Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་དོན་གཏན་ཚིགས་རིག་པའི་ངོས་ནས་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་ཡིན་ནམ།

Posted on 2017-02-102017-02-10 By ཁ་བརྡ་ 3 Comments on སྲིད་དོན་གཏན་ཚིགས་རིག་པའི་ངོས་ནས་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་ཡིན་ནམ།

གཡུ་ཐོག

 
དེང་གི་བོད་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀླུ་མཁར་བྱམས་ངོ་མི་ཤེས་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། དེ་ནི་རྒྱུ་མཚན་བཟང་ངན་དང་བྱ་བ་དགེ་སྡིག་འདྲ་མིན་དབང་གིས་འགའ་རེས་སྲིད་དོན་ཉམས་ཞིབ་པ་དང་ལ་རེས་རང་བཙན་འཐབ་རྩོད་པ་ཞེས་འབོད་བཞིན་ཡོད། ད་རེས་དེའི་ཐོག་མནོ་བསམ་ཞིག་གཏོང་བའི་དུས་ཚོད་ཡང་བྱུང་། སྤྱིར་རྒྱལ་ཁབ་ཞིག་གིས་རང་དབང་བསྐྱར་བཟོའི་ལོ་རྒྱུས་ནང་རང་བཙན་འཐབ་རྩོད་པ་ཞེས་པའི་གང་ཟག་དེ་རིག་པ་བཀྲ་བའི་གསར་བརྗེའི་ལམ་དུ་བཀྲི་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་བསྐྱར་བཟོ་ཐུབ་པའི་ཆེད་ལས་འགུལ་དང་འཐབ་རྩོད་འདྲ་མིན་གྱིས་མདོར་ན་ལུས་ངག་ཡིད་གསུམ་གྱིས་བློས་གཏང་བྱེད་མཁན་གྱི་གང་ཟག་ཞིག་ལ་བརྗོད།
དཔེར་ན། རྒྱ་གར་གྱི་རང་བཙན་བསྐྱར་བཟོའི་ལོ་རྒྱུས་ནང་ཤིན་ཏུ་སྙན་གྲགས་ཅན་གྱི་དཔའ་བོ་བྷ་གྷད་སིངྒ་ལྟ་བུ་ཡིན་ལ་མདོར་ན་ཁོང་རང་ཉིད་ལྟ་བུར་མཚོན་ན། སྒེར་གྱི་འཚོ་བ་དང་། མདུན་ལམ། ཁྱིམ་ཚང་སོགས་ཡོངས་སུ་རྒྱལ་ཁབ་ཀྱི་རང་དབང་བསྐྱར་བཟོ་ཆེད་བློས་བཏང་ཡོད་ལ་མཐའ་མ་གཅེས་པའི་རང་སྲོག་ཀྱང་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་ཆེད་བློས་བཏང་བའི་རྒྱ་གར་རང་དབང་བསྐྱར་བཟོའི་ལོ་རྒྱུས་ནང་བརྗེད་དུ་མེད་པའི་ཕོ་རྒོད་ཀྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱ། དཔའ་བོ་རང་ཉིད་ནས་རང་དབང་འཐབ་རྩོད་བྱ་བཞིན་པའི་བརྒྱུད་རིམ་ནང་རང་ཉིད་རང་བཙན་འཐབ་རྩོད་པ་ཞིག་ཡིན་ལུགས་ནམ་ཡང་བརྗོད་མེད་ཡིན་ཡང་རྒྱ་གར་སྤྱི་ཚོགས་ཀྱིས་དཔའ་བོ་ཁོང་རང་དབང་འཐབ་རྩོད་པ་རྣལ་མ་ཞིག་ཡིན་པ་ངོས་འཛིན་དང་གདེངས་འཇོག་བྱ་བཞིན་ཡོད།

ཡིན་ཡང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་རང་དབང་འཐབ་རྩོད་པ་དང་དེ་འབྲེལ་གྱི་ལས་འགུལ་འདྲ་མིན་སྤེལ་མཁན་རྣམས་དབྱེར་མེད་ལྟ་བུར་འགྱུར་ཡོད། སོ་སོས་རང་ཉིད་རང་དབང་འཐབ་རྩོད་པ་ཞིག་ཡིན་ལུགས་བརྗོད་པ་མ་ཏོག་དེ་འབྲེལ་གྱི་ལུས་ངག་ཡིད་གསུམ་གྱི་བློས་གོཏང་ཇི་ལྟར་བྱ་ཡོད་མེད་གསལ་པོ་རེད། སྤྱི་ཚོགས་ཁྲོད་དུ་རང་དབང་འཐབ་རྩོད་པ་རྣལ་མ་ཞིག་ཡིན་ཚེ་ལུས་ངག་ཡིད་གསུམ་ཀྱི་ལྟ་སྤྱོད་ཇི་ལྟར་དགོས་མིན་ཤེས་མཁན་ཡང་ཤིན་ཏུ་དཀོན། ཧ་ལམ་གསུམ་བཅུ་དུས་དྲན་སྐབས་རྒྱ་ནག་གཞུང་ཚབས་མདུན་དུ་སྐད་འབོད་བྱེད་པ་དང་། ཟས་བཅད་ངོ་རྒོལ་བྱེད་པ། ཡང་ན་རང་བཙན་གྱི་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་འདྲ་མིན་སྤེལ་བ། ངག་གིས་དམངས་ཁྲོད་གཏམ་བཤད་བྱེད་པ་སོགས་རང་དབང་འཐབ་རྩོད་པ་རྣལ་མ་ཞིག་ཡིན་མིན་བརྗོད་དཀའ། ཡིན་ཡང་རང་ཉིད་ཀྱི་མཚན་བྱང་ཐོག་རང་བཙན་འཐབ་རྩོད་པ་ཞེས་འབྲི་བཞིན་ཡོད།

ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀླུ་མཁར་བྱམས་ནི་རང་བཙན་འཐབ་རྩོད་པ་ཞིག་ཡིན་ལུགས་ཁོ་བོས་བརྗོད་བཞིན་ཡོད་ལ་མང་ཚོགས་ནས་ཀྱང་དེ་ལྟར་ཡིན་པར་སྣང་མེད་ངོས་འཛིན་བྱ་བཞིན་ཡོད། ཡིན་ཡང་ཀླུ་བྱམས་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་ཇི་ལྟར་རེད་དམ། རང་དབང་འཐབ་རྩོད་ཆེད་གསར་བརྗེའི་ལས་འགུལ་ག་རེ་སྤེལ་ཡོད་དམ། ལུས་ངག་ཡིད་གསུམ་གྱི་བློས་གཏོང་ག་རེ་བྱས་ཡོད་དམ། ཁོ་རང་བཙན་བྱོལ་དུ་ཡོངས་ནས་ད་བར་བློས་གཏོང་ག་རེ་བྱེད་ཡོད་དམ། མ་འོངས་འཐབ་རྩོད་ཀྱི་གསར་བརྗེའི་ལྟ་སྤྱོད་ཇི་ལྟར་ཡིན་ལ་དེ་འབྲེལ་གྱི་བློས་གཏང་ག་རེ་བྱེད་ཡོད། མ་འོངས་རང་བཙན་འཐབ་རྩོད་ཇི་ལྟར་བྱེད་དམ། སྒེར་གྱི་འཚོ་བ་དང་། མདུན་ལམ། ཁྱིམ་ཚང་། བུ་ཕྲུག་སོགས་རང་བཙན་འཐབ་རྩོད་ཆེད་བློས་གཏོང་ཡོད་དམ།

རྩོམ་ཡིག་བྲིས་པ་རང་བཙན་འཐབ་རྩོད་ཡིན་ནམ། ཡང་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ག་རེ་སྤེལ་ཡོད་དམ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མང་ཚོགས་ཁྲོད་རང་བཙན་གྱི་གཏམ་བཤད་འདྲ་མིན་བྱེད་པ་རང་བཙན་འཐབ་རྩོད་རེད་དམ། སྲིད་སྐྱོང་ལ་ལངས་པ་དེ་རང་བཙན་འཐབ་རྩོད་ཡིན་ནམ། དགུ་བཅུ་གསུམ་གྱི་ཚོགས་གཙོ་བྱས་པ་རང་བཙན་འཐབ་རྩོད་ཡིན་ནམ། ཡང་ན་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ནས་སྐད་འབོད་བྱས་པ་དེ་རང་བཙན་འཐབ་རྩོད་པ་ཞིག་ལ་གོ་དགོས་སམ། དེ་དག་ནི་བཙན་བྱོལ་གྱི་ཆབ་སྲིད་ཁྲོད་བོད་མི་ཕལ་མོ་ཆེས་བསྒྲུབས་དང་སྒྲུབ་བཞིན་པའི་གནད་དོན་ཞིག་ཡིན་པ་ལས་ཀླུ་བྱམས་ཀྱི་དམིགས་བསལ་བྱས་པ་ཞིག་གང་ཡང་མི་མཐོང་། བཙན་བྱོལ་ནང་རང་དབང་བསྐྱར་བཟོའི་བརྒྱུད་རིམ་ཁྲོད་བཙན་བྱོལ་མི་མང་དང་མི་འདྲ་བའི་འཐབ་རྩོད་གཟེངས་སུ་ཐོན་པ་གང་འདུག བོད་ཀྱི་རང་དབང་འཐབ་རྩོད་ཁྲོད་ད་བར་རང་བཙན་ཐབ་རྩོད་ཀྱི་ལས་འགུལ་དང་འཆར་གཞི་ག་རེ་སྤེལ་ཡོད། ༸རྒྱལ་བར་མཚན་སྨད་ཞུ་བ་དང་། ཟུར་ཟ་བྱེད་པ། རྒྱལ་ཚོང་པའི་ཕྱོགས་སུ་འགྲོ་ཡི་རེད་བཅས་གཞི་མེད་སྐྱོན་བརྗོད་བྱེད་པ་རྣམས་རང་བཙན་འཐབ་རྩོད་རེད་དམ། དེ་མིན་ན་སྲིད་དོན་གཏན་ཚིག་རིག་པའི་ངོས་ནས་ཀླུ་མཁར་བྱམས་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་མིན་པའི་ཕྱོགས་སུ་འགྲོ་མོད་ཀྱང་མདོར་ན་རང་ཉིད་ཀྱི་ཉིན་རེའི་ལྟོ་གོས་གཏམ་གསུམ་ཡང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཁུལ་གྱིས་འཚོ་བཞིན་ཡོད།

འོ་ན་བཙན་བྱོལ་སྤྱི་ཚོགས་ཀྱི་རང་དབང་བསྐྱར་བཟོའི་ལོ་རྒྱུས་ནང་རང་བཙན་འཐབ་རྩོད་པ་མེད་པ་ཡིན་ནམ། དེ་ནི་མ་ཡིན། དཔེར་ན་དཔའ་བོ་འཇམ་དཔལ་ཡི་ཤེས་ལགས་ལྟ་བུ་རང་བཙན་འཐབ་རྩོད་པ་རེད་ཅེས་བརྗོད་ཆོག ཁོང་གི་མདོར་ན་རང་ཉིད་ཀྱི་མདུན་ལམ་དང་། ཕ་མ་སྤུན་མཆེད། གཅེས་པའི་ལུས་སྲོག་ཀྱང་བོད་ཀྱི་རང་དབང་འཐབ་རྩོད་ཆེད་བློས་བཏང་ཡོད། དེ་མིན་སྤྱི་ཚོགས་ཁྲོད་སྨྲ་མཁས་པའི་མཁས་མིང་འཛིན་པ་དང་། ལོ་རེར་སྐད་འབོད་བྱེད་པ། གཞི་མེད་གཏུམ་པའི་རང་བཙན་རྩོམ་ཡིག་འགའ་རེ་སྤེལ་བ། ཚོགས་པ་སྐྱིད་སྡུག་བྱེ་བྲག་གི་ཚོགས་མི་ཚོགས་གཙོ་བྱེད་པ་ལ་སོགས་རང་བཙན་འཐབ་རྩོད་པ་ཡིན་མིན་མི་ཤེས་ཀྱང་ཀླུ་བྱམས་ཀྱི་ལྟ་སྤྱོད་དེ་དག་རང་བཙན་འཐབ་རྩོད་པ་ཞིག་མིན་པ་གསལ་པོ་བརྗོད་ཐུབ་མོས། ཁོ་རང་ཉིད་དོན་དམ་གྱི་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཚེ་སྲིད་དོན་གྱི་ལངས་ཕྱོགས་བརྟན་ཞིང་ཁ་གཏད་ཀྱི་འཐབ་རྩོད་དགྲ་བོ་སུ་ཡིན་མིན་གསལ་པོ་ངོས་འཛིན་དགོས། དོན་དངོས་བོད་དོན་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཚེ་དགྲ་རྒྱ་མིར་ཁ་གཏད་ནས་འཐབ་རྩོད་བྱེད་དགོས་པ་ཡིན་ཀྱང་ད་བར་ཁོང་གིས་རང་དབང་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་༸རྒྱལ་བར་ཁ་གཏད་ནས་འཐབ་རྩོད་འབའ་ཞིག་བྱེད་དང་བྱེད་མུས་ཡིན། དེ་ནི་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་མིན་པ་སྲིད་དོན་གཏན་ཚིག་རིག་པས་ལེགས་པར་སྒྲུབ།

བསམ་ཚུལ།

Post navigation

Previous Post: རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཕེབས་སོང་།
Next Post: ༄༅། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས་པའི་ སྨོན་ཚིག་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ་།

Comments (3) on “སྲིད་དོན་གཏན་ཚིགས་རིག་པའི་ངོས་ནས་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་ཡིན་ནམ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-10 at 9:22 pm

    བོད་མི་ཡོངས་རྫོགས་རང་བཙན་ཐབས་རྩོད་པ་ཡིན་པ་1959 ནས་འཛམ་གླིང་ལ་གསལ་པོ་བཟོས་པ་ནས་དཔའ་བོ་
    ཨ་འབྲུག་མགོན་པོ་བཀྲིས་ཀྱི་དབུ་འཁྲིད་འོག་ཆོལ་གསུམ་མི་སྣ་ལས་སྒྲུབ་པའི་བསྟན་སྲུང་དངས་བླངས་དམག་གི་སྒྲིག་འཛུགས་ནང་རྒྱལ་གཅེས་དཔའ་བོ་གྲངས་ལས་འདས་པ་རྒྱ་ཡི་ཚོན་ཆའི་འོག་ལུས་སྲོག་ཕུལ་བ་རྣམས་དང་རང་ལུས་མེར་སྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་་དེ་ཚོ་ང་ཚོའི་ནང་ཡང་བརྗེད་མི་ཉན་ན་རྩོམ་ཡིག་ཐར་ཐོར་དང་གནས་ཡུལ་རྒྱལ་ཁབ་ཀྱི་ལམ་ཆེན་གཡས་གཡོན་དུ་ཆུ་ཚོད་འགའ་ཤས་རིང་ངར་ཤུགས་གྲགས་ཐུབ་པ་ཙམ་ལ་རང་བཙན་ཐབས་རྩོད་པའི་མིང་རྟགས་མཁན་ཡོད་རྒྱལ་བ་ལྔ་པ་དང་ཟླ་བ་ནོར་བ་མ་རེད་དམ་།

  2. ལྷ་མོ། says:
    2017-02-11 at 12:25 am

    ཀླུ་མཁར་བྱམས་རང་བཙན་ཆེད་དུ་ཡོད་ཚད་བློས་གཏོང་ནས་བསྡོད་ཡོད། རྒྱལ་འཚོང་མགོ་འདོག་ཁྱེད་ཚོས་དངུལ་རུབ་བསྡུས་ནས་གསོད་རྩིས་དང་རྩ་མེད་བཟོས་དང་ལོ་རྒྱུས་ནང་ཚང་མ་སྡོམ་རྒྱག་མཁན་ཡོད་ཡོད་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2017-02-11 at 4:11 am

    ་་་་་་་་་ ༸རྒྱལ་བར་མཚན་སྨད་ཞུ་བ་དང་། ཟུར་ཟ་བྱེད་པ། རྒྱལ་ཚོང་པའི་ཕྱོགས་སུ་འགྲོ་ཡི་རེད་བཅས་གཞི་མེད་སྐྱོན་བརྗོད་བྱེད་པ་རྣམས་རང་བཙན་འཐབ་རྩོད་རེད་དམ། ་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme