Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲས་འཇིགས་མེད་ནོར་བུའི་མྱ་ངན་འདུ་འཛོམས།

Posted on 2011-03-022013-05-13 By དགེ་རབ་ 11 Comments on སྲས་འཇིགས་མེད་ནོར་བུའི་མྱ་ངན་འདུ་འཛོམས།

དགེ་འདུན།
norbu_memorial_0012ཟླ་གསུམ་པའི་ཚེས་ ༡ ཉིན་གྱི་དགུང་མོའི་ཆུ་ཚོད་དྲུག་པ་ནས་བརྒྱད་པ་བར་དུ། བྷི་ལིམ་མིང་ཊོན་གྲོང་ཁྱེར་སྤྱི་ཁང་དུ་ འདས་པ་དམ་པ་འཇིགས་མེད་ནོར་བུའི་ནང་མི་དང་ ས་གནས་ཀྱི་གྲོགས་པོ་དང་མི་མང་རྣམས་འཛོམས་ཏེ། འཇིགས་མེད་ནོར་བུ་ལ་མྱ་ངན་ཞུ་བའི་འདུ་འཛོམས་ཤིག་བསྐྱངས་ཡོད་པ་དེར་ས་གནས་ཀྱི་མི་སྣ་ ༢༠༠ ལྷག་ཙམ་འབྱོར་ཡོད་པ་རེད།
ལྕམ་དཀོན་དབྱངས་ལགས་ཀྱིས་མྱ་ངན་འདུ་འཛོམས་འདི་གཙོ་སྐྱོང་གནང་སྐབས་གསུངས་དོན། “ངས་མྱ་ངན་འདུ་འཛོམས་འདི་འདྲ་བྱེད་སྟངས་ཤེས་ཀྱི་མེད། འོན་ཀྱང་། གྲོངས་མཁན་རང་ཉིད་ཀྱི་བུ་ཡིན་པའི་དབང་གིས་ངས་འདི་ལྟར་བྱེད་རྒྱུའི་བློ་སྤོབས་བྱས་པ་ཡིན། ཡིན་ན་ཡང་དཀའ་ལས་ཁག་པོ་འདུག དེར་བརྟེན་འདི་ནི་ངའི་མི་ཚེའི་ནང་འདི་ལྟར་བྱེད་དགོས་པ་མཐའ་མ་དེ་ཡིན་པར་སྨོན།”ཞེས་གསུངས་ཤིང་། འཇིགས་མེད་ནོར་བུ་དམ་པ་དེ་ནི་ ཕྱག་ལས་རླབས་ཆེན་པོ་ཞིག་གནང་བཞིན་པའི་སྐབས་སུ་གྲོངས་པ་མ་ཟད། དེ་ཡང་ རང་གི་ཁྱོ་ག་ ལྟག་མཚེར་རིན་པོ་ཆེས་ཤུལ་དུ་བཞག་པའི་ལས་དོན་དེ་སྒྲུབ་བཞིན་པའི་སྐབས་སུ་གྲོངས་པ་དེ་ངོས་འཛིན་ཡོད་པ་གསུངས་ཡོད་པ་རེད།
སྒོ་མང་དགེ་བཤེས་བློ་བསྟན་དང་དགེ་བཤེས་སྦྱིན་པ་བསོད་ནམས་གཉིས་ཀྱིས་བོད་ལུགས་ལྟར་གྱི་སྨོན་ལམ་གསུངས་ཡོད་པ་དང་། དེ་དང་ལྷན་དུ་ཡེ་ཤུའི་ཆོས་དཔོན་བཙུན་མ་ཞིག་གིས་ཡེ་ཤུའི་ལུགས་ཀྱི་སྨོན་ལམ་གསུངས་ཡོད་པ་རེད། སྤུན་ཀུན་དགའ་ནོར་བུ་ལགས་ཀྱིས་ཀྱང་། “འཇིགས་མེད་ནོར་བུས་མགོ་འཛུགས་བྱས་པའི་ཐེངས་འདིའི་གོམ་བགྲོད་ལམ་ལྷོང་དང་བཅས་མཇུག་སྒྲིལ་བ་ཡིན་ལ། འདས་པོ་དམ་པའི་སྲས་གཉིས་ཀྱིས་ཀྱང་གོམ་བགྲོད་ལ་སླེབས་ཐུབ་པ་དེ་ལ་ནི་འདས་པོ་ཁོང་གིས་ཧ་ཅང་སྤོབས་པ་བྱེད་ཀྱི་རེད།”ཅེས་གསུངས་ནས། བོད་ནང་གི་བོད་མིའི་སྡུག་བསྔལ་དང་མནར་གཅོད་འདི་དག་མི་རབས་རྗེས་མ་རྣམས་ཤེས་རྟོགས་སྤེལ་ཆེད་འདི་འདྲའི་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
norbu_memorial_0042ཐེངས་འདིའི་འདུ་འཛོམས་ཐོག་གསུང་བཤད་མཐའ་མ་གནང་མཁན་ནི། འདས་པོ་དམ་པའི་སྐུ་ཟླ་ཡཱ་ལཱན་རེད། “ང་ཆུང་མ་ཞིག་དང་། དེ་ཡང་བྱིས་པ་ཆུང་ཆུང་གསུམ་གྱི་ཨ་མ་ཡིན་པའི་ཆ་ནས་ འདས་པོ་ཁོང་མེལ་ལེ་སུམ་བརྒྱ་དང་དགུ་བརྒྱ་ལ་གོམ་བགྲོད་བྱེད་རྒྱུ་ལ་ངས་བརྒྱ་ཆ་བརྒྱའི་རྒྱབ་སྐྱོར་བྱེད་དཀའ་བ་ཞིག་འདུག འོན་ཀྱང་། བོད་ནང་ལ་གནད་དོན་ཞིག་ལྷགས་བཞིན་པ་འདི་འཛམ་གླིང་མི་མང་ལ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་ནི་འདས་པོ་དམ་པའི་དམིགས་ཡུལ་རེད་ལ། ཁོང་གིས་གཞོན་སྐྱེས་ཚོ་ལ་ བོད་དོན་འདི་རྩ་བ་ནས་ཡལ་བར་མ་འདོར་རོགས། བོད་འདི་སྐྱོབ་དགོས་པ་རེད་ཅེས་གསུངས་བཞིན་སྐུ་སྲོག་ཤོར་བ་རེད། དེ་ནི་རིན་ཐང་ཡོད་པ་ཞིག་རེད།” ཅེས་གསུངས་སོང་།
འདིར་འཛོམས་པའི་མི་སྣ་དག་གི་ཁྲོད་འདས་པོ་དམ་པའི་གྲོགས་པོ་དང་བློ་ཉེ། དེ་བཞིན་ཡབ་གཞིས་ལྟག་མཚེར་རིན་པོ་ཆེའི་ཁྱིམ་ཚང་གི་དགའ་བོ་ཉེ་བོ་དང་གྲོགས་པོ། དེ་བཞིན་རྒྱབ་སྐྱོར་བ་སོགས་འདུས་ཡོད་པ་རེད་ལ། ས་གནས་ཀྱི་བོད་པ་ཚོས་ཀྱང་སྨོན་ལམ་དུ་མཉམ་ཞུགས་བྱས་ཡོད་པ་མ་ཟད། ས་གནས་སུ་ལོ་གསར་སོགས་ཀྱི་རྟེན་འབྲེལ་ཡང་ཞུ་འཆར་མེད་པ་རེད། འཇིགས་མེད་དམ་པ་དེའི་ཤུལ་ལུས་ནང་མིའི་ཁོངས་སུ་ ཡུམ་དང་། ཇོ་ཇོ་གཉིས། བུ་གསུམ། ཆུང་མ་བཅས་ཡོད་པ་རེད།
norbu_memorial_0328
norbu_memorial_0182

གསར་འགྱུར།

Post navigation

Previous Post: བུ་མོ་ང་ཡང་ཁ་བ་བོད་པའི་མེ་ཏོག་ཡིན།
Next Post: རེ་བཟང་ཕུགས་བཅོལ་གྱི་འབོད་སྒྲ

Comments (11) on “སྲས་འཇིགས་མེད་ནོར་བུའི་མྱ་ངན་འདུ་འཛོམས།”

  1. ལྷ་རྗེ། says:
    2011-03-02 at 8:13 am

    ༄། །སེམས་པ་སྐྱོ་བ་ལ་ཨང་། བསམ་ཞིང་བསམ་ན། འཁྲུངས་གཞིས་སྟག་འཚེར་གྱི་རྒྱུད་དུ་གཏོགས་པ་ཐམས་ཅད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཆེད་མཛད་རྗེས་ཁྱད་པར་དུ་འཕགས་པ་རིམ་འཇོག་གནང་བའི་བྱུང་རབས་ལ་མཇལ་སྐབས། རྗེ་སྲོང་བཙན་གྱི་འཕྲུལ་བློན་བཀའ་དྲིན་ཅན་དམ་པ་མགར་གྱི་ཁྱིམ་རྒྱུད་ཡིད་ལ་འཁོར་ཞིང་། ཁྱིམ་རྒྱུད་དེ་དང་འདྲ་མཚུངས་ཀྱི་དྲིན་པོ་ཆེར་ངོས་འཛིན་ཞུ་བཞིན་འདས་པོ་དམ་པ་ཡབ་སྲས་ཀྱི་ནང་མི་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཡོད་ལ། འུ་ཅག་གཞིས་བྱེས་ཚང་མས་རྩ་དོན་ཆེད་མཉམ་རུབ་ལྷུར་ལེན་ཞུ།

  2. ལྷ་རྗེ། says:
    2011-03-02 at 8:30 am

    ༄། །སེམས་པ་སྐྱོ་བ་ལ་ཨང་། བསམ་ཞིང་བསམ་ན། འཁྲུངས་གཞིས་སྟག་འཚེར་གྱི་རྒྱུད་དུ་གཏོགས་པ་ཐམས་ཅད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཆེད་སྐུ་ངལ་ལྷུར་བཞེས་སྒོས་མཛད་རྗེས་ཁྱད་པར་དུ་འཕགས་པ་རིམ་འཇོག་གནང་དང་གནང་མུས་ཀྱི་བྱུང་རབས་ལ་མཇལ་སྐབས། ནངས་ཀྱི་ཚེ་ན་མི་རྗེ་སྲོང་བཙན་གྱི་འཕྲུལ་བློན་བཀའ་དྲིན་ཅན་དམ་པ་མགར་གྱི་ཁྱིམ་རྒྱུད་དང་མཚུངས་པའི་ངོས་འཛིན་ཞུ་བཞིན། འདས་པོ་དམ་པ་ཡབ་སྲས་ཀྱི་ནང་མི་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཡོད་ལ། ཐུགས་བཞེད་འགྲུབ་ཆེད་འུ་ཅག་གཞིས་བྱེས་ཚང་མས་མཉམ་རུབ་ལྷུར་ལེན་ཡོང་ངེས་ཞུ།

  3. ngawang norbu says:
    2011-03-02 at 8:52 am

    ༄༅། །སྲས་དམ་པ་འཇིགས་མེད་ནོར་བུ་ལགས་དབུ་བརྩམ་པའི་བོད་རང་བཙན་ཆེད་གོམ་བགྲོད་དེ་བཞིན་འཇུག་སྐྱོངས་གནང་ཆེད་གཅེན་པོ་ཀུན་དགའ་ནོར་བུ་ལགས་དང་དམ་པ་དེའི་སྲས་བགྲེས་འབྲིང་གཉིས་ཀྱང་ཕེབས་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་མུ་མཐུད་ནས་གཅེན་པོ་ཀུན་དགའ་ནོར་བུ་ལགས་ནས་ཡབ་སྲས་དམ་པ་རྣམ་གཉིས་ཀྱི་ལས་འགུལ་འདི་བཞིན་འཇུག་ཁྱོང་ཡོང་བའི་རེ་བ་དང་འབོད་བསྐུལ་ཡང་ཞུ་གི་ཡོད། ཐུགས་རྗེ་ཆེ། །

  4. མངའ་རིས་ཕོ་ཉ་ says:
    2011-03-02 at 9:28 am

    ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་གྱུར་ཅིག
    དམ་པ་ལགས་བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་ཁྱེད་ཀྱི་དཀའ་སྡུག་གི་གཟི་བརྗིད་གོ་ལ་ཟླུམ་བུ་ཀུན་ལ་ཁྱབ་སོང་ལ་། གངས་ཅན་གྱི་རྩ་དོན་ཆེད་དུ་འཇིག་རྟེན་གྱི་ཕྱི་ལམ་དུ་གཤེགས་སོང་བ་དེར་ང་ཚོའི་བོད་ཀྱི་རྩ་དོན་སྒྲུབ་རྒྱུ་དེ་མུན་ནག་དུ་ལྷུང་བ་ལྟར་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་ལ།
    གངས་ཅན་གྱི་རྩ་དོན་ཆེད་དུ་སླར་ཡང་གངས་ཅན་ལྗོངས་སུ་མྱུར་དུ་ཕེབས་པར་ཤོག
    ང་ཚོས་ཁྱེད་ལ་རེ་སྒུག་བྱས་ནས་བསྡད་ཡོད། དམ་པ་ལགས།

  5. དགྲ་བཅོམ་པ། says:
    2011-03-02 at 11:39 am

    འདས་པོ་དམ་པ་དང་ལྟག་མཚེར་འཁྲུངས་གཞིས་ཆེན་མོས་བོད་མི་རིགས་ཀྱི་དོན་དུ་བཞག་པའི་བཀའ་དྲིན་སྟོང་གསུམ་རིན་ཆེན་གྱིས་བཀང་སྟེ་ཕུལ་ཡང་བསབ་ཐབས་མེད་པ་ཞིག་ཡིན། ངེད་ཅག་ཡུལ་མི་རྣམས་ཀྱིས་ཀྱང་མྱ་ངན་དང་སྨོན་ལམ་འདེབས་བཞིན་ཡོད།

    ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔ ཨྃ་མ་ཎི་པདྨེ་ཧཱུྃ༔

  6. ཀརྡོ་རབ་འབྱམས་པ་ says:
    2011-03-02 at 12:27 pm

    གདུང་སེམས་མཉམ་འཁྱེར་ཡོད་ལགས།

  7. སྤངས་སྤོས། says:
    2011-03-02 at 9:22 pm

    རྒྱལ་གཅེས་དཔའ་བོའི་མཛད་རྗེས་ལ་བསམ་ན།
    སེམས་པ་སྐྱོ་བཞིན་མིག་ཟུང་མཆི་མས་བསླན།
    འཕགས་མཆོག་གྲུ་འཛིན་མགོན་པོའི་ཐུགས་རྗེས་ཀྱིས།
    མཐོ་རིས་མངོན་མཐོའི་གོ་འཕངས་ཐོབ་པར་ཤོག

  8. གངས་ལྷ་མེ་ཏོག says:
    2011-03-02 at 11:49 pm

    བོད་པ་ཡིན་ན་བོད་སྐད་གཙང་རྒྱོབས

  9. སྤངས་སྤོས། says:
    2011-03-03 at 10:39 am

    མི་ཚེ་བོད་སྐད་མེད་པའི་ལུང་པར་བསྐྱལ་དབང་གིས།
    བོད་སྐད་མི་སྨྲར་ཁྱོད་ལ་ཉེས་པ་ཅི།
    ཡབ་ཆེན་མཁས་པའི་དབང་པོའི་བཀའ་དྲིན་གྱིས།
    མི་རིགས་ལ་རྒྱ་ཐུགས་ལ་བཅངས་དེ་མཚར།
    བོད་དོན་འཇིགས་མེད་ནོར་བུའི་སྙིང་ནོར་ཡིན།
    ཡབ་ཆེན་དམ་པའི་བཀའ་ཡི་ཟེའུ་འབྲུ་ཡིན།
    ས་ཡ་དྲུག་གི་མིང་ཅན་བོད་མི་རྣམས།
    གཏུ་མུག་གཉིད་ཀྱི་ཞིང་ལ་ཉུལ་ལགས་བསམ།

  10. ལྷ་སྡེ་གནམ་ལོ་ཡག says:
    2011-03-03 at 7:46 pm

    རང་དབང་སྲོག་ལས་གཅེས་པའི་སྤོབས་སྟོབས་དང་།
    ལྷག་བསམ་གནམ་ལས་མཐོ་བའི་ལྕི་ཤུགས་གཉིས།
    དཔུང་མེད་བོད་ལ་མཁོ་བའི་དེང་གི་ཆར།
    ཁྱེད་སྐུ་སྐར་མདར་གྱུར་འདི་ཅི་ཡིས་ལད།

  11. རླངས་འདྲེ་བཀོལ། says:
    2011-03-04 at 1:53 am

    ཡབ་གཞིས་ཀྱི་རྒྱུད་པ་འདི་དག་ཁ་བ་ཅན་པ་ལ་ཤ་ཞེན་དང་བཀའ་དྲིན་བརྗོད་ལས་འདས་པ་རེད་
    འདས་པོ་ཁོང་ཚེ་ཚེ་རབས་རབས་སུ་བདེ་ནས་བདེ་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme