Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་ལམ་བོད་ཡིག་༣.༡ རིང་མིན་འདོན་འཆར་ཡོད་ཟེར།

Posted on 2009-10-02 By ཀླུ་ 35 Comments on སྨོན་ལམ་བོད་ཡིག་༣.༡ རིང་མིན་འདོན་འཆར་ཡོད་ཟེར།

རྒྱ་ཆེའི་བོད་ཀྱི་སྐད་ཡིག་ལ་དུང་བའི་བརྩེ་ལྡན་རྣམ་པ་ལགས། སྐུ་ཁམས་བཟང་།
སྨོན་ལམ་བོད་ཡིག་གསུམ་པ་བཀྲམས་ནས་ཟླ་ངོ་གང་ཙམ་སོང་རྗེས་སྨོན་ལམ་བོད་ཡིག་གསུམ་ཚག་གཅིག་ཅན་ཞིག་རིང་མིན་འདོན་འཆར་ཡོད།
༡ སྨོན་ལམ་བོད་ཡིག་གསུམ་པར་ལྷག་པའི་སྐྱོན་སེལ་དང་ཉམས་གསོ་གང་ཙམ་བྱ་རྒྱུ་ཡིན།
༢ སྨོན་ལམ་བོད་ཡིག་ཀུ་ཤུ་རྟགས་ཅན་རྙིང་བའི་ནང་འགྲོ་བར་ཐབས་བཤེས་བྱ་རྒྱུ།
༣ སྨོན་ལམ་བོད་ཡིག་ནང་སྔགས་ཡིག་ཁ་སྣོན་༼དུས་འཁོར་སྔགས་ཡིག་ལྟ་བུ༽བྱ་རྒྱུ་ཡིན།
༤ འདོན་ཐེང་འདིར་ཡིག་གཟུགས་གསར་བ་ཁ་སྣོན་བྱ་རྒྱུ་མིན།
༥ དབུ་མེད་ཚུགས་ཐུང་དང་ཚུགས་རིང་གཉིས་ལ་ཞབས་ཀྱུ་དང་། ཡ་བཏགས་ཞབས་ཀྱུ། ར་བཏགས་ཞབས་ཀྱུ་ཅན་དག་ལ་རིང་ཐུང་གཉིས་གཉིས་བཟོ་རྒྱུ་ཡིན།
བོད་ཡིག་བེད་སྤྱོད་གཏོང་མཁན་དག་གིས་དགོངས་ཚུལ་བསྡུ་ལེན་བྱས་ནས་ཁ་བསྐོང་དང་སྐྱོན་གང་ལྷག་གསུངས་ཚེ་རང་ནུས་གང་ཡོད་འདོན་རྒྱུ་ཡིན།
བོད་ཕྱི་ནང་གཉིས་སུ་ལྷག་པའི་བོད་ཡིག་ཡིག་གཟུགས་སྐོར་གྱི་དཀའ་ངལ་ཐག་གཅོད་བྱུང་མཚམས་ཐ་སྙད་དང་བརྡའ་སྤྲོད་སྐོར་གྱི་ལས་གཞི་འགོ་འཛུགས་བྱ་རྩིས་ཡོད་པས་རྒྱ་ཆེའི་བོད་རིགས་སྤྱི་དང་ལྷག་པར་བོད་ཀྱི་སྐད་ཡིག་ལ་དུང་བའི་མཁྱེན་ལྡན་རྣམས་ཀྱིས་དགོངས་ཚུལ་ལྷུག་བརྗོད་ཡོང་བའི་རེ་འདུན་ཞུ་བཞིན་ཡོད།

མཆན།
སྨོན་ལམ་གསུམ་པ་Adobe Photoshop CS4 ནང་རང་འདོད་ལྟར་བཀོལ་ཆོག་པས་མཉེན་ཆས་དེར་དོ་སྣང་གནང་རོགས།

གློག་ཀླད་ཤེས་བྱ།

Post navigation

Previous Post: ཕག་ཆམ་གཉན་རིམས་ཀྱི་འགོག་སྨན་ཐོན་ཡོད་པ།
Next Post: རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

Comments (35) on “སྨོན་ལམ་བོད་ཡིག་༣.༡ རིང་མིན་འདོན་འཆར་ཡོད་ཟེར།”

  1. ཁྲ་གླགསྤྱང་གསུམ་ནས says:
    2009-10-02 at 7:12 pm

    སྐུ་ཞབས་སྨོན་ལམ་ལགས། བོད་རང་གི་རིག་གཞུང་སྐད་ཡིག་གི་ཕྱོགས་ལ་གྲབ་འབྲས་མི་དམན་པ་ཞིག་བཞག་འདུག་པས་ང་རང་་བོད་རིགས་ཤིག་་ཡིན་པའི་ཆ་ནསསྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

  2. མིའུ་ཕྲུག says:
    2009-10-02 at 7:32 pm

    ཡི་རངས་དྭང་བ་ཆེན་པོས་དགའ་བསུ་ཞུ་རྒྱུ་ཡིན། མཁས་མཛངས་ལྡན་པའི་ཁྱེད་ཀྱིས་བྱ་གཞག་འདི་དག་ལ་བསམ་གཞིག་ནན་མོ་བྱས་ན་བོད་ཀྱི་ལོ་རྒྱུས་ཐོག་ཏུ་གྲུབ་འབྲས་ཆེ་བའི་མཛངས་མི་ཞིག་ཏུ་བཀུར་འོས་ངེས་རེད། ད་དུང་ཁྱོད་ལ་ང་རྒྱལ་གྱི་བསམ་བློ་མེད་ལ་མཚན་སྙན་གྱི་རློམས་སེམས་མེད་པ་གྲྭ་ཀྱང་སྐྱུས་མ་ཞིག་གིས་ཚུལ་དུ་གང་ཞིག་ལ་རོགས་པ་དགོས་ཚེ་དྭང་ལེན་གྱིས་ཞབས་ཞུ་བསྒྲུབ་བཞིན་པ་དག་མཐོང་ཚེ་ངས་རྟག་ཏུ་མཐེ་བོང་ཆེན་པོ་ཞིག་སྒྲེང་ནས་བསྡད་ཡོད།། མདོར་ན་ཁྱེད་ཉིད་རྒྱལ་གྱུར་ཅིག།

  3. སྨྱུག་རྒོད་གངས་བུ་དཔལ། says:
    2009-10-03 at 12:41 am

    གློག་ཀླད་བོད་ཡིག་བཟོ་ཕྱོགས་ཁོ་བོས་བསམ་འཆར་ཆུང་ཆུང་འགའ་ཤས།

    ༡ གློག་ཀླད་ནང་བོད་ཡིག་tcrcལྟ་བུ་བེད་སྤྱད་སྐབས་གྲལ་གྱི་མཐར་གནས་པའི་ཚེག་དེ་ཚོ་གཤམ་གྱི་གྲལ་གྱི་མགོར་མི་སླེབས་པ་བཞིན་ཤད་དེ་ཚོ་ཡང་མི་སླེབས་པ་བཟོ་དགོས་འདུག།

    ༢ བོད་ཡིག་ནང་གཏན་ནས་མེད་པའི་ཡི་གེ་དཔེར་ན་རྤ་དང་ལྨ་ལྟ་བུ་གློག་ཀླད་ནང་མི་ཡོང་བ་བཟོ་དགོས།

    ༣ སྨོན་ལམ་གསུམ་པའི་ཡིག་གཟུགས་ཚང་མ་དྲ་ཚིག་གཉེན་ཆས་ནང་རང་ཆས་སུ་ཡོང་བ་བཟོ་དགོས།

    ༤ བོད་ཡིག་གི་ཡིག་གཟུགས་མང་པོ་ཡོད་པ་དེ་ཚོ་ཚང་མར་ཕར་ཚུར་གཟུགས་བསྒྱུར་བྱ་ཆེད་དུ་གཉེན་ཆས་དམིགས་གསལ་ཅན་ཞིག་བཟོ་དགོས།

  4. ར་ལོ་མགོན་པོ་ནས། says:
    2009-10-03 at 3:38 am

    ད་ཡིན་ན་བོད་གཞུང་དང་མཉམ་སྡེབ་བྱས་ནས་སྤུས་དག་པོ་བཟོ་ཐུབ་ན་ཡག་གི གཞན་ལོ་རེ་མ་འགོར་བར་དུ་བོད་ཡིག་མཉེན་ཆས་རེ་བཟོས་ན་མགོ་ན་རོག་རེད་འདུག

  5. རིག་པའི་རལ་གྲི། says:
    2009-10-03 at 3:59 am

    བཀྲིས་བདེ་ལེགས་ཞུ། སྨོན་ལམ་བོད་ཡིག་གསུམ་པ་འདིས་གུས་ལ་མཚོན་ན་དངོས་གནས་ཕན་ཐོག་ཆེན་པོ་ཞི་དྲག་བྱུང་། བཀའ་དྲིན་ཆེ་ཞུ།

  6. ར་ལོ་མགོན་པོ་ནས། says:
    2009-10-03 at 6:56 am

    རིག་རལ་ནས་ཞེན་ཁོག་མ་ཡིན་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གཞན་མེད་ཡ།

  7. ཀླུ་ says:
    2009-10-03 at 11:15 am

    བོད་གཞུང་གིས་གཡུ་མཚོ་གཡུག་མ་ཐུབ་པར་བསྡད་ཡོད་དུས་བོད་གཞུང་དང་མཉམ་སྡེབ་བྱེད་ཐུབ་བམ། གཡུ་མཚོ་ནི་གྷགཞུང་ཞབས་པ་ཚོའི་ཁ་ཕོར་ཡིན་ལ་སྨོན་ལམ་དང་ཧི་གཟུགས་ཁོང་ཚོའི་བར་ཆད་ཡིན།

  8. སྟག་སྨྱོན། says:
    2009-10-04 at 1:31 am

    ཁྱད་མཚར། ཁ་ཕོར་ཡིན་དོན་ག་རེ་ཡིན་ན།

  9. བསམ་གཏན། says:
    2009-10-04 at 1:41 am

    སྟག་སྨྱོན་གྱིས་ཨ་རིག་དགེ་མཐོང་གི་ཟིན་བྲིས་ནང་དུ་ཟམ་གདོང་རིན་པོ་ཆེ་ལས་ཁོ་རང་བཟང་ཚུལ་སོགས་ཀྱི་མཆན་བུ་བཏབས་པ་རྣམས་གཤམས་གསལ། ད་དུང་ཟིན་བྲིས་གཞན་གྱི་ནང་དུ་ཡང་མི་འདིས་ཅི་ཞིག་བྲིས་ཡོད་པ་ལ་བལྟ་རྒྱུ་ཡོད་ངེས་རེད་འདུག་ཀྱང་། ཞིབ་ཀློག་བྱེད་ཐུབ་མ་སོང་།

    སྟག་སྨྱོན།
    ༢༠༠༩/༡༠/༠༡ ཉིན་འདོན་སྤེལ་བྱས།
    ཟམ་སྟོང་མཁས་པ་མ་རེད་ལ། རྩོམ་པ་པོ་ཞིག་ཀྱང་མ་རེད། ཁ་བདེ་བོ་ཞིག་ཡོད་པ་མ་གཏོགས་ཐ་ན་ཤེས་ཡོན་པ་ཡག་པོ་ཞིག་ཀྱང་མ་རེད། འོན་ཀྱང་བོད་པ་ཚང་གི་མིག་ལ་རྨོངས་དད་ཀྱི་མིག་ཤེལ་ཞིག་གྱོན་གྱོན་ལ་ཡོད་པས་སུས་ལོག་ལྟ་བྱས་ན་དེ་དམྱལ་བ་ལ་སྐྱེ་རྒྱུ་མ་གཏོགས་ཅི་ཡོད། ངོ་ནས་བཤད་ན་ཟམ་གདོང་ལ་ང་ཚོའི་ཕྱི་ཚོགས་ནང་གི་རྩོམ་པ་པོ་ཆེས་ཐབས་རྡུག་དོལ་ཤུལ་རྒྱ་མཚོ་དང་། ཧོར་གཙང་ལེགས་བཤད། ཀཿབྲག་དངོས་གྲུབ་ལྟ་བུའི་རིན་ཐང་ཡང་མི་འདུག ཡིད་མི་ཆེས་ན་ཟམ་སྟོང་གི་རྩོམ་ཡིག་འདི་ཡིན་ཟེར་བ་ཞིག་ཁྱེར་ཤོག་དང་།

    སྟག་སྨྱོན།
    ༢༠༠༩/༡༠/༠༢ ཉིན་འདོན་སྤེལ་བྱས།
    ཨ་རིག་གླེན་རྒན་ནི་ངོ་ནས་གླེན་རྒན་ཞིག་རེད། བོད་གཞུང་ལ་ངས་ཁ་བཏང་མ་བཏང་དེ་གལ་ཆེན་པོ་མ་རེད། གཙོ་བོར་འདི་ལོར་ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཁྱི་རྒན་དེ་ཚོས་ཞབས་འདྲེན་ཅི་ཞུས་འཛམ་གླིང་གིས་ཧ་གོ་ཚར་བ་རེད། དེ་ནས་ཟམ་སྟོང་རེད། ཁོ་མཁས་པ་མ་རེད། ཁོས་བཀའ་ཤག་གི་འགན་ལེན་དུས་བཀའ་ཤག་ལ་ཐོག་བརྒྱབ་པ་དེས་ཅི་ཞིག་མཚོན་གྱི་རེད། ངོ་ནས་བཤད་ན་ཁོས་སཾཀྲིཏ་འདྲ་ཤེས་ཀྱི་ཡོད་ན་གང་ཤེས་མ་གཏོགས། གཞན་ཟམ་གདོང་དང་ངེད་གཉིས་ནང་གི་ང་མཁས་སྣང་མི་ཤར་གི་ན་དཀོན་མཆོག་གསུམ། ཁྱོའི་རྣ་བ་ལ་ཨེ་འགྲོ་གི ཡིན་ན་ཡང་ང་བཀའ་ཁྲི་ལ་མ་སླེབས་པ་དེ་བླ་སྤྲུལ་མིན་པའི་རྐྱེན་གྱིས་རེད་ཡ། བླ་སྤྲུལ་འདི་ཚོ་གཡོ་འཁྲབ་ལ་མཁས་པ་དང་། བོད་མིའི་མིག་ལ་རྨོང་དད་ཀྱི་མིག་ཤེལ་གོན་ཡོད་པ་གཉིས་ཀ་ཐོ་ཐུག་སོང་ནི་རེད། ཤུ་རེ་ཀོ བོད་པ་ཚང་འདི་ག་དུས་རྨོངས་གཉིད་ལས་སད་རྒྱུ་ཡིན་ནམ།

    སྟག་སྨྱོན།
    ༢༠༠༩/༡༠/༠༣ ཉིན་འདོན་སྤེལ་བྱས།
    ཨ་དགེ་དང་ཟ་ལེ་རྒྱལ་གཉིས་ལགས།
    གོང་དུ་སྟག་སྨྱོན་ཟེར་བ་ཞིག་གིས་མཆན་མང་པོ་བཏབས་འདུག་པ་དེ་ང་མིན། ངས་ཉེ་སྔོན་མཆན་བུ་ཁ་ཤས་འདེབས་ཉེས་ཤིག་གིས་དྲ་གྲོགས་མང་པོ་ཞིག་གི་སེམས་ལ་ཕོག་འདུག གྲི་མདུང་ལྟ་བུའི་ཚིག་མཚོན་མང་པོ་བརྒྱབ་པས་སེམས་ལ་རྨ་ཁ་ཡང་གྲངས་མེད་བཟོས་སོང་། ཁྱད་པར་བསམ་གཏན་ཟེར་བ་ཞིག་གིས་ཨུ་ཚུགས་མཐའ་སྐྱེལ་གྱིས་ཚིག་ངན་འབྲི་རྒྱུ་ད་དུང་མཚམས་བཞག་མི་འདུག ངས་ཞིབ་འཇུག་ཅིག་བྱས་པ་ཡིན། བསམ་གཏན་ཟེར་བ་དེ་ངའི་གྲོགས་པོ་ནང་མ་ཞིག་རེད་འདུག་པར་མ་ཟད། ངེད་གཉིས་ལ་དངུལ་ཡོད་དུས་རྡི་ལིའི་གཞང་ཁང་ཡན་ཆད་འགྲིམ་རོགས་དང་། དངུལ་མེད་དུས་རྒྱ་གར་ཚོང་ཁང་ཁག་ནས་སྣུམ་ནག་དང་། ཡི་ཚི་ཚུན་ཆད་བརྐུས་པའི་རྐུན་གྲོགས་ཀྱང་བྱེད་མྱོང་བ་ཞིག་ཡིན། འོན་ཀྱང་ཁོས་མིང་རྫུན་མའི་ཐོག་ནས་ཁྲེལ་མེད་འདི་འདྲ་བྱས་པས་ང་ངོ་གནས་བློ་ཕམ་ཆེན་པོ་བྱུང་། གྲོགས་པོས་ཁྲེལ་མེད་བྱས་པས་མིག་མཐར་མཆི་མ་འཁོར། དེར་བརྟེན་ངས་གྲོགས་པོ་ཁོང་གི་རེ་བ་འགྲུབ་ཆེད་དེང་སང་དྲ་ཐོག་ཏུ་ཡོང་གི་མེད་ལ། མ་འོངས་པར་ཡང་མི་ཡོང་རྒྱུར་འབད་པ་བྱེད་ཀྱི་ཡོད། དེས་ན་ད་ནས་བཟུང་མཆན་བུ་གཅིག་ཀྱང་འདེབས་རྒྱུ་མིན་པས་ཁྱེད་རྣམས་མགོ་མ་འཁོར་རོགས། ད་དུང་སྟག་སྨྱོན་རྫུན་མས་མཆན་ཅི་བཏབས་རུང་ང་ལ་འགན་ཁུར་ཅི་ཡང་མེད། ངས་ཟིན་བྲིས་རེ་རེ་བཞིན་ཀློག་ཁོམ་མ་བྱུང་ཡང་། ཟིན་བྲིས་གཞན་གྱི་ནང་དུ་ཡང་མཆན་འདི་འདྲ་འདེབས་ཀྱི་ཡོད་སྲིད། འོན་ཀྱང་ང་ལ་འགན་ཁུར་ཅི་ཡང་མེད་པ་གོང་དུ་ཞུས་ཟིན། དེ་དོན་ཐུགས་ལ་འཛིན་རོགས་ཞུ།

  10. མྱིག་རྫོད་ says:
    2009-10-04 at 1:50 am

    རེད་ཡ། ད་སྟག་སྨྱོན་ལ་དཀྲུགས་ཤིང་གི་བྱས་རྗེས་ཆེ་ནི་རེད། ཁ་ལས་དགེ་ནི་རེད། ད་དུང་ཁོའི་དགྲ་ཟླ་ཨང་དང་པོ་དེ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཚང་ཡིན་སྐད། ངོ་མ་མི་འདི་འཇོན་པོ་དང་རྒོད་པོ་ཞིག་རེད་ཡ། མི་འཇོན་ཐང་ཅན་འདི་འདྲ་བོད་ལ་ཡོད་རྐྱེན་་་་་་་་་་་་ ད་དུང་་་་་་་་་་་་

  11. སྟག་སྨྱོན། says:
    2009-10-04 at 1:55 am

    ངས་ཟམ་གདོང་རིན་པོ་ཆེར་དད་གུས་ཞུ་བཞིན་ཡོད་ཀྱང་། ཁྱེད་ཚོས་ཁ་མ་བཏང་རང་བཏང་བཟོ་གི་འདུག

  12. བསམ་གཏན། says:
    2009-10-04 at 2:01 am

    ཡ་ཁྱོད་ཀྱིས་ཟམ་གདོང་ཚང་ལ་བརྩི་བཀུར་ཞུས་ཡོད་པའི་རྩོམ་ཡིག་གཅིག་སྟོན་ཤོག་དང་།   མ་གཞི་ཁྱོད་སྟག་སྨྱོན་ངོ་མ་དེ་མིན་པ་འདྲ།  

  13. ཆོས་འཕེལ། says:
    2009-10-04 at 2:28 am

    གནས་ཚུལ་དང་མཐུན་པའི་སྐྱོན་ཐེར་འདོན་བྱུང་ན་ལེགས། སྒྲོ་བཀུར་སྐྱོན་ལ་སྐྱུགས་འདོད་ཡང་སྐྱེས།

  14. བློ་བཟང་དབང་ལྡན་ says:
    2009-10-05 at 4:55 am

    བོད་ཡིག་ནང་གཏན་ནས་མེད་པའི་ཡི་གེ་རྤ་དང་ལྨ་ལྟ་བུ་གློག་ཀླད་ནང་མི་ཡོང་བ་བཟོ་དགོས་པའི་དགོངས་ཚུལ་གོང་དུ་སྨྱུག་རྒོད་གངས་བུ་དཔལ་ཟེར་བ་ཞིག་གིས་གསུངས་འདུག་ཀྱང༌། དེ་དག་ནི་སྔགས་ཡིག་འབྲི་སྐབས་བེད་སྤྱོད་ཡོད་པས་གློག་ཀླད་ནང་རྩད་ནས་མི་ཡོང་བ་བཟོ་ན་མི་འགྲིགས།

    ཞར་ལ་ངས་འབོད་སྐུལ་དང་རེ་འདུན་ཞུ་རྒྱུ་ཞིག་ལ། སྐད་ཡིག་གཞན་ལྟར་བོད་ཡིག་གི་ཡིག་གཟུགས་སྣ་ཁ་འཛོམས་པོ་མི་འདུག་པས་དེའི་ཐུགས་སྣང་གནང་དགོས་འདུག་སྙམ། དཔེར་ན་དབྱིན་ཇི་ལ་མཚོན་ན་ཡིག་གཟུགས་སྟོང་ཕྲག་གིས་ཀྱང་མི་ཚད་པ་དང༌། དེ་བཞིན་དུ་རྒྱ་གར་གྱི་དེཝནགརཱི་ལ་མཚན་ནའང་བརྒྱ་ཕྲག་ཁ་ཤས་འདུག་ཀྱང་། བོད་ཡིག་ལ་UNICODEཐོག་ཡིག་གཟུགས་བཅུ་གྲངས་ཙམ་ལས་མི་སྣང་བས། དེའི་ཐད་ཐུགས་སྣང་གནང་རེ་ཤིན་ཏུ་ཆེ།

  15. འཛེར་མ་ར་མགོ says:
    2009-10-06 at 2:17 am

    བོད་ཀྱི་ཕོ་རྒོད། ཁྱེད་རང་གི་ཕྱག་ལས་ལ་རྗེས་སུ་ཡི་རངས་ཡོད། མུ་མཐུད་དུ་མཇུག་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ།

  16. གཡག་ལྡོམ says:
    2009-10-07 at 7:55 pm

    ཟམ་གདོང་ཚང་དགེ་སློང་རྣམས་ཞིག་རེད་ཟེར་ན་། མཐའ་གཅིག་འདོད་པ་ཡོད་། ད་མིན་བཀའ་བློན་གི་འཇོན་ཐང་ཡོད་མེད་ང་ཚོའི་བཤད་མི་དགོས་བར་བཤམ་ཚར་། ཡར་རྒྱས་སྣ་གཅིག་སྟོན་དང་། ཤེས་རིགས་གི་ཆ་མེད་། དཔའ་འབྱོར་གྱི་ཆ་ནས་། ངོས་ནས་བཤད་དཔལ་འབྱོར་གྱི་ཆ་ནས་བཀའ་ཁྲི་སྔོན་དག་མཉམ་རྒུལ་དུ་ཕྱིན་པ་རེད་། བལ་ཡུལ་རྒྱ་ན་བཙུག་ཡོད་པས་ལགས་བཟོ་གྲ་ཡོད་མེད་དང་མེད་ཐལ་པ་བཟོས་ཚར་རེད་། ང་ཚོ་རང་བཙན་ལགས་དེབ་མ་དངུལ་ཏོག་ཙམ་པ་དེ་འདྲའི་ཐབས་སྐྱོ་བོ་ཆགས་འདུག། བདེན་པའི་ཨུ་ཚུགས་ཟེར་པ་དེ་སེམས་ལ་ཨུ་དྲན་གི་།

  17. གཡག་ལྡོམ says:
    2009-10-07 at 8:26 pm

    འདི་ན་ཁྱོད་ཚོ་སྐོར་ཞིག་གི་ཟམ་གདོང་ཚང་སྐོར་ལ་ཁ་བརྡ་བྱེད་པ་དེས་ངའི་ཁ་ནས་ཡང་འདིར་ཤོར་སོང་རེད་་མ་གཏོག་ང་འདིར་ཟམ་གདོང་བཤད་གི་ཡོང་བ་མིན་།
    ཨ་ཁུ་སྨོན་ལམ་བཤད་གི་ཡོང་ནི་ཡིན། གུས་འོས་ཨ་ཁུ་སྨོན་ལམ་ལགས་། གོང་ན་སྐོར་ཞིག་ཁྱེད་ལ་བསྟོད་ཕྱགས་བྱེད་གི་ཡོད་པ་། ང་ཡང་དེས་ནང་གི་ཁྱེད་ལ་རྐྱང་ཕྱགས་འཚལ་མཁན་ཅི་ཡིན། དེ་མིན་བསམ་ཚུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་པ་ནི། སྔོན་གྱི་སྨོན་ལམ་རྙིང་པ་དག་གི་ནང་དུ་། བོད་ཀྱི་འདྲ་གཟིག་འམ་རི་མོའི་ཡིག་གཟུགས་ཞིག་ཡོད་པ་དེ་ང་ལ་མཚོན་ན་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡོད་། སྨོན་ལམ་རྗེས་མ་རྣམས་ཀྱི་ནང་དུ་ཡིག་གཟུགས་དེ་མུ་འཐུད་ཐུབ་ན་བཟང་། དེ་མིན་གཞན་ཞུ་རྒྱུ་གང་ཡང་མེད་། སྐུ་གཟུགས་ཐུགས་འཇག་གནང་རོགས་། འོ་དུང་ཞུ་རྒྱུ་ཞིག་ཡོད་པ་ནིཞ། གོང་ན་ར་ལོ་མགོན་པས་་བོད་གཞུང་དང་མཉམ་བཟོས་ཟེར་། དེ་ངོས་གནས་སྔོན་ཆད་ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་འོས་ལ་ཕེབས་རོགས་ཞེས་པའི་ལན་དུ་། ང་རྟ་ལས་བབས་དེ་བུང་ཁུ་ལ་ཞོན་པ་བློ་མི་རྒྱུ་ཞིང་། ་་་་རང་བཙམ་གཤལ་ཁྲལ་གནང་རོགས་ཞེས་པའི་ལན་དུ་་་་ཉ་མོ་བལ་ཁྲལ་འཇལ་པ་རྩ་བྲལ་གྱུར་ཞིང་་་་
    ཁྱེད་གི་སྨོན་ལམ་བོད་ཡིག་གི་གོམ་སྟབས་རླབས་པོ་འདི་བཙན་བྱོལ་གཞུང་མཉམ་པ་བཟོ་དགོས་ན་ཟམ་གདོང་གི་དཔེ་དེ་རིང་རེད་།

  18. སྨྱུག་རྒོད་གངས་བུ་དཔལ། says:
    2009-10-08 at 1:29 am

    སྐུ་ཞབས་བློ་བཟང་དཔལ་ལྡན་ལགས།

    བོད་ཡིག་ནང་གཏན་ནས་མེད་པའི་ཡི་གེ་རྤ་དང་ལྨ་ལྟ་བུ་གློག་ཀླད་ནང་མི་ཡོང་བ་བཟོ་དགོས་ཞེས་པ་དེར་འགྲེལ་བརྗོད་ཁ་གསལ་ཞིག་བྱ་འདོད་བྱུང་།

    ༡ སྔགས་ཡིག་གི་ནང་དུ་ཡང་མེད་པའི་ཡི་གེ་དེ་འདྲ་ལའང་གོ་ཆོག

    ༢ ཡང་ན་སྔགས་ཡིག་བྲིས་སྐབས་cap lock ལྟ་བུ་བེད་སྤྱད་བཏང་ནས་བྲིས་ན་བྲི་རྒྱུ་ཡོད་པ་དེ་འདྲ་བཟོ་ཆོག

    ངའི་བསམ་འཆར་དེའི་གོ་དོན་ནི། བོད་ཡིག་གི་བརྡ་སྤྲོད་ཡག་པོ་མི་ཤེས་མཁན་མང་བ་ཡོད་སྟབས། རིང་མིན་དྲ་ཚིག་དག་གི་ནང་དུ་ཡི་གེ་ཁྱད་མཚར་དེ་འདྲ་མང་པོ་བྲིས་ནས་བོད་ཡིག་སྤྱི་ཡོངས་ལ་ཤུགས་རྐྱེན་སྡུག་ཅག་ཐེབས་རྒྱུའི་ཉེན་ཁ་མེད་འགྲོ་དྲན་སོང་།

  19. བསྟན་རྣམ། says:
    2010-01-29 at 6:44 am

    སྐུ་ཞབས་བློ་བཟང་སྨོན་ལམ་ལགས། ཁྱེད་ཀྱི་དཀའ་སྡུག་ལན་མང་འོག་ད་ལྟ་བོད་ཡིག་སྨོན་ལམ་གསུམ་པ་དེ་ནི་ཤིན་ཏུ་ནས་ལེགས་པ་དང་ཆ་ཚང་བར་ལ་དོག་པ་མེད་ཀྱང། གུས་རང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པས་ཕྲན་ལ་བོན་གྱི་སྔགས་ཡིག་དཔེར་ན་བོན་གྱི་མཐུན་མིན་ཨཱོཾ་ལྔ་ལྡན་རྒྱབ་སྐབས་གོང་གི་ཉི་ཟླ་གཉིས་དེ་གོ་རིམ་སྒྲིག་པོ་ཞིག་ཡོང་གི་མིན་འདུག་ དེའི་སྐོར་ཁྱེད་ནས་ཐུགས་སྣང་དང་གུས་ལ་སློབ་གསོ་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ།

  20. tashi says:
    2010-01-30 at 10:38 pm

    ilov tibetn

  21. བོད་ཀྱི་རྒྱལ་ས་ལྷ་ས་ནས། says:
    2010-02-03 at 7:37 am

    སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ལ་མཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ།

  22. བཀྲིས་དབང་འདུས་འིལ་སུན says:
    2010-02-23 at 3:30 pm

    གུས་པར་འོས་པའི་སྐུ་ཞབས་བློ་བཟང་ལགས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  23. losang says:
    2010-03-19 at 7:04 am

    ད་ལྟ་བོད་པའི་སྤྱི་ཚོགས་སུ་ཟམ་གདོང་འདྲ་བ་སུ་ཡང་ཡོང་རྒྱུ་མེད་པའི་བཀའ་ཁྲི་ཨང་དང་པོ་དེ་ཡིན། བོད་ཀྱི་གཞུང་ལུགས་དང་། རིག་གནས། ལོ་རྒྱུས་ལ་མཁས་པ། ང་ཚོའི་སྡོད་གནས་རྒྱ་གར་གྱི་ཡུལ་སྲོལ་རིག་གཞུང་ཀུན་ལ་བྱང་ཆུབ་པ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་དང་རིག་གཞུང་ལ་ཆ་རྒྱུས་ཡོད་པ། དྷ་སར་བོད་པའི་སྐུ་དྲག་རྣམས་ཟིལ་གྱིས་གནོན་ཐུབ་མཁན། རྒྱ་ནག་གིས་ཀྱང་དོགས་ཟོལ་བྱེད་དགོས་པའི་བཀའ་ཁྲི་ཁོང་ཡིན། ཁོང་དགོང་ཡོལ་རྫོགས་ཚར་ན་ཁོང་འདྲ་ཞིག་མི་ཡོང་ན་བཙན་བྱོལ་གཞུང་དེ་འཐོར་གཤིབ་མི་འདྲ་འམ་སྙམ་པའི་སེམས་འཕྲལ་འདུག

  24. བཟོད་པ་ལྷ་རྩེ་ says:
    2010-05-31 at 6:41 am

    སྐུ་ཞབས་སྨོན་ལམ་ལ་ཁམས་བདེ་ཞུ། ཁྱོད་ཀྱི་གསར་བསྟོད་གནང་བའི་ལག་རྗེས་འདི་ནི་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་ཐོག་ཕན་རླབས་ཆེ་ཤེས་ཞིག་ཡིན། འོན་ཀྱང་ཡིག་བཤད་རྒྱབ་ནས་བར་སྟོང་རྒྱབ་རྗེས་མུ་མཐུད་བྲིས་པ་ཡིན་ན་མར་བབ་ནས་འགྲོ་གི་འདུག དེ་ཡང་རྩོམ་ཡིག་ནང་གི་ཚིག་སྒྲུབ་ཐུང་ཐུང་ཡིན་ན་རང་མོས་སྙན་ངག་འདྲ་བོ་ཞིག་ཆགས་ཀྱི་འདུག དེ་སྔ་ངེད་ཀྱི་གློག་ཀླད་ཀྱི་སྐྱོན་རེད་བསམ་ཀྱང་ཡིན་ས་མ་རེད། དེང་གློག་ཀླད་ནང་མཆན་ཁ་ཤས་ལ་དེ་འདྲའི་སྣང་ཚུལ་གསལ་པོ་འདུག དེ་ལ་ཐུགས་གནང་ཞིག་གནང་རོགས།

  25. ཤར་ཕྱོགས་པ། says:
    2010-07-09 at 3:34 am

    ཐོག་མར་སྐུ་ཉིད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    འདིར་གུས་པས་སྐུ་ཉིད་ནས་གསར་བཟོ་མཛད་པའི་སྨོན་ལམ་བོད་ཡིག་གསུམ་པ་ལ་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་མཆིས་ཀྱང་། ms office ནང་དུ་བེད་སྤྱོད་བྱེད་པ་ལ་ཡིག་གེའི་མཐའ་མཚམས་ paragraph margin འདྲ་མཉམ་མི་ཡོང་བ་དང་། ལྷག་པར་ཡིག་འབྲུ་སྔ་མའི་རྗེས་ལ་ཐོབ་པའི་ཚག་རྣམས་ཡིག་ཕྲེང་འོག་མའི་མགོར་སླེབས་པ་ལྟ་བུའི་སྐྱོན་ཆ་འགའ་ཞིག་ཀྱང་སྣང་བས་དཀའ་ངལ་དེ་རིགས་བསལ་ཐབས་ཤིག་གནང་རྒྱུའི་རེ་འདུན་ཞུ་བ་ལགས། སླད་མར་སྐུ་ཉིད་སྐུ་ཁམས་བཟང་བའི་སྨོན་ལམ་འདེབས།

  26. བདེ་ཆེན་ལྷུན་གྲུབ། says:
    2010-09-15 at 12:47 am

    Window7 ནང་དུ་སྨོན་ལམ་བོད་ཡིག་བཙུགས་ཐུབ་ཀྱི་མི་འདུག་པས། སློབ་སྟོན་གནང་ཐུབ་མཁན་ཡོད་དམ།

  27. བློ་བཟང་དར་རྒྱས་འོད་ཡུག་པ། says:
    2010-09-17 at 1:37 am

    སྐུ་ཞབས་སྨོན་ལམ་ཁྱེད་ཀྱི་ངེད་བོད་མིར་མེད་ཐབས་མེད་པའི་བོད་ཡིག་གློག་ཀླད་ཤེས་བྱའི་རྒྱལ་པོ་ཡིན་པས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།

    ཞུ་གསོལ། སྐུ་ཉིད་ཀྱིས་བཟོ་སྐྟུན་གནང་བའི་བོད་ཡིག་འདི་བཞིན་༼Adobe Photoshop CS3༽དང་། CorelDRAW X4༼༽་ནང་འབྲི་བར་དཀའ་བས་དེའི་ཐོག་ཐུགས་བསམ་བཞེས་རྒྱའི་དུས་ཚོད་ཁོམས་ཚེ་རེ་བ་ཞུ་བཞྀན་ཡོད།

  28. བློ་བཟང་དར་རྒྱས་འོད་ཡུག་པ། says:
    2010-09-17 at 1:38 am

    སྨོན་ལམ་བོད་ཡིག་གསུམ་པ་Window7 ནད་བདེ་བླག་ངང་བླུག་ཐུབ་པ་མ་ཟད་ལས་བྱར་ཡང་དཀའ་ངལ་མིན་འདུག

  29. མེ་ཆ་། says:
    2010-12-26 at 5:16 pm

    ཨ་ཁུ་སྨོན་ལམ་སང་ལ་བཀྲ་ཤིས་བདེ་ལེགས་ཞུ་། ཁ་སྔོན་དགུན་ཁ་ཨ་ཁུ་སྨོན་ལམ་སང་ནེའུ་ཡོག་ལ་ཕེབས་དེ་བོད་ཀྱི་སྐད་ཡིག་རྐོར་ལ་ཚོགས་འདུ་ཚོགས་སྐབས། ཨ་རིའི་སློབ་གྲ་ཅིག་ཅིག་མིག་མིག་གི་དགེ་རྒན་ཡིན་ཟེར་འཁན་ཞིག་ནས་། རྒན་སྨོན་ལམ་གྱི་མདུན་ནས་ཡར་ལང་སྟེ་འདི་སྐད་དུ་ཞུ་བཞིན་འདུག རྒན་ལགས་ཀྱི་ཚིགས་མཛོད་ནང་དུ་རྟག་འཇུག་བསྐོར་མེད་ན་བཟང་གི གལ་ཏེ་མ་ཡོད་རང་ཡོད་ཐབས་ཤེས་མེད་སོང་ན་། ཤིན་ཏུ་མོ་དང་མོ་གཤམ་མེད་ནི་མ་བྱས་ན་། དབྱིན་ཇི་སློབ་མ་ཚོར་བོད་ཡིག་སླབས་ཡ་དཀའ་ལས་ཁག་གི་འདུག་ཞེ་ཞུས་སོ།

  30. བོད་འཁྱར་སྤྲང་ཕྲུག་ says:
    2011-01-12 at 12:49 pm

    རྒན་སྨོན་ལམ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་སྐུ་ཉིད་ཀྱིས་སྐུ་ངལ་དང་འོ་རྒྱལ་འཛེམས་མེད་ཀྱི་ཐོག་ནས་ཀློག་གླད་ནང་དུ་བོད་ཡིག་བེད་སྤྱོད་བྱེད་རྒྱུ་བཟོས་པ་འདི་ནི་དུས་རབས་ཉེར་གཅིག་པའི་ནང་དུ་བོད་མི་རིགས་ལ་མཚོན་ན་ཆེས་རླབས་ཆེན་གྱི་མཛད་རྗེས་ཤིག་རེད། ཐུགས་རྗེ་དང་བཀའ་དྲིན་ཆེ།།

  31. ཞིང་པའི་བུ། says:
    2011-01-12 at 2:20 pm

    ཐམས་ཅད་ཀྱིས་ཕར་བཙོང་བཞིན་པའི་དུས་རབས་འདི་ནས།
    བོད་ཀྱི་སྐད་ཡིག་ལ་ཆེས་བཀའ་དྲིན་ཆེ་བའི་ཐོན་མི་གཉིས་པ་རྒན་བློ་བཟང་སྨོན་ལམ་མཆོག་ལ་རྗེས་སུ་ཡི་རང་དང་འབྲེལ་ཐུགས་རྗེ་ཆེ་ལན་བརྒྱ། སྟོང་། ཁྲི། འབུམ། གྲངས་མེད་ཞུ་རྒྱུ་ཡིན།
    ད་དུང་ཤུགས་རྒྱོབ་ཤོགས།
    ཕ་བཟང་བུ།

  32. བོད་ཁྱིམ་རྫི་བོ། says:
    2011-02-12 at 1:28 pm

    ཁོག་་རྒྱ་ཡངས་པའི་གྲ་སྨོན་ལམ་ལགས།
    ཁྱེད་ཀྱིས་གསར་བཏོད་ལ་གུས་པའི་མཐེ་བོད་མཁའ་ལ་སྒྲེང་སྟེ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    ཁྱེད་ནས་སྨོན་ལམ་ཕྱི་མའི་ནང་ཏི་སི་ཧར་སི་བོད་ཡིག་ཡིག་གཟུགས་ངེས་པར་དུ་ཁ་སྣོན་དང་ང་ཚོས་ཡིག་གཟུགས་གང་རུང་བེད་སྤྱོད་བྱེད་པར་ཕན་འབྲས་ཆེན་པོ་ཐོན་པ་འདུག

    དཀའ་ངལ་གཞན་ཞིག་ནི་སྨོན་ལམ་ཡིག་གཟུགས་ནང་ཤད་ཀྱི་རྗེས་སུ་ཡི་གེ་གཞན་རྒྱག་སྐབས་ཚེག་ཐོན་པ་ཙམ་ལས་བརྗོད་པ་ཕན་ཚུན་ལེགས་པར་དབྱེ་དཀའ་བ་འདུག་་་འདིར་བསམ་ཤེས་ཅིག་གནང་རོགས།

    ལྷག་པར་སྨོན་ལམ་གཉེན་ཆས་ནང་ཚིག་གྲུབ་གོང་འོག་ཕན་ཚུན་འབྲེལ་དཀའ་བ་འདུག་་་་གློག་ཀླད་ནང་བོད་ཡིག་tcrcལྟ་བུ་བེད་སྤྱད་སྐབས་གྲལ་གྱི་མཐར་གནས་པའི་ཚེག་དེ་ཚོ་གཤམ་གྱི་གྲལ་གྱི་མགོར་མི་སླེབས་པ་མ་ཟད།་་་ཡི་གེ་ཕན་ཚུལ་ཁ་བྲལ་ཏེ་སྟབས་མི་འགྲིག་པ་དང།་་་་ལྟ་མི་བདེ་བ་ཆགས་པའི་དཀའ་ངལ་ཞིག་འཕྲད་བཞིན་འདུག་པས་ཁྱེད་ཀྱི་ངེས་པར་དུ་བསྐྱར་བཟོ་གནང་རྒྱུ་མ་བརྗེད་པ་གནང་རོགས།་

    ་བཀའ་གཏོང་བར་མ་དགོངས་རོགས།་་་་རང་གི་དཀའ་ངལ་ཙམ་ཡིན་ལ།་་་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་སེམས་གཏིང་དུ་བསྣན་ནས་ཡོད།་བཀྲ་ཤིས།

  33. འཇིགས་མེད says:
    2011-08-14 at 7:01 am

    སྨོན་ལམ་བོད་ཡིག་གསུམ་པ་QQནང་ནས་གཏང་ཐུབ་ན་ཧ་ཡག་པོ་ཡོད་ས།

  34. སྒོ་མེ་བུ། says:
    2011-10-12 at 4:47 pm

    ཕ་བཟང་གི་བུ་ སྐུ་ཚེ་རིང་བར་ཤོག།
    གསར་གཏོད་ལ་གོམ་ཁ་བགྲོད་བཞིན་པའི་ཨ་ཁུ་སྨོན་མིང་ཁྱེད་ཀྱི་ཡར་རྒྱས་ཀྱིས་རྩེ་རྩར་གཏུག་རོགས།

  35. བྱམས་པ་ལྷུན་གྲུབ། says:
    2012-09-12 at 7:20 am

    སྨྱུག་རྩེ་འགུལ་སྐྱོད་ཀྱིས་རྩོམ་ཡིག་ཐར་ཐོར་རེ་ཟུང་འབྲི་ཤེས་པ་དང་སྐད་ཡིག་ཆག་རེ་གཉིས་ཙམ་གྱི་ཤེས་བྱ་ལས་མེད་མཁན་མི་བུ་བྱབ་ཆུང་འགའ་རེས། ཟམ་གདོང་རིན་པོ་ཆེ་ལྟ་བུ་ཕྱོགས་རིས་ཆགས་སྡང་འབའ་ཞིག་གི་དབང་དུ་སོང་ནས་སྨད་པ་ཇི་ཙམ་བྱས་ཀྱང་། དེ་ནི་གཅིག་ནས་དགོད་བྲོ་བོ་རེད་ལ། གཉིས་ནས་ཤ་ཚ་ཞིང་བཅོས་མིན་གྱི་སྙིང་རྗེ་སྐྱེ་ཡུལ་ཞིག་ཀྱང་ཡིན། གསུམ་དུ་མི་དེ་དེ་རིགས་ཀྱི་སྐད་ཆ་ལ་ལྟོས་ནས་ལམ་སེང་དེ་འདྲ་བ་དེ་ཚོ་ཤེས་ཡོན་མེད་མཁན་དང་། རྣམ་དཔྱོད་མེད་མཁན། ང་རྒྱལ་ཆེན་པོ། ཕྱོགས་ཞེན་ཆེན་པོ། བྱབ་ཆུང་། གཞན་ཟེར་རྗེས་འབྲང་སོགས་མདོར་ན། དེ་འདྲ་བཤད་མཁན་དེ་ཚོས་རང་ཉིད་ཀྱི་ལྐུགས་རྟགས་དང་། གླེན་རྟགས། བླུན་རྟགས་སོགས་དམར་རྗེན་དུ་བསྟན་པ་འབའ་ཞིག་ལས། དེས་ཟམ་གདོང་མཆོག་ལ་འགུལ་སྐྱོད་བཏང་མི་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme