Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་ཚིག་སེམས་ཀྱི་ཕྱི་ནང་།

Posted on 2017-10-20 By ཁ་བརྡ 11 Comments on སྨོན་ཚིག་སེམས་ཀྱི་ཕྱི་ནང་།

ཨཱཙཱརྱ་ཨག་ལོད་ཀྱིས།
 
༄༅། །མོད་སྔགས་རིག་པའི་མཁའ་མཐའ་ཡངས་མོ་ཐབས་ཤེས་གཤོག་ཟུང་བསྐྱངས་ཏེ་བསྐྱོད། །
ལུང་རྟོགས་ཆོས་སྒྲའི་གྲེ་འགྱུར་སྙན་མོ་སྐལ་ལྡན་རྣ་བའི་བུ་རམ་བཅུད། །
བྱམས་དང་བརྩེ་བའི་གྲིབ་གཟུགས་བསིལ་མོ་འགྲོ་ཀུན་ཚ་གདུང་འཇོམས་པའི་གདུགས། །
རྩ་བའི་བླ་མ་འདབ་བཟང་དབང་པོ་སླར་ཡང་སྔ་འགྱུར་མཁའ་ལ་ལྡིང་། །

ཡར་འབྲོག་ས་ཡི་ཐིག་ལེ་ཡངས་མོར་མཆོག་སྤྲུལ་རིག་པའི་ཁྱིའུ་འཁྲུངས། །
འཕགས་ཡུལ་སིམ་ལིའི་གྲུ་ཟུར་ཞིག་ནས་འགྲོ་དོན་སྟོང་གི་སྐྱ་རེངས་བསུས། །
རྡོ་བྲག་དགོན་གྱི་ཕུན་ཚོགས་སྡེ་བཞི་མངའ་ཐང་ཉི་མའི་དྲོད་དུ་བསྐྱིལ། །
སྔ་འགྱུར་བསྟན་པའི་ཁྲི་རབས་བདུན་པར་བྱོན་པའི་གསོལ་བ་ཕུར་གཙུག་འདེབས། །

གསང་སྔགས་བསྟན་པའི་བརྒྱུད་པའི་ས་བོན་སྔ་འགྱུར་ཀུནྜའི་ཚལ་དུ་བཏབ། །
མདོ་སྡེ་ཟབ་མོ་དགོངས་པའི་ཆུ་གཏེར་རྣམ་དཔྱོད་གཅིག་གིས་ཧུབ་ཀྱིས་བཏུངས། །
སྤངས་རྟོགས་ལེགས་བྲིས་རྣམ་པར་བཀྲ་བ་ཐུགས་ཀྱི་ཕོ་བྲང་ལྡེབས་སུ་བྲིས། །
དྲིན་ཆེན་བླ་མ་ཉིན་བྱེད་དབང་པོས་སླར་ཡང་སྔ་འགྱུར་འདབ་བརྒྱ་ཕྱེ། །

རྣམ་ཤེས་སེང་གེ་གངས་རིར་འཕོས་ཀྱང་འཕྲིན་ལས་ངར་རོ་གང་སར་སྒྲོགས། །
སྔ་འགྱུར་བསྟན་པའི་གཡུ་རལ་གསིགས་ཤིང་ལུང་རིགས་མཆེ་སྡེར་རྒོལ་བར་བགྲད། །
གདུལ་བྱའི་ཚོགས་ཀྱི་གངས་འདབ་དབུས་སུ་ཕྱག་རྒྱའི་སྟངས་སྟབས་འགྱིངས་ཉམས་དོད། །
དྲིན་ཆེན་བླ་མ་སྟག་ལུང་བཞི་པ་སླར་ཡང་གངས་རིའི་རྒྱན་དུ་འཁོར།།

སརྦམངྒལཾ། །

སྙན་ངག

Post navigation

Previous Post: གཏམ་མགུར་དྲང་སྲོང་བདེན་ཚིག་དབྱར་རྔའི་སྒྲ་དབྱངས།
Next Post: སེང་རྡོར་གྱི་སྒྲུང་ཐུང་གསར་བ་བདམས་བཀོད།

Comments (11) on “སྨོན་ཚིག་སེམས་ཀྱི་ཕྱི་ནང་།”

  1. ུུུུཨ་ཁུ་འབྲོག་པ། says:
    2017-10-21 at 9:47 am

    དཔེ་ཆ་བས་ཡི་གེའི་དག་བྱར་དོ་སྣང་དེ་ཙམ་མི་བྱེད་གསུངས་པ་བདེན་པར་འདུག མདོ་སྔགས་ལ་མོད་སྔགས་དང་། གཤོག་ཟུང་བརྐྱངས་ལ་གཤོག་ཟུང་བསྐྱངས། རིག་པའི་ཁྱེའུ་འཁྲུངས་ལ་རིག་པའི་ཁྱིའུ་འཁྲུངས་བྲིས་པས་མཚོན་ཐུབ།

  2. བསེ་རུ་ཟང་ཐལ། says:
    2017-10-21 at 3:45 pm

    ཨག་ལོད་ལགས། བཀའ་དྲིན་ཆེ།🙏🏽🙏🏽🙏🏽

  3. རྟ་བདུན་དབང་བོ says:
    2017-10-21 at 4:10 pm

    སྔ་འགྱུར་རྙིང་མའི་བླ་ཆེན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་སླར་ཡང་འགྲོ་བའི་དོན་དུ་འབྱོན་ནས་མཛད་པ་དང་འཕྲིན་ལས་མཐར་ཕྱིན་པར་སྨོན། །
    བྱ་བྲལ་རིན་པོ་ཆེ་སྐུ་གདུང་ཡང་ད་དུང་བཞུགས་ཡོད་པར་ཐོས། སྐུ་གདུང་ཡུན་རིང་འཇོག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཤེས་མཁན་ཡོད་ན་གསུང་རོགས་ཞུ། བླ་མ་ཁ་ཅིག་གི་སྐུ་ཕུང་དམར་གདུང་དུ་འཇོག་སྲོལ་འདུག ༧ གོང་ས་མཆོག་གི་ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་གདུང་ད་དུང་བཞུགས་ཡོད་པ་རེད། གླིང་རིན་པོ་ཆེའི་སྐུ་གདུང་དང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་འཇོག་སྟངས་གཅིག་པ་ཡིན་ནམ་མིན། མཁྱེན་ལྡན་རྣམས་ནས་གསལ་བཤད་གནང་རོགས་ཞུ། །

  4. ཀརྡོ་རབ་འབྱམས་པ་ says:
    2017-10-22 at 4:16 am

    སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག
    སྟག་ཤར་ཡང་སྲིད་བོད་ལྗོངས་ཡུལ་དུ་འཁྲུངས། །
    ལུང་པ་ཡང་རྩེའི་སྔ་འགྱུར་ཡང་རྩེར་སྤེལ། །
    རྩེ་ཕུད་བསྟན་འཛིན་གྲལ་བཞུགས་རེ་ཞིག་འདས། །
    སྤྲུལ་པའི་ཡང་སྲིད་སླར་ཡང་མྱུར་བྱོན་ཤོག །

  5. དགེ་འདུན་རྒྱ་མཚོ། says:
    2017-10-22 at 8:20 am

    སྙན་ངག་གི་ཉམས་འདུག

  6. Abhar Jigwang says:
    2017-10-22 at 2:47 pm

    ༄༅། སྙིང་ནས་བསྟོད་དོ་སྟག་ལུང་རྩེ་སྤྲུལ་མཆོག།
    སྙིགས་དུས་སྐྱེ་འགྲོའི་མགོན་དུ་སླར་འབྱོན་ཞུ།།
    སངས་རྒྱས་བསྟན་པ་འཛིན་པར་མྱུར་འབྱོན་ཞུ།།
    དཀོན་མཆོག་རྣམ་པ་གསུམ་ལ་གསོལ་བ་འདེབས།།

  7. ནུབ་ཕྱོགས་གངས་ཕྲུག says:
    2017-10-23 at 2:26 am

    ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་པར་ཤོག

  8. ལ་དྭགས་འཇམ་དཔལ།། says:
    2017-10-23 at 9:49 am

    བདག་གི་གནས་སུ་གཞན་བཀོད་ན།
    བདག་གི་བླ་མས་བདག་རྗེས་ཟུངས།
    བདག་གི་དད་དང་མོས་པ་ཡིས་།
    བདག་གི་བླ་མ་བདག་རང་སྙིང་གར་བཞུགས།།

  9. ཁ་ཞེ་གཉིས་མེད་ says:
    2017-10-23 at 11:51 pm

    སྔ་འགྱུར་བསྟན་པའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་མྱུར་དུ་བྱོན་པའི་སྨོན་འདུན་ཞུ།

  10. ཁ་ཞེ་གཉིས་མེད་ says:
    2017-10-24 at 12:51 am

    མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། མི་འབྲལ་དུས་གསུམ་བདེ་ལེགས་ཤོག

  11. ལ་དྭགས་འཇམ་དཔལ།། says:
    2017-10-24 at 2:12 am

    རང་གི་སེམས་ཉིད་མ་འདུལ་བར།
    རྫུ་འཕྲུལ་བསྟན་ཙམ་བླ་མ་མིན།
    ལྕགས་ཀྱི་ཁབ་ལ་མདུད་པ་བརྒྱབས།
    དེ་ནི་ནངཆོས་མ་ཡིན་གསུངས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme