Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲང་ལམ། (སྒྲུང་འབྲིང་མུ་འགོད།)

Posted on 2013-10-312013-10-31 By ཡེ་ཤེས་ 5 Comments on སྲང་ལམ། (སྒྲུང་འབྲིང་མུ་འགོད།)

Rainཀླུ་སྨྱོན།

ཆར་བ་ཆེན་པོ་ཞིག་འབབ་མཚམས་བཞག་ཟིན། ཕྱི་རོལ་ཏུ་རླུང་བུ་འུར་འུར་དུ་ལྡང་བ་དང་མཉམ་དུ་ལྗོན་ཤིང་གི་ལོ་མ་འདར་བའི་ཤག་སྒྲ་ཐོས་ཡོང་། གློག་འོད་དམར་ཤར་རེ་བ་ཞིག་ཀྱང་ལན་རེར་འཁྱུག་ཅིང་། དེས་སྒེའུ་ཡོལ་གྱི་ངོས་སུ་ཡོད་པའི་བྱ་བྱེའུ་དང་མེ་ཏོག་གི་རི་མོ་དེ་ཚོ་གསལ་བོར་མཐོང་ཡོང་། ཉལ་ཁྲིའི་ཟུར་གྱི་བརྙན་འཕྲིན་ལས་སིར་སྒྲ་ཞིག་འབྱིན་བཞིན་ཡོད་པ་མ་གཏོགས་ཐད་གཏོང་ལེ་ཚན་ཁག་སྔ་མོ་ཞིག་ནས་གཏོང་མཚམས་ཡོངས་སུ་བཞག་ཟིན་འདུག ཛ་དྲག་ཉེན་སྐྱོབ་རླངས་འཁོར་གྱི་དུང་སྒྲ་འཛེར་བོ་ཞིག་ཕྱི་རོལ་ནས་གྲགས་ཡོང་བ་དེ་ནི་རླངས་འཁོར་གདོང་གཏུག་གི་དོན་རྐྱེན་མིན་ན་མཚན་མོའི་ཞབས་བྲོ་ཁང་དག་གི་ནང་དུ་ཕོ་གསར་ཚོ་གཞུ་རེས་ཐུག་པ་ཡིན་སྲིད། གཅིག་བྱས་ན་པ་སངས་ཀྱང་མདང་དགོང་བཞིན་ད་དུང་ཞབས་བྲོ་ཁང་ཞིག་ཏུ་ཝུ་ཆང་གིས་ར་བཟི་བསྡད་ཡོད་སྲིད་ལ། ཚབས་ཆེ་ན་འཆལ་སྤྱོད་མ་ཞིག་དང་མཉམ་དུ་སྲང་ལམ་ཁུག་ཀྱོག་ཅིག་གམ་མགྲོན་ཁང་གོང་ཁེ་ཞིག་ཏུ་ཉལ་བསྡད་ཡོད་སྲིད། ལམ་སྒྲོན་དག་སྔར་བཞིན་འཚེར་བ་དང་རླུང་བུ་གཡུག་མཚམས་ག་ལེར་བཞག་ཟིན། གཏིང་རིང་བའི་གནམ་མཐའ་ནས་གློག་འོད་རེ་ཟུང་འཁྱུག་གིན་ཡོད། ཚགས་པར་རྙིང་ཧྲུལ་དང་འགྱིག་ཤོག་ལེབ་མོ་འགའ་སྲང་བར་ནས་ལྷེབ་ཙམ་བྱེད་པ་ནི་རྣམ་ཤེས་ལྡོམ་པོ་ཁྱུ་གཅིག་གིས་ད་དུང་སོ་སོའི་གཏན་འཇགས་ཀྱི་གནས་མལ་མ་རྙེད་པ་འདྲ་བོ་འདུག ཆར་ཤུལ་གྱི་ཆུ་འཁྱིལ་རེ་རེའི་ངོས་སུ་སྲང་བར་གཡས་གཡོན་གྱི་གློག་འོད་འཕྲོས་ནས་མེ་ཏོག་གི་ཚོམ་བུ་སྣ་ཚོགས་འདྲ་བ་ཞིག་ཏུ་བསྒྱུར་འདུག སྐབས་འདིར་ཁྱོད་ཀྱིས་སྲང་བར་ནས་འཐུལ་ཡོང་བའི་དྲི་མ་ཁྱད་མཚར་བོ་ཞིག་སྣོམ་ཐུབ་ལ། དྲི་མ་དེའི་ཀློང་ནས་ཝུ་ཆང་དང་ཟས་ལྷག་གི་བྲོ་བ་ཡ་མཚན་པ་དེ་འདྲ་མང་པོ་ཞིག་ཀྱང་ཀླད་པའི་ནང་བློས་བསླངས་བྱེད་ཐུབ།
མུ་འགོད།

བརྩམས་སྒྲུང་།

Post navigation

Previous Post: མེ་ལྕེ།
Next Post: གཞུང་ཞབས་ལས་བྱེད་ཚོས་མང་ཚོགས་ལ་བཙན་གཡེམ་བྱེད་ཀྱིན་འདུག

Comments (5) on “སྲང་ལམ། (སྒྲུང་འབྲིང་མུ་འགོད།)”

  1. ཆོས་འཕེལ་དར་རྒྱས་ says:
    2013-10-31 at 6:40 pm

    གང་ཡང་གོ་མ་སོང་།

  2. ཁ་བའི་ཡུལ་གྱར་བ། says:
    2013-11-01 at 1:02 am

    མགོ་རྔ་དང་ནང་དོན་མི་གསལ་བའི་རྩོམ་དེ་མུ་འགོད་གནང་རོགས་ཐུགས་རྗེ་ཆེ།

  3. གནམ says:
    2013-11-01 at 1:58 am

    ཆར་བ་ཆེན་པོ་འབབ་མཚམས་ནས།།
    ཚགས་པར་རྙིང་ཧྲུལ་ལྷེབ་ཚུལ་བཤད།

    ཆར་བ་ཤོག་བུས་མ་ཁོག་པ་།
    ཤོང་བུ་ཆར་བས་མ་ལྡུར་བའི།།
    བརྫུན་སྒྲུང་བཤད་པའི་ཨ་ཁུ་ལགས།།
    བརྩམས་སྒྲུང་འབྲི་བར་ངོ་མ་ཚ།། ཧ་ཧ་ཧ།

  4. བསྟན་འཛིན་རྒྱལ་པོ། says:
    2013-11-01 at 5:18 am

    བཙན་བྱོལ་ནང་སྒྲུང་རྩོམ་འབྲི་མཁན་གྲལ་ནས་ཨ་ཁུ་ཀླུ་སྨྱོན་ནི་ཚད་འཛིན་འོས་པའི་སྒྲུང་རྩོམ་འབྲི་མཁན་ཞིག་རེད། ད་ལྟའི་བོད་ཡིག་གི་དྲ་ལམ་དང་གསར་ལམ་མ་དར་བའི་ཡར་སྔོན། ཀླུ་ཡེ་ཤེས་རྒྱ་མཚོ་གྲྭ་རྐྱང་བཅོས་མ་ཞིག་ཡིན་དུས་ཁོང་གིས་སྒྲུང་རྩོམ་གྱི་དེབ་འགའ་ཞིག་མི་ཡུལ་དུ་ཕུད་སོང་བས་དངོས་གནས་དེ་དག་ལ་ལོ་རྒྱུས་དང་། སྤྱི་ཚོགས་ཀྱི་དོན་གནད་ཚང་བའི་གསོན་ཉམས་ལྡན་པ་ཤ་སྟག་རེད། ད་ལན་སླར་ཡང་ཨ་ཁུ་ཀླུ་སྨྱོན་ཚང་གི་(སྲང་ལམ་)འདིའི་ནང་གཞོན་སྐྱེས་སྒྲུང་རྩོམ་འབྲི་མཁན་མང་དག་ཅིག་ཞུགས་ཐུབ་པའི་སྨོན་ལམ་ཡོད།

  5. ཆོས་འཕེལ་དར་རྒྱས་ says:
    2013-11-01 at 5:03 pm

    མུ་འགོད་ཞེས་བཀོད་ཡོད་དུས་རྗེས་སུ་བརྗོད་གཞི་ཚད་ལྡན་ཞིག་ཡོང་རྒྱུ་ཡིན་པ་ཐེ་མི་ཚོམ། ད་ནི་བླ་རྒན་ང་མགྱོག་པོར་གནས སྐོར་ལ་འགྲོ་རན་ཡོད་པས་སྒྲུང་གི་རྔ་མ་རྒྱ་གར་ནས་ཀློག་རྒྱུ་རེད། བུ་དང་བུ་མོའི་འདོད་པའི་སྐོར་ཞིག་མིན་པར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme