Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུ།

Posted on 2012-08-182012-08-24 By ཁ་བརྡ་ 24 Comments on སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུ།

དེ་རིང་ཕྱི་ཚེས་ ༡༨ ཉིན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས༼སྨོན་ལམ་སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ༽ཞིག་རྡ་ས་དཔེ་མཛོད་ཚོགས་ཁང་དུ་གོ་སྒྲིག་ཞུས་འབྲེལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་ལས་ཁུངས་ངོ་སྤྲོད་དང་། ཚོགས་འདུའི་དགོས་དམིགས་གསལ་འདོན། ལས་ཁུངས་ཀྱི་དྲ་རྒྱ་བཅས་ངོ་སྤྲོད་དང་། ཚིག་མཛོད་རྩོམ་སྒྲིག་པ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ཚིག་མཛོད་ནང་བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་དགར་སྟངས་སྐོར་ངོ་སྤྲོད། ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་ནང་ཐ་སྙད་འགྲེལ་བཤད་རྒྱག་སྟངས་ཀྱི་ཚད་གཞིའི་སྐོར་ངོ་སྤྲོད་བཅས་གནང་སོང་ལ། དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གོང་གསལ་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་གནང་སོང་ཞིང་། ཉིན་རྒྱབ་སེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་ཚིག་མཛོད་རྩོམ་སྒྲིག་བྱ་ཕྱོགས་ཐད་རང་གི་ཉམས་མྱོང་གཞིར་བཞག་གི་བགྲོ་གླེང་གཏམ་བཤད་གནང་གྲུབ་མཇུག ཚོགས་ཞུགས་པ་ཚོས་ཚིག་མཛོད་གསར་སྒྲིག་གི་སྒྲོམ་གཞིའི་ཐད་ལྟ་ཚུལ་སྤེལ་བའི་བགྲོ་གླེང་གནང་སོང་། སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་ནི་ད་ཕན་གྱི་ཚིག་མཛོད་མང་པོ་གཟིར་བཞག་ཐོག དེང་རབས་ཡར་ཐོན་ཚིག་མཛོད་ཀྱི་ཁྱད་ཆོས་ལྡན་པའི་སྒྲོམ་གཞི་ཞིག་རེད།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་གསུང་བཤད་སྦྲེལ་ཐག་འདི་ན་ཡོད།
བཀའ་ཟུར་ཀིརྟི་རིན་པོ་ཆེའི་གསུང་བཤད་སྦྲེལ་ཐག་འདི་ན་ཡོད།

གསར་འགྱུར།

Post navigation

Previous Post: དགའ་རོགས་འཚོལ་བའི་ལེའུ
Next Post: འཇིགས་པ་དགུ་བརྩེགས་ཀྱིས་དེད་པའི་ཞུ་མཆིད་དམར་པོ།

Comments (24) on “སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུ།”

  1. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-08-18 at 2:21 pm

    བོད་ཀྱི་རིག་གཞུང་རྒྱལ་གྱུར་ཅིག བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག སྨོན་ལམ་བོད་ཡིག་རྒྱལ་གྱུར་ཅིག །

  2. བཙན་ནག་པ་ says:
    2012-08-18 at 9:29 pm

    རྒན་བློ་བཟང་སྨོན་ལམ་ནི་བོད་ཀྱི་རིགས་གཞུང་ངམ་བོད་ཀྱི་སྐད་ཡིག་དུས་རབས་དང་མཐུན་པར་གསོན་ཤུགས་སྦྱིན་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ཁོང་གི་མཛད་འཕྲིན་ཇི་ཙམ་རྒྱས་པ་དེ་སྲིད་དུ་བོད་ཀྱི་སྐད་ཡིག་གི་གསོན་ཤུགས་རྒྱས་ཐུབ་པ་ཞིག་ཡིན་པ་དངོས་བདེན་ལགས་ན། བོད་མི་རིགས་ལ་དུང་བའི་གསེར་གྱི་གཟེངས་རྟགས་ཤིག་འབུལ་དགོས་པ་ཡིན།

  3. དཔའ་བོའི་སྲང་ལམ། says:
    2012-08-19 at 12:31 am

    རྔ་བ་སྨོན་ལམ་དང་རྔ་བ་སྤྲོ་ཆོས་སོགས་ཤེས་ལྡན་པ་དཔུང་སྡེ་ཁག་གཅིག་གིས་དུས་རབས་དང་མཐུན་པའི་བོད་ཀྱི་བརྡ་སྐད་ཕྱུག་ཚད་དང་འཐུས་ཚང་ཅན་དུ་བསྒྱུར་ཐབས་སུ་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་གཞི་རྒྱ་ཆེ་ཞིང་དོན་ཕན་ལྡན་པའི་བྱ་བཞག་ཆེན་པོ་སྒྲུབ་བཞིན་པ་འདིར་སེམས་གཏིང་ནས་རྒྱབ་སྐྱོར་དང་། བསྔགས་བརྗོད། བཀྲིན་རྗེས་དྲན་བྱེད་བཞིན་ཡོད་ལ། ལས་དོན་འདི་ཉིད་མཐའ་འཁྱོངས་གཙང་མ་ཡོང་བའི་རེ་བ་དང་ཡིད་རྟོན་ཡང་བྱེད་བཞིན་ཡོད། ཐུགས་རྗེ་ཆེ། ཁ་དྲོ། ཚེ་རིང་།

  4. ཀླུ་སྨྱོན། says:
    2012-08-19 at 12:45 am

    “ལྷག་པར་དྲ་ངོ་འགོ་འཛུགས་དེ་དགའ་ལྡན་ཕོ་བྲང་གིས་མཐུན་རྐྱེན་གནང་གི་ཡོད་སྟབས།” རིན་པོ་ཆེའི་གསུང་བཤད་ནང་དེ་འདྲ་ཞིག་འདུག དེང་སྐབས་དགའ་ལྡན་ཕོ་བྲང་སྒོ་བརྒྱབ་ཚར་བ་མ་རེད་དམ།

  5. གནམ says:
    2012-08-19 at 12:54 am

    དེ་འདྲ་ཞིག་གསུངས་ཡོད་ན་ཕལ་ཆེར་ལྟག་སྒོ་ཕྱེ་ཡོད་པ་མིན་འགྲོ། ཨ་སྨྱོན་ལགས།

  6. དཔའ་བོའི་སྲང་ལམ། says:
    2012-08-19 at 1:28 am

    ཀླུ་སྨྱོན་ལགས་ཨ་རིའི་སྒྲོ་ལོས་བཟི་འདུག ༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ཞེས་པའི་མིང་དེ་དགའ་ལྡན་ཕོ་བྲང་གི་ཡིག་ཚང་དུ་མཚན་བསྒྱུར་གནང་ཡོད་པ་རེད། ཁོང་གི་གསུང་དོན་དེ་རེད་ལ་་་སྨོན་ལམ་གྱི་ལས་གཞི་འདི་ཉིད་ཐད་སྐུ་སྒེར་དགའ་ལྡན་ཕོ་བྲང་གི་ཁྱབ་ཁུངས་དང་མཐུན་རྐྱེན་ཡོངས་རྫོགས་དེ་ག་རང་ནས་གནང་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་མཁྱེན་རྟོགས་སླད་བསྲིངས།

  7. འདྲེ་རྐང་ཐོ། says:
    2012-08-19 at 1:30 am

    རིན་པོ་ཆེའི་གསུངས་བཤད་ནང་ན་་་་དེ་འདྲ་གསུངས་འདུག་་་་་་
    འདི་ལ་གསལ་བྱེད་ཅིག་དགོས་པར་མཐོང་་་་འགྲོ་སོང་སྐུ་སྒེར་ཡིག་ཚང་ནས་གཏོང་གིན་ཡོད་དམ་་་བཙན་བྱོལ་གཞུང་ནས་གཏོང་གིན་ཡོད་་་་འགྲོ་སོང་འདི་གཉིས་ཀའི་གང་གིས་བཏང་ཡང་་་དགའ་ལྡན་ཕོ་བྲང་གི་མིང་སྦྱར་ན་ཏག་ཏག་ཅིག་བསྡད་ཨེ་ཡོད་ན་་་རིན་པོ་ཆེ་ལགས།

  8. བོད་ཀྱི་བུ། says:
    2012-08-19 at 1:36 am

    བོད་གཞུང་དགའ་ལྡན་ཕོ་བྲང་དང་ཏཱ་ལ་བླ་མའི་དགའ་ལྡན་ཕོ་བྲང་གཉིས་ལ་ཁྱད་པར་ཡོད་རེད། སྐབས་འདིའི་དགའ་ལྡན་ཕོ་བྲང་དེ་རྒྱལ་དབང་གཉིས་པའི་སྐབས་ཀྱི་དགའ་ལྡན་ཕོ་བྲང་དེ་རེད། རྒྱལ་དབང་ལྔ་པའི་སྐབས་ཀྱི་དགའ་ལྡན་ཕོ་བྲང་མ་རེད། དེ་ཤེས་པ་གྱིས།

  9. amdo baglab says:
    2012-08-19 at 2:03 am

    ཀླུ་་་་་་་་་་་་་་་་་གནམ་་་་་་་་་་་་་་འདྲེ་་་་་་་་་་་་་་་་གསུམ་ད་དུང་གཉིད་སད་མི་འདུག་་་་་་་་་་་་་་་་་་་་་་་སྨོན་ལམ་དང་སྤྲོ་ཚིགས་ཆོས་གྲགས་སོགས་ལས་འགན་འདིར་ཞུགས་ཚད་ཚང་མར་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

  10. sherab says:
    2012-08-19 at 3:18 am

    འདིའི་ལས་མིའི་ཁོངས་སུ་ཆོལ་ཁ་གསུམ་ཀ་ནས་མི་ཡོད་ན། སྐད་ཡིག་བསྡུ་ལེན་ལ་ཕན་ཐོགས་ཧ་ཅང་ཆེ་བར་མཐོང་།

  11. གངས་སྦལ། says:
    2012-08-19 at 5:48 am

    ཨ་ཁ་ཁ་་་་ད་ཀླུ་སྨྱོན་ལ་དངོས་གནས་ཅིག་འགྲིག་གི་མེད་པ་འདྲ་་་་་༸གཞུང་ས་དགའ་ལྡན་ཕོ་བྲང་ཞེས་པའི་མིང་ཐོག་ནས་དང་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་རྗེས་འབྲེལ་གྱིས་བོད་ཀྱི་ཆབ་སྲིད་ལ་ཐེ་བྱུས་གནང་རྒྱུ་མཚམས་བཞག་པ་ཡིན་པ་མ་གཏོགས། དགའ་ལྡན་ཕོ་བྲང་སྒོ་རྒྱབ་པའི་གནས་ཚུལ་ཞིག་གསུངས་མེད་པར་མ་ཟད། དགའ་ལྡན་ཕོ་བྲང་སྒོ་རྒྱག་དགོས་མེད་པའི་སྐོར་གསུངས་ཡོད་པ་རེད། ཁྱོད་ཀྱིས་དེ་འདྲ་ཞིག་གང་ནས་གསན་སོང་ལགས།
    ཡང་མིན་ན་ཡི་གེ་འདི་འབྲི་སྐབས་ཚོགས་ཆང་བདུད་བརྩི་རུ་བསྐྱེད་ནས་བཞེས་རྒྱུ་མང་དྲགས་པ་མིན་འགྲོ་་་་་་་་

  12. གནམ says:
    2012-08-19 at 6:58 am

    ཨ་ཁུ་སྨོན་ལམ་ཚང་ཡིག་ཆོས་ན་ཤིངཕོར་སྟོང་པ་ཞིག་གི་དཔེར་རྒྱན་ནམ་རྒྱུན་ཡོད་པ་འདིའི་མཚོན་དོན་ཅི་ཞིག་ཡིན་ན། ངས་ནི་གང་ཡིན་མ་ཤེས་བས་གསལ་བཤད་ཞིག་ཡོད་ན་བཟང་བ་ལ།
    ཤིང་ཕོར་སྟོང་བ། གྲྭ་ཅན་སྟོང་བ། ཕོར་བ་སྟོང་བ། ངོ་མས་ག་རེ་ཞིག་མཚོན་གྱི་ཡོད་ན། ངས་མི་ཤེས་ཁོ་ཐག་རེད། དྲ་གྲོགས་ཚོ་ལ་འདིའི་སྐོར་གྱི་གསལ་ཁ་འདྲ་ཡོད་ན།

  13. ཇ་མ་ says:
    2012-08-19 at 10:10 am

    ཨ་རོ་གནམ། གྲྭ་ཅན་སྟོང་པའི་ལྐུབ་ན་དེང་རབས་ཅན་གྱི་ཨ་ལི་ཀ་ལིའི་མར་ཁུ་དྭངས་མ་མཁྱིལ་ཡོད་པ་མི་ཤེས་སམ་ལྐུག་པ། ཧ་ཧ་ཧ། ཤིང་ཕོར་སྟོང་བ་མ་རེད་ཤེས་བྱའི་སྙིང་བཅུད་ཀྱི་གང་ཡོད་ཟེར།

  14. ཇ་མ་ says:
    2012-08-19 at 10:36 am

    རླབས་ཆེན་གྱི་ལས་གཞི་རྒྱ་ཆེན་སྐྲུན་མཁན་སྐུ་ཞབས་སྨོན་ལམ་ལ་ལམ་འགྲོ་ཡོང་བར་ཤོག

  15. ལུང་རྟོགས། says:
    2012-08-19 at 1:25 pm

    སྐུ་ཞབས་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་ཞུ།

  16. BONPO says:
    2012-08-19 at 8:49 pm

    བློ་བཟང་སྨོན་ལམ་ལགས། ཁྱེད་ཀྱིས་ཕྱོགས་སྒྲིག་བྱེད་བཞིན་པའི་་་སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོ་་་དེའི་ནང་དུ་བོན་དང་བོན་པོའི་མིང་ཚིག་རྣམས་ཚད་ལྡན་དང་ཚུལ་མཐུན་གྱི་ལམ་ནས་འགོད་རོགས་གནང་། གལ་ཏེ་ཁྱེད་ཀྱིས་མ་མཁྱེན་པ་དེ་འདྲ་ཡོད་ན་བོན་པོའི་དགེ་བཤེས་དང་མཁས་དབང་ཁག་ལ་སྐད་ཆ་དྲིས་ན་ཁོང་ཚོས་གཏན་གཏན་རོགས་པ་བྱེད་ངེས། དེ་བརྩིས་བོད་རང་གི་བོན་ལུགས་འདི་ལ་ཤིན་ཏུ་གཙིགས་ཆེན་དུ་བཟུང་ནས་མིང་ཚིག་རྣམས་བོན་རང་ལུགས་དང་མཐུན་པ་ཞིག་ངེས་པར་དུ་འབྲི་དགོས། སྔོན་གྱི་ཚིག་མཛོད་ག་གེ་མོ་ཞིག་གི་ནང་དུ་འདི་འདྲ་བྲིས་འདུག་ཟེར་ཏེ་ཁ་གཡར་ནས་བསྐྱར་བཀོད་པ་གནང་ན་ཕན་ཐོག་གང་ཡང་མེད། མ་གཞི་ཁྱེད་ཀྱིས་བན་བོན་ཀུན་པ་ཕན་པའི་ཕྱག་ལས་ཡག་པོ་ཞིག་གནང་གི་ཡོད་པའི་རེ་བ་ཆེན་པོ་ཡོད། བཀའ་དྲིན་ཆེ། །

  17. བསྟན་འཛིན་ལྷ་རྒྱལ། says:
    2012-08-20 at 2:41 am

    གྲྭ་རྐྱང་ཨ་ཁུ་སྨོན་ལམ་ལགས་ནས་དེང་དུས་དང་བསྟུན་པའི་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབས་དང་ཡར་རྒྱས་གོང་འཕེལ་གནང་བ་སྙིང་ཁུངས་ནས་བཀའ་དྲིན་ཆེ། གོང་དུ་བཤད་པ་ལྟར་ན་ཨ་ཁུ་སྨོན་ལམ་གྱི་ཕ་ཡུལ་རྔ་བ་ཡིན་ཚོད་འདུག ངོ་མ་རྔ་བ་མི་མང་ལ་བོད་ཀྱི་བདེ་སྡུག་འཐབ་བརྩོད་གནང་མཁན་ཕྱི་ནང་གཉིས་སུ་འདུག་བས་ང་ཚོས་དགའ་བསུ་དག་ཡུ་རིང་བྱེད་འོས་པ་ཞིག་རེད།

  18. བྲག་རྡོ། says:
    2012-08-20 at 5:38 am

    སྐུ་ཞབས་བོན་པོ་ལགས། ཐུགས་བློ་བདེ་མོ་བྱོས་ཚིག་མཛོད་ལ་ཆོས་ལུགས་དང་ཆོལ་ཁའི་དབྱེ་བ་ཡོད་ནི་མ་རེད། དོན་མེད་དོགས་པ་ལངས་དགོས་མེད་པ་ཞིག་རེ།

  19. པདྨ says:
    2012-08-20 at 8:21 am

    དགའ་འོས་པའི་འཚོགས་འདུ་རེད། སྙིང་པོ་ཅན་གྱི་ཀུན་བཏུས་ཚིག་མཛོད་ཅིག་ཏུ་ཡོང་བར་ངེས། འཇུ་བསྟན་སྐྱོང་ཞེས་པ་དེ་མཁས་དབང་དངོས་རེད་འདུག དེས་བསྒྲིག་པ་ཞིག་ལ་བློ་གཏད་ཆོག་པར་རེད། ཡིན་ན་ཡང་མི་དགོས་སར་ཀུརྟིས་བསམ་བློ་མ་གཏོང་བའི་བཤད་འདུག་མི་གམ། དགའ་ལྡན་ཕོ་བྲང་སྒོ་བརྒྱབ་ཚར་བ་ཙམ་ཡང་མ་ཤེས་པར་གླེང་བ་ནི་མཁས་དབང་སེངྒེ་ལྟ་བུའི་མདུན་ས་ནས་ཁྱི་ཟུག་པ་ནང་བཞིན་རེད། འཇུ་བསྟན་སྐྱོང་སོགས་མཁས་དབང་དུ་མས་མི་ལོ་དུ་མར་བསྒྲིག་པའི་ལོ་རྒྱུས་དེ། སྐུ་སྒེར་ཚང་གི་་ཆོལ་གསུམ་གྱི་ལོ་རྒྱུས་དེ་ག་རེ་བྱས་ཡོད་དམ། དེ་ད་དུང་མ་ཚར་བ་ཡིན་ནམ།

  20. དམག་ལོག་ says:
    2012-08-20 at 10:19 am

    བོན་པོ་ཟེར་བ་དེ་ལ་བདག་འཛིན་ཆེ་ཡ་ལ།

  21. བོད་པ་སྐྱབས says:
    2012-08-20 at 11:12 am

    པདྨ་ལགས། སྒོ་གང་བརྒྱབ་གང་མ་རྒྱབ་མི་ཤེས་བ་འུར་
    མ་རྒྱག ཆོ་གསུམ་ལོ་རྒྱུས་སྒོ་བརྒྱབ་ཚར་བ་རེད། དགའ་ལྡན
    ཕོ་བྲང་སྒོ་རྒྱབ་ཡོད་པ་མ་རེད་ལགས། མི་ཤེས་ན་ལོ་གཅིག་
    སྔོན་གྱི་བོད་གཞུང་དྲ་རྒྱའི་གསར་འགྱུར་ལ་ལྟོས་ལོ།

  22. ཡུལ་གྱར་བ says:
    2012-08-20 at 2:04 pm

    ཀླུ་སྨྱོན་ལགས། བོད་གཞུང་དགའ་ལྡན་ཕོ་བྲང་སྒོ་བརྒྱབས་པ་ལས་བླ་བྲང་དགའ་ལྡན་སྒོ་རྒྱབ་མེད་པ་༧གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་དང་བཙན་བྱོལ་བའི་ནང་གི་གནད་ཡོད་མི་སྣའི་བཀའ་སློབ་ཁག་ལས་གསལ་པོ་མཐོང་ཐུབ།

  23. སྲིན་པོ་རྫ་རྒན། says:
    2012-08-22 at 6:56 am

    ལས་འཆར་ལམ་ལྷོངས་ཡོང་བའི་རེ་བ་ཡོད། ལས་བྱེད་ཚང་མ་མཁས་པ་རྐྱང་རེད།

  24. ཕྱུགས་རྭ་ཁུ་བྱུག says:
    2012-08-26 at 3:12 am

    མདོ་སྨད་པ་སྨོན་ལམ་ངེས་དོན་གྱི་རིག་པའི་བུ་ཆུང་་་་་་དམ་པ་རྣམས་ཀྱིས་ཁས་འཆེ་མི་བྱེད་ལ།།གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།།རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་ལེགས་སྨོན་དོན་འཁྱོལ་དུ་འགྲོ་བའི་རེ་བ་ཡོད།ཁ་ཙམ་མིན་པར་དོན་དམ་གྱི་དཔའ་རྒོད་ནི་ཁྱོད་ཉིད་རེད་ངའི་ལོ་དགུ་བ་ལ་རེ་བསྙེག་བྱས་ནས་ཡོད།ཞལ་དྲོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme