Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲས་འཇིགས་མེད་ནོར་བུ་ལགས་ལ་བཅར་འདྲི་ཞུས་པ་ཞིག

Posted on 2011-02-162011-02-17 By དགེ་རབ་ 12 Comments on སྲས་འཇིགས་མེད་ནོར་བུ་ལགས་ལ་བཅར་འདྲི་ཞུས་པ་ཞིག

གཟའ་ཟླ་བའི་གོད་ཆག་དེ་བྱུང་སྐབས་ ཕྲན་གྱིས་ཟླ་གཅིག་ཙམ་གྱི་གོང་དུ་ཁོང་ལ་བཅར་འདྲི་ཞིག་ཞུས་ཡོད་པ་དེ་དྲན་ནས། སྒྲ་འཇུག་འཁོར་ཐག་ནས་གློག་རྡུལ་ཅན་དུ་བསྒྱུར་བའི་འབད་པ་བསྟུད་མར་བྱས་འབྲས་སུ། དེ་རིང་བཅར་འདྲི་དེ་ཉན་ཐུབ་པ་ཞིག་བཟོ་ཐུབ་བྱུང་། བཅར་འདྲི་འདི་དབྱིན་སྐད་དུ་ཡོད་ལ། སྒྲ་གསལ་པོ་མེད་ཁར་ང་ཚོ་ནང་མོལ་གྱི་ཚུལ་དུ་བཅར་འདྲི་ཞུས་པ་ཞིག་ཡིན་སྟབས་གོ་རིམ་འཆོལ་བ་སོགས་ཡོང་སྲིད་པ་རེད། གང་ལྟར་དེ་རིང་འདིར་འཇོག་དོན་ནི། ཁོང་གི་ཆོད་སེམས་དང་སྤོབས་པ། ལ་རྒྱ་སོགས་འདི་ནས་གསན་ཐུབ་པ་ཞིག་ཡོང་ཆེད་ཡིན་ལགས། དམ་པ་ཁོང་མགོན་པོ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་སུ་རྗེས་སུ་འཛིན་སྨོན་འདུན་ཞུ།
གཤམ་གྱི་འབྲེལ་ཐག་ལ་བསྣུན་ནས་གསན་རོགས་ཞུ།
jigme-norbu interview

གསར་འགྱུར།

Post navigation

Previous Post: སྐབས་བཅོ་ལྔའི་མདོ་སྨད་སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ངོ་སྤྲོད་མདོར་བསྡུས།
Next Post: ལག་འཁྱེར་ཁ་པར་བཟུང་ན་ཕྱིར་འཕུད་གཏོང་གི་ཡིན་ཟེར།

Comments (12) on “སྲས་འཇིགས་མེད་ནོར་བུ་ལགས་ལ་བཅར་འདྲི་ཞུས་པ་ཞིག”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-02-16 at 9:25 pm

    བཀུར་འོས་དགེ་འདུན་རབ་གསལ་ལགས་ནས། བཅར་འདྲི་འདི་ཀློག་མཁན་ཚོའི་མདུན་ལ་བཞག་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ།
    བོད་རང་བཙན་དང་དེའི་ཆེད་དུ་བཏང་བའི་ཁོང་གི་མི་ཚེ་ལ་རྗེས་སུ་ཡི་རངས་སོ།

  2. གཞིས་བོད། says:
    2011-02-16 at 10:30 pm

    སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །
    བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །
    དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །
    སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །
    མི་ཕམ་རྒྱ་མཚོས་མཛད།

  3. རྔ་བ་རྒྱལ་ཁམས་པ། says:
    2011-02-16 at 11:10 pm

    ཆ་ཚང་ཞིབ་ཉན་བྱས་ཟིན། ཕ་བཟང་རྗེས་ཀྱི་བུ་རྒོད་ཅིག་རེད་འདུག མཛད་སྤྱོད་ལ་གུས་འདུད་དང་། ཁ་མིག་ཡར་ལྟོས་བྱེད། དུས་མིན་རྐྱེན་འདས་སུ་སོང་བར། མྱ་ངན་དང་། ཁྱིམ་གཞིས་ལ་གདུང་སེམས་མཉམ་བསྐྱེད་ཡོད། ཞོར་དུ་དགེ་རབ་ལ་ཐུགས་རྗེ་ཆེ་ཞུ།

  4. དགེ་འདུན་རབ་གསལ་ says:
    2011-02-16 at 11:16 pm

    རྔ་བ་རྒྱལ་ཁམས་པ་བཅས་པར། གུས་ཞུ། ད་འདི་གསན་ཐུབ་པ་བྱུང་བ་ནི་ཧ་ཅང་ལེགས། ཁོང་གི་གསུང་འདི་དག་དབྱིན་སྐད་དུ་ཡོད་སྟབས། གང་མང་མང་ལ་འགྲེམས་རོགས་གནོངས། ཐབས་ཤེས་ཡོད་ཚད་ཀྱིས་འགྲེམས་རོགས་གནང་། ཁོང་གི་སྐད་ཆ་འདི་དག་ཅི་ཙམ་གྱིས་བཀྲམས་ན་དེ་ཙམ་གྱིས་ཁོང་གི་དགོངས་བཞེད་འགྲུབ་པ་ལྟ་བུ་ཞིག་གི་ཚོར་བ་སྐྱེས་བྱུང་ལགས།

  5. འབྲོང་བུ་ཟླ་བ་ཚེ་རིང། says:
    2011-02-17 at 12:03 am

    བཅར་འདྲི་ལ་ཞིབ་ཏུ་ཉན་པ་ཡིན། ཐུགས་རྗེ་ཆེ། ཁོང་གིས་འཛམ་གླིང་ཞི་བདེ་དང། འགྲོ་བ་མིའི་ཐོབ་ཐང། བོད་ཀྱི་རང་བཙན་བཅས་ཀྱི་དོན་དུ་གོམ་བགྲོད་བཅུ་བདུན་ཙམ་གནང་བར་དངོས་གནས་ཡིད་སྨོན་འཆོར་བ་ཞིག་རེད། ད་དུང་ཁོང་གིས་བོད་མི་ཡོད་དོ་ཅོག་མཐུན་སྒྲིལ་བྱེད་དགོས་པ་དང་གཞོན་སྐྱེས་ཚོས་འགན་འཁུར་དགོས་པར་གསུངས་བ་ནི་ང་ཚོས་ངེས་པར་དུ་ལེན་དགོས་པའི་བསླབ་བྱའི་སྙིང་པོ་རེད་འདུག ཁོང་ལ་མྱ་ངན་གུས་འདུད་ཞུ་ཞུ།

  6. ཀརྡོ་རབ་འབྱམས་པ་ says:
    2011-02-17 at 4:32 am

    ང་རང་དབུ་མའི་ལམ་ལ་རྒྱབ་སྐྱོར་བ་ཅིག་ཡིན་ན་ཡང་། ༸སྐུ་ཚ་འཇིགས་མེད་ནོར་བུ་ལགས་དང་། བསྟན་འཛིན་འཇམ་དབྱངས་ལགས་གཉིས་ནི། བོད་རང་བཙན་གོམ་བགྲོད་ཀྱི་འཆི་བ་མེད་པའི་སྙན་གྲགས་འཛམ་གླིང་ཕྱོགས་ཀུན་ཏུ་འབར་འགྱུར་ཅིག །

  7. ཤར་ཕྱོགས་ཁུག་རྟ། says:
    2011-02-17 at 5:18 am

    བཅར་འདྲི་ལ་ཉན་པ་ཡིན། ད་དུང་གཞོན་ལྷན་དང་སྒྲིག་འཛུགས་གཞན་གྱིས་རྗེས་དྲན་བྱེད་ཀྱི་ཡོད་པ་དེར། ཁོང་གི་བསམ་ཚུལ་འདི་དབུས་སུ་བཞག་ནས་གླེང་ཐུབ་ན། དྲན་ཐུབ་ན་རང་གཞན་ཚང་མ་ཕན་ས་རེད་ལ། ཁ་ལག་འགལ་ཟླར་གྱུར་བའི་ལབ་རྐྱ་ཚོར་དེ་བས་ཀྱང་མིག་དཔེ་བསྟན་སོང། རང་བཙན་དོན་གཉེར་པའི་བྱུང་རབས་ཁྲོད་ཀྱི་ཐུབ་བསྟན་དངོས་གྲུབ་གཉིས་པ་དེ་ཨ་རིའི་བཙན་བྱོལ་བོད་མིའི་ཁྲོད་ནས་འཁྲུངས་སོང། ས་གནས་བོད་རིགས་ཚོགས་པས་ཨ་རིའི་ས་ཆ་ཆུང་ཆུང་ཞིག་རག་ཐབས་ཀྱིས་ཁོང་ཉིད་ཀྱིས་དར་ཆ་གྱོན་ནས། མོ་ཏས་བརྫུས་པའི་སྣང་བརྙན་ཞིག་བཟོ་ཐུབ་ན་ཅི་ལ་མི་ཕན་ནམ།

    ཡིན་ནའང། ངས་ཁ་ཚོན་གཅོད་མི་ཐུབ་པ་ཞིག་དང་དོན་མི་གོ་བ་ཞིག་ནི། ཁོང་གི་ཡབ་དམ་པའི་དགོངས་གཞི་ཟབ་མོའི་ཀློང་གི་ཁྱིམ་བརྒྱུད་ཆེན་མོ་གསུམ་ཟེར་བའི་དོན་དེ་ད་དུང་རྟོགས་ཀྱི་མི་འདུག་མོད། སྐད་ཆ་དེ་བེད་སྤྱོད་ཀྱིས་ཕུང་དཀྲུག་བྱེད་མཁན་ཚོའི་མིག་རྒྱང་མཐོང་སོང། ཡབ་གཞིས་སྟག་མཚེར་ཚང་ནི་བོད་མི་རིགས་འདིའི་ཆེད་དུ་སྲི་ཞུ་རྣམ་དག་སྒྲུབ་པའི་བྱུང་རབས་ངོས་སུ་བྱས་རྗེས་ཆེ་བའི་ཁྱིམ་བརྒྱུད་ཆེན་པོ་ཞིག་ཡིན་པ་དེ་བས་ཀྱང་རྟོགས་ཡོང་གི་འདུག

    ཁོང་ཉིད་བདེ་བ་ཅན་ཞེས་ཞིང་ཞིག་ཡོད་པ་དེ་ནས་སྐྱེས་བར་ཤོག

  8. loemosilsil says:
    2011-02-17 at 11:36 am

    དམ་པ་ཁོང་ལ་མྱ་ངན་ཞུ།

  9. གངས་ལྷ་མེ་ཏོག says:
    2011-02-17 at 2:01 pm

    ཡབ་དམ་པས་ཁ་བའི་ལྗོངས་ཀྱི་བདེ་དོན་ཆེད་དུ་གྲོང་དང་གྲོལ་རྡལ་བརྒྱུད་དེ་གོ་ལའི་ཁམས་འདིར་བསྐོར་ཅིང་། ཕ་དམ་པའི་ཞབས་རྗེས་དེད་ནས་བུ་རྒོད་པོ་ཁྱེད་ཀྱི་སྐུ་ཚེ་དེ་ཡང་དེ་ལྟར་ཡལ། ང་ཚོ་ཡ་དྲུག་དེས་གང་བྱས་ནས་ནོངས་པ་ཡིན་ནམ། སོ་སོའི་མི་རིགས་ལ་ཤ་ཞེན་ཅན་རྣམས་འཇིག་རྟེན་འདི་ནས་སྔོན་དུ་རང་ཕེབས་དགོས་ཀྱི་འདུག རྒྱལ་གཅེས་ཀྱི་དཔའ་བོ་རྒྱལ་གྱུར་ཅིག ཁྱོད་ཡབ་སྲས་གཉིས་ཀྱི་བཞེད་དགོངས་བོད་རང་གི་ཉི་མ་མྱུར་དུ་འཆར་བར་ཤོག

  10. གངས་ལྷ་མེ་ཏོག says:
    2011-02-17 at 2:13 pm

    དགེ་འདུན་རབ་གསལ་ལགས། ངས་སྲས་འཇིགས་མེད་ནོར་བུ་ལགས་དགོངས་པ་རྫོགས་སྟངས་སྐོར་གསལ་པོར་ཤེས་ཐབས་ཆེད་གྲྭ་རྒྱ་མང་པོར་ཕྱིན་པ་ཡིན། Florida གསར་ཤོག་གཅིག་གི་ནང་འཇིགས་མེད་ལགས་ཀྱི་ནོར་བ་ཡིན་ནམ། ཁ་ལོ་བས་ནོར་བ་ཡིན་གསལ་པོ་མེད་པ་འདྲ་བོ་ཞིག་དང་། ཁ་ལོ་བ་ལ་ཉེས་འཛུགས་བྱས་མེད་པའི་སྐོར་བཤད་འདུག་པས་དེའི་སྐོར་གནས་ཚུལ་གང་འདྲ་ཡིན་ནམ།་

  11. འཇིག་མེད་ says:
    2011-02-17 at 4:25 pm

    གནས་ཚུལ་དེས་སེམས་པ་ཧ་ཅང་འཕངས་པོ་བྱུང་་ སྲས་འཇིགས་མེད་ནོར་བུ་ལགས་ཀྱི་ཆེད་དུ་མྱ་ངན་ཞུ་རྒྱུ་དང་ ཡབ་གཞིས་སྐུ་འཁོར་རྣམས་ལ་ཐུགས་གསོ་ཞུ་ ཁོང་ཇི་སྲིད་བར་བོད་པ་རྣམས་ཀྱི་སེམས་ལ་གནས་གྱུར་ཅིག

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-02-17 at 9:42 pm

    དམ་པ་འཇིགས་མེད་ནོར་བུ་མཆོག་གིས་གོམ་བགྲོད་མཛད་པ། ཡབ་ཆེན་དམ་པ་དེ་ཡི་ཐུགས་དགོངས་ཟབ་མོ། ཕ་བཤུལ་བུ་བཟང་གིས་འཛིན་པ། གང་གི་ཐུགས་དགོངས་བཞིན་དུ་མ་འོངས་པ་ན་རང་ཡུལ་སྐྱེ་དགུ་ཡོད་དོ་ཅོག་རིག་གཞུང་སྐད་ཡིག་དཔལ་འབྱོར་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པར་ཤོག ཅེས་གདུང་སེམས་མཉམ་བསྐྱེད་ཀྱི་ངང་ནས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme