་ཁོ་ནའོ། ། ཆབ་སྲིད་འདི་ལ་ཁ་ལག་འབྲེལ་བའི་བསམ་བློ་མེད་ཀྱང་དྲ་བ་ལ་ལྟ་ཤོར་ནས། སྐད་ཆ་འདི་བརྗོད་ཤོར་སོང་། དགོངས་དག དགེའོ༎

  14. ཁ་བའི་འདབ་མ། says:
    2015-09-27 at 11:42 pm

    བོད་མི་རྣམས་ལ་རྒྱུ་འབྲས་ཁྲིམས་ལུགས་དང་ཡ་རབས་ལམ་སྲོལ་གྱི་འདུ་ཤེས་གཏིང་ཟབ་པ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་གཞིའི་གཞི་མེད་ཀྱི་གཏམ་བརྗོད་ཀྱིས་མཚོན་ལུས་ངག་ཡིད་གསུམ་གྱི་སྤྱོད་ངན་ཐོན་པ་ཉུང་ཉུང་ཡིན་ནའང་། བོད་མི་རེ་འགས་མང་གཙོ་ཁ་ནས་སྒྲོག་ཞོར་དོན་དུ་གཏམ་བརྗོད་རང་དབང་གི་ས་མཚམས་ལས་བརྒལ་བའི་གཞི་མེད་གཏམ་བཤད་རྐྱང་ཞུ་བཞིན་པ་མཐོང་གསལ་འདི་རེད། གནས་ཡུལ་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན ༡༩ པའི་ནང་གསེས་གཏམ་བརྗོད་རང་དབང་གི་ས་མཚམས་ཁག་ལ་གཞིགས་ན་ཀླུ་མཁར་བྱམས་ལྟ་བུར། གཏམ་བཤད་ཞུ་སའི་སྡིངས་ཆ་སྤྲོད་དགོས་པའི་གནས་བབ་ཕར་ཞོག བཙོན་ཁང་དུ་བསྐྱལ་ཆོག་པའི་ཉེས་པ་འབབ་པའང་གསལ་བོ་ཡིན་སྟབས། མང་གཙོ་དང་ཁྲིམས་ལུགས། བོད་མིའི་ཐུན་མོང་མིན་པའི་རྒྱུ་འབྲས་རིག་གནས་སོགས་གང་ནས་ལྟོས་ཀྱང་ཁོའི་སྨྲ་བརྗོད་རང་དབང་འགོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཁོ་ནི་ཁྲིམས་ལུགས་དང་མང་གཙོར་དོན་དམ་པའི་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཡིན་པ་གསལ་བོ་ཆགས་ཡོད་སྟབས། གདན་ས་ཆེན་པོ་དགའ་ལྡན་དང་སེ་ར་ནས་ཁོང་གི་གཏམ་བཤད་བཀག་འགོག་གནང་བ་ནི་དོན་ལ་གནས་པ་ཞིག་རེད།

  15. ཨ་ཁུ་ནོར་བུ་ says:
    2015-09-28 at 2:10 am

    བདེན་པ་སུ་ལ་ཡོད་མེད་དང་ སུ་ཞིག་རྒྱལ་གཅེས་པ་དངོས་གནས་ཡིན་མིན་ནི་གཏམ་གཤད་དང་བརྩོད་པ་བྱས་ནས་གསལ་པོ་ཤེས་།

  16. ཀརྨ་བློ་གསལ་ says:
    2015-09-28 at 2:53 am

    སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན། བོད་རྒྱལ་ཁབ་ཤོར་སོང་བ་དེ་སྟོབས་ཤུགས་ཆེ་ཆུང་གི་ཁྱད་པར་ཤོར་བར་གོ་ཆོག་ནའང་། བོད་རྒྱལ་ཁབ་སླར་གསོ་མི་བྱེད་པའི་ལམ་ཀར་ཕྱོགས་པ་ནི་རྒྱལ་གཅེས་པ་ཞིག་ནམ་ཡང་མ་རེད། དེ་ལ་རྐང་རྗེས་ལག་སུབ་ཟེར་སྲོལ་ཞིག་འདུག

  17. ཅོ་རི་ཉི་མ། says:
    2015-09-28 at 3:51 am

    དྲི་མེད་ལགས་ཕེབས་པར་ལེགས། ཕྱིར་ཆར་པའི་ཆར་ཐག་ཆོད་ཀྱང་ནང་ཐིགས་པའི་འཐིག་ཐག་མ་ཆོད་པར་འདིར་ཕེབས་པར་དགའ་པོ་བྱུང་།

  18. ཞོལ་གཡག་འབྲོང་རྒྱུད། says:
    2015-09-28 at 3:56 am

    དྲི་མེད་ལྷག་བསམ་ལགས་ཀྱིས་གསུངས་ལ་མངོན་པར་བསྟོད་དོ། འོན་ཀྱང་དད་པ་ལོག་སྤྱོད་པ་ཚོར་ཁྱེད་ཀྱི་དྲང་གཏམ་དེ་འགྲོ་ཁུངས་ཅང་ཨེ་ཡོད་སྙམ།

  19. བསོད་ནམས། says:
    2015-09-28 at 7:20 am

    མིག་ལ་འཁྲུས་ནད་ཞུགས་པའི་གྲྭ་ལོག་འདི་ཚོས་ཀླུ་མཁར་བྱམས་ཀྱི་སྐད་ཆ་ངོ་མ་དེ་གོ་མི་འདུག་་་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་དེ་འདྲ་བཤད་མི་འདུག་་་གོ་བ་ལེན་ཕྱོགས་ནོར་འདུག

  20. ལྷ།བྱ་འཕུར་མ། says:
    2015-09-28 at 10:10 am

    ཁ་བརྡ་ཚང་གཙོས་ཀློག་པ་པོ་ཡོངས་ལ་དགོངས་དག་ཞུ་གྲངས་མེད་ཞུ། ངས་གོང་དུ་མཆན་འགའ་ཤོར་འདུག

  21. དྲང་བདེན། says:
    2015-09-29 at 1:37 pm

    དཔྱད་རྩོམ་ཧ་ཅང་ཡག་པོ་དང་གནད་ལ་འཁེལ་བ་བྲིས་འདུག ངོ་སོ་བསྟོད།

  22. དགེ་བཤེས་ཐུབ་བསྟན་མཁས་གྲུབ says:
    2016-01-03 at 8:59 pm

    རྒྱུན་དུ་མཁས་པ་རྣམས་ཀྱི་རྩོམ་བྲིས་རྣམས་ཀློག་པ་དང་བསམ་པ་བྱེད་ན་ཕན་ཐོག་ཤིན་ཏུ་ནས་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme