Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲས་འཇིགས་མེད་ནོར་བུའི་ཁྱིམ་ཚང་གི་གསཪ་འགོད་གསལ་བསྒྲགས།

Posted on 2011-02-222011-02-22 By དགེ་རབ་ 4 Comments on སྲས་འཇིགས་མེད་ནོར་བུའི་ཁྱིམ་ཚང་གི་གསཪ་འགོད་གསལ་བསྒྲགས།

img_1000ཐོག་མར་ངེད་ཀྱིས་ བྷི་ལིམ་མིན་ཊོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་ མཱར་ཀ་ ཀུར་ཟན་དང་བྷི་ལིམ་མིན་ཊོན་གྲོང་ཁྱེར་ལ་ ང་ཚོ་གསར་འགོད་གསལ་བསྒྲགས་འདི་སྐྱོང་བའི་གོ་སྒྲིག་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།
བདུན་ཕྲག་སྔོན་མའི་ནང་ང་ཚོའི་ཁྱིམ་ཚང་འདི་གོད་ཆག་ཆེན་པོ་ཞིག་གིས་མནར་བྱུང་། ཕ་དང་བུ། སྤུན་དང་ཁྱོ་ག་བཅས་ཡིན་པའི་ འཇིགས་མེད་ནོར་བུས་ང་ཚོའི་ཡབ་དམ་པའི་ཕྱག་ལས་ཀྱི་མཇུག་སྐྱོང་བའི་གོམ་བགྲོད་བྱེད་མུས་སུ་ཡོད་སྐབས་དེར་མོ་ཊས་བརྡབས་པ་དང་སྐུ་སྲོག་ཤོར་པ་རེད།
སྡུག་བསྔལ་འདི་ནི་ཧ་ཅང་གཏིང་ཟབ་པ་དེ་ལྟ་མོད་ཀྱང་། ང་ཚོས་ཁོང་ཉིད་ཀྱིས་དམིགས་ཡུལ་རྒྱ་ཆེན་པོ་ཞིག་ལ་ལས་ཀ་བྱེད་བཞིན་པ་དེ་ཤེས་ཡོད།
ང་དང་འཇིགས་མེད་ཀྱི་བུ་རྒན་པ་བསྟན་འཛིན་དང་། བུ་འབྲིང་བ་རྒྱལ་མཚན་བཅས་ནས་ཁོང་གིས་བདུན་ཕྲག་སྔོན་མའི་ནང་ ཧྥི་ལོ་རི་ཌའི་ནང་མགོ་འཛུགས་བྱས་པའི་གོམ་བགྲོད་དེ་མཇུག་སྒྲིལ་ཕྱིར་གོམ་བགྲོད་པ་གཞན་རྣམས་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུ་ཡིན། འཇིགས་མེད་ཀྱི་བུ་ཆུང་བའི་མིང་ལ་རང་བཙན་ཞེས་འབོད།
ལྟག་མཚེར་རིན་པོ་ཆེ་ཞེས་གྲགས་པའི་ང་ཚོའི་ཡབ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གིས་ལོ་མང་པོའི་སྔོན་ནས་རང་བཙན་གྱི་ཕྱག་ལས་གནང་སྟེ། ཨ་རི་དང་། ཁེ་ཎ་ཌ། ཐའེ་ཝན་བཅས་སུ་རང་བཙན་གོམ་བགྲོད་དང་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་བརྩམས་ཡོད། ང་ཚོའི་ཡབ་དམ་པའི་སྐུ་ཚེའི་མཇུག་དེར་ཁོང་གི་སྐུའི་འཕྲོད་བསྟེན་ཇེ་ཞན་དུ་ཕྱིན་སྐབས་སུ། ངའི་སྤུན་འཇིགས་མེད་ནོར་བུས་ བོད་མི་དམངས་ཀྱི་བདེ་སྡུག་ལ་ངོ་སྤྲོད་དང་གོ་རྟོགས་སྤེལ་བའི་ལས་འགུལ་འདི་ཕྲག་ཏུ་བཞེས་ཡོད།
ཐེངས་འདིའི་གོད་ཆག་འདིས་ ངའི་པཱ་ལགས་དང་ངའི་སྤུན་གྱི་རྨི་ལམ་མུ་མཐུད་ནས་བྱེད་པའི་ང་ཚོའི་དོན་གཉེར་འདི་འགོག་མི་ཐུབ་ལ། ངའི་ཚ་བོ་གཉིས་དང་ང་ཚོས་ རྩ་དོན་འདི་གསོན་པོར་ཉར་གི་ཡིན། འཇིགས་མེད་ཀྱི་འདས་གྲོངས་གོད་ཆག་འདིས་ ང་ཚོའི་རེ་འདུན་མཚམས་བཅད་མེད་ལ། ཁོང་གི་བུ་རྣམས་ཀྱིས་ང་ཚོའི་ནང་མིའི་ལོ་རྒྱུས་མུ་མཐུད་ངེས་ཡིན། ང་ཚོར་གྱོང་གུད་ཆེན་པོ་ཐེབས་པ་འདིས་ང་ཚོ་འགོག་མི་ནུས་པ་མ་ཟད། དེས་མཐའ་གཅིག་ཏུ་ང་ཚོའི་ངར་ཤུགས་ཇེ་ཆེར་གཏོང་གི་རེད།
འཛམ་གླིང་གང་སར་གནས་པའི་སྤྱི་ཚོགས་དང་མི་མང་གིས་ང་ཚོ་ལ་ཧ་ལས་པའི་རྒྱབ་སྐྱོར་དང་བརྩེ་སེམས་གནང་བྱུང་། ང་ཚོས་གོ་སྐབས་འདི་བཟུང་ནས་ ཁྱེད་རང་ཚོ་རེ་རེ་བཞིན་གྱི་བརྩེ་སེམས་དང་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ང་ཚོས་ ཁྱེད་ཚོ་ ཧྥི་ལོ་རི་ཌཱ་ལ་ཕེབས་ནས་གོམ་བགྲོད་ལ་ཞུགས་རྒྱུར་གདན་འདྲེན་ཞུ་གི་ཡོད། ང་ཚོས་ ཕྱི་ཚེས་ ༢༣ ཉིན་གོམ་བགྲོད་པ་རྣམས་དང་ལྷན་དུ་མཉམ་ཞུགས་བྱེད་གི་ཡོད། གལ་སྲིད་ཁྱེད་རང་ཉིན་མཐའ་མ་སྟེ་ ཕྱི་ཟླ་ ༢ ཚེས་ ༢༦ རེས་གཟའ་སྤེན་པ་ཉིན་ང་ཚོ་དང་མཉམ་ཞུགས་བྱེད་ཐུབ་ནའང་ང་ཚོས་དགའ་བསུ་ཞུ་བ་ཡིན།
ང་ཚོའི་ཁྱིམ་ཚང་གིས་འཇིགས་མེད་ནོར་བུའི་རྗེས་དྲན་གྱི་མྱ་ངན་འདུ་འཛོམས་ཤིག་ སྤྱི་ཟླ་ ༣ ཚེས་ ༡ ཉིན་ བྷི་ལིམ་མིན་ཊོན་གྲོང་ཁྱེར་སྤྱི་ཁང་དུ་བྱེད་རྩིས་ཡོད། དེ་ནི་ ཆུ་ཚོད་དྲུག་པ་ནས་ཆུ་ཚོད་བརྒྱད་པའི་བར་ཡིན།
མེ་ཏོག་གི་ཆུན་པོའི་དོད་དུ་ང་ཚོས་ཞལ་འདེབས་བྱུང་བ་རྣམས་ལེན་གི་ཡིན་ལ། ཞལ་འདེབས་དེ་རྣམས་ནི་ཤུལ་ལུས་བུ་གུ་གསུམ་གྱི་ཡིད་ཆེས་ཐེབས་རྩ་ལ་འཇོག་གི་ཡིན།

ཀུན་དགའ་ནོར་བུས།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༢ ཚེས་ ༢༢ ལ།
For Immediate Release
February 22, 2011
Contact: Lisa Morrison
812-361-8023
HYPERLINK “mailto:lisamorrisonmedia@yahoo.com” lisamorrisonmedia@yahoo.com

BROTHER OF JIGME NORBU OFFERS STATEMENT AND INVITATION

First I would like to take this opportunity to thank Mayor Mark Kruzan and the city of Bloomington for helping us with this press conference today!

Last week our family suffered a tragic loss. Jigme Norbu who was a brother, son, father, and husband was continuing his father’s work by raising awareness for Rangzin (Free Tibet) was struck down and killed by a car.

As profound as our loss is, we know he was working for a far greater cause.

I, along with Tenzin and Jensen Norbu (Jigme’s two oldest sons) will join many other walkers to finish his walk that he started in Florida last week.
His youngest son is named Ranzen, Free Tibet.

My father, Takster Rinpoche, known as Thubten Jigme Norbu started the cause for the Rangzin many years ago by organizing walks and bicycle rides across not only the United States but also in Canada and Taiwan. When my father’s health declined in his later years, my brother Jigme took up his passion and dedication to raising awareness of plight of the Tibetan people.

This tragedy will not stop our determination to continue my father’s and my brother’s dream – my nephews and I will continue to keep the cause alive. Jigme’s tragic death will not end our passion – his sons will continue our family legacy. Our great loss will not stop us, it will only make us stronger.

Our family has received a tremendous amount of compassion and support from the community and people from all over the world and we want to take this opportunity to thank each and every one for their love and goodwill.

I invite all of you to join us in Florida to complete Jigme’s walk. We are joining the group in Florida on Wednesday, Feb. 23rd. Even if you join us for the final day, Saturday, Feb. 26. We welcome you.

The Norbu Family will have a public Memorial Service for Jigme on Tuesday, March 1st, following the completion of the walk in Florida. The Service will be held at City Hall in Bloomington, IN from 6PM to 8PM.

In lieu of flowers, donations are being accepted. These donations will be placed in a trust fund for three children Jigme left behind.

གསར་འགྱུར།

Post navigation

Previous Post: སྦོ་སི་གྲོན་(Boston)མི་མང་གིས་བཀྲ་ཤིས་དབང་འདུས་ལ་བལྟ་སྟངས།
Next Post: ཀུན་དགའ་ནོར་བུས་རང་བཙན་ལས་འགུལ་མུ་མཐུད་ཀྱི་ཡིན་གསུངས་པ།

Comments (4) on “སྲས་འཇིགས་མེད་ནོར་བུའི་ཁྱིམ་ཚང་གི་གསཪ་འགོད་གསལ་བསྒྲགས།”

  1. མི་ནག་མདུང་ཐུང་། says:
    2011-02-22 at 3:28 pm

    ༼ཐེངས་འདིའི་གོད་ཆག་འདིས་ ངའི་པཱ་ལགས་དང་ངའི་སྤུན་གྱི་རྨི་ལམ་མུ་མཐུད་ནས་བྱེད་པའི་ང་ཚོའི་དོན་གཉེར་ འདི་འགོག་མི་ཐུབ་ལ། ངའི་ཚ་བོ་གཉིས་དང་ང་ཚོས་ རྩ་དོན་འདི་གསོན་པོར་ཉར་གི་ཡིན། འཇིགས་མེད་ཀྱི་འདས་གྲོངས་གོད་ཆག་འདིས་ ང་ཚོའི་རེ་འདུན་མཚམས་བཅད་མེད་ལ། ཁོང་གི་བུ་རྣམས་ཀྱིས་ང་ཚོའི་ནང་མིའི་ལོ་རྒྱུས་མུ་མཐུད་ངེས་ཡིན། ང་ཚོར་གྱོང་གུད་ཆེན་པོ་ཐེབས་པ་འདིས་ང་ཚོ་འགོག་མི་ནུས་པ་མ་ཟད། དེས་མཐའ་གཅིག་ཏུ་ང་ཚོའི་ངར་ཤུགས་ཇེ་ཆེར་གཏོང་གི་རེད།༽ཆོད་སེམས་འདིས། དཀའ་ངལ་གང་ལའང་གདོང་ལེན་གྱི་སྙིང་སྟོབས་དང་སྤོབས་པས་ཁ གཏད་གཅོག་དགོས་པ་དེ་ལག་ལེན་ངོ་མའི་བབ་ཀྱིས་བསྟན་གནང་སོང་། ང་ཚོར་འདི་ལྟར་ཕ་རབས་བུ་ཤུལ་འཛིན་མཁན་མང་པོ་ཞིག་ཡོད་པའི་དབང་དུ་བཏང་ན། འཐབ་རྕོད་ཀྱི་སྟོབས་ཤུགས་དང་། ནུས་པ་དེ་ཇི་འདྲའི་སྲ་བརྟན་ཞིག་མིན་ཨང་། མི་ཁྱིམ་འདིའི་གནང་སྟངས་འདི་མིག་དཔེར་བལྟ་འོས་པ་ཞིག་རེད། འདི་ཡིན་གཅིག་མིན་གཉིས་ང་ཚོས་རང་སྟེང་ལ་བསྐོར་ནས་བསམ་བློ་ཞིབ་ཚགས་རེ་གཏོང་དགོས་པ་ཞིག་རེད།

  2. ཀུན་གསལ says:
    2011-02-22 at 9:11 pm

    འདི་ནི་ཁྱིམ་ཚང་འདི་གའི་ལས་འགན་གཅིག་བུ་ག་ལ་ཡིན་ང་ཚོ་སྟེ་ས་ཡ་དྲུག་གི་བདེ་སྡུག་ཕྲག་ཏུ་བཞེས་ནས་སྐུ་ཚེ་འཕེན་པ་རྫོགས་པ་དམ་པ་ཁོང་གི་ནང་མི་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་ཆབ་གཅིག་ལས་འགུལ་མུད་མཐུད་ནས་སྤེལ་བར་ཐུགས་རྗེ་ཆེ་ཞུ། མི་ཐོག་འདིའི་ལེགས་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡོད།

  3. གངས་ལྷ་མེ་ཏོག says:
    2011-02-22 at 10:02 pm

    བོད་པའི་ཁྱིམ་ཚང་ཡོད་དོ་ཅོག་ལ་དེ་ལྟ་བུའི་ལས་འགན་རེད་ཡོད། འོན་ཀྱང་ལས་འགན་དེ་ཟུར་དུ་བཞག་ནས་རང་གི་ལྟོ་གཏམ་གསུམ་ཁོ་ན་དོན་་གཉེར་གྱི་བསམ་པས་ངན་ལང་དུ་ཤོར་བའི་ང་ཚོ་ལྟ་བུར་རྒྱུན་མཚོན་བསླབ་བྱ་ཆེན་པོ་ཞིག་སྦྱིན་པ་ཡིན། ཁྱེད་ཡབ་སྲས་རྣམ་པའི་སྙིང་སྟོབས་ལ་བསྟོད་བསྔགས་ཞུ་་བ་དང་སྦྲགས་རྒྱལ་གཅེས་དཔའ་བོའི་མཛད་བཟང་གོ་དུ་འཕེལ་བར་ཤོག

  4. བསྟན་རིག་ says:
    2011-02-24 at 8:11 pm

    སྲས་ཀུན་དགའ་ནོར་བུས་སྦུལ་མིན་ཀྲོན་གྲོང་ཁྱེར་ནང་གསལ་བསྒྲགས་གནང་སྐབས།http://www.theindychannel.com/video/26960289/index.html

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme