Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨྱུ་གུ་མི་ཐེགས་པའི་དུས་ཚོད་ཅིག་ལ།

Posted on 2011-03-012011-03-01 By ཡེ་ཤེས་ 17 Comments on སྨྱུ་གུ་མི་ཐེགས་པའི་དུས་ཚོད་ཅིག་ལ།

night
ཀླུ་སྨྱོན།
འཚོ་བའི་ཁྲོད་ཀྱི་རྡུང་རྡེག་སྣ་ཚོགས་ཀྱི་དབང་གིས།

དེ་རིང་ངའི་ལག་པ་རིད་པོ་འདི་གཉིས་ཀྱིས་སྨྱུ་གུ་འདི་ཡང་མི་ཐེགས་ཤིང་།

མིག་ཤེས་ཉམས་ནས་མཐོང་ལམ་རབ་རིབ་ཏུ་གྱུར་པས།

ཤོག་དཀར་སྟེང་གི་ཐིག་རིས་མག་མོག་ཏུ་གྱུར་ཅིང་།

གློག་ཀླད་ངོས་ཀྱི་ཡིག་འབྲུ་རབ་རིབ་ཏུ་སྣང་བྱུང་བས།

ད་ནི་ངོ་མ་སེམས་པ་སྐྱོ་དགོས་པའི་དུས་ཚིགས་ཤིག་ལ་བསླེབས་བྱུང་ཨང་།

ལོ་མཇུག་གི་ནམ་ཟླ་འདིས་ཀྱང་བསམ་བཞིན་དུ་ང་ལ་ཐུབ་ཚོད་བྱེད་པ་དང་འདྲ་བར།

གྲང་རླུང་ལྡང་ཞིང་ཁ་བ་སབ་སིབ་ཅིག་རྒྱུན་མི་འཆད་པར་འབབ།

ཡ་ཆུང་སྟོང་པ་དང་མིག་མཐའ་སྐམ་པོ་ཡིན་པའི་དེ་རིང་།

ཉི་མ་རེ་རེ་བཞིན་སྨན་ཐུན་གསུམ་རེ་ཟོས་ནས་སྡོད་རྒྱུ་ལས།

དོན་ངོ་མར་ང་ལ་ལས་རྒྱུ་ཅི་ཡང་མེད་པ་འདྲ་ཞིང་།

ངའི་འདོད་པ་ཚེ་གཅིག་སྐྱ་ཡ་ཡིན་ཞེས་པའི་གློག་བརྙན་དེའི་འཁྲབ་ཚན་མཐའ་མ་དང་འདྲ་བར།

མི་ཚེ་ཐུང་ཐུང་འདི་འཆི་བདག་གི་བཙན་དབང་དུ་ནམ་ཤོར་ལ་ངེས་པ་མེད་ཅིང་།

འདས་ཟིན་པའི་འཆར་ཡན་སྐྱིད་པོ་དེ་དག་ཀྱང་སྟོན་ལོ་རླུང་གིས་ཁུར་བའི་ངང་ཚུལ་ལས་མི་འདས་ཨང་།

མདང་དགོང་ཞག་གང་བོར་དྲ་མའི་ངོས་སུ་གཞུས་པའི་ཆར་ཐིགས་ཁྲི་སྟོང་དེ་དག

སྐྱེ་བ་གྲངས་ཀ་མེད་པ་ཞིག་གི་མི་ཚེ་རེ་རེ་དང་འདྲ་བར།

ང་ལ་ཞག་གང་བོར་མ་འོངས་པའི་སྐྱེ་བའི་ཕྲེང་བ་དེ་དག་གི་སྣང་བརྙན་རྫོགས་མེད་ཅིག་བསྐྲུན་ཅིང་།

འཇིག་རྟེན་ཁམས་འདིར་བཅངས་པའི་བརྩེ་དུང་ཟབ་མོ་འདི་ཡང་།

ཡལ་ལ་ཁད་ཀྱི་རྣམ་ཤེས་འདི་དང་མཉམ་དུ་མཐའ་མེད་པའི་མཁའ་དབྱིངས་སུ་རྒྱུ་ཆོག་པའི་དུས་ཚོད་ཅིག་འཆར་ལ་ཉེ་བ་དང་།

ཡང་སྐྱར་མགོ་བརྩམས་ཆོག་པའི་སྐྱེ་བ་རྗེས་མ་དེའི་ཁོར་ཡུག་དང་མཁའ་དབུགས་འཇམ་པོ།

ད་དུང་དེ་དུས་ཀྱི་དབྱར་གཞུང་དང་ཉི་འོད་དྲོན་པོ་སོགས་ལ་བསམ་བློ་རེ་བཏང་ན།

ད་ནི་ཕོ་ལོ་བཞི་བཅུའི་མི་ཚེ་འདི་ཡང་རྫོགས་ན་འགྲིག་འདུག

ད་ནི་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི་ཡང་བསྐྱུར་ན་ཆོག་གི

སྙན་ངག Tags:ཨཨཨཨཨཨཨཨཨ

Post navigation

Previous Post: དབྱངས་ཅན་མ་ལྟ་བུའི་ཁྱོད། པདྨ་མཚོ།
Next Post: དེབ་འོས་སྦྱོར།

Comments (17) on “སྨྱུ་གུ་མི་ཐེགས་པའི་དུས་ཚོད་ཅིག་ལ།”

  1. འབའ་སྲས། says:
    2011-03-01 at 4:27 pm

    ཀླུ་སྨྱོན་ལགས། བརྩེ་བའི་གོམ་བགྲོད་བྱས་ནས་ས་ཆ་ག་བར་སླེབས་སོང་། ལམ་བར་ནས་དཀའ་ལས་ཁག་སོང་ངམ། ཤུགས་རྒྱོབས་དང་ད་སླེབ་གྲབས་ཡོད་ཀྱི་རེད།

  2. yeshe says:
    2011-03-01 at 4:42 pm

    ད་ནི་ཤི་གསོན་བྱེ་མའི་ལ་ཁར་བསླེབས་ཡོད།

  3. གཞོན་ནུ་ཟླ་མེད། says:
    2011-03-01 at 5:20 pm

    ཨ་རོགས་ཐུགས་མ་སྐྱོ། ཨ་མདོ་བྱམས་པས་དགོང་ལོ་བདུན་ཅུའི་ཐོག་ནས་གཟུངས་སྐྱིད་ཆུང་མར་བླངས་ནས་བྱིས་པ་གསུམ་བཟོས་ཡོད་ནི་རེད། ཁྱོད་ལོ་བཞི་ཅུ་དེ་ཆི་གང་མ་རེད། ཨ་མདོ་བྱམས་པའི་དགོང་ལོ་དང་བསྡུར་ན་ཁྱེད་ཀྱིས་ད་རུང་བྱིས་པ་དགུ་དགུ་བརྒྱད་ཅུ་གྱ་གཅིག་བཟོ་ཐུབ་ནི་རེད། འོ་ད་མང་པོ་མི་བཤད། མང་པོ་བཤད་ཁ་བྱས་ན་ཚིག་པ་གཡག་ལ་ཟོས་ནས། རྡོག་ཐོ་རྟ་ལ་བཤུ་པའི་ཉེན་ཁ་འདུག

  4. ཀླུ་སྨྱོན། says:
    2011-03-01 at 5:22 pm

    སེམས་ཤུགས་འཕར་ནི་ཞིག་རེད་གོ གྲོགས་བཟང་པོ་སྨན་གྱི་ལྗོན་པ་འདྲ། །དུས་རྒྱུན་དུ་བསྟེན་ན་སེམས་ནད་དྲག །ཟེར་ནོ་བདེན་ག

  5. ལྷ་མོ་དོན་གྲུབ says:
    2011-03-01 at 7:38 pm

    ཁྱོད་འདོད་པ་ཚེ་གཅིག་སྐྱ་ཡ་ལགས་ན། ཁྱོད་སྐྱོད་སའི་རྐང་ལམ་རྦད་དེ་ནོར་འདུག
    ད་དགེ་ཆོས་འདོད་པའི་བསྟན་བཅོས་བཀླགས་ནས། འདོད་ལོངས་སྤྱོད་བྱེད་ཚུལ་རྟོགས་ན་བཟང་ག

  6. གཞོན་ནུ་ཟླ་མེད། says:
    2011-03-01 at 7:42 pm

    ལོ་བཅུ་གཉིས་བཅུ་གསུམ་ཡིན་དུས་ཐ་ཚོད།།
    དགེ་ཆོས་འདོད་བསྟན་བཀླག་ན་འདོད་ཙིག །
    དེང་སང་འབུ་ལི་ཁོག་ལ་འཛུལ་དུས།།
    འདོད་བསྟན་ཁ་ཡིག་མཐོང་ན་སུན་གི།

  7. ལ་སྟོད་བུ། says:
    2011-03-01 at 10:30 pm

    ཀླུ་སྨྱོན་ཁོང་བརྩེ་བའི་གོམ་བགྲོད་བྱེད་སར་མི་འདྲ་མི་གཅིག་སྣ་ཚོགས་གཟིགས་པ་ལ་བརྟེན་ནས་ཁོང་གི་ཐུགས་ལ་འཁོར་བར་ངེས་འབྱུང་ཤ་མ་ཞིག་སྐྱེས་བཟོ་འདུག
    ་མ་ཟད་མི་རྟག་པ་ཕྲ་མོ་ཡང་ག་རབས་རྟོགས་རབས་འདུག
    གཅིག་བྱེད་ན་འདི་དག་ཉམས་སྣང་ལས་དངོས་མིན།
    ད་སེམས་པ་མ་སྐྱོ་བརྩེ་བའི་དོན་དུ་ལུས་སྲོག་བློས་གཏོང་བྱེད་མཁན་རེད།
    གཅིག་བྱེད་ན་ཨ་ཁུ་ཁྱེད་བརྩེ་བའི་གོམ་བགྲོད་སྐབས་བརྩེ་བའི་བྱམས་པས་གཡུག་བོར་སོང་བ་མིན་ནམ།
    དེ་འདྲ་རང་སེམས་པ་རང་སྐྱོ་དགོས་པ་རང་གང་ཡོད།
    འཁོར་བའི་སྡུག་བསྔལ་ཤེས་པ་ཙམ་གྱིས་ག་ལ་འགྲིག
    མི་རྟག་པ་ཤེས་པ་ཙམ་གྱིས་ག་ལ་འགྲིག
    འཆི་བ་ཤེས་པ་ཙམ་གྱིས་ག་ལ་འགྲིག
    ཚེ་འདི་རྩ་འགོའི་ཟིལ་བ་ཡིན་པར་ཤེས་པས་ག་ལ་འགྲིག
    དེ་དག་ཐམས་ཅད་སྟོང་པའི་རང་བཞིན་དུ་ཤེས་དགོས།

  8. ཚངས་དབྱངས། says:
    2011-03-01 at 11:11 pm

    དྲ་གྲོགས་ཀླུ་སྨྱོན་སྐུ་གཟུགས་བདེ་པོ་མེད་པ་ཡིན་ན། ང་ཡང་སེམས་ཁྲལ་སླེབས་བྱུང་བས། སྨན་པ་ཡག་པོ་བསྟེན་རོགས། བསམ་བློ་རྒྱ་ཆེན་པོ་དང་གུ་ཡངས་པོ་གཏོང་རོགས། དྲ་གྲོགས་ཁྱེད་ནས་མི་མང་པོ་ཞིག་ལ་ཞར་ལ་ཉམས་མྱོང་དང་སློབ་སྦྱོང་སྤྲོད་ཀྱི་ཡོད་པས། ཁྱེད་སྐུ་ཚེ་གསོན་ན་ང་ཚོར་ཕན་པ་འདུག་པས། ངེས་པར་སྐུ་ཚེ་བརྟན་རོགས།

    རབ་བྱུང་ན། ཕྱི་རྒྱལ་སློབ་མ་དེ་ཚོ་ལས་རོགས་པ་ལེན་ནས་བརྩེ་དུང་གི་གློག་བརྙན་རེ་གཉིས་བཟོ་ཐུབ་ན་ཤིན་དུ་ཕན། ཁྱེད་འཆར་ཡན་དང་སྣང་རྒྱ་ཆེན་པོ་འདུག་པས་ཅི་ནས་དགོངས་པ་བཞེས་རོགས། དེས་བོད་པ་ཚོར་བོད་ཡིག་དང་ཉམས་མྱོང་དུ་མ་སྤེལ་ཐུབ།

    ཁ་སང་ཡང་བསྐྱར་Samsara ཟེར་བའི་ལ་དྭགས་ལ་ཁྲབ་པའི་གློག་བརྙན་དེ་བལྟས་པ་ཡིན། བལྟས་མ་ཐག་དྲ་གྲོགས་ཁྱེད་ཡིད་ལ་འཁོར་བྱུང་། ཨ་ཀླུ་སྨྱོན་གྱི་མི་ཚེ་དངོས་དང་རྟོགས་འཆར་མཉམ་བསྲེས་ཀྱི་གློག་བརྙན་ཞིག་བཟོ་ཐུབ་ན་ངོ་མ་ཡག་པོ་ཡོང་གི་རེད་བསམས་བྱུང་།

    སྐུ་མཁྱེན་སྐུ་ཚེ་བརྟན་རོགས། བརྩེ་དུང་ལ་ཕར་ཏོག་ཙམ་རྩེད་མོ་བརྩེད་ནས་སྣང་མེད་གཏོང་རོགས། དེའི་འོག་ལ་སྐུ་སྲོག་མ་ཤོར་བ་གནང་རོགས།

    བཀའ་གདམས་དགེ་བཤེས་ཚོའི་བློ་སྦྱོང་དྲ་ཀློག་ཐུབ་ན་ངོ་མ་ཕན་པ་འདུག
    བློ་སྦྱོང་མཚོན་ཆ་འཁོར་ལོ་དེ་ལ་བསམ་བློ་གཏོང་ཐུབ་ན་ཤིན་དུ་ཕན་པ་འདུག
    དཔེར་ན། ཇི་ལྟར་རྨ་བྱས་ནགས་ལ་དུག་ཟ་བཞིན་ལུས་ཀྱི་སྤུ་མདོག་དང་ནུས་པ་རྒྱས་པ་བཞིན། ངེས་ཚོས་ཟང་ཟིང་སྤྱི་ཚོགས་ནང་ལ་ཉོན་མོངས་ཟས་ལ་བསྟེན་ནས་བདག་འཛིན་བཅོམ་ཐུབ་ན་འདི་ལས་སྨན་པའི་ཆོས་གཅིག་ག་ལ་ཡོད། དེ་ལ་དབང་ལུང་དང་ཁས་ལེན་མང་པོ་གཏོང་དགོས་ཀྱི་མིན་འདུག

    ཧ་ཧ། ཏོག་ཙམ་བཏུངས་པ་ཡིན། ངར་ཤུགས་འཕེལ་ནས་འདི་དག་ཁ་ནས་ཤོར་སོང་།

  9. སྨན་མདའ says:
    2011-03-01 at 11:18 pm

    ཁོང་གི་སྐྱོ་བའི་སྨྲེ་ངག་འདི་བཀླགས་རྗེས། ཀླུ་སྨྱོན་ལགས་ཁོང་བརྩེ་་དུང་གི་རྨ་ཁ་ཆེན་པོ་འདི་དྲག་སྐྱེས་འགྲོ་དཀའ་ཙམ་འདུག་ཀྱང། ༸གོང་ས་མཆོག་གི་གསུང་འཕྲིན་ཐུང་ངུ་” Never Give Up”ཞེས་པ་འདི་བཀླག་ན་དྲག་སྐྱེས་འགྲོ་མི་འོང་བསམ་པ་དྲན།

  10. ལྷོ་ཕྲུག་སྣ་བོ་ཆེ། says:
    2011-03-01 at 11:18 pm

    ཤ་དང་རུས་པ་འཐོར་སླ་ཡི། །
    སྙིང་དང་སེམས་པ་དེ་ལྟ་མིན། །
    དོན་ཆེན་དོན་དུ་ཅི་ཡང་ཐོངས་། །
    བུད་མེད་དོན་དུ་དེ་ལྟ་མིན། །

  11. ལྷོ་ཕྲུག་སྣ་བོ་ཆེ། says:
    2011-03-02 at 12:01 am

    ཤ་དང་རུས་པ་འཐོར་བླ་ཡི། །ཞེས་པར་བཅོས།

  12. ལས་རླུང་། says:
    2011-03-02 at 12:49 am

    བཀླགས་ཟིན་པ་ཡིན།

  13. རྒྱ་གར་རྨ་བྱ། says:
    2011-03-02 at 1:58 am

    དེ་རིང་སླར་ཡང་ཕེབས་པར་དགའ་བསུ་ཞུ།

  14. ཀརྡོ་རབ་འབྱམས་པ་ says:
    2011-03-02 at 2:43 am

    འདས་པའི་དུས་སུ་ཡོད་ཚད་དགག་ནས་མེད། །
    མ་འོངས་འབྱུང་འགྱུར་མ་སྐྱེས་དེ་ཡང་མེད། །
    ཡོད་པ་དེ་ནི་ད་ལྟའི་སྐད་ཅིག་མ། །
    སྐད་ཅིག་གཅིག་ནང་འཚོ་དུས་སྐྱིད་ཉམས་དགོས། །

    འདས་པ་མེད་པས་དྲན་པས་མ་བཟུང་ཅིག །
    མ་འོངས་མ་སྐྱེས་བསུ་བ་མ་སྔ་ཅིག །
    འདས་དང་མ་འོངས་བར་གྱི་དུས་ཐུང་འདིར་། །
    ཐུབ་ཚད་དོན་ལྡན་བྱ་བ་སྤེལ་བ་བཟང་། །

  15. ཀླུ་སྨྱོན། says:
    2011-03-02 at 2:50 am

    དྲ་གྲོགས་ཚོས་དགོངས་འཆར་གསུངས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ལགས། ཉེ་འཁོར་ནས་ཅིག་ཕེབས་པ་དེས་ཀྱང་གསོན་ཤུགས་ཏེ་སྤྲོད་ཐུབ་ཀི་འདུག ཤེས་ཀ

  16. གཡུ་འབྲུག་དཀར་པོ། says:
    2011-03-02 at 9:29 am

    ཨ་ཁ་ཁ། ཨ་ཁུ་ཀླུ་སྨྱོན་ལགས་མཁའ་འགྲོ་མའི་མཚན་ཉིད་དང་ལྡན་པའི་མིའི་བུ་མོ་རྣམས་ཕྱག་རྒྱ་མར་བསྟེན་ནས་བཞུགས་པའི་སྔགས་པ་ཞིག་ཡིན་བསམ་ཡོད། དེ་རིང་འདིར་བལྟས་དུས་བོད་མཁས་པས་གསུངས་པའི་ཡལ་འདབ་ལྔ་པའི་ངལ་བ་བསྟེན་མཁན་ཞིག་ཡིན་ཚོད་འདུག ཡལ་འདབ་ལྔ་པའི་ངལ་བ་བསྟེན་རྒྱུ་ནི་འདུལ་བ་དང་གསང་སྔགས་ཀྱི་གཞུང་ལུགས་དང་། དེང་སང་གི་གསོ་བ་རིག་པའི་གཞུང་ལུགས་གང་གི་ཐད་ནས་ཀྱང་སྤང་བྱར་བཞག་ཡོད་ཚོད་རེད། གཞུང་ལུགས་གང་གི་ཐད་ནས་ཀྱང་སྤང་བྱར་བཞག་པ་ནི་དགོས་པ་མེད་པ་མིན་པས། དེ་ཉམས་སུ་ལེན་ན་རང་གི་དབང་པོར་ལོད་ཀྱང་གནོད། དགེ་ཆོས་ཀྱིས་གསུངས་པ་ལྟར་ཟས་བཅུད་བརྒྱ་ཡིས་ཁྲག་ཐིག་གཅིག་གྲུབ་ཅིང་། ཁྲག་ཐིག་བརྒྱ་ཡིས་ཁུ་ཐིག་གཅིག་གྲུབ་ཀྱི་ཡོད་ན། དོན་མེད་ཁུ་བ་ཕྱུངས་པས་དབང་པོ་ལ་ཇི་ཙམ་གནོད་མིན་ཡང་གསལ་པོ་རེད། དེ་བས་དོན་མེད་ཀྱི་རྡུང་རྡེག་མང་པོ་མ་གནང་བར་རོ་བརྒྱ་ལྡན་པའི་ཟས་ལ་བསྟེན་རོགས། དེ་ལྟར་བྱས་ན་ཁྱེད་ཀྱིས་ལག་པ་གཉིས་ཀྱིས་སྨྱུ་གུ་ཡང་ཐེགས་ལ། མིག་དབང་ཡང་གསལ་པོ་ཆགས་ནས་ང་ཚོས་རྒྱུན་དུ་ཁྱེད་ཀྱི་སྙན་ངག་ལ་ལོངས་སྤྱོད་ཐུབ་པ་བྱུང་གི་རེད།

  17. Yarkham says:
    2011-03-04 at 3:46 pm

    ཨ་རོགས། ཀླུ་སྨྱོན་ལགས། ཁྱོད་མི་ཨུ་ཚུགས་ཚ་པོ་དང་སྡུག་རུས་ཐུབ་མཁན་རེད། འོན་ཀྱང་འཇིག་རྟེན་འདིའི་གནས་ཚུལ་འགའ་ཤས་ལ་དེས་གྲུབ་འབྲས་ཐོན་མི་ཐུབ། དེ་ལས་ཁ་ཕྱིར་འཁོར་ནས་ཅིག་གཟིགས་དང་། འཇིག་རྟེན་ནི་ཇི་འདྲའི་རྒྱ་ཆེ་ཞིང་ཡངས་པ་ཞིག་རེད་ཨང་། ཁྱེད་ཀྱི་ཚེ་ཐག་རིང་རུ་གཏོང་སྲིད། སྐུ་ཚེ་རིང་བར་སྨོན། ཡར་ཁམས་ཁྲི་རྒྱལ་ནས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme