Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨྱུ་གུའི་སྟོབས་ཤུགས།

Posted on 2020-04-242020-04-24 By ཁ་བརྡ No Comments on སྨྱུ་གུའི་སྟོབས་ཤུགས།

རྐ་སྲས་ཀྱིས་བསྒྱུར།

J. K. Rowling

གྲགས་ཅན་རྩོམ་པ་པོ་ཞིག་གི་མི་ཚེའི་བྱུང་བ་དངོས།

འདི་ནི་གྲོང་བརྡལ་ཆུང་ཆུང་ཞིག་ཏུ་འཚོ་བའི་བུ་མོ་རྩོམ་འབྲིར་དགའ་བ་ཞིག་གི་མི་ཚེའི་བྱུང་བ་ཡིན། ཁོ་མོས་ལོ་ངོ་དྲུག་གི་སྟེང་རང་ཉིད་ཀྱི་ཆེས་ཐོག་མའི་སྒྲུང་རི་བོང་ཞེས་པ་སིབ་ནད་བྱུང་བའི་རི་བོང་ཞིག་གི་སྐོར་བྲིས་ཤིང་། སྒྲུང་དེ་རང་གི་ཨ་མར་བཤད། ཨ་མ་སྒྲུང་དེ་ལ་ཧ་ཅང་དགའ་པོ་བྱུང་ནས། བུ་མོའི་འབད་བརྩོན་ལ་སྟོད་བསྔགས་བྱས་པར་མ་ཟད། ད་དུང་མང་ཙམ་འབྲི་བའི་སེམས་ཤུགས་ཀྱང་སྤེལ།

སློབ་གྲྭའི་ནང་དུ་བུ་མོ་དེ་ངོ་ཚ་སྨིན་པོ་དང་། གཞན་ལ་འབྲེལ་འདྲིས་དེ་ཙམ་མི་བྱེད་མཁན་ཞིག་ཡིན་ལ། ཁོ་མོ་རང་རྒྱུན་དུ་རྟོགས་བཏགས་ཀྱི་འཇིག་རྟེན་དུ་འགྲིམ་པར་བྱེད། དུས་རྒྱུན་དུ་མོས་རང་ཉིད་ཀྱི་ལྟེབ་གཉེར་མང་བའི་འབྲི་དེབ་ཆུང་ཆུང་དུ་ཅི་ཞིག་འབྲི་བཞིན་སྡོད་པ་ཡིན།

ཁོ་མོ་ལོ་བཅོ་ལྔའི་སྐབས་རང་ཉིད་ཆེས་བརྩེ་འདྲིས་ཆེ་བའི་རྨོ་རྨོ་ལགས་འཇིག་རྟེན་ཕྱི་མོར་ཆས་སོང་། མོའི་མི་ཚེའི་ཁྲོད་ཀྱི་དཀའ་སྡུག་ནི་དེ་ཁོ་ན་ཙམ་ག་ལ་ཡིན། མོ་དང་ཨ་ཕའི་བྲེལ་བ་ཡང་ཡག་པོ་མ་བྱུང་བ་མ་ཟད། ཨ་མ་ཀླད་པའི་ནད་དྲག་པོས་མནར་ནས། གནས་སྟངས་ཇེ་སྡུག་ནས་ཇེ་སྡུག་དུ་ཕྱིན། ཨ་མའི་ན་ཚ་དེ་ཁོ་མོའི་མི་ཚེའི་ནང་གི་བརྡབ་གསིག་ཆེ་ཤོས་སུ་གྱུར། ཅང་མ་འགོར་བར་ཨ་མ་ཚེ་ལས་འདས་ཤིང་མོས་དེ་ལ་སེམས་སྡུག་ཆེན་པོ་བྱས།

ཁོ་མོས་དེ་ལྟར་མུ་མཐུད་འཚོ་བ་བསྐྱལ་ཞིང་། ཉིན་ཞིག་ཚགས་ཤོག་ཅིག་ཀློག་སྐབས། ཕཱོ་ཇི་གྷལ་རྒྱལ་ཁབ་དུ་དབྱིན་ཡིག་དགེ་རྒན་གྱི་ལས་ཀའི་ས་མིག་གསལ་བསྒྲགས་མཐོང་། སྐབས་དེར། ཏག་ཏག་ཁོ་མོས་ལས་ཀ་འཚོལ་གྱི་ཡོད་ལ། འཚོ་བ་གསར་བ་ཞིག་གི་འགོ་འཛུགས་འདོད་ཡོད་པ་རེད། དེར་བརྟེན་མོས་གོ་སྐབས་དེ་འཆོར་དུ་མ་བཅུག་པར་ཕཱོ་ཇི་གྷལ་ལ་སློབ་ཁྲིད་བྱེད་དུ་ཆས།

ཉིན་ཞིག་ཆང་ཁང་དུ་ཁོ་མོ་བརྙན་འཕྲིན་གསར་འགོད་པ་ཞིག་དང་ཕྲད་ནས་ཕན་ཚུན་ཁ་བརྡ་གློད་ཅིང་། ཁོང་གཉིས་ཀ་དབྱིན་ཇི་རྩམ་སྒྲུང་འབྲི་མཁན་ཇེན-ཨོ་སིན་གྱི་ཐད་དགའ་ཕྱོགས་མཐུན་པ་ཤེས་རྟོགས་བྱུང་།

ཁོ་གཉིས་མཉམ་འགྲོ་མཉམ་འདུག་བྱེད་རྒྱུར་དགའ་བར་གྱུར་ནས། ལྷན་དུ་དུས་ཚོད་མང་ནས་མང་དུ་བསྐྱལ་ཞིང་། ལོ་གཅིག་གི་རྗེས་དགའ་སྤྲོའི་ངང་གཉེན་སྒྲིག དེ་ནས་ལོ་གཅིག་གི་རྗེས་སུ་ཁོ་གཉིས་ལ་དཀོན་མཆོག་གིས་བུ་མོ་སྙིང་རྗེ་མོ་ཞིག་གནང་།

འོན་ཀྱང་། ཁོ་མོའི་མི་ཚེ་སླར་ཡང་སྡུག་གི་མུན་པའི་ཕྱོགས་སུ་འཁོར་བྱུང་། ཁོ་མོས་ཁྱིམ་ནས་ཁྱོ་གའི་མནར་གཅོད་མྱངས་ཞིང་། ཉིན་ཞིག་ཁྱིམ་ནས་ཕྱིར་ཕུད་བཏང་། མོས་གསར་ཏུ་བཙས་བའི་རང་གི་བུ་མོ་ཁྱེར་ནས་རྒྱལ་ཁབ་དེ་དང་གྱེས།

ཁོ་མོར་ལས་ཀ་མ་རག་ཅིང་། མོ་རང་གཅིག་པུས་རང་གི་བུ་མོར་ལྟ་སྐྱོང་བྱེད་སྐབས། རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་བརྟེན་ནས་འཚོ་དགོས་བྱུང་། འདི་ནི་མོའི་མི་ཚེའི་ཁྲོད་ཀྱི་ཆེས་མུན་ནག་གི་དུས་ཤིག་རེད། མོའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བས་གྲོགས་པོ་ཚོས་མོའི་ཁང་གླ་སྤྲོད་རོགས་ཀྱང་བྱས།

མཚམས་རེར་མོ་རང་གིས་ཟ་མ་མི་བཟའ། དེ་ལྟར་བྱས་ན་གཞི་ནས་མོའི་བུ་མོར་ཟ་མ་མང་ཙམ་བཟའ་རྒྱུ་ཡོད་པ་རེད། མོའི་དཀའ་སྡུག་གི་གནས་སྟངས་མང་པོ་དེ་དག་གིས་རྐྱེན་པས། རང་ཉིད་ཡོངས་སུ་ཕམ་ཡོད་པར་ངོས་འཛིན་བྱས་ཤིང་། དཀའ་སྡུག་དེ་དག་གི་ནི་གཏན་ནས་མཇུག་ནས་མི་སྒྲིལ་བ་ལྟར་ཚོར་ཏེ། མོའི་སེམས་དོགས་འཚེར་ནད་གྱིས་མནར་བར་མ་ཟད། གསོན་འདོད་མེད་པར་གྱུར་ནས། རང་སྲོག་གཅོད་ཐབས་ཐེངས་གཅིག་ཀྱང་བྱས། འོན་ཀྱང་། མོས་རང་གི་བུ་མོར་བསམ་བློ་བཏང་ནས་འཚོ་ཐབས་ཤིག་འཚོ་རྒྱུ་བྱས།

མཐར་རང་ཉིད་ཀྱིས་གང་སྒྲུབ་ཐུབ་པ་དེ་བྱེད་ཆེད་རྟོགས་སྒྲུང་འབྲི་རྒྱུ་ཐག་བཅད། ཡི་གེ་འབྲི་ལྕོག་ཏུ་བསྡད་དེ་རྩོམ་འབྲིའི་ལས་ལ་ཞུགས་ཚེ། ཁོ་མོས་དཀའ་སྡུག་ཡོད་ཚད་བརྗེད་པར་འགྱུར་བས། མོས་རྩོམ་འབྲི་བྱེད་པ་མང་ནས་མང་ཏུ་བཏང་།

ཚིག་ཇ་ཁང་ནས་ཟ་མ་ཉོ་བའི་སྒོར་མོ་མེད་ཀྱང་། མོས་རང་གི་བྱིས་པ་པང་དུ་བཟུང་ནས། དེབ་འབྲི་བའི་ཆེད་རྒྱུན་དུ་མོ་རང་ཚིག་ཇ་ཁང་དུ་སོང་སྟེ། རྩོམ་འབྲི་བྱེད་སྐབས་ཇ་ཕོར་བ་གང་རེ་ཉོས། དེ་ལྟར་བྱེད་དོན་ནི། ཚིག་ཇ་ཁང་གི་སྦྱིན་བདག་གིས་ཕྱིར་ཕུད་མི་གཏོང་བའི་ཆེད་རེད།

གང་ལྟར་དེ་ལྟར་བྱས་ནས་མོའི་རང་གི་དེབ་ཀྱི་ལེའུ་དང་པོ་གསུམ་གྲུབ་པར་བྱས་ཤིང་། སྒྲུང་དེ་དཔར་སྐྲུན་ཁང་ཞིག་བསྐུར་མོད། སྟབས་ཉེས་པ་ཞིག་ལ་ཁོ་ཚོས་དེ་མགྱོགས་པོར་ཕྱིར་སློག དེ་ནས་ཡང་སྒྲུང་དེ་དཔར་སྐྲུན་ཁང་གཞན་ཞིག་ལ་བཏང་ཡང་། ལན་ནི་པར་སྐྲུན་བྱེད་མི་ཐུབ་ཅེས་པ་དེ་རེད།

མོའི་ཡིག་སྣོད་ཀྱང་ཕྱིར་སློག་བཏང་བའི་འཕྲིན་གྱིས་བཀང་བར་ཉེ། སྒྲུང་དེ་དཔར་སྐྲུན་ཁང་མི་འདྲ་བ་བཅུ་གཉིས་ལ་བཏང་མོད། དེ་དག་ཚང་མས་ཕྱིར་སློག་རྗེས། ཁོ་མོ་རང་ཉིད་ཀྱི་དེབ་ལ་གདེང་ཚོད་བརླག་འགོ་བཙུགས།

མཐར་ཉིན་གཅིག བྷི་ལོམ་བྷེ་རས་(Bloomsbury)དཔར་སྐྲུན་ཁང་གི་རྩོམ་སྒྲིག་པ་ཁོ་མོར་ཐུག་ནས་མོའི་དེབ་བཀླགས། ཧ་ཅང་སྟབས་འགྲིག་པ་ཞིག་ལ་རྩོམ་སྒྲིག་པ་ཁོང་གི་ལོ་བརྒྱད་ཅན་གྱི་བུ་མོ་ཡང་དེར་མཉམ་དུ་ཁྲིད་ཡོད་ཅིང་། བུ་མོ་ཆུང་ཆུང་དེ་དེབ་འདིའི་ལེའུ་ཐོག་མ་དག་ལ་ཧ་ཅང་དགའ་པོ་བྱུང་ཞིང་། དེབ་ཧྲིལ་པོ་ཀློག་འདོད་ཆེན་པོ་སྐྱེས། དེ་ལ་བརྟེན་ནས་པར་སྐྲུན་པས་དེབ་དེ་དཔར་དུ་སྐྲུན་རྒྱུར་མོས་འཐད་བྱུང་།

འོན་ཀྱང་། དཔར་སྐྲུན་པས་ཁོ་མོར་མི་ཚེའི་ནང་ལས་ཀ་བརྟེན་པོ་ཞིག་བཙལ་དགོས་པ་མ་གཏོགས། བྱིས་པའི་རྟོགས་སྒྲུང་བྲིས་ནས་དངུལ་ཅི་ཡང་སྒྲུབ་ཐུབ་ཀྱི་མ་རེད་ཅེས་བསླབ་བྱ་ཡང་བྱས།

གཅིག་དགུ་གོ་བདུན་ལོའི་ཟླ་དྲུག་པའི་ནང་མོ་ལོ་སོ་གཅིག་གི་སྟེང་། ཁོ་མོའི་བརྩམ་སྒྲུང་ཐོག་མ། མཚན་ཉིད་རིག་པ་བའི་རྫུ་འཕྲུལ་ཅན་གྱི་རྡོ་ཞེས་པ་དེ། དཔར་ཐེངས་དང་པོར་དེབ་ཆིག་སྟོང་དཔར་དུ་བསྐྲུན།

ཀློག་པ་པོ་ཚོས་དེབ་དེའི་བྲོ་བ་མྱངས་བ་ན། ཁོ་མོའི་དེབ་དག་ཀློག་འདོད་ཆེ་ནས་ཆེར་འཕེལ་བར་གྱུར། ཟླ་བ་ལྔའི་རྗེས་སུ་མོའི་དེབ་ལ་ནཱ་སི་ཊི་ལེ-སི་མཱར་ཊི་བྷོས་ཁི་(The Nestle smarties book prize)ཞེས་པའི་དེབ་ཀྱི་བྱ་དགའ་ཐོབ།

དེ་ནས་ཅང་མ་འགོར་བར་ཇེ་ཁེྀ-རཱོ་ལིང་ཞེས་འབོད་པ།(J.K. Rowling) ལས་ཀ་མེད་མཁན་ཞིག་ནས། སེམས་ལ་དོགས་འཚེར་ནད་ཕོག་མྱོང་མཁན་ཞིག་དང་། ཁེར་རྐྱང་གི་ཨ་མ་ཞིག རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་བརྟེན་དགོས་མཁན་ཞིག་ཏུ་གྱུར་མྱོང་བའི་བུད་མེད་དེ། ད་བར་དེབ་ཚོང་ཆེས་བྲུན་ཤོས་ཀྱི་རྩོམ་པ་པོ་ཞིག་ཏུ་གྱུར།

ཁོ་མོའི་དེབ་ཆེས་ཐོག་མ། ཧེ་རིས་ཕཱོ་ཁྲིར་དང་མཚན་ཉིད་རིག་པ་བའི་རྫུ་འཕྲུལ་ཅན་གྱི་རྡོ་ཞེས་པ་དེ། འཛམ་གླིང་དུ་ད་བར་བྲིས་པའི་དེབ་ཡོད་ཚད་ལས་ཆེས་བྲུན་ཤོས་སུ་གྱུར། ད་ལྟའི་ཆར་དེབ་འཕྲེང་བདུན་པོ་དེ་དག་འཛམ་གླིང་ཡོངས་སུ་དེབ་གྲངས་ས་ཡ་བཞི་བརྒྱ་ལྔ་བཅུ་བཙོངས་ཟིན་པ་རེད།

ཁོ་མོའི་དེབ་ལ་གཞི་བཅོལ་བའི་གློག་བརྙན་ཧྥི་རན་ཆཱ་ཡེ་སི་(Franchise)ཞེས་པས། གློག་བརྙན་བཟོ་སྐྲུན་ཁང་བྷོ་སི་ཨོ་ཧྥེ་སི་(home box office)ལ་ཨ་སྒོར་ས་ཡ་བདུན་ཚེག་བདུན་གྱི་ཡོང་སྒོ་བསྐྲུན་ཡོད།

གཉིས་སྟོང་བཞི་ལོར་ཧྥོར་བྷེ་སི་དུས་དེབ་ཀྱིས་(Forbes magazine)ཇེ་ཁེྀ-རཱོ་ལིང་ལ་དེབ་བྲིས་ཏེ་སྒོར་ཐེར་འབུམ་ཕྱུག་བདག་ཏུ་གྱུར་མཁན་ཆེས་ཐོག་མ་ཞེས་ཆེ་མཐོངས་གནང་།

མཁྱེན་གསལ་ལྟར། ཇེ་ཁེ་-རཱོ་ལིང་ནི་མཚན་གཅིག་ལ་ལེགས་འགྲུབ་བྱུང་བའི་མི་ཞིག་མ་རེད། ཁོ་མོའི་མི་ཚེའི་ནང་སྟབས་མ་ལེགས་པ་མང་པོར་ཕྲད་ཅིང་། ཁེར་རྐྱང་གི་ཨ་མ་ཞིག་ཏུ་གྱུར་ནས། དོགས་འཚེར་སེམས་ནད་ཅན་དུ་གྱུར་བ་དང་། རང་གི་བྱིས་པར་ལྟ་སྐྱོང་བྱེད་སྐབས། གཞན་གྱིས་དང་ལེན་མ་བྱས་པ་མང་པོ་བྱུང་ཡོད་མོད། མི་ཚེའི་ཁྲོད་ཀྱི་ཕམ་ཁ་དེ་དག་གིས་ཁོ་མོ་མི་གཞི་བརྟེན་པའི་གང་ཟག་ཞིག་ཏུ་བསྒྱུར་ཏེ། ཁོ་མོའི་རྟོགས་སྒྲུང་ཐོག་མ་ཡོངས་སུ་ལེགས་འགྲུབ་བྱུང་བཅུག་པ་རེད།

རང་ཉིད་ལ་ཡོད་པའི་རྒྱུ་འབྱོར་དང་སྙན་གྲགས་ལ་མ་ལྟོས་པར། ཁོ་མོས་རང་གི་དཀའ་ཚེགས་དང་སྡུག་བསྔལ་གྱི་ཉམས་མྱོང་དག་གཏན་ནས་བརྗེད་མེད། ཁོ་མོས་རང་གི་རྒྱུ་འབྱོར་ལས་མི་གཞན་ལ་སྐྱོབ་གསོ་མང་པོ་གནང་ནས། གཉིས་སྟོང་བཅུ་གཅིག་ལོར་མོས་རང་གི་ཐེར་འབུམ་ཕྱུག་བདག་གི་གོ་བབས་ཀྱང་ཤོར་བ་རེད།

ཇེ་ཁེ་-རཱོ་ལིང་གི་མི་ཚེའི་བྱུང་བས་ང་ཚོར་འབད་བརྩོན་བྱས་ན་ངོ་མ་གྲུབ་འབྲས་ཡོད་པ་བསྟན་ཡོད། ང་ཚོས་ཁོ་མོའི་མི་ཚེའི་ལོ་རྒྱུས་ལས་གལ་ཏེ་རང་ཉིད་ལ་རྨི་ལམ་ཞིག་ཡོད་ཚེ། གཞན་གྱིས་དང་ལེན་མི་བྱེད་པ་སྟུད་མར་བྱུང་ཡང་། དེ་ལ་བརྟེན་ནས་རང་གི་འཚོལ་སྙེག་མཚམས་ཆད་མི་རུང་བ་དང་། གལ་ཏེ་མི་ཚེའི་ནང་ཆེས་ཐབས་སྐྱོ་བའི་གནས་སྟངས་ཤིག་བྱུང་ཡང་། དེས་རང་ཉིད་ཀྱི་་མདུན་སྐྱོད་འཁྱོར་དུ་མི་འཇུག་པར། ཐབས་སྐྱོ་བའི་གནས་སྟངས་དེ་རྨང་ཞིག་ཏུ་བརྩི་བ་ལས། མཇུག་སྡོམ་ཞིག་ཏུ་ནམ་ཡང་བརྩི་མི་རུང་བའི་བསླབ་བྱ་ལེན་དགོས།

“འཚོ་བའི་ཁྲོད་གཟབ་ནན་བྱས་པ་ཚད་ལ་བརྒལ་ནས། དེས་རྐྱེན་པས་འཚོ་བ་ཡང་སྐྱེལ་མི་ཐུབ་པ་ཞིག་བྱས་ན་མ་གཏོགས། མི་ཚེའི་ནང་ཕྱོགས་གང་ཞིག་ནས་ཕམ་ཁ་གཅིག་ཀྱང་མི་ཉོ་བ་ནི་ཡོང་མི་སྲིད་པ་ཞིག་ཡིན། གཟབ་ནན་དེ་འདྲ་བྱས་ནས་མི་ཚེ་བསྐྱལ་བའི་དབང་དུ་བཏང་ན། དང་པོ་ནས་ཕམ་ཁ་ཉོས་ཟིན་པ་རེད།”ཅེས་ཇེ་ཁེ-རཱོ་ལིང་གྱིས་ཧར་ཝར་ཊི་གཙུག་ལག་སློབ་གྲྭའི་ཆེ་མཐོང་གཏམ་བཤད་ནང་བརྗོད་ཡོད།

འགྱུར་རྩོམ།

Post navigation

Previous Post: ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མ་མིན་ནམ། (1)
Next Post: པཎ་ཆེན་དྲན་པའི་གདུང་དབྱངས།    

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme