Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་ཇུས་རྫུན་མ།

Posted on 2010-10-262010-10-26 By ཁ་བརྡ་ No Comments on སྲིད་ཇུས་རྫུན་མ།

དགུ་རོང་སྤུན་གྲོལ

བོད་ཁུལ་གྱི་ས་གནས་སོ་སོ་ནས་གྲལ་སྒྲིག་པའི་རུ་དཔུང་གསར་བ་ཞིག་གིས་མི་དོན་དང་སྲོག་དོན་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བ་དེ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ཙ་ན། རང་ཉིད་ཀྱི་བླ་སྲོག་གིས་རྒྱབ་སྐྱོར་བྱེད་ངེས་ཡིན་ལ་བྱེད་ཀྱང་རུང་བ་ཞིག་རེད། དེ་དང་དེའི་ཕྱིར་ན། སྐད་གཉིས་སློབ་གསོ་བཅོས་བསྒྱུར་ཏེ་མི་རིགས་སྐད་ཡིག་ཕལ་འཛིན་ཞེས་པ་དེ་ནི་དབུས་ནས་ཆེད་ཕེབས་གནང་ཡོད་པའི་ས་གནས་གཞུང་ཤག་གི་མི་སྣ་རེ་འགས་རང་ཉིད་ཀྱི་སྲིད་སྟེགས་ཇེ་མཐོར་འགྲོ་ཕྱིར། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་རྡོག་རལ་དུ་བཏང་བ་ཞིག་རེད། གལ་ཏེ་གཞུང་ཤག་འདི་ཁྲིམས་སྲིད་འཛིན་སྐྱོང་ཞིག་ཡིན་ཚེ། འུ་ཚོས་གང་དེ་ནི་ཁྲིམས་ལ་སྦྱོར་ཆོག་ཅིང་། ཁྲིམས་ཀྱིས་བདེན་པ་ཡང་བརྡར་ཆོག་པ་རེད། རེད་དེ། གཞུང་ཤག་དེ་ནི་མི་སྣ་རེ་འགའ་ཡི་ཁྱིམ་གཞིས་ལྟ་བུ་དང་གཞུང་ཤག་དེའི་བཀོད་ཁྱབ་དང་སྲིད་ཇུས་ནི། དབང་ཤེད་ཆེ་བའི་བཟའ་དཔོན་ཞིག་གི་བསྒྲགས་གཏམ་དང་གཅིག་འདྲར་གྱུར་ཡོད་པས། མི་རྣམས་དབང་ཤེད་དེའི་འོག་ན་གཉའ་བ་སྒུར་ཞིང་ལུས་པོ་འཇིགས་པས་འདར་གྱིན་ཡོད་པ་རེད། སྦྱོར་བ་དེའི་རམ་འདེགས་ལ་ཡང་ཞི་དྲག་ཟུང་གི་སྲིད་ཐབས་སྤྱད་དང་སྤྱོད་ཀྱིན་ཡོད་པར་སྐབས་འདིའི་མི་རིགས་སྐད་ཡིག་ཕལ་འཛིན་དང་རྒྱ་ཡིག་གཙོ་འཛིན་གྱི་སྲིད་ཇུས་ལས་གསལ་བོར་རྟོགས་ཐུབ། ཡིན་ནའང་མི་རབས་གསར་བའི་རྩ་ལམ་གྱི་མི་རིགས་སྐད་ཡིག་གི་ཟུངས་ཁྲག་བརྗེ་སྤོར་བྱ་རྒྱུ་ཡིན་ཟེར་ན། དེ་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མར་བྷི་ལ་ཏིན་ལ་ཕྱག་འཚལ་དགོས་ཞེས་སྐུལ་བ་དང་གཉིས་སུ་མ་མཆིས། དེས་མི་རིགས་ཁ་བྲལ་དུ་བཏང་བ་ལས་སྤྱི་ཚོགས་འཆམ་མཐུན་ཞེས་པ་རྦད་དེ་ཡོང་ས་མི་འགྲོ་བ་ཞིག་ཏུ་བཏང་ཡོད། དེས་ན་དོན་གྱིས་མི་རིགས་ཁ་བྲལ་དུ་གཏོང་མཁན་ནི་གང་དེ་ལས་བྱུང་བའི་སྲིད་ཇུས་དེ་ཡིན་པ་རེད། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་དང་རྒྱབ་ཤ་དཀར་པོ་དེབ་སོགས་ལས་ཀྱང་། མི་རིགས་ས་ཁུལ་རང་སྐྱོང་གི་མི་རིགས་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབ་ཀྱི་འགན་དབང་དེ་དབུས་གཞུང་ཤག་ལས་མི་རིགས་ས་ཁུལ་རང་སྐྱོང་གི་མི་སེར་དཀྱུས་མ་རྣམས་ལ་ཡོད་པར་གསལ་བོར་འཁོད་འདུག རེད་དེ། ད་རབས་མི་རིགས་ས་ཁུལ་རང་སྐྱོང་གི་མི་སེར་དཀྱུས་མ་རྣམས་ཀྱི་སེམས་ཀྱི་དང་འདོད་དང་། མི་རིགས་དེ་ཉིད་མཚོན་བྱེད་ཀྱི་སྐད་ཡིག་དེ་རྨང་ནས་བཅོམ་རྩིས་བྱེད་པ་དེས། མི་རིགས་ས་ཁུལ་རང་སྐྱོང་གི་མི་སེར་དཀྱུས་མ་རྣམས་ཀྱི་སེམས་ལ་ན་ཟུག་ཆེན་པོ་ཞིག་བསླངས་ཡོད། བརྒྱ་ལ་སློབ་ལོ་མ་རན་པའི་བྱིས་གཉོར་ཁང་ནས་བཟུང་དམའ་འབྲིང་དང་མཐོ་འབྲིང་སློབ་ཆེན་བར་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བར་བཟུང་ཚེ། ཁྱོད་ཤི་ང་གསོན་གྱི་གཡུལ་འཁྲུག་ཅིག་འབྱུང་རྒྱུ་ནི་བསྙོན་མེད་ཀྱི་ཆོས་ཉིད་ཅིག་རེད། ཇི་ལྟར་ཅེ་ན། 1976 ལོ་ནས་བཟུང་བོད་རིགས་སློབ་ཆེན་པ་མང་པོ་ཞིག་གིས་བོད་ཡིག་སྦྱངས་ཏེ་གུང་ཁྲན་ཏང་གི་གཞུང་ཤག་ལས་མི་རིགས་རང་གི་སྐད་ཡིག་ཐོག་སྲིད་གཞུང་ལ་ཞབས་འདེགས་ཞུས་ཡོད་པ་བགྲང་གིས་མི་ལངས་ཤིང་། དེའི་ཁོངས་སུ། ཞིང་ལྗོངས་ལྔའི་སློབ་གྲྭ་ཆེན་མོ་རྣམས་དང་། རིག་གཞུང་ཞིབ་འཇུག་སྡེ་ཁག དུས་དེབ་འདྲ་མིན་གྱི་རྩོམ་སྒྲིག་ཁང་། ཚགས་པར་འདྲ་མིན་གྱི་རྩོམ་སྒྲིག་ཁང་། བོད་ཡིག་གི་དཔེ་སྐྲུན་ཁང་བཅས་གཞུང་ཕྱོགས་ཀྱི་ལས་སྒྲུབ་ཁང་སོ་སོ་ན་ཡོད་པའི་བོད་རིགས་ཀྱི་མཁས་པ་དང་རྩོམ་པ་པོ་རྩོམ་སྒྲིག་པ། སློབ་ཆེན་ཁག་ལས་མཐར་ཕྱིན་པའི་ལས་འཇུག་པ། ད་དུང་སློབ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་པ་ཡོངས་ལ”སང་ཉིན་ཅི་ཞིག་བྱེད” ཅེས་པའི་དྲི་བ་ཞིག་ལྡོག་མེད་དུ་ཐོན་འོང་། འབྱུང་འགྱུར་གྱི་ལོ་ལྔའི་ནང་ལ་ཁོ་ཚོའི་ལས་གནས་ཡོངས་སུ་ཤོར་འགྲོ་བ་དང་རྒྱལ་ཁབ་ཀྱིས་ཁོ་ཚོར་འཚོ་བའི་ཁ་གསབ་ཏུ་སྒོར་རྡོག་འགའ་རེ་སྤྲོད་སྲིད། སྐབས་དེར་ཁོ་ཚོའི་མང་ཆེ་ཤས་ཀྱིས་རང་གི་མི་རིགས་དང་སྐད་ཡིག་བསམ་མི་ཕོད་ཀྱང་རང་གི་འཚོ་གནས་ཏག་ཏག་བསམ་ནི་རེད། རང་ཉིད་ཀྱི་འཚོ་བའི་ཕྱིར་དང་། རང་ཉིད་ཀྱི་ན་ཟུག་གི་ཕྱིར་དང་། རང་ཉིད་ཀྱི་འཁོར་བའི་ཕུན་ཚོགས་ཀྱི་ཕྱིར་ཁྱོད་ཤི་ང་གསོན་གྱི་གཡུལ་འཁྲུག་བྱ་རྒྱུ་ནི་ཐག་གིས་གཅོད་ཐུབ། སྐབས་དེར་བོད་ཡུལ་ནི་འུར་ཟིང་གིས་ཁེངས་པར་འགྱུར་ཞིང་གཡུལ་འཁྲུག་གིས་གཡོས་པར་འགྱུར་བས་ན། ད་ནི་བོད་ཀྱི་རིག་གནས་པའི་སྡེ་ན་ཡོད་པའི་མཁས་པ་དང་གཞུང་ཞབས་པ་འབུམ་རམས་པ་རབ་འབྱམས་པ་ལོ་རྒྱུས་ཞིབ་འཇུག་པ་གཙོས་པའི་བོད་པ་ཡོངས་ལ་གདམ་གསེས་གཉིས་ཡོད་པ་སྟེ། རང་ཉིད་ཀྱི་འཚོ་གནས་རྩོད་ལེན་བྱ་རྒྱུ་འམ་ཡང་ན་འཚོ་བའི་ཁ་གསབ་ཏུ་སྤྲད་པའི་སྒོར་རྡོག་འགའ་རེ་སྦ་ཁུག་ཏུ་འཇུག་རྒྱུ་ཡིན། ཁོ་བོས་ཚོད་དཔག་བྱས་པ་ལྟར་ན་མཚོ་སྔོན་དུ་རྒྱ་ཡེ་བཀྲ་བྷོ་དང་བཀྲ་བྷོ་འདྲ་བའི་རང་ཉིད་ཀྱི་གོ་ཐོབ་དང་འཕྲལ་གྱི་ཡོང་འབབ་བསམ་པའི་མཁས་པ་ཆེན་མོ་རྣམས་ཀྱིས་མི་སྨྲ་བའི་རྟུག་ཞུགས་འཛིན་སྲིད་པ་རེད། འུ་ཅག་གི་ལོ་རྒྱུས་དང་ཉེ་ཆར་གྱི་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དམ་དྲག་ལ་བལྟས་ན་གསལ་བོ་ཡིན་པ་རེད། རེད་དེ་ཁོ་བོ་རང་ཉིད་ལ་གདམ་གསེས་གཞན་ཞིག་ཡོད་པ་ནི། མི་རིགས་རང་གི་སྐད་ཡིག་རྨང་ནས་བཅོམ་པའི་སྲིད་ཇུས་འདི་མུ་མཐུད་ནས་རྒྱུན་བསྐྱངས་ཏེ་བོད་ཀྱི་སློབ་དཔོན་ཆེན་མོ་དང་གཞུང་ཞབས་མང་པོ་ཞིག་གི་ལས་གནས་རང་བཞིན་གྱིས་ཤོར་དུ་འཇུག་དགོས། དུས་ད་ལྟ་བར་དུ་ཁོ་ཚོས་མི་དོན་སྨྲ་མཁན་དང་སྲོག་དོན་སྒྲུབ་མཁན་རྣམས་བས་མཐའ་རུ་དེད་ནི་རེད། ད་ལྟ་ང་ཚོ་མཉམ་དུ་བས་མཐའ་ལ་བརྫངས་ན་ད་དུང་གཞི་ནས་མི་རིགས་ཅེས་པ་དང་རིག་གནས་ཅེས་པར་གོ་བ་རྣལ་མ་ཞིག་ཆགས་ཐུབ། གོ་བ་རྣལ་མ་དེའི་སྟོབས་ཀྱིས་བདེན་པའི་རང་སྒྲ་སྒྲོག་ཐུབ་པ་མ་ཟད། བདེན་པའི་ཨུ་ཚུགས་ཀྱི་ངེས་ཤེས་ལེགས་པོ་ཞིག་འདྲོངས་ཐུབ་པ་རེད། སྐབས་དེར་ང་ཚོ་ནི་བདེན་པའི་གཡུལ་སར་རྒྱུགས་པའི་དཔུང་ཚོགས་ཤིག་ཏུ་འགྱུར་སྲིད་ལ། འཛམ་གླིང་གི་ཡུལ་གྲུ་གང་སར་བདེན་པའི་གཡུལ་སར་རྒྱུགས་པའི་དཔུང་ཚོགས་མང་པོ་བྱོན་མྱོང་ལ་དེ་དག་ཕམ་ཡང་མྱོང་ལ་རྒྱལ་ཡང་མྱོང་། ལོ་ལྔའི་རིང་ལ་སྲིད་ཇུས་རྗུན་མ་འདི་ལག་བསྟར་བྱས་ཚེ་འུ་ཅག་གི་བདེན་པའི་གཡུལ་སར་རྒྱུགས་པའི་དཔུང་ཚོགས་འདི་ལ་རྒྱལ་ཁ་ངེས་པར་ཐོབ་སྲིད་པ་རེད། སྐབས་དེར་ང་ཚོས་རྒྱལ་པོ་དང་འབངས་མི་སུ་ཡིན་པར་བལྟ། འདི་ནི་རྒྱ་ནག་འགྱུར་དགོས་པའི་གནས་ལུགས་ཡིན་ལ་ང་ཚོས་རྩོད་དགོས་པའི་བདེན་པའང་ཡིན། སྲིད་ཇུས་རྫུན་མ་འདིས་བོད་ཁམས་ཡོངས་ཀྱི་བོད་ཡིག་གི་ཤེས་ལྡན་མི་སྣ་གཙོས་པའི་ཆུང་བྱིས་པ་ནས་བཟུང་རྒན་པོ་བགྲེས་སོང་བར་བདེན་པ་རྩོད་དགོས་པའི་གནས་ལུགས་བཙན་པོ་ཞིག་སེམས་ཀྱི་གཏིང་རིམ་དུ་ཟུག་ཏུ་བཅུག་ཡོད། དེ་བས་གནས་ལུགས་བཙན་པོ་འདི་ངག་ལ་གྱེར་མཁན་རེབ་གོང་དང་། ཆབ་ཆ། མགོ་ལོག གཅན་ཚ་བཅས་བོད་ཡུལ་གྱི་གྲུ་ཁ་སོ་སོའི་བྱིས་པའི་རུ་དཔུང་སྐོར་ཞིག་རེད། བདེན་པ་རྩོད་ཤེས་པའི་བྱིས་པ་དེ་དག་གི་སྙིང་སྟོབས་ལ་ཞིག་ལྟོས་དང་། ཁོང་ཚོའི་བགྱི་བ་དེ་ཧོལ་རྒྱུགས་མ་ཡིན་པར་ཤེས་ཐུབ། འདི་ནི། “ མ་འོངས་པའི་ལམ་ཁར་ཀྱག་ཀྱོག་སྔར་ལས་ཆེ་ནའང་བོད་ཀྱི་གཞོན་ནུ་རྣམས་འཇིགས་པའི་གོ་སྐབས་བྲལ”ཅེས་པ་དང་འདྲ་བའི་བདེན་པ་རྩོད་དགོས་པའི་གནས་ལུགས་ཀྱིས་དེད་ནས་འོངས་ན། ང་ཚོ་ནི་འཇིགས་པའི་གོ་སྐབས་ཤིག་ག་ལ་ཡོད། གྲལ་སྒྲིག་པའི་རུ་དཔུང་གསར་བ་དེ་ཚོ་ནི། རིག་གསར་སྐབས་ལུས་སེམས་ཀྱི་སྡུག་བསྔལ་མྱངས་མྱོང་བའི་འུ་ཅག་གི་མེས་པོ་རྣམས་ཀྱི་བུ་རབས་ཚ་རྒྱུད་རེད་ལ། ཁོ་ཚོའི་རྒྱུད་ལའང་ལོ་རྒྱུས་ཀྱི་རྨ་ཤུལ་ཡོད་པ་རེད། རྨ་ཤུལ་དེའི་སྟེང་ལ་བཙན་གྱིས་ཚྭ་བཏབ་ན་སྲོན་ག་ལ་ཐུབ། རེད་དེ་ཁ་ནང་ལ་འཁོར་ནས་འདང་ཞིག་བརྒྱབ་ན། བརྒྱ་ལ་ལོ་ལྔའི་རིང་ལ་སྲིད་ཇུས་རྫུན་མ་འདི་ལག་བསྟར་དོན་འཁྱོལ་བྱུང་ཚེ་བོད་ཀྱི་ཤེས་ལྡན་མི་སྣ་གཙོས་བདེན་པའི་གྱེན་ལངས་དྲག་པོ་ཞིག་འབྱུང་རྒྱུ་ཡིན་པ་ནི་གདོན་མི་ཟ། བརྒྱ་ལ་བདེན་པའི་གྱེན་ལངས་དེ་ངོ་བོ་གཞན་དུ་གྱུར་ཚེ་འཛམ་གླིང་ཞི་བདེའི་བསྟི་གནས་སུ་སྨོན་པའི་བོད་ཡུལ་མཐོ་སྒང་འདི་དམར་པོ་ཁྲག་གི་འཁོར་ལོ་བསྐོར་རྒྱུ་ཡིན་པར་ངེས་ལ། ཀྲུང་གོ་གཅིག་ཟེར་བ་དེ་ཡང་གནས་ཐབས་ཁྱོན་ནས་ཡོད་པ་མ་རེད། སྐབས་དེར་བཙན་པོའི་རྒྱལ་རབས་ཀྱི་འཆི་བའི་སྙིང་སྟོབས་ཀྱི་ས་བོན་ལ་དུས་ཐོག་གི་ཆར་བས་གསོས་ཏེ་ཉིང་དགོས་ཀྱི་མྱུ་གུ་ལེགས་པོ་ཞིག་བོད་ཡུལ་དུ་འཁྲུངས་སྲིད་དོ།། དེར་བརྟེན་རྔ་ཇི་ལྟར་བརྡུངས་ན་ང་ཚོས་འཆམ་དེ་ལྟར་འཁྲབ་ནི་རེད་ལ། དེ་ལྟར་འཁྲབ་པའི་གྲ་སྒྲིག་ཀྱང་ང་ཚོར་ཡོད་ནི་རེད།

ཡོང་ཁུངས།[སེང་རྡོར་དྲ་བ།]

རྩོམ་རིག

Post navigation

Previous Post: ད་དུང་སྐད་ཡིག ད་དུང་སྐད་ཡིག
Next Post: འཛོམས་ཤོག ་་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme