Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང་བ།

Posted on 2011-12-262011-12-28 By ཁ་བརྡ་ 55 Comments on སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང་བ།


བློ་བཟང་སྨོན་ལམ་གྱིས་གུས་འདུད་བཅས།

བཀྲ་ཤིས་བདེ་ལེགས།
རྒྱ་ཆེ་བའི་བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཀུན་གྱི་སྙན་ལམ་དུ། སྤྱི་ལོ་ ༢༠༡༢ ཤར་ལ་ཉེ་བའི་མཚམས་འདིར་སྨོན་ལམ་ཚིག་མཛོད་Android ལག་འཁྱེར་ཁ་པར་མ་ལག་ནང་ལེགས་འགྲུབ་བྱུང་སྟེ་Android Market བརྒྱུད་ནས་རིན་མེད་དུ་ལེགས་སྐྱེས་ཤིག་གི་ཚབ་ཏུ་འགྲེམས་སྤེལ་ཞུས་ཡོད། ཚིག་མཛོད་འདི་ནི་དེ་སྔོན་Windows ནང་བཀྲམ་པའི་ཚིག་མཛོད་དང་གཅིག་མཚུངས་ཡིན་པ་མ་ཟད་Android ལག་འཁྱེར་ཁ་པར་མང་ཆེ་བར་བཀོལ་ཐུབ། ཁྱེད་ཀྱིས་Android Market རྒྱུད་ནས་ཕབ་ལེན་བྱ་ཐུབ།
༡ ཕབ་ལེན་བྱ་ཚུལ།
གཤམ་གསལ་ལྟར་མཉེན་ཆས་རིམ་པ་གསུམ་ཕབ་ལེན་བྱ་དགོས།
༡ དང་པོར་ཡིག་གཟུགས་ཕབ་ལེན། (ཡིག་གཟུགས་འདི་ནི་Samsung Mobile ཆེད་དུ་ཡིན།)
༢ གཉིས་པ་མཛུབ་གནོན་ཕབ་ལེན།
༣ གསུམ་པ་ཚིག་མཛོད་ཕབ་ལེན་བཅས་རིམ་བཞིན་ཕབ་ལེན་བྱ་དགོས།

དང་པོ། མཉེན་ཆས་ཕབ་ལེན་བྱེད་སྟངས་ཀྱི་དཔེ་རིས།


༢ སྒྲིག་འཇུག་བྱེད་ཚུལ།
༡ ཡིག་གཟུགས་སྒྲིག་འཇུག་བྱ་ཚུལ་ནི་གཤམ་གསལ་ལྟར་རིམ་བཞིན་སྒྲིག་དགོས།

༢ མཛུབ་གནོན་སྒྲིག་འཇུག་བྱ་ཚུལ།

གསལ་ལྟར་ལག་ལེན་གནང་ན་བེད་སྤྱོད་གཏོང་ཐུབ།
མཇུག་མཐར་ཞུར་རྒྱུར། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡར་རྒྱས་ཡོང་ཆེད་མཉེན་ཆས་འདི་ནི་རིན་མེད་ཐོག་བསྟན་རྡོར་ལགས་དང་ Nathan Freitas ལགས་རྣམ་གཉིས་ཀྱིས་རོགས་རམ་རྒྱ་ཆེར་གནང་སྟེ་ལེགས་འགྲུབ་བྱུང་བས་ཁོང་རྣམ་གཉིས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཞུ།

གསར་འགྱུར།

Post navigation

Previous Post: ཚུལ་ཁྲིམས་བློ་གྲོས་དང་《དུས་ཐོག་ཆར་པ》
Next Post: བློ་ཁ་ཁེངས་པའི་ཉིན་ཐོ་ཞིག

Comments (55) on “སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང་བ།”

  1. ལོ་མ་ལྗང་ཁུ says:
    2011-12-26 at 7:58 pm

    ཨ་ཁུ་སྨོན་ལམ་ལགས་། གུས་བས་ཉིད་ཀྱི་ཚིག་མཛོད་ལེགས་འགྲུབ་བྱུང་བར་དཀྲིས་བདེ་ལེགས་། ཡིན་ནའང་།་སྐུ་ཉིད་ཀྱི་ཚིག་མཛོད་ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་ནང་དུ་ཕབ་ལེན་བྱ་ཐུབ་བམ་།་

  2. btashi says:
    2011-12-26 at 8:18 pm

    ༄།། གསེར་སྲང་སྟོང་གི་རིན་ཐང་ཅན།། སྨོན་ལམ་ཚིག་མཛོད་འཕྲུལ་རིག་མ།། ང་ཚོ་ཚང་མས་བེད་སྤྱོད་ཀྱིས།། བརྡ་འཕྲིན་དུས་རབས་པང་དུ་ལེན།། དགའ་བསུ་ཞུ།

  3. སྦྲ་ནག says:
    2011-12-26 at 9:13 pm

    བློ་བཟང་སྨོན་ལམ་ལགས་ལ། འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། སྐུ་ཉིད་ཀྱི་ཚིག་མཛོད་ཀུ་ཤུ་རྟགས་ཅན་iPhone དང་iPad ནང་དུ་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་དམ།

  4. ཡར་ཁམས་ཁྲི་རྒྱལ། says:
    2011-12-26 at 10:16 pm

    སྨོན་ལམ་ལགས། བཀྲིས་བདེ་ལེགས། Motorola Defy (MB525) Andeoid version 2.1 ནང་བསྐུལ་ཐུབ་བམ།

  5. ལ་སྟོད་བུ། says:
    2011-12-27 at 1:55 am

    ཨ་ཁུ་སྨོན་ལམ་ལགས་ལོ་གསར་པ་འདིར་ཁྱེད་ཀྱི་དཔྱིད་ཀྱི་གསུངས་དབྱངས་བསྒྲགས་པར་དགའ་བསུའི་ཐལ་སྒྲ་སྒྲོགས་ཤིང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། འདི་ལྟའི་བྱ་བ་རླབས་ཆེན་བོད་ཀྱི་ར྄ིག་གཞུང་ལ་ཞབས་འདེབས་བླ་ན་མེད་པ་ཕུལ་བ་དེར་རྗེས་སུ་ཡི་རངས་དང་མངགས་བརྗོད་ཡོད།
    ལོ་གསར་པ་འདིར་ཁྱེད་དགོངས་དོན་རྣམས་ཡིད་བཞིན་དུ་འགྲུབ་པ་དང་ཐུགས་དོན་གང་ཡོད་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཀྱང་ཞུ་བཞིན་ཡོད།
    ངོས་ལ་ཀུ་ཤུའི་རྟགས་ཆེན་གྱི་གློག་ཀླད་ཅིག་ཡོད་པས་དེ་ཡི་ནང་དུ་་་་་བོད་ཡིག་་་་་་ཛ་་་་་རྩ་བ་ཉིད་ནས་ཡོང་གི་མི་འདུག
    ཡི་གེ་དེ་བྲིས་ཚེ་འདི་འདྲ་ཡོང་གི་འདུག་་་་དྷ་་་་བརྩེགས་རིགས་ཡོང་གི་འདུག་་་་རྫ་་་དེ་མིན་་་་ཛ་་རྐྱང་ཤར་གྱི་མི་འདུག་ཁྱེད་ཀྱི་ལམ་སྟོན་འདྲ་ཡོད་ན་གསུངས་རོགས་ཞུ།
    བཀྲ་ཤིས་བདེ་ལེགས།

  6. རྒྱ་གར་རྨ་བྱ། says:
    2011-12-27 at 3:07 am

    སྐུ་ཞབས་སྨོན་ལམ་ལགས། ཁྱེད་ཀྱི་ཕྱག་ལས་ནི་དུས་རབས་ཀྱི་དགོས་མཁོ་བཞིན་མི་རིགས་ཤིག་གི་རྐང་དུ་འཕྲོད་ནས་ཡོད་པས་ཤིན་ཏུ་ནས་བཀའ་དྲིན་ཆེ་ལགས་ཞུ། ཐུགས་རྗེ་ཆེ། སྐུ་ཁམས་བཟང་། སྐུ་ཚེ་རིང་།

  7. ཀརྡོ་གཉེར་ཕྱག་པ་ says:
    2011-12-27 at 3:49 am

    ༦༽ ལ་སྟོད་བུ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༧ གི་ཆུ་ཚོད་ ༡ སྐར་མ་ ༥༥
    ཨ་ཁུ་སྨོན་ལམ་ལགས་ལོ་གསར་པ་འདིར་ཁྱེད་ཀྱི་༼ཀྱིས་༽དཔྱིད་ཀྱི་གསུངས་དབྱངས་བསྒྲགས་པར་དགའ་བསུའི་ཐལ་སྒྲ་སྒྲོགས་ཤིང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། འདི་ལྟ༼བུ༽འི་བྱ་བ་རླབས་ཆེན་༼གྱིས༽བོད་ཀྱི་ར྄ིག་གཞུང་ལ་ཞབས་འདེབས་༼འདེགས་༽བླ་ན་མེད་པ་ཕུལ་བ་དེར་རྗེས་སུ་ཡི་རངས་”རང་”དང་མངགས༼བསྔགས་༽་བརྗོད་ཡོད།
    དྲ་གྲོགས་རྙིང་པ་ལ་སྟོད་བུ་ལགས། ཁྱེད་ཀྱི་བོད་སྐད་དང་བོད་ཡིག་ཡར་རྒྱས་ལས་མར་རྒྱས་སུ་མང་བ་སོང་བ་མིན་ནམ། རངངགི་མཆན་བུ་༦པ་འདི་ཡང་བསྐྱར་ཅིག་ལྗགས་ཀློག་གནོངས་དང་། ཐུགས་རྗེས་གཟིགས།

  8. རྒྱ་མཚོ་ཆེན་པོ་ says:
    2011-12-27 at 3:52 am

    སྐུ་ཞབས་སྨོན་ལམ་ལགས་བཀྲིས་བདེ་ལེགས་དང་བཀྲིན་ཆེ་ཞུ་རྒྱུ་ཡིན།

  9. ལས་རླུང་། says:
    2011-12-27 at 4:17 am

    བཀྲིས་བདེ་ལེགས། ཐུགས་རྗེ་ཆེ།

  10. གཅན་བཟོད་རྒྱམ། says:
    2011-12-27 at 4:17 am

    ཨ་ཁུ་སྨོན་ལམ་ལགས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ།

  11. བོད་ལ་ཞེན། says:
    2011-12-27 at 4:25 am

    བོད་ཡིག་བདེ་སྤྱོད་གཏོང་མཁན་ཡོངས་ལ་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད།

  12. བློབ་བཟང་རྒྱལ་མཚན says:
    2011-12-27 at 6:55 am

    སྐུ་ཞབས་སྨོན་ལམ་ལགས་སུ་དང་པོ་བཀྲ་ཤེས་བདེ་ལེགས་ཞུ་། ཕྲན་གི་ཀློག་ཀླད་ ཀུ་ཤུ་རྟག་ཅན་MacBookནང་དུ་ཁྱེད་ཀྱི་བོད་ཡིག་དང་། ཚིགས་མཛོད་ཕབ་ལེན་བྱ་ཐབ་སློབ་སྟོན་གནང་རོག་ཞུ་། ད་བར་ཏན་ནས་ཕབ་ལེན་བྱེད་ཐུབ་མ་སོང

  13. བློབ་བཟང་རྒྱལ་མཚན says:
    2011-12-27 at 6:59 am

    དྲ་གྲོག་རྣམ་ཀྱི་ཐབ་ལམ་ཤེས་གི་ཡོད་ན་གསུང་རོག་གནང་། ཕན་ཐོག་ཆེན་པོ་ཡོང་བ་དང་བཀའ་དྲིན་ཆེ་ཞུ་གི་ཡིན་

  14. སྣྲོན་ངག་ཁྲི། says:
    2011-12-27 at 7:52 am

    ༡བློ་ཆེན་མཁྱེན་རབ་མཁའ་ལམ་ཡངས་པོར་གངས་ཅན་རིག་གཞུང་ཉིན་བྱེད་ཤར།།
    ༢བཟང་གསུམ་མཁས་པའི་མཛད་འཕྲིན་ཟེར་གྱིས་ཉེར་གཅིག་གངས་རིའི་འདབ་སྟོང་
    བཞད།།
    ༣སྨོན་པའི་སྒྲུབ་བྱ་མྱུར་དུ་འགྲུབ་ནས་དེང་གི་ཙི་ནའི་སྨག་མུན་མྱུར་བསྐྲད་དེ།།
    ༤ལམ་མཆོག་དམ་པས་གོ་ལའི་ཁྱོན་ལ་བཀྲ་ཤིས་སྣང་བ་འབུམ་གྱིས་འཁྱུད།།
    ཞེས་བྱ་བ་བཟང་པོ་ལ་བཟང་ལན་གྱི་རྣམ་པར་རིག་བྱེད་དེ་བོད་མི་རིགས་ཀྱི་དུས་རབ་ཉེར་
    གཅིག་པའི་རིག་པའི་དཔའ་བོ་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་སུ་སྐབས་བབ་ཀྱི་ལས་དོན་རེ་ཞིག་ལེགས་གྲུབ་བྱུང་བར། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། སླད་ཀྱི་ཐུགས་སྨོན་མཐའ་དག་མྱུར་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་བཅས་གང་གི་མཉེན་ཆས་བཀོལ་བ་པོ་ངག་ཁྲིར་འབོད་པས་གུས་ཕུལོ།།

  15. ཁྱུང་དཀར says:
    2011-12-27 at 7:54 am

    གུས་པར་འོས་པའི་སྐུ་ཞབས་བློ་བཟང་སྨོན་ལམ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁོང་གི་ལས་དོན་ལ་བསྔགས་བརྗོད་དང་ཡིད་སྨོན་ཡང་ཡང་སྐྱེས་ཀི་ཡོད།

  16. འཇམ་དབྱངས་དོན་ says:
    2011-12-27 at 11:39 am

    དགའ་བའི་རྗེས་སུ་ཡིན་རང་ཞུ་བ་ལ་སྐུ་ཞབས་རང་ཐུགས་བདེ་མོ་གནང་རོགས་ མ་གཏོགས་ལས་ཀ་ངས་བྱེད་ཀྱང་དགེ་ཁྱེད་ལ་ཡང་ཐོབ་སོང་མ་བསམ་རོགས་ཧཧཧ་་ཧེ་ཧེ་སྐུ་རྩེ་ཞུ་བ་ཡིན་སྤྱི་སེམས་ཀྱི་ས་བོན་བརྟེན་པོ་གཙུགས་པའི་གང་ཟག་ལ་འདི་ལྟ་བུའི་བསམ་ལོ་འགལ་བ་ཡིན་པ་ཆོས་ཉིད་རེད་ མཐའ་དོན་བསམ་དོན་ཐམས་འབད་མེད་ལྷུན་གྲུབ་ཡོང་བའི་སྨོན་མདུན་ཞ་བ་དང་ལྷན་དུ་བཀྲིས་བདེ་ལེགས་ཞུ་ཞུ་

  17. ཪྨོག་རུ་ཤེས་རབ་རྡོ་རྗེ། says:
    2011-12-27 at 2:36 pm

    ཨ་ཁུ་སྨོན་ལམ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།

  18. ངག་ཁྲི། says:
    2011-12-27 at 2:50 pm

    ༡༽བློ་རིགས་པའི་གད་རྒྱངས་སྒྲོག་པའི་ངག ༥༽ །
    ༢༽བཟང་གསུམ་གྱི་གཡུ་རལ་ངོམས་ལ་དབང༦༽་།།
    ༣༽སྨོན་ཚིག་གི་མཆེ་སྡེར་རྣོན་པོའི་ཁྲིར༧༽།།
    ༤༽ལམ་མཆོག་གི་ལྡོག་ཟླ་ཧྲུལ་པོར་རལ༨༽།།
    ཞེས་བྱ་བ་བསྔགས་འོས་བསྔགས་ཡུལ་དང་བསྔགས་པ་པོའི་མིང་གཉིས་ཟུང་དུ་སྦྲེལ་ཏེ་
    ཐུན་མོང་མ་ཡིན་པའི་གངས་སེང་གི་འབུར་གཟུགས་སུ་བཀོད་པའི་གཟུགས་ཅན་འཕར་མའི་རྒྱན་དུ་སྤེལ་བ་འདི་ནི། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་སྟོན་མཆོག་གཅིག་གི་
    ལུང་རྟོགས་ཀྱི་བསྟན་པར་ངེད་གཉིས་ལྷན་དུ་འཛོམས་ནས། བསྟན་པ་དང་འགྲོ་བའི་དོན་ཆེན་རླབས་པོ་ཆེ་སྒྲུབ་ནུས་པའི་རྟེན་འབྲེལ་ཟུང་སྦྲེལ་
    མཚོན་བྱེད་ཀྱི་རིག་བྱེད་ངག་གི་རོལ་མོའི་མུ་ཁྱུད་དོ།།

  19. ཀ་དག་ཆོས་དབྱིངས། says:
    2011-12-27 at 3:26 pm

    སྐུ་ཞབས་སྨོན་ལམ་མཆོག་གིས་རླབས་ཆེན་གྱི་བྱ་བཞག་དག་ལ་རྗེས་སུ་ཡིད་རང་དང་བཀྲིས་བདེ་ལེགས་གྲངས་མེད་ཞུ། སླད་ཀྱང་དེ་བཞིན་འབད་འབུངས་ཡོད་པར་ཅི་ནས་མཁྱེན།

  20. རིན་ཆེན་དར་རྒྱས། says:
    2011-12-27 at 4:04 pm

    དངོས་གནས་རླབས་ཆེན་གྱི་ཕྱག་ལས་རེད། རྗེས་སུ་དགའ་བས་ཡི་རང་ཞུ།

  21. ལ་སྟོད་བུ། says:
    2011-12-27 at 4:36 pm

    ཀརྡོ་རབ་འབྱམས་སམ་ཡང་ན་མིང་གཞན་ཀརྡོ་གཉེར་པྱག་ལགས་ཁྱེད་ནས་ངོས་ཀྱི་ཡིག་ནོར་ལ་མ་བསྐུལ་དྭངས་བླང་གིས་དག་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ།
    ངོ་ཐོག་རེད་ང་ཡུན་རིང་འདིར་སླེབས་ཐུབ་མ་སོང་བས་ང་ཡི་བོད་ཡིག་དང་བོད་སྐད་བརྗེད་གྲབས་བྱེད་ཀྱི་འདུག་མ་ཟད་ཁྱེད་ཀྱིས་གསུངས་པ་ལྟར་མར་རྒྱས་ད་གང་ཤེས་ཡར་རྒྱས་ཞེས་པ་ཞིག་གོ་མ་གཏོགས་མར་རྒྱས་ཞེས་པ་དེ་འདྲ་གོ་མ་མྱོང་མར་རྒུད་དུ་གཏན་གཏན་སོང་ཡོད་པ་འདྲ།

    ཁྱེད་ནི་ཁ་བརྡའི་མཆན་གྱི་མཁན་པོ་ཞིག་ཏུ་གྱུར་བ་ནས་བཟུང་ཁྱེད་ཀྱི་བོད་སྐད་དང་བོད་ཡིག་ཡར་རྒྱས་ཆེན་པོ་བྱུང་ཤག
    ངོ་ཐོག་གྲོགས་པོ་ང་དགའ་བོ་བྱུང།

  22. ལ་སྟོད་བུ། says:
    2011-12-27 at 4:37 pm

    ཀརྡོ་རབ་འབྱམས་སམ་ཡང་ན་མིང་གཞན་ཀརྡོ་གཉེར་ཕྱག་ལགས་ཁྱེད་ནས་ངོས་ཀྱི་ཡིག་ནོར་ལ་མ་བསྐུལ་དྭངས་བླང་གིས་དག་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ།
    ངོ་ཐོག་རེད་ང་ཡུན་རིང་འདིར་སླེབས་ཐུབ་མ་སོང་བས་ང་ཡི་བོད་ཡིག་དང་བོད་སྐད་བརྗེད་གྲབས་བྱེད་ཀྱི་འདུག་མ་ཟད་ཁྱེད་ཀྱིས་གསུངས་པ་ལྟར་མར་རྒྱས་ད་གང་ཤེས་ཡར་རྒྱས་ཞེས་པ་ཞིག་གོ་མ་གཏོགས་མར་རྒྱས་ཞེས་པ་དེ་འདྲ་གོ་མ་མྱོང་མར་རྒུད་དུ་གཏན་གཏན་སོང་ཡོད་པ་འདྲ།

    ཁྱེད་ནི་ཁ་བརྡའི་མཆན་གྱི་མཁན་པོ་ཞིག་ཏུ་གྱུར་བ་ནས་བཟུང་ཁྱེད་ཀྱི་བོད་སྐད་དང་བོད་ཡིག་ཡར་རྒྱས་ཆེན་པོ་བྱུང་ཤག
    ངོ་ཐོག་གྲོགས་པོ་ང་དགའ་བོ་བྱུང།

  23. སྦྲ་ནག says:
    2011-12-27 at 5:04 pm

    སྐུ་ཞབས་སྨོན་ལམ་ལགས་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གི་གཏང་གླེང་ཞལ་པར་ལེ་ཚན་ནང་དུ་ཕེབས་ནས་སྐུ་ཉིད་ཀྱི་ཚིག་མཛོད་སྐོར་ལ་གནས་ཚུལ་མང་ཞིག་ངོ་སྦྲོད་གནང་སོང་། བཀའ་དྲིན་ཆེ་ཞུ།།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-12-27 at 5:16 pm

    དགེ་བློ་བཟང་སྨོན་ལམ་མཆོག་ལ་ཆེད་ཞུ།
    ཁྱེད་ཀྱིས་ལྷག་བསམ་ཆེན་པོས་གངས་ཅན་བོད་ཆེན་པོའི་ཡི་གེ་རྣམས་གློག་ཀླད་དུ་བཀོལ་སྤྱོད་ངོ་སྤྲོད་མཛད་དེ། བོད་ཀྱི་རིག་གཞུང་ལ་ཞབས་འདེགས་བསྐྲུན་པ་མཛད་པར་རྗེས་སུ་ཡི་རང་ཞུ། ཉེ་ཆར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་དུའང་ཁྱེད་ཀྱིས་ཡི་གེ་འཇུག་སྟངས་རྩལ་སྟོན་སྐབས་ཞལ་མཇལ་དགའ་བ་བརྟས། དམིགས་བསལ་ཞུ་དགོས་པ་ཞིག་ནི། ཨིན་སྐད་དུ། bracket དང་། ཧིནད་སྐད་དུ་ kosthaka ཞེས་པར་བདག་གིས་ཁུག་མའི་རྟགས་ཏེ། ཁུག་ཤད། ཞེས་བྱ་ཞིང་། ཨིན་ཡིག་ཏུ། ( ) [ ] { } རྟགས་’འདི་ལྟར་ཡོད་པའི་ཚབ་ཏུ། བོད་ཡིག་ཏུ། ༼༽རྟགས་འདི་ལྟར་ཡོད་པ་དེ། ཁྱེད་ཀྱི་གློག་ཀླད་ཡི་གེ་འཇུག་པ་ན་དང་པོ་ངོ་སྤྲོད་ཡོད་མིན་ཇི་ལྟར་ཡང་། ༼༽རྟགས་འདི་ཡི་གེ་ཟོར་ཡང་འགོག་རྐྱེན་དུ་འགྱུར་བས། ཧིནད་ཡིག་སོགས་སུ། ངོས་ལེན་ཡོད་པ་བཞིན་དུ། བོད་སྐད་དུ་ཡང་། ( ) [ ] { } རྟགས་འདི་དག་རང་ངོས་ལེན་དཀོལ་སྤྱོད་དགོས་པར་བསམ།
    དེས་ན། ༼༽རྟགས་འདི་ལས་ཨིན་ཡིག་གི་ཁུག་ཤད་དེ་དག་ལེགས་པར་མངོན་པས། ཉིན་ཤས་སྔོན་དུ། བདག་གིས་འདི་ལྟར་བྲིས་ཏེ།
    ༼༽ཁུག་ཤད་འདིས་ཡེ་གེ་ཟོར་ཡངས་པ་མི་བྱེད་པས། མཐོང་སྣང་ལ་ཡང་མཛེས་པ་ཞིག་མི་འདུག སྤྱིར་བཏང་ཡི་གེའི་འགྲོ་སྟངས་སོགས་གང་སྤྱི་ལ་སྟབས་བདེ་བཀོལ་དགོས་པར་བཤད་པས། () འདིའམ་[] { }འདི་རྣམས་གོང་གི་ཁུག་ཤད་དེ་ལས། སྟབས་བདེ་བར་མཐོང་། ༼༽ཁུག་ཤད་འདི་བཟོ་བ་ནི། རང་རེའི་གའུ་དང་། ལྡེའུ་ལྷ་ཁང་ཞེས་པའི་མཆོད་བཤམས་དག་ལ་དབྱིབས་འདི་ཡོད་པས། དེ་རྣམས་དང་མཐུན་པར་བཟོ་ན་མཛེས་པར་འགྱུར་བའི་ཆ་ནས་འདི་འདྲ་བཟོས་པར་བསམ། ༼༽དབྱིབས་འདི་དང་པོ་རྒྱ་གར་ལ་མེད་པ་ནི་རྡོ་རྗེ་གདན་སོགས་སྔོན་གྱི་བཟོ་བའི་ལྷ་སྐུ་བཞུགས་ས་རྣམས་མཐོང་བས་ཤེས་རྟོགས་སུ་འགྱུར་ངེས། ༼༽རྟགས་འདི་རྒྱ་གར་དང་བོད་སོགས་ལ་ཇི་ལྟར་དར་བ་ནི། དང་པོ་རྟགས་འདི་མུ་སུལ་མན་གྱི་ཏཇ་མ་ཧལ་སོགས་མུ་སུལ་མན་གྱི་ཁང་བཟང་སོགས་ཀྱི་སྒོ་དབྱིབས་མཛེས་པར་བྱེད་ཕྱིར་དར་ཁྱབ་བྱུང་། དེ་ནས་བལ་ཡུལ་དང་། རིམ་པས་བོད་དང་སོག་ཡུལ་དུ་ཡང་དར་སྲོལ་བྱུང་། རྒྱ་ནག་ཏུ་མུ་སུལ་མན་གྱི་ལྷ་ཁང་རྣམས་ལ་རྟགས་འདི་ཡོད་ངེས་བསམ། དེ་མིན་རྒྱ་ནག་གི་སྔར་གྱི་ཁང་བཟང་སོགས་ན་༼༽རྟགས་འདི་ཡོད་མེད་མི་ཤེས། དེས་ན་ཁུག་ཤད་རྒྱབ་དགོས་ན། ཡི་གེ་ཟོར་ཡངས་པའི་ཕྱིར་དུ་། () འདིའམ་[] འདི་དག་བདག་ཅག་གིས་བཀོལ་ལོ

  25. ཤེས་རབ་ཀྱི་མིག says:
    2011-12-27 at 5:47 pm

    བློ་བཟང་སྨོན་ལམ་ལགས། ཁྱེད་ནི་གངས་ཅན་པའི་རིག་པའི་དཔའ་བོ། ཁྱེད་ནི་ཁ་ཙམ་མ་ཡིན་པའི་ལག་ཏུ་ལེན་པའི་མཁས་པ། ཁྱེད་ཀྱིས་རང་རེ་གངས་ཅན་པའི་རིག་གཞུང་འདི་དུས་རབས་ཀྱི་བརྡ་འཕྲིན་དང་འགྲོགས་ནས་ཉིན་རེའི་འཚོ་བའི་ཁྲོད་དང་། འཛམ་གླིང་ཤར་ནུབ་གང་སར་བཀོལ་སྤྱོད་ཐུབ་པར་གནང་བ་འདི་ནི་བོད་ཀྱི་རིག་གཞུང་འདི་ལ་སྲོག་དབུགས་གསར་པ་ཞིག་ཕུལ་བ་དང་། དེ་ནི་ཆེས་གཟི་བརྗིད་ཅན་དང་རིན་ཐང་ཅན་གྱི་བོད་གངས་ཅན་པ་རྣམས་ལོ་གསར་གྱི་ལེགས་སྐྱེས་མ་ཡིན་ནམ། ངས་ཁྱེད་ལ་སྙིང་ཁུངས་ནས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། ཡང་གཏམ་སྙན་གཞན་ཞིག་ནི་ཨ་རིའི་གནས་བཞུགས་ནང་ཆེན་བཀྲ་ཤེས་ལགས་ནས་དེང་དུས་ཀྱི་ཀུ་ཤུ་རྟགས་ཅན་གྱི་ལག་བཟུང་ཁ་པར་དང་གློག་ཀླད་ཐོག་ཀློག་ཐུབ་པའི་བོད་ཀྱི་གློག་རྡུལ་དྲ་དེབ་ཞེས་པ་དབྱིན་ཡིག་ཁ་བྱང་Tibetanebooks.ཞེས་པ་ཞིག་འཛམ་གླིང་སྟེང་གསར་ཏུ་སྐུ་འཁྲུངས་
    གནང་བ་སོགས་ནི་ཨེ་མ་ངོ་མཚར་མི་ཆེའམ། བོད་པ་ཚོ་སྙིང་སྟོབས་མ་ཞུམ། ད་ནི་དབྱར་གྱི་མེ་ཏོག་བཞིན་བོད་ཀྱི་རིག་གཞུང་ལ་བྱས་རྗེས་ཅན་གྱི་ན་གཞོན་རྣམས་འཛམ་གླིང་གང་སར་སྐྱེ་བཞིན་འདུག མི་རེའི་འདི་ལྟ་བུའི་བྱས་རྗེས་འཇོག་ཐུབ་ན་བཙན་པོ་གོང་མ་རྣམས་བང་སོ་ནས་ཐུགས་ལྷོད་ལྷོད་ཀྱིས་འཛུམ་མོལ་མོལ་བཞུགས་ཆོག་པ་ལགས།

  26. སོག སྨོན་ལམ says:
    2011-12-27 at 7:51 pm

    ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ Macbook Pro སྨོན་ལམ་བོད་ཡིག་དང་ཚིག་མཛོད་གང་ཡིན་ཡང་ཐད་ཀར་ནང་འཇུག་བྱེད་མི་ཐུབ་པའི་དཀའ་ངལ་འདི་སེལ་ཐབས་ཡོད་མེད་སྐོར་གསལ་བཤད་ལམ་སྟོན་ཞིག་གནང་རོགས། གཞན་Macbook pro ཞེས་པའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་འདིའི་ནང་ microsoft office 2007 ནང་འཇུག་ཇི་ལྟར་བྱེད་དགོས་པའི་དཔེ་མཚོན་ལམ་སྟོན་ཞིག་གནང་རོགས། ངའི་གློག་འཕྲིན་ཁ་བྱང་འདི། monlamsok@yahoo.com

  27. ཀུན་གསལ་ཟླ་བ། says:
    2011-12-27 at 8:44 pm

    ཨ་ཁུ་སྨོན་ལམ་ལགས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ།

  28. གངས་ཅན། says:
    2011-12-28 at 3:50 am

    ཨ་ཁུ་སྨོན་ལམ་ལགས་ཀྱིས་སན་སུང་ལག་ཁྱེར་ཁ་པར་དུ་བོད་ཡིག་མཉེན་ཆས་བཟོ་སྐྲུན་བྱས་པ་ཡི་རང་བསྔགས་བརྗོད་དང། སླད་མར་མ་འོངས་པའི་ལས་འཆར་རྣམས་ཅི་བསམ་བཞིན་འགྲུབ་པའི་སྨོན་འདུན་ཞུ།

  29. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2011-12-28 at 5:07 am

    མཁྱེན་ཡངས་དྲ་གྲོགས་རྣམས་ལ་འདྲི་རྒྱུ། སྐྱབས་རྗེ་ཕ་བོང་ཁ་པའི་དྲུང་ཡིག་ལྡན་མ་བློ་བཟང་རྡོ་རྗེ་ལགས་དང་། ཆོས་མགོན་སྐུ་ཕྲེང་བདུན་པ་ཆོས་ཀྱི་ཉིན་བྱེད་མཆོག་རྣམ་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་དང་ལོ་རྒྱུས་མདོར་བསྡུས་རེ་དང་། ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་འཁྲུངས་འདས་ལོ་ཚིགས་ཁ་གསལ་རེ་གསུངས་རྒྱུ་ཡོད་ན་གང་མྱུར་བདག་གི་དྲ་ཚིགས་སུ་མཆན་དུ་སྤེལ་རོགས། དགོས་མཁོ་ཞིག་གིས་དེད་ནས་ཡོང་གི་ཡོད།

  30. དྲང་སྲོང་། says:
    2011-12-28 at 9:14 am

    ༄། རྣམ་དཔྱོད་ཀྱི་གཤོག་རྩལ་ཡངས་ཤིང་། ལྷག་བསམ་གྱིས་བློ་བག་ཆེ་བའི། གློག་ཀླད་རིག་མཛོད་པ་ཨ་ཁུ་སྨོན་ལམ་ལ་འཚམས་འདྲིས་དང་། སྤྱི་ལོ་གསར་པའི་དུས་ཆེན་ན་རང་རེ་རྩམ་ཟན་བོད་དང་ཧི་མ་ལ་ཡའི་མི་རིགས་ཀུན་ལ་ཆེས་ཡོད་ན་དེས་ཆོག་མེད་ན་ཚེགས་ཆེ་བའི་རང་རེའི་མི་རིགས་ཀྱི་སྐད་ཡིག་རིན་པོ་ཆེ་འདི་ཉིད་ཡིན་ལ་འདི་ཉིད་སོན་རྩ་ལྟ་བུ་ནི་ཐོན་མིས་མཛད་པའི་ཡི་གེ་ཡིན་པ་སྨོས་མ་དགོས། འདི་ཉིད་ནི་གནའ་བོའི་སྲོལ་རྒྱུན་རྩལ་ལས་བྱུང་བའི་གཟུགས་ཡིག་སྣ་ཚོགས་སུ་ལྡན་དགོས་ཅིང་། མ་ཟད་དུས་རབ༢༡ པ་འདིའི་སྐབས་འདིར་གློག་ཀླད་རིག་པ་སྒྲོན་མེ་ལའང་ཇི་སྲིད་ས་ཆེན་པོ་ལ་ནམ་གནས་བར་རྟེན་དགོས་པ་དང་། དེ་ལས་རང་རིགས་སྲོལ་རྒྱུན་གྱི་སྐད་ཡིག་སོགས་བསྐྱོད་དེ་འཛམ་གླིང་ཀུན་ཏུ་དར་ཁྱབ་ཡོང་དགོས་པ་སྟེ། དེ་ཡོང་བ་ལ་རང་རེའི་ཡིག་གཟུགས་དང་ཚིག་མཛོད་སོགས་ཀྱི་རྒྱུད་ལམ་དེ་མེད་ན་སོར་མོ་མེད་པའི་རུ་མོར་འགྱུཏ་ཉེན་ཆེ་སྐབས་འདིར། ཨ་ཁུ་སྨོན་ལམ་ལགས་ཀྱི་རང་ཅག་བསམ་འདུན་དང་འབྱུང་འགྱུར་ལ་གཙུག་ལག་ལེགས་བྱང་ལམ་པོ་ཆེའི་འཇུག་སྒོ་ཡངས་པོར་གནང་བར་བཀའ་དྲིན་ཆེ།

  31. བོད་ཡིག་སྐྱབས། says:
    2011-12-28 at 4:31 pm

    ང་ནོ་བོད་ཡིག་ལ་སྐྱབས་བཅོལ་པ་ཞིག་ཡིན། སྐུ་ཉིད་ནི་བོད་ཡིག་སྐྱོབ་མཁན་ཞིག་རེད་འདུག དེ་བས་ངས་ཁྱེད་ལ་གུས་འདུད་དང་བཅས་མུ་མཐུད་བོད་ཡིག་གི་མགོན་སྐྱབས་གནང་རོགས་ཞུ། སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ།

  32. དཀོན་མཆོག་གསུམ། says:
    2011-12-28 at 4:50 pm

    ཨ་མའི་བུ། དཔེ་ཡག་པོ་འདུག་ཁྱེད་འདྲ་བོ་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་ཉུང་དྲགས་པ་རེད།
    ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བ་ཤོག་

  33. ལོ་མ་ལྗང་ཁུ says:
    2011-12-28 at 5:19 pm

    ད་ཁུ་སྨོན་ལམ་ནས་མྱི་མང་པོ་ཞིག་གི་རེ་བ་དང་དྲི་བ་གལ་ཆེན་རྣམས་ལ་ལན་ཞིག་འདེབས་ཐུབ་ན་ཧ་ཅང་ཡག་པོ་འདུག

  34. བློ་བཟང་སྨོན་ལམ། says:
    2011-12-28 at 11:01 pm

    ལྷན་རྒྱས་ཀྱིས་གུས་པའི་ལས་ཀར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དྲི་བ་ཁག་གི་ལན་མདོར་བསྡུས་ཤིག་འབུལ་རྒྱུ་ཡིན།
    ༡ སྨོན་ལམ་བོད་ཡིག་ཀུ་ཤུ་རྟགས་ཅན་ནང་སྒྲིག་འཇུག་དང་ཛ་སོགས་ལེགས་པོ་ཡོང་གི་མི་འདུག་ན་་་སྔོན་ལ་སྒྲིག་འཇུག་བྱས་ཟིན་པ་བསུབ་ནས་www.lobsangmonlam.org ནས་གསར་དུ་ཕབ་ལེན་གནང་རོགས། དེ་ནས་readme ཞེས་པའི་ཡིག་ཆར་འགྲེལ་བཤད་ཡོད་གཞིར་བཟུང་གནང་རོགས། སྨོན་ལམ་ཚིག་མཛོད་ད་དུང་ཀུ་ཤུ་རྟགས་ཅན་གློག་ཀླད་དང་ཁ་པར་ནང་འགྲེམ་སྤེལ་བྱས་མེད། རྗེས་ནས་དུས་ཐོག་འགྲེལ་བཤད་ཞུ་ངེས་ཡིན།
    ༢ སྨོན་ལམ་ཚིག་མཛོད་Andorid ཁ་པར་ཚང་མར་བེད་སྤྱོད་གཏོང་ཐུབ། ཡིན་ཡང་ཡིག་གཟུགས་དེ་Samsung Andorid མ་ལག་མ་གཏོགས་བེད་སྤྱོད་གཏོང་མི་ཐུབ། རྗེས་ནས་རིམ་གྱིས་གཞན་དག་ལ་ཡང་འབད་བརྩོན་ཞུ་བཞིན་ཡོད། འོན་ཀྱང་ལས་རིམ་འདི་ནི་གསར་བ་ཡིན་པས་དཀའ་ངལ་གང་མེད་པ་དང་སྐྱོན་མེད་པ་ཞིག་མིན། ལས་རིམ་ཁག་གཅིག་བཟོ་ཚོང་ཁང་ཚོ་ལ་རག་ལས་པའི་འབོད་སྐུལ་ཞུ་བཞིན་ཡོད། རིམ་གྱིས་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་དང་འབད་བཞིན་པ་ལགས།
    ༣ རྟགས་འདྲ་མིན་བེད་སྤྱོད་གཏོང་དགོས་མིན་རྒྱ་ཆེའི་མི་མང་ལ་རག་ལས། བཟོ་མཁན་ངོས་ནས་ཆ་ཚང་བ་ཞིག་བཟོ་རྒྱུ་དང་མ་འདང་བ་ཡར་རྒྱས་གཏོང་འདོད་ལགས།
    ལས་བྲེལ་དབང་གིས་ཡིག་ནོར་ཤོར་སྲིད་པས་དགོངས་འགལ་མེད་པར་ཞུ།

  35. ལོ་མ་ལྗང་ཁུ says:
    2011-12-29 at 12:47 am

    ཨ་ཁུ་སྨོན་ལམ་ལགས་། ཉིད་ཀྱིས་དྲི་ལན་བཏབ་པར་བཀའ་དྲིན་ཤིན་ཏུ་ཆེ་། མི་རིང་བར་ཉིད་ཀྱི་ཚིག་མཛོད་ཀུ་ཤུ་རྟགས་ལས་བེད་སྤྱོད་བྱ་ཐུབ་པར་སྨོན་།

  36. ཇ་མ་ says:
    2011-12-29 at 2:10 pm

    དེང་རབས་འཕྲུལ་རྩལ་གྱི་གྲུབ་དབང་ཆེན་མོ་སྐུ་ཞབས་སྨོན་ལམ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

  37. ལ་སྟོད་བུ། says:
    2011-12-29 at 5:15 pm

    འདབ་གཤོག་གཉིས་ལྡན་གྱི་རྣམ་དཔྱོད་མཁྱེན་པའི་རྩལ་རྫོགས་རྒན་སྨོན་ལམ་ལགས་ནས་དུས་ཚོད་ཀྱིས་ཁོམ་མིན་ལ་མ་ལྟོས་པར་ང་ཡི་དྲིས་པར་བཀའ་ལན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
    ངས་གསར་དུ་ཕབ་ལེན་བྱེད་ངེས་ཡིན།
    བཀྲ་ཤིས་བདེ་ལེགས།

  38. ར་ས་ཕོ་ཉ། says:
    2011-12-30 at 3:02 pm

    མདོར་ན། སེམ་སུང་ཁ་པར་གང་དང་གང་ནང་སྤྱད་ཐུབ། ལྷག་པར་དུ་བོད་ཡིག་དྲྭ་བ་སོགས་ཀློག་པ་དང་། བོད་འཕྲིན་ཐུང་བསྐུར་ཐུབ་བབ།

  39. ཇ་མ་ says:
    2011-12-30 at 3:06 pm

    བཙན་བྱོལ་བོད་གཞུང་ལ་དེ་འདྲའི་རྩ་ཆེ་བའི་ནོར་བུ་རིན་པོ་ཆེ་ཞིག་ཡོད་ནའང་ནོར་བུ་དེ་བདག་འཛིན་བྱེད་ཤེས་ཀྱི་མ་རེད། ཨ་ཤི་རེས་ཁོ་ཡིད་སྐྱོ་བ་ལ། ནོར་བུ་འདི་རྒྱ་ནག་ནང་ལ་ཡོད་ན། ད་ཚོད་འཛམ་བུ་གླིང་འདིའི་སྒང་ལ་བཞག་ཡོད་སྲིད་པ་རེད།

  40. མཚོ་བྱུང་དགྱེས་པའི་དབང་པོ། says:
    2011-12-30 at 4:15 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་སྤྱིར་བོད་ཡིག་ལ་དོ་སྣང་དགའ་ཞེན་གནང་བར་དགའ་བསུ་ཡོད། འོན་ཀྱང་རང་སྣང་གང་ཤར་ཅོལ་ཆུང་གི་ལས་དང་བསམ་འཆར་ལ་དགའ་བསུ་ནམ་ཡང་མི་ཞུ། རྟགས་ཀྱི་སྐོར་བཤད་པ་དེ་དག་རང་སྣང་གང་བདེ་ལྟ་བུ་ཞིག་འདུག བོད་ཡིག་གི་སྒོ་ཁྱིམ་༼༽འདི་མིག་ལམ་ལ་མི་མཛེས་པ་དང་ཡིག་ཟོར་མི་ཡང་ཚུལ་སོགས་བྲིས་པ་ནི། ཁྱེད་ཉིད་ཀྱི་མཐོང་ཚུལ་ཙམ་ལས། གུས་པར་མཚོན་ན་རྒྱུན་དུ་རྟགས་དེ་མིག་ལམ་དུ་ཧ་ཅང་མཛེས་པོར་མཐོང་གི་ཡོད་ལ། བོད་ཡིག་རང་གི་ཐུན་མོང་མ་ཡིན་པའི་གུག་རྟགས་སམ་སྒོ་ཁྱིམ་ཞིག་ཏུ་རྩི་ཡི་ཡོད། རྟགས་འདིར་ཁུག་ཤད་ཅེས་ཟེར་མི་དགོས་པར་སྒོ་ཁྱིམ་མམ་གུག་རྟགས་ཞེས་སྔར་སྲོལ་དོན་ལྡན་གྱི་མིང་ཡོད་ཡོད་པ་ཡིན་པས་མིང་གསར་འདོགས་དགོས་མ་མཆིས་ལ། དབྱིན་ཡིག་གི་སྒོ་ཁྱིམ་དེ་དག་ལའང་དམིགས་བསལ་གྱིས་མཛེས་ཆོས་དང་ཡིག་ཟོར་ཡང་བ་ཅི་ཞིག་འདུག་གམ། གལ་སྲིད་དབྱིན་ཡིག་གི་གུག་རྟགས་དེར་ཡིད་སྨོན་སྐྱེས་ན་གཞན་ཡང་དབྱིན་ཡིག་གི་རྟགས་དེ་དང་དེ་འདྲ་མང་དུ་འདུག་པས་ཐམས་ཅད་བོད་ཡིག་ནང་བཀོལ་སྤྱོད་གྱིས་དང་། ད་གཟོད་ར་མ་ལུག་གི་བོད་ཡིག་ཁྱད་མཚར་ཞིག་ཏུ་གྲུབ་ངེས། „„ཡིག་རིགས་གཞན་གྱི་རྟགས་འདྲ་མིན་བོད་ཡིག་ནང་བསྲེ་ལྷད་བཅུག་པར་ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གིས་ཀྱང་བཀའ་བཀྱོན་ནན་པོ་གནང་འདུག་པར་གུས་པས་ཡུན་རིང་བསམ་གཞིག་བྱས་པའི་གྲུབ་དོན་དུ་བཀའ་སློབ་ལམ་སྟོན་གསེར་ལས་ལྷག་པ་ཞིག་ཡིན་པའི་ངེས་ཤེས་བྱུང་། དེ་དག་ནི་ངས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དྲན་སྐུལ་བྱས་པ་ཙམ་ཡིན་ལགས།

  41. མཚོ་བྱུང་དགྱེས་པའི་དབང་པོ། says:
    2011-12-30 at 4:19 pm

    ཡིག་རིགས་གཞན་གྱི་ཞེས་པའི་གོང་དུ་ཚེག་ལྷག་འགའ་ཞིག་ཤོར་འདུག་པ་ཀློག་པ་པོ་དག་ལ་དགོངས་དག་ཞུ།

  42. ཀརྡོ་གཉེར་ཕྱག་པ་ says:
    2011-12-30 at 5:12 pm

    བོད་ཡིག་གི་གུག་རྟགས། བོད་ཡིག་གི་སྒོ་ཁྱིམ། བོད་ཡིག་གི་ཁུག་ཤད་མིང་གསུམ་ཁྱེད་ཀྱིས་གང་འདེམས་ཐུབ་བམ།

  43. མཚོ་བྱུང་དགྱེས་པའི་དབང་པོ། says:
    2011-12-30 at 5:37 pm

    སྒོ་ཁྱིམ། ཨང་ཡིག་སོགས་ཀྱི་ཀླད་དུ་བྲིས་ནས་ལོགས་སུ་དགར་བྱེད་ཀྱི་གུག་རྟགས། ཞེས་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་སོ།།

  44. ཀརྡོ་གཉེར་ཕྱག་པ་ says:
    2011-12-31 at 5:39 am

    ངས་ནི། གུག་ཤད་ཅེས་བཏགས་འདོད་བྱུང་སོང་ལགས།

  45. འབྲི་གུང་མི་འཇིགས་པ། says:
    2011-12-31 at 1:31 pm

    ངེས་དོན་གྱི་རིག་པའི་དཔའ་བོ་བློ་བཟང་སྨོན་ལམ་ལགས་ཀྱིས་བྱས་རྗེས་ལ་བླ་མེད་ཡིད་རངས་སྔགས་བརྗོད་ཞུ་རྒྱུ་ཡིན་ལ་སླད་མུ་མཐུད་དེ་དང་འདི་འདྲའི་ལས་དོན་གཉེར་གནང་ཡོང་བའི་འབོད་བསྐུལ་ཞུའོ།

  46. ར་ས་ཕོ་ཉ། says:
    2011-12-31 at 4:06 pm

    http://www.kyareng.org/2011/12/android.html

  47. དུང་ཀུན་གསལ་ says:
    2011-12-31 at 5:05 pm

    ངས་ཀྱང་བོད་ཡིག་དང་བོད་སྐད་ལ་ལྷག་བསམ་དུ་དཀར་བའི་བློ་བཟང་སྨོན་ལམ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།།

  48. ངག་ཁྲི། says:
    2011-12-31 at 6:36 pm

    ཕྱི་ལོ་༢༠༡༢ལོས་༸གོང་ས་མཆོག་གིས་དབུས་སྐྱེས་ཆེན་དམ་པ་ཁྱེད་རྣམས་ལ་སྐུ་གཟུགས་གསལ་ཐང་དང་། ཐུགས་བཞེད་མྱུར་འགྲུབ། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་ཞུ།།།

  49. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-12-31 at 7:18 pm

    མཚོ་བྱུང་དགྱེས་པའི་དབང་པོ་མཆོག་དང་། ཀརྡོ་གཉེར་ཕྱག་པ་ལེགས།

    བོད་ཡིག་གི་གུག་རྟགས། བོད་ཡིག་གི་སྒོ་ཁྱིམ། བོད་ཡིག་གི་ཁུག་ཤད་མིང་གསུམ་ཁྱེད་ཀྱིས་གང་འདེམས་ཐུབ་བམ།༼བདག་གིས་བཀོད་པའི་ཤད་ཁུག་གི་དོན་ལ་སྒོ་ཁྱིམ་ཞེས་པ་དེ་མཐོང་དང་པོ་ལགས།༽རྟགས་འདི་ཡི་གེའི་ཐིགས་ལས་གྱེན་དུ་འཐོན་དྲགས་པས། རེ་གཉིས་ཡིན་ན། འགྲིག་ཀྱང་། མང་པོ་ཞིག་བཀོད་པ་ཡོད་ན། འདི་ཡིས་གནས་ཐམས་ཅད་ཁྱབ་པ་ལྟ་བུ་ཞིག་ཏུ་མཐོང་བ་འདུག
    བདག་གིས། ཁུག་ཤད། ཅེས་པ་དེ་གཅིག་ན། གུག ཅེས་པ་དང་ནོར་བའི་ཉེན་ཁ་འདུག ཁུག ཅེས་པ་དེ། ཁུག་མའི་དོན་ཡིན། དཀྱུས་ཀྱི་ཚིག་དོན་མ་ཡིན་པ་སོགས་བཤད་དགོས་ན་(ཅི་ཡིན་རུང་) འདི་འདྲར་འཇུག་ཚུལ་ཡོད་པ་ལ། གཅིག་ན། ཤད་ཁུག ཅེས། སྒོ་ཁྱིམ། ཞེས་པའི་ཚིག་དེ་དང་འདི་ཉིད་དོན་་འདྲ་བར་སྣང་། བདག་གིས་བཀོད་པའི་ཤད་ཁུག་གི་དོན་ལ་སྒོ་ཁྱིམ་ཞེས་པ་དེ་མཐོང་དང་པོ་ལགས།
    ཇི་སྐད་དུ། སྤྱོད་འཇུག་ལས།
    སེམས་ཅན་མོས་པ་སྣ་ཚོགས་པ།
    རྒྱལ་བ་ཡིས་ཀྱང་མི་མགུ་ན།
    བདག་སྒྲ་ངན་པས་སྨོས་ཅི་དགོས།
    དེ་བས་འཇིག་རྟེན་བསམ་པ་བཏང་།། ༢༢ །། ལེའུ་ ༨
    མཆན་འདི་བྲིས་ནས་གཏོང་ཐབས་བྱས་ཀྱང་། ཁ་སང་ཕྱིན་མི་འདུག དགོངས་དག་ཞུ།

  50. ངག་ཁྲི། says:
    2011-12-31 at 7:21 pm

    གངས་ཅན་འགྲོ་བས་མཚོན་པའི་ལུས་ཅན་༡བློ།།
    གངས་རིའི་༸མགོན་པོའི་ཐུགས་ལྟར་ཀུན་ཏུ་༢བཟང་།།
    གངས་ལྗོངས་ལྷ་སྲས་ཁྱེད་ཀྱི་ཐུགས་རྗེའི་༣སྨོན།།
    གངས་ཕྲུག་གཞོན་ནུའི་ཚོགས་ལ་རབ་སྩལ་༤ལམ།།
    ཕྱི་ལོ་གསར་པའི་སྐད་ཅིག་ཐོག་མའི་བློ།།
    མཛེས་སྡུག་ངོ་མཚར་སྟོང་གི་རྟེན་འབྲེལ་བཟང་།།
    གནས་མཆོག་རྡོ་རྗེ་གདན་དུ་ཇི་ལྟར་སྨོན།།
    ༸རྒྱལ་མཆོག་དམ་པས་གཟིགས་ཤིང་མ་སྩལ་ལམ།།
    ༼༡བློ་༽གྲོས་མྱུ་གུ་རྒྱས་པའི་༼༥བློ༽།།
    ༼༢བཟང་༽གསུམ་ལོ་འདབ་འབྲས་བུ་༼༦བཟང༽་།།
    ༼༣སྨོན་༽པའི་མཆོག་གྱུར་ཐུགས་བསྐྱེད་༼༧སྨོན༽།།
    ༼༤ལམ་༽གྱིི་བདེན་པ་ལས་རྒྱལ་༼༨ལམ༽།།

  51. མགོན་པོ་ཕྱག་གཉིས་པ། says:
    2011-12-31 at 8:17 pm

    ཐོག་མར་བློ་བཟང་སྨོན་ལམ་ལགས་ནས། བོད་ཀྱི་རིག་གཞུང་འདི་དེང་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་མུ་མཐུད་འགྲོ་ཐུབ་པའི་ཕྱོགས་ལ་གཞན་ལས་ལྷག་པའི་ཕྱག་ལས་མང་པོ་ཞིག་གནང་སོང་བར་རྗེས་སུ་ཡི་རང་ཞུ།
    གོང་དུ་རེ་ཟུང་ནས་ཞུས་ཟིན་པ་ལྟར། དབྱིན་ཧྥ་རྒྱ་སོགས་སྐད་ཡིག་གཙོ་ཆེ་བ་ཁག་གིས་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་གནང་བཞིན་པའི་ལུང་འདྲེན་གྱི་རྟགས། གུག་རྟགས། ཚེག་གསུམ་པ། ཚེག་དྲུག་པ་སོགས་ང་ཚོ་ལ་མེད་པ། གཞན་གང་གིས་ཀྱང་དོད་ཐུབ་བྱེད་མི་ཐུབ་པའི་རྟགས་དེ་རིགས་ད་བར་དུ་རྩོད་གཞི་མེད་པར་མཁས་པ་དུ་མ་ཞིག་ནས་བཀོལ་སྤྱོད་གཏོང་བཞིན་པ་ལྟར་ངེས་པར་དང་ལེན་བྱ་བར་རིགས་སོ།
    ང་ཚོའི་སྔོན་བྱོན་གྱི་ལོ་ཙྰ་བ་དང་མཁས་དབང་རྣམ་པ་ཚོས་རང་ལ་མེད་པའི་ལེགས་ཆ་ཅན་རྣམས་ལེན་པར་བརྩམས་པ་ཞིག་མ་གཏོགས་འགོག་པར་བརྩམས་པ་ཞིག་ཡོད་པ་མ་རེད་འདོད། སྲོལ་རྒྱུན་རང་ཁྱི་རྒན་རུས་བཟུང་དང་རྙིང་ཞེན་ཨ་འཐས་ཀྱིས། དུས་དང་དུས་སུ་སྒྱུར་བཅོས་གཏོང་མ་ཐུབ་པ་དང་། རང་ལ་གང་མེད་པ་དང་དགོས་ངེས་ཆེ་བ་དག་ཁ་སྐོང་བྱེད་མ་ཐུབ་པར་ལྷག་པ་ཡིན་ན་བོད་ཡིག་ཟེར་བ་འདི་རྗེས་ལུས་ཐེབས་རྒྱུ་ལས་ལམ་ཁ་གཞན་ཡོད་པ་མ་རེད།

  52. ཀརྡོ་གཉེར་ཕྱག་པ་ says:
    2012-01-01 at 5:40 am

    མགོན་ཕྱག་ལགས་ཀྱིས་གསུངས་པ་ལྟར་གསར་གཏོད་ཁ་སྐོང་མེད་ན། རྗེས་ལུས་དབུལ་པོར་ལུས་ངེས་པས་བློ་རྒྱ་བསྐྱེད་ནས་ཆར་རྒྱས་ལ་རེམས་པའི་དུས་ཡིན་གྱི རྙིང་ཞེན་ཤི་འཐམ་རོ་འཐམ་གྱིས་ཕན་མི་ཐོགས་ལགས།

  53. ཀརྡོ་གཉེར་ཕྱག་པ་ says:
    2012-01-01 at 5:41 am

    ཆར་རྒྱས་འདི་ཡར་རྒྱས་ལ་་་

  54. lobsang. says:
    2012-01-03 at 10:02 am

    སྨོན་ལམ་བོད་ཡིག་གསར་གཏོད་དང་འཕེལ་རྒྱས་གཏོང་མཁན་དགེ་བཤེས་བློ་བཟང་སྨོན་ལམ་ལ་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།
    ཁྱེད་ཉིད་སྐུ་ཚེ་རིང་ཞིང་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན།་

  55. སོག་མདའ་བཅུ་ says:
    2012-01-04 at 8:12 pm

    བོད་ཀྱི་དྲ་བའི་ཆེད་ལས་བ་ཆེན་པོ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་བྱ་བ་ལེགས་གྲྲུབ་བྱུང་བ་ལ་འཚམས་འདྲི་དང་མ་འོངས་བའི་ལས་དོན་གང་ཅིའི་ཐད་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།ཁ་དྲོ།ཚེ་རིང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme